མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ང་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཟླ་བ་གཅིག་གི་རྗེས་སུ།


བློ་བཟང་གིས་རང་གི་ཕ་རྒན་འཇིགས་གྲོལ་ལ། ངེད་གཉིས་ཚེ་ཐོག་འདིར་ཕ་དང་བུ་རུ་གྱུར་བ་རེད། ངས་སྔོན་ཆད་རྒྱ་གར་ནས་ཁྱེད་རང་ལ་ཁ་པར་བཏང་ནས་ཡང་ཡང་དྲིས་པ་དང་། ཁྱེད་ཀྱིས་ང་རང་ལ་ཁས་ལེན་བྱས་པ་ལྟར། ང་རང་ནང་དུ་ལོག་ཡོང་བ་རེད། འོན་ཀྱང་། ད་ཆ་བལྟས་དེ་འོང་དུས། སྐབས་དེར་ཁྱེད་རང་གིས་ང་ལ་ནང་འདིར་དོན་དག་ག་རེ་བྱུང་གི་ཡོད་མེད་སྐོར་གསལ་བོ་མ་བཤད་པ་དེས། དངོས་ནས་ང་རང་གི་དམིགས་ཡུལ་ཞིག་བཟུང་ནས་འོང་བ་དེར་ཆུད་ཟོས་སུ་གྱུར་བ་རེད། ཡིན་ཡང་། ཚེ་ཐོག་འདི་ལ་ད་ནི་ང་རང་སློབ་གྲྭ་ཆེན་མོ་འགྲིམ་མ་ཐུབ་པ་ཐག་གིས་གཅོད་པ་རེད། གལ་སྲིད། སྐབས་དེར་ཁྱེད་རང་གིས་ང་ལ་དྲང་མོ་བཤད་ཡོད་པ་ཡིན་ན། ངས་ཀྱང་གྲྭ་སྒྲིག་ཞིག་བྱས་དེ་འོང་གི་རེད། ད་ནི་ཚར་བ་རེད།

ཕ་རྒན་འཇིགས་གྲོལ་གྱིས། སྐབས་དེར་ངས་ཁྱེད་རང་གི་སེམས་ཁྲལ་བྱེད་རྒྱུར་དོགས་ནས་མ་བཤད་པ་ཡིན་ལ། བཤད་ནས་ཕན་པ་ཡང་མེད་པ་རེད། དེ་ལས་ཁྱེད་རང་ཕྱིར་སླེབས་རེག་བར་དུ་སྒུག་པ་རེད། ལྷག་པར་དུ་ཁྱེད་རང་གི་མ་རྒན་གྱིས་ཀྱང་ང་རང་ལ་ནང་གི་དོན་དག་འདིའི་སྐོར་གཏན་ནས་མ་བཤད་ཟེར་ནས་ཡང་ཡང་བཤད་མཐར་ངས་ཁྱེད་རང་ལ་དོན་དག་ངོ་མ་མི་གསང་ཐབས་མེད་བྱུང་བ་རེད། ཁྱེད་རང་སློབ་གྲྭ་ཆེན་མོ་དེར་འགྲོ་རྒྱུའི་ཕྱོགས་སུ་རེ་བ་མེད་པ་ཆགས་འདུག ནང་དུ་ཡང་བུ་ལོན་མི་ཉུང་བ་ཞིག་འཁོར་ཡོད་པ་དང་། ཁྱེད་རང་གིས་ཕུ་བོས་ཀྱང་ད་དུང་དུས་ཆད་བྱས་པ་ལྟར་ནང་དུ་ལོག་ཡོང་གི་ཡོད་པ་མ་རེད་ལ། བུ་ལོན་དེ་དག་ཡང་ང་རང་གིས་མིང་ཐོག་ནས་རྒྱལ་ཁབ་ལ་{རྒྱ་ནག་ལ་གོ་དགོས}གཡར་ཡོད་དུས། ད་ནི་ཟླ་ངོ་དྲུག་གི་རྗེས་སུ་བུ་ལོན་དེ་དག་ཚང་མ་ཕྱིར་མ་འཕྲོད་པ་ཡིན་ན། ཁང་བ་ལེན་སྲིད་པ་རེད་ཅེས་བཤད།

བློ་བཟང་གིས་ཕ་རྒན་གྱིས་སྐད་ཆ་ཚང་མ་ཉན་རྗེས་སུ། རང་གི་དམིགས་ཡུལ་འགྲུབ་རྒྱུའི་ཕྱོགས་སུ་རེ་བ་གཏན་བྲལ་ཡིན་པ་ཤེས་དེ། ཉིན་མ་ཁ་ཤས་རིང་དུ་དངོས་ནས་འདི་བྱེད་དང་གན་བྱེད་ཀྱི་དམིགས་ཡུལ་མེད་པ་ལྟ་བུ་ཞིག་ཆགས་དེ་ལུས་པ་རེད།

