དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ བའི་ཐོག་ངྷ་སྟེང་ཉིན་སློབ་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་ནང་། སྒྲོན་མེ་རྩོམ་སྒྲིག་ཁང་དང་བཀའ་བློན་ཁྲི་པ་རྩོམ་སྒྲིག་ཚན་ཆུང་གཉིས་མཉམ་འབྲེལ་ཐོག ༼ བཀའ་བློན་ཁྲི་པ ༽ ཞེས་པའི་ཚགས་པར་གསར་པ་ཞིག་དབུ་འབྱེད་བྱས་ཡོད་ལ། དེ་དང་སྦྲགས་ཏེ་༼ ༢༠༡༡ ལོའི་བཀའ་བློན་ཁྲི་པ་འཚོལ་བ ༽ ཞེས་པའི་བརྗོད་གཞིའི་ཐོག བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་མི་མང་གི་ངོས་ནས་བཀའ་ཁྲི་དང་སྤྱི་འཐུས་ཚད་ལྡན་ཞིག་ཡོང་བར་ཟབ་ནན་ག་འདྲ་བྱ་དགོས་ཞེས་པ་དང་། གཞོན་ནུའི་ཚོགས་ཟུར་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་ ༢༠༡༡ ལོའི་བཀའ་ཁྲིའི་འོས་མིར་དམིགས་བསལ་གྱིས་ཁྱད་ཆོས་ག་འདྲ་ཞིག་ཚང་དགོས་ཞེས་པ། དེ་བཞིན། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་གིས་འབྱུང་འགྱུར་བཀའ་ཁྲིའི་སྐོར་ལ་འགན་ལེན་ཇི་ལྟར་བྱ་དགོས་ཞེས་པ། བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གསར་འགོད་པ་ཚོས་ ༢༠༡༡ ལོའི་བཀའ་ཁྲིའི་འོས་འདེམས་སྐོར་མི་མང་ལ་གོ་རྟོགས་ཇི་ལྟར་སྤེལ་ན་བཟང་ངམ་ཞེས་པ་བཅས་ཀྱི་ཐོག་བགྲོ་གླེང་དང་མི་དམངས་ཀྱི་དྲི་བར་ལན་འདེབས་བྱས་ཡོད།
༼ བཀའ་བློན་ཁྲི་པ ༽ ཞེས་པའི་ཚགས་པར་དེ་ནི་ངྷ་སའི་གྲྭ་རྐྱང་འགས་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་སྐོར་ལ་ཆེད་དུ་གཉེར་བའི་ཟླ་རེའི་ཚགས་ཤོག་ཅིག་ཡིན་ཞིང་། ཚགས་ཤོག་འདིའི་རྒྱུས་སྟོན་པ་ནི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་དབང་ཕྱུག་དང་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། ཨ་འབྲུག་དཀོན་མཆོག སྨན་ཤེར་བློ་གྲོས་བཅས་ཡིན་ཞིང་། སྤྱི་ཁྱབ་རྩོམ་སྒྲིག་པ་རྨེའུ་དཀོན་རྒྱམ་དང་རྩོམ་སྒྲིག་ལས་རོགས་དཔལ་ཤེར་བློ་བསྟན་ཡིན། ཚགས་ཤོག་འདིའི་ནང་བཀའ་འདྲི་དང་ཆེད་རྩོམ། བཅར་འདྲི། བསམ་ཚུལ། འོས་གཞི། གསར་འགྱུར། དཔྱད་གླེང་སོགས་ལས་ཚན་ཁག་བརྒྱད་དང་ཤོག་ངོས་ ༡༠ འདུག
༼ བཀའ་བློན་ཁྲི་པ ༽ ཚགས་པར་གྱི་སྤྱིའི་འདོན་ཐེངས་དང་པོའི་རྩོམ་སྒྲིག་པའི་གཏམ་དུ་བཀོད་དོན། ང་ཚོ་གཞོན་སྐྱེས་སྐོར་ཞིག་གིས་མ་སྐུལ་རང་འགུལ་གྱི་སྒོ་ནས་ཚགས་པར་འདི་འདོན་དགོས་དོན་ནི། བཙན་བྱོལ་བོད་མི་ཡོངས་ཀྱིས་རང་དབང་དང་མང་གཙོའི་ལམ་ནས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་གསར་དུ་འོས་འདེམས་བྱ་རན་ལ་ཉེ་བའི་སྐབས་འདིར། བཀའ་ཁྲིའི་སྐོར་ལ་འགན་ལེན་དང་དོ་སྣང་བྱེད་སའི་ཕྱོགས་བསྡུས་ཀྱི་བརྒྱུད་ལམ་ཁག་ཧ་ཅང་ཉུང་བ་དང་། ལྷག་པར་དུ་མང་ཚོགས་རང་བཞིན་ཅན་གྱི་བརྒྱུད་ལམ་དེ་བས་ཀྱང་དཀོན་སྟབས། འདི་ག་ནས་ཤེས་ཡོན་ཅན་དང་མི་མང་བྱིངས་ཀྱི་ནང་། ཕན་ཚུན་ལ་དགོངས་ཚུལ་བརྗེ་རེས་བྱེད་སའི་གླེང་སྟེགས་ཤིག་ཏུ་འགྱུར་རེའི་འཕེན་པ་རྣམ་དག་དང་། དེ་བཞིན་མཁྱེན་ལྡན་ལམ་སྟོན་པ་དང་ཤེས་ལྡན་རྩོམ་པ་པོ་རྣམས་ཀྱི་དགོངས་ཚུལ། མི་མང་ཡོངས་ཀྱི་རེ་འདུན་དཀྱུས་གཅིག་ཏུ་གསལ་བའི་འབྲེལ་ཟམ་ཞིག་ཏུ་འགྱུར་རྒྱུ། ད་དུང་བཙན་བྱོལ་བོད་མིའི་མང་གཙོའི་ནུས་སྟབས་གོང་འཕེལ་དང་། མི་མང་གི་གོ་རྟོགས་དང་འགན་ལེན། ནུས་ཤུགས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་ཐབས་སུ་དམིགས་པ་ཞིག་ཡིན་པས་ན། ང་ཚོས་མ་འོངས་པའི་དཀའ་ཁྲི་ཚད་ལྡན་ཞིག་འཚོལ་དགོས་པ་ནི། རྒྱལ་སྤྱིའི་ལྟ་ཕྱོགས་དང་། ལྷག་པར་དུ་རྒྱ་གཞུང་གི་མིག་སྔར་བཙན་བྱོལ་བོད་མིའི་མང་གཙོའི་སྟོབས་ཤུགས་དང་གནས་བབ། ཆིག་སྒྲིལ་དང་ལག་ལེན་གྱི་ཚད་གཞི་ག་འདྲ་ཞིག་ལ་ཐོན་ཡོད་མེད་ཀྱི་རྣམ་འགྱུར་ཞིག་རེད།
དེས་ན། ང་ཚོའི་ངོས་ནས་ཀྱང་གུ་ཡངས་དང་རང་དབང་གི་སྒོ་ནས་མཐུན་སྒྲིལ་དང་། ཟབ་ནན་གྱི་སྒོ་ནས་འཚོལ་ཞིབ། དོ་སྣང་གི་སྒོ་ནས་གྲ་སྒྲིག དཔྱད་ཞིབ་ཀྱི་སྒོ་ནས་ཤེས་རྟོགས། འགན་ལེན་གྱི་སྒོ་ནས་གུས་བརྩི། སྦྱང་བཤད་ཀྱི་སྒོ་ནས་དྲང་ཚུགས། རིས་མེད་ཀྱི་སྐོག་ནས་ང་ཚོ་བཙན་བྱོལ་བོད་མིའི་གནས་བབ་དང་འཚམ་པ་ཞིག