ཉིན་ཞིག་ཁོ་རང་གྲོང་ཁྱེར་དུ་ངོ་ཤེས་རྩོམ་པ་པོ་ཞིག་གི་ནང་དུ་སོང་ནས་ཞག་འདུག་བྱས་པ་དང་། མཚན་མོར་དེར་ཁོ་གཉིས་ཀྱི་བོད་མི་རིགས་ཀྱི་གནད་དོན་སྐོར་ལ་བགྲོ་གླེང་དང་རང་རང་གི་བསམ་ཚུལ་མི་ཉུང་བ་ཞིག་གླེང་བ་དང་ངོ་ཤེས་རྩོམ་པ་པོ་དེ་ཡིས་བློ་བཟང་ལ། ཁྱེད་རང་ལ་འདོད་པ་ཡོད་ན་ངེད་གཉིས་མཉམ་འབྲེལ་བྱས་ནས་གྲོང་ཁྱེར་འདི་ནས་ཟ་ཁང་ཞིག་འཛིན། དེ་ནས་ལོ་འདིའི་ནང་དུ་ཁྱེད་ཀྱིས་ཀྱང་གྲྭ་སྒྲིག་ཞིག་བྱོས་དང་། ངས་ཀྱང་ལོ་མང་་རིང་དུ་གཉར་བའི་རྩོམ་ཡིག་ཁག་གཅིག་ཕྱོགས་སྒྲིག་བྱས་དེ་གཉར་ཡོད། དཔེ་རྟགས་ཤིག་རེག་ས་རེད། འུ་གཉིས་ཀྱིས་ལྷན་དུ་ད་ལོ་དེབ་རེ་དཔར་སྐྲུན་བྱོས་ན་ཞེས་བཤད།

བློ་བཟང་གིས་རང་གི་ངོ་ཤེས་དེ་ཡི་སྐད་ཆ་ལ་གདེང་འཇོག་དང་བཅས། ང་རང་ལ་ད་དུང་དེབ་ཅིག་དཔར་རྒྱུའི་ཆུ་ཚད་གང་ཡང་སླེབས་ཡོད་པ་མ་རེད་ལ། འགྲོ་སོང་གི་ཐད་ནས་ཀྱང་དངོས་ནས་དཀའ་ངལ་ལ་ཐུག་ཡོད། ང་རང་གི་དམིགས་ཡུལ་ངོ་མ་ནི་ངས་གོང་དུ་ཁྱེད་རང་ལ་བཤད་པ་ལྟར་རེད། ཡིན་ཡང་ཟེར་ཞོར་ཝུ་ཆང་གི་ཤེལ་ཕོར་ཡར་བཀྱག་ནས་འཐུང་འཐུང་ཞེས་བཤད།

མཚན་མོ་དེ་ནི་དངོས་ནས་བློ་བཟང་ཕྱིར་རང་ཡུལ་དུ་ལོག་ནས་ཟླ་ངོ་གཅིག་སོང་བའི་རིང་གི་སྐྱིད་ཤོས་དེ་ཡིན་ཟེར་ན་གཏན་ནས་མི་འགྲིག་པ་མེད། ཞོགས་པ་སྔ་བོ་ཁོ་རང་འགྲོ་ཁར། ངོ་ཤེས་དེར་ངས་བསམ་བློ་གཏོང་ཆོག ཁྱེད་རང་གིས་བཤད་པ་ལྟར། དངོས་ནས་རང་ས་ནས་བསྡད་དེ་ལས་ཀ་བྱེད་རྒྱུ་དེ་ནི་གལ་ཆེན་པོ་ཡིན་པར་ངས་ཀྱང་རྟག་དུ་འདོད་ཀྱི་ཡོད་ལ། ཁྱེད་རང་གི་བསམ་ཚུལ་དེར་ངས་རྒྱབ་སྐྱོར་ཡང་ཡོད། འོན་ཀྱང་། ང་ནི་ད་ལྟའི་བར་དུ་ཡར་ལ་གོམ་ནས་འདི་ནས་གསར་དུ་རྐང་བ་འཛུགས་དགོས་དུས། ལས་སླ་བོ་ཞིག་མེད་པ་དང་། འདི་ཁུལ་ནས་གཉེན་རྟོགས་པ་དེ་ཚོས་ཀྱང་དཀའ་ལས་བཟོ་མི་སྲིད་པ་མིན། གང་ལྟར། འུ་གཉིས་ཀྱིས་ག་ལེར་འབྲེལ་བ་བྱེད་ཆོག་གི་རེད། ཉིན་ཁ་ཤས་ཀྱི་རྗེས་སུ་ང་རང་ཁྱེད་རང་ཡོད་སར་བཅར་ངེས་ཡིན་ཟེར་བཞིན་སྒོ་འགྲམ་གྱི་རྐང་འཁོར་ལ་ཞོན་ནས་རང་གི་སྡེ་བའི་ཕྱོགས་སུ་ཕྱིན།

བློ་བཟང་ནང་དུ་སླེབས་མ་ཐག ཕ་རྒན་གྱིས། ཨ་རོགས་ཁྱེད་རང་ལ་འདང་དགོང་བུད་མེད་ཅིག་གིས་ཁ་པར་ཐེངས་མ་ཁ་ཤས་ཤིག་ལ་སླེབས་སོང་། ཁོ་མོས་ཁྱེད་རང་ལ་ཁ་པར་ཨང་གྲངས་འདིས་སྟེང་ནས་ཁ་པར་ཞིག་རྒྱོབས་ཟེར། བུད་མེད་དེ་ནི་ཉིན་མ་འདི་