གཞིས་ལུས་བོད་མིའི་བདེ་སྡུག་ལ་རྒྱུས་མངའ་ཡོད་མཁན་ཞིག རྒྱ་གཞུང་གི་སྲིད་བྱུས་ལ་ལྟ་ཞིབ་ཐུབ་མཁན་ཞིག རྒྱལ་སྤྱིའི་འགྱུར་འགྲོས་ལ་ཕྱོགས་སྡོམ་ཐུབ་མཁན་ཞིག དེ་བས་ཀྱང་༧གོང་ས་ཏཱ་ལའི་བླ་མའི་དགོངས་བཞེད་དང་ཐུགས་རེ་ལ་ངོས་འཛིན་མ་ནོར་བ་ཞིག གཞན་ཡང་། རང་རེའི་རིག་གནས་ཁྱབ་སྤེལ་གྱི་གནད་ལ་ཐབས་བྱུས་ལྡན་མཁན་ཞིག གདེང་སྤོབས་དང་ཤེས་རྟོགས་ཟབ་མོ་ཡོད་མཁན་ཞིག སྤྱི་སེམས་དང་ལག་ལེན་གྱི་གནད་དོན་ཨང་དང་པོར་འཛིན་ཐུབ་མཁན་ཞིག་བཅས་ཀྱི་ཁྱད་ཡོན་ལྡན་པ་ཞིག་འཚོལ་ཞིབ་བྱ་དགོས་པ་དེ། ང་ཚོར་བབ་པའི་ལྡོག་མེད་ཀྱི་འགན་འཁྲི་ཞིག་ཏུ་འཁུམས། དེའི་ཕྱིར་ན། ཚགས་པར་འདིས་ཆེས་གལ་འགངས་ཆེ་བའི་འབྱུང་འགྱུར་བཀའ་ཁྲིའི་སྐོར་ལ། མི་མང་ཡོངས་ལ་གོ་རྟོགས་དང་སྐུལ་འདེད་རྒྱ་གང་ཆེ་དང་། གཏིང་གང་ཟབ་ཏུ་གཏོང་ཐུབ་པའི་རེ་བ་བཟུང་ཡོད་ལ། དེ་ལས་ཀྱང་ཤེས་ལྡན་པས་སྣེ་ཁྲིད་བྱས་ཏེ་གཞི་རྩའི་མང་གཙོའི་སྟོབས་ཤུགས་དང་མི་མང་གི་འགན་ལེན་ཕྱོགས་གཅིག་ཏུ་སྤུངས་ཐུབ་པའི་འདུན་པའང་བཅངས་ཡོད། ཅེས་བཀོད་འདུག
རྩོམ་སྒྲིག་པ་ཡོངས་ཀྱིས་ལྷག་བསམ་དང་ཐུགས་འཁུར་ངང་བོད་མི་རིགས་ཀྱི་འགན་འཁྲི་དག་ལ་ངལ་བ་འཛེམ་མེད་ཀྱིས་བརྩོན་པ་བསྐྱེད་པར་ཡིད་སྨོན་བྱེད། བཀྲ་ཤིས་ཞུ།
ཐོག་མར་སྒྲོལ་མེ་རྩོམ་སྒྲིག་ཁང་ལ་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་གཅིག་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས། འདི་ལྟ་བུའི་ལྷག་བསམ་དང་སེམས་ཤུགས་ལ་དངོས་གནས་ཡིད་སྨོན་འཆོར་དགོས་པ་ཞིག་རེད ང་སང་ང་རང་བགྲོ་གླེང་ལ་ཡོང་བ་ཡིན། མ་ཟད་རྩོམ་སྒྲིག་ཁང་འདིའི་སྐོར་རྒྱུས་ལོན་ཀྱང་ཅུང་ཙམ་བྱུང་སོང་་་་་་་སྔོན་མའི་དེབ་ཕྲེང་དག་དང་ད་ལྟའི་ཚགས་ཤོག་དང་དེའི་སྤུས་ཀ་སོགས་ལ་བལྟས་ཏེ་དེའི་སྐོར་ལ་དཀའ་ལས་རྒྱག་སྟངས་དང་འགྲོ་གྲོན་གཏོང་སྟངས་ལ་བལྟས་ན་དེ་ལས་ཀྱང་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་་་་་་དེང་སྐབས་བཙན་བྱོལ་ནང་བཀའ་བློན་ཁྲི་པའི་སྐོར་ཧ་ལམ་ཚོར་སྣང་མེད་པའི་ཚོད་དུ་གདའ་ནའང་དེ་རིང་ཁྱེད་ཚོས་འདི་ལྟ་བུའི་རླབས་ཆེན་གྱི་སྐུལ་མ་འདིས་སླར་ཡང་ང་ཚོར་དྲན་སྐུལ་བླ་ན་མེད་པ་ཞིག་ཞུས་སོང་བས་གུས་པས་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་ཡང་མུ་མཐུད་རླབས་ཆེན་གྱི་བྱ་བཞག་འདི་རྒྱུན་འཁྱོངས་ཡོང་བར་འབད་འབུངས་སྔར་བཞིན་ལྷོད་མེད་བགྱི་རྒྱུའི་རེ་སྐུལ་ཀྱང་ཞུ་བཞིན་ཡོད། ཐུགས་རྗེ་ཆེ།
འཇམ་དབྱངས་ནོར་བུ་དང་སྒོ་དྲུག་སྐལ་བཟང་གཉིས་ཆོག་གི བསྟན་འཛིན་བརྩོན་འགྲུས་བཤད་ཤེས་མ་སོང་། ག་འདྲ་ཡོད་པ་རེད། གོ་མྱོང་མང་པོ་ཡོད། མགོ་དཀྲིས་དམར་པོ་ཡོད་མཁན་དེ་ཟེར་གྱི་ཡོད་དམ། འོན་ཀྱང་ཁོང་ལ་ཆ་རྒྱུས་མེད་།
དྲྭ་གྲོགས་དབྱངས་བུ་ལགས། ཉིད་ཀྱིས་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ཀྱི་སྐད་ཆར་དབྱེ་ཞིབ་བྱས་པ་མཐོང་སོང་། འོན་ཀྱང་མི་ཞིག་གི་སྐར་ཆར་དབྱེ་ཞིབ་བྱེད་དུས་ཁོས་བཤད་པའི་སྐད་ཆའི་གནད་དོན་ཡོངས་སུ་མདོར་དྲིལ་ནས་དབྱེ་ཞིབ་བྱེད་དགོས་པ་རེད་མ་གཏོགས། ཚིག་དུམ་གཉིས་རྡོ་རྗེ་སྐེད་བཟུང་བྱས་ཡོང་ནས་ཁོས་འདི་འདྲ་ཟེར་གྱི་འདུག འདི་ནོར་བ་རེད་ལབ་ན་བསམ་ཤེས་མཁན་ཞིག་ཡིན་ཚེ་ཉིད་ཀྱི་སྐད་ཆར་དོགས་པ་རང་བཞིན་གྱིས་ཟ་ཁོ་ཐག་རེད། དེའི་ཕྱིར་ཉིད་ཀྱི་སྐད་ཆར་དབྱེ་ཞིབ་དང་བསམ་ཚུལ་བཤད་ཤེས་མ་སོང་དགོངས་དག
༈ ང་ཚོ་གཞོན་ནུའི་རེ་བ་ལ་ ༢༠༡༡ གྱི་བཀའ་བློན་ཁྲི་པ་འདི་ནི་རང་བཙན་གྱི་ལྟ་བ་ཡང་དག་པ་ཁས་ལེན་པ་ཞིག་སླེབས་དགོས་ཀྱི་ཡོད།། མཚན་དངོས་སུ་འབོད་ན། མཁས་དབང་མཇམ་དབྱངས་ནོར་བུ་ལག་དང༌། མཁས་དབང་བསྟན་འཛིན་བརྩོན་འགྲུས། སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ཁོང་རྣམ་པ་དང་དེ་མཚུངས་རང་བཙན་གྱི་ལྟ་བ་མཁྲེགས་བཟུང་ཡོད་མཁན་སུ་འདྲ་ཞིག་ཡིན་ཀྱང་བཀའ་བློན་ཁྲི་པའི་འོས་གཞི་ནང་སླེབས་ཐུབ་པ་ང་རང་ཚོ་རང་བཙན་གྱི་ལྟ་བ་མཁས་ལེན་པ་གཞོན་ནུ་ཚོགས་པ་དང་ཆུ་བཞི་སྒང་དྲུག་ཚོགས་པ་དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་རྣམས་ཀྱིས་དམིགས་བསལ་གྱིས་བཤུགས་བསྐྱོན་དགོས་ཀྱི་ཡོད། དེ་ལྟར་མ་ཡིན་ན་དང་པོ་ཉིད་ནས་བཀའ་བློན་ཁྲི་པའི་འོས་བསྡུ་ནང་བཞུགས་མ་གནང་རོགས་ཐུགས་རྗེ་གཟིགས། དཔེར་ན་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ནང་བཞིན་འགྱུར་བའི་ཉེན་ཁ་ཡོད། ཐུགས་རྗེ་གཟིགས་ཁོང་རང་ནང་བཞིན་མ་ཡོང་བའི་རེ་སྨོན་ཡོད། གང་ལ་བཞུས་ན་ཟམ་གདོང་བླ་མ་ཁོང་རང་སྔོན་མ་རང་བཙན་ནམ་བདེན་པའི་ཨུ་ཚུགས་ཀྱི་ལྟ་བ་ཡང་དག་ཞིག་ཁས་ལེན་པ་ཡིན་ཡང་ཕྱིས་སུ་བཀའ་བློན་ཁྲི་པ་ཐོབ་པ་དང་ཆུ་བྱེ་མའི་ནང་སིམ་པ་ལྟར་ཁོང་རང་གི་ལྟ་བ་ཡང་དག་དེ་དབུ་མའི་ལམ་ནང་སིམས་ནས་གར་སོང་ཆ་མེད་དུ་གྱུར་རོ། །དམ་པ་མང་པོ་ཁས་ལེན་མི་བྱ་ཞིང༌། །གལ་ཏེ་དཀའ་བའི་ཁས་འདི་བསླང་འགྱུར་ཀྱང༌། །མདོ་ལ་རི་མོ་བྲིས་པ་ཇི་བཞིན་ནོ། །ཞེས་གསུངས་པ་བལྟར་དགོས་པ་ལས། ཁོང་ནི་དེང་དུས་ཀྱི་སྲིད་དོན་པ་ཞིག་ཡིན་དུས་ཁས་ལེན་གང་མང་བྱེད་དགོས་ཀྱི་ཡོད་དམ་སྙམས་སོ། །བོད་མི་ཡོངས་ཀྱི་སྐུ་གསུང་ཐུགས་ལ་ཕོག་པ་ཡིན་དགོངས་གསོལ་ཡོད་པ་ཞུ།། བོད་རང་བཙན་མྱུར་དུ་ཐོབ་པར་ཤོག བོད་རྒྱལ་ལོ།། །།དགེའོ། །སརྦ་མངྒ་ལཾ།།
བཀྲིས་བདེ་ལེགས་ཞུ།
དྲ་གྲོགས་བཀྲིས་སྒྲོལ་མ་ལགས།
ཉིད་རང་གི་ཐུགས་འདོད་བཞིན་གུས་ཀྱིས་དེ་སྔ་ཕུལ་བའི་མཆན་བུའི་ནང་སྐལ་བཟང་ཕུན་ཚོགས་ཀྱི་གཏམ་གླེང་མདོར་བསྡུས་ཤིག་བཀོད་ཡོད་པ་ཁྱེད་ཀྱི་གཟིགས་སོང་ངམ།
གལ་ཏེ་ཐུགས་སྣང་བྱུང་མེད་ན།གཟིགས་ཙམ་གནང་ནས་དགོངས་ཚུལ་གསུངས་གནང་ཡོད་པ་ཞུ།།
དྲ་གྲོགས་བཀྲིས་སྒྲོལ་མ་ལགས།
ཉིད་རང་གི་ཐུགས་འདོད་བཞིན་གུས་ཀྱིས་དེ་སྔ་ཕུལ་བའི་མཆན་བུའི་ནང་སྐལ་བཟང་ཕུན་ཚོགས་ཀྱི་གཏམ་གླེང་མདོར་བསྡུས་ཤིག་བཀོད་ཡོད་པ་ཁྱེད་ཀྱི་གཟིགས་སོང་ངམ།
གལ་ཏེ་ཐུགས་སྣང་བྱུང་མེད་ན།གཟིགས་ཙམ་གནང་ནས་དགོངས་ཚུལ་གསུངས་གནང་ཡོད་པ་ཞུ།།
སྒོ་དྲུག་སྐལ་བཟང་ཕུན་ཚོགས་ཟེར་བ་ཁོང་སྔོན་མ་ཞིག་ལ་ང་ཚོའི་གྲོང་ཁྱེར་གྱི་ལན་ཕེན་སྤྲོ་སྐྱིད་ཚོགས་ཁང་ནང་ཐུག་མྱོང་། ཁོང་གི་སྐད་ཆར་ཉན་མྱོང་། དངོས་གནས་བོད་པའི་བུ་རྟག་འདྲ་ཞིག་ཡོད། མ་ཟད་ཤེས་རྒྱ་ཆེན་པོ། སྐད་ཆ་བཤད་མཁས་པོ། གང་བཤད་པར་གནས་ལུགས་དང་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ཡང་དག་ཡོད་མཁན་ཞིག་ཡིན། དེའི་ཕྱིར་ཁ་སང་ཡང་ཁོང་གིས་སྐད་ཆ་གཏན་ཚིགས་ཅན་དང་རྒྱུ་མཚན་ཙན་ཞིག་བཤད་ཡོད་ཁོ་ཐག་ཡིན། འོན་ཀྱང་བློ་ཕངས་པ་ཞིག་ལ་ཁོང་གི་བརྗོད་གཞི་ཙམ་ལས་གསུང་བཤད་འདི་གནང་དང་ལྟ་ཚུལ་འདི་བཏོན་གྱི་གནས་ཚུལ་ཟུར་ཙམ་ཡང་བཀོད་མི་འདུག
ངས་གོ་སྒྲིག་བྱེད་མཁན་གྱི་འབྲེལ་ཡོད་མི་སྣ་ཡོངས་ལ་མཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འོ་ཅིག་བརྗེད་འདུག ངའི་མྱུར་འཕྲིན་ཁ་བྱང་། tashe.dolma@yahoo.com འདི་ཡིན།
བཀའ་ཁྲིའི་སྐོར་ནས་ང་ལ་རྨོངས་འཆར་མང་པོ་ཡོད། རྒྱུ་ཆ་ཡང་གང་འཚམ་ཞིག་ཡོད། འདི་ལྟ་བུའི་བརྒྱུད་ལམ་རེ་ཡོད་ན་གང་དུ་བསྐུར་དགོས་མིན་ཞིག་ཤོད་དང་ཅིག་རེ་བསྐུར་ངེས་ཡིན། ཁྱོད་དང་ང་དེ་བཞིན་འུ་ཅག་ཚང་མའི་ཆེད་དུ་བསྐུར་ངེས་ཡིན།
དང་ཐོག་ངས་གོ་སྒྲིག་བྱེད་མཁན་གྱི་འབྲེལ་ཡོད་མི་སྣ་ཡོངས་ལ་མཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ལྟ་བུའི་གླེང་སྟེགས་ཤིག་གོ་འཛུགས་བྱེད་ཐུབ་པ་ངོ་མ་ཡག་པོ་རེད། གླེང་སྟེགས་འདིའི་རྒྱུད་ནས་ཉམ་ཆུང་མི་རྣམས་དང་གཞོན་སྐྱེས་རྣམས་ལ་གོ་རྟོགས་གསར་པ་ཞིག་སྤེལ་ཐུབ་རྒྱུ་ཡིད་ཆེས་ཡོད།
བཀུར་འོས་ཤེས་ལྡན་དྲ་གྲོགས་ཚོ་ལའང་རེ་སྐུལ་ཞུ་རྒྱུ་ཅིག་ཡོད་པ་ནི། ང་ཚོས་འགན་ཞིག་འཁུར་ནས་ཉམ་ཆུང་མི་མངས་རྣམས་ལ་བཀའ་བློན་ཁྲི་པའི་འོས་མི་འདེམས་བསྒྲུག་བྱེད་སྟངས་དང་དེ་བཞིན་འོས་མི་རྣམས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་རྣམས་ཁ་ཞེ་གཉིས་མེད་ཀྱིས་དྲང་བདེན་གྱི་ཐོག་བཤད་དགོས་པ་གལ་ཆེ། ལྷག་པར་ན་གཞོན་རྣམས་ལ་གོ་སྐབས་དམ་འཛིན་གྱིས་འོས་ཤོག་བླུག་རྒྱུར་འགན་འཁུར་དགོས་པ་སོགས་མང་དག་ཤིག་ཡོད་པས། ཚང་མས་འཕྱ་གྲུ་མཉམ་སྡེབ་བྱེད་དགོས་ཀྱི་འདུག་
སྒོ་དྲུག་གི་གཏམ་གླེང་ལས་འཕྲོད་བའི་བསམ་ཚུལ།
ད་ལན་ང་རང་འདི་ཁུལ་ཡོང་ཤོར་དང་བགྲོ་གླེང་སྐབས་འཁེལ་བས་བགྲོ་གླེང་ཉན་རྒྱུའི་གོ་སྐབས་ཅུང་ཟད་ཐོབ་བྱུང།་བཀའ་སློབ་གནང་མཁན་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་འགན་ལེན་མེད་པའི་སྐད་ཆའམ།་་སྔ་ཕྱི་ནང་འགལ་གྱི་སྐད་ཆ་རེ་ཟུང་བཤད་པར་གསལ་འདེབས་ཞུ་རྒྱུ་ཡིན།
སྐལ་བཟང་ཕུན་ཚོགས་ལགས་ཀྱིས་དྲི་བ་དྲི་ལན་གྱི་སྐབས་ཤིག་ལ།་་་རང་བཙན་ཟེར་བ་ནི་ལྟ་བ་ཞིག་ཡིན་པ་དང།་་དབུ་མའི་ལམ་དེ་ནི་ལམ་ཞིག་ལས་ལྟ་བ་མ་ཡིན་པ་དང།ལམ་དེ་འཛིན་མཁན་གྱི་མི་ཞིག་མ་འོངས་པའི་བཀའ་ཁྲི་སླེབས་པ་ཡིན་ན་ལྟ་བ་མེད་པས་༼མ་ནིང་༽ཕོ་ལོག་མོ་ལོག་ལྟ་བུ་ཡིན་ཚུལ་གསུངས་སོང།
འོན་ཀྱང་དབུ་མའི་ལམ་དེ་ནི་ཐབས་ལམ་ཡང་དག་ཞིག་ཡིན་ལ།་་ཐབས་ལམ་ཡང་དག་པ་གང་ཞིག་ཡིན་རུང་དེའི་རྒྱབ་བརྟེན་ལྟ་གྲུབ་ཡང་དག་ཞིག་ལ་བརྟེན་ནས་བཟོས་པ་ཞིག་རེད།་་དབུ་མའི་ལམ་དེ་ཡང་འཚེ་མེད་ཞི་བའི་ལྟ་གྲུབ་ཡང་དག་གཞིར་བཞག་ནས་གཏན་ལ་འབེབས་པ་ཞིག་ཡིན་པས།་དེ་འཛིན་མཁན་གྱི་མི་ལ་ལྟ་གྲུབ་ཡོད་པ་ཙམ་དུ་མ་ཟད་ལྟ་གྲུབ་ཡང་དག་པ་ལོ་ངོ་ཉི་སྟོང་ལྔ་བརྒྱ་ལྷག་སྔོན་བྱུང་ཟིན་པའི་ལྟ་གྲུབ་ཞིག་ཡོད་པ་ཁོང་གི་མི་མཁྱེན་པ་ཅི་ལ་ཡིན་སྙམ།
ཡང་དེ་རྗེས་ཁོང་གིས་་་་་དེ་སྔ་དབུ་མའི་ལམ་དེ་ལྟ་བ་མིན་ཚུལ་གསུངས་ཟིན་ཀྱང་།་་་འབའ་བ་ཕུན་ཚོགས་དབང་རྒྱལ་ནི་དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་ངོ་མ་དེ་ཚུལ་བཤད་སོང།་་་དུས་ཡུན་ཐུང་ངུ་ཞིག་གི་ནང་མི་གཅིག་གིས་དབུ་མའི་ལམ་དེ་ལྟ་བ་མིན་པ་དང།ཡིན་པ་གཉིས་ཀ་གསུངས་པར་གཞི་བདེན་ཞིག་འདུག་གམ།
བཀའ་བློན་ཁྲི་པ་དང་སྤྱི་འཐུས་གལ་ཆེན་ཡིན་ཡང་ངས་བལྟས་ན་༧གོང་ས་མཆོག་གི་སྐུ་འཁོར་དེ་ཚོ་ཡང་སྐུ་ཆས་ཉར་ཐུབ་མཁན་འགའ་ཡོད་ན་བཟང་ས་རེད་སྙམ་མོ།
བྱེད་ཐུབ་ན་ཡང་དགེ་མཚན་ཡོད་ངེས། ད་དུང་འབོད་སྐུལ་བྱེད་རྒྱུ་ཞིག་ལ་་
དེ་ལྟ་བུའི་བཀའ་ཁྲི་དང་སྤྱི་འཐུས་དག་འདེམས་དགོས་ན་འདེམས་མཁན་ལ་་
ཆ་རྐྱེན་གང་འདྲ་ཞིག་ཚང་དགོས་མིན་ལ་ངོ་སྤྲོད་མུ་འགོད་ཅིག་བྱ་ཐུབ་ན་་
ཕྲན་ལྟ་བུ་ཕན་ངེས་རེད་ཐུགས་རྗེ་ཆེ།
བཀའ་བློན་ཁྲི་བ་གལ་ཆེན་པོ་ཡིན་པ་བཞིན་དུ་སྤྱི་འཐུས་ནི་དེ་བས་ཀྱང་གལ་་
ཆེན་པོ་རེད། དེས་ན་སྤྱི་འཐུས་ཀྱི་སྐོར་ལ་འདི་ལྟ་བུའི་བགྲོ་གླེང་རེ་བཀོད་སྒྲིག་་
དེ་འདྲའི་ཁྱད་ཆོས་མང་ལྡན་གྱི་བཀའ་ཁྲི་གང་དུ་འཚོལ་ལམ། ཡིན་ན་ཡང་ང་ཚོས་རེ་བ་ཆེན་པོ་རྒྱག་དགོས་ལ། གྲ་སྒྲིག་ཀྱང་སྔ་ས་ནས་བྱེད་དགོས་ངེས་ཤིག་རེད། བཀའ་ཁྲི་འཚོལ་བ་ཞེས་པའི་གསར་ཤོག་དེ་ཉིད་དབྱིན་ལན་དོན་གཅོད་ཐུབ་བསྟན་བསམ་གྲུབ་ཀྱི་བཀའ་ཁྲི་འཚོལ་སྟངས་ལྟར་དུ་མི་འགྱུར་བར། དྲང་ཚུགས་དང་གཟབ་ནན་སྒོས་བོད་མི་ཚང་མས་དོ་སྣང་འདྲེན་པ་ཞིག་ཡོང་བར་སྨོན།
བཀའ་བློན་ཁྲི་པ་ཟེར་བའི་མིང་འདི་ཡང་སྙན་པོ་ཞིག་མི་འདུག འདིའི་དོན་ཅི་ཡིན་ནམ། ཁྲི་ཐོག་ཏུ་འདུག་མཁན་ཡིན་པས་ཁྲི་པ་ཞེས་བཏགས་པ་རེད་དམ། གསོལ་ཕོགས་ལ་རྒྱ་གར་སྒོར་མོ་ཁྲི་ཁ་ཤས་ཡོད་པས་དེ་བཏགས་པ་རེད་དམ། བཀའ་སློབ་ཁྲི་གཅིག་གནང་དགོས་པས་དེ་ལྟར་བཏགས་པ་ནི་ག་ལ་ཡིན། ཁྲི་པ་ཟེར་བ་འདི་དགོན་བདག་ཅིག་གི་མཚན་འདོགས་སྟངས་ཙམ་ལས་དམངས་གཙོའི་དབུ་ཁྲིད་ཅིག་གི་མཚན་གསོལ་སྟངས་ཡིན་དུས་དེ་ཙམ་འགྲིགས་མེད་པ་འདྲ།
བཅུ་གཅིག་བྱིས་པའི་དར་རྒུད་ཀྱི་རྨང་གཞི །
བཀའ་བློན་ཁྲི་བའི་ཆབ་སྲིད་ཀྱི་རྩེད་ར །
བཙན་བྱོལ་བོད་མིའི་ལས་དབང་ཀི་ལོ་ཟླ །
རིག་ལམ་གཅིག་གིས་དེད་དཔོན་ཞིག་བྱེད་རོགས །
ཚགས་ཤོག་གསར་བ་ཞིག་བཙས་སོང་བཙས་མ་ཐག་མིང་ལ་བཀའ་བློན་ཁྲི་བ་བཏགས་འདུག ངོ་མ་རྟེན་འབྲེལ་ཡག་གི་གདའ། བཏགས་མིང་ལ་བཀའ་བློན་ཁྲི་བ་བཏགས་པའི་ཚགས་ཤོག་དེའི་སྐྱེ་ཁུངས་མངལ་སྐྱེས་དང་དྲོད་སྐྱེས་གཤེརསྐྱེས་རྫས་སྐྱེས་གང་ཡིན་པ་ཧ་གོ་མ་སོང ་། ཁུངས་ཡག་པོ་རྙེད་ན་མཆན་ཞིག་མགྱོགས་པོ་འབྲི་རོགས །
རྩོམ་སྒྲིག་ཁང་གཉིས་མཉམ་འབྲེལ་གྱིས་སྤེལ་བའི[[་གསར་ཤོག་]]ལ་བཀྲ་ཤིས་བདེ་ལེགས་ཞུ།།
འཚོལ་གྱིན་སྙེག་གིན་པ་ཡོད་ཚད་་་་བཀའ་བློན་ཁྲི་བ་ཡིན་ལ།
རེ་བ་ཁྲི་སྟོང་གི་རྣམ་ཤེས་ཀྱང་་་་་བཀའ་བློན་ཁྲི་བར་གནས་ཡོད།།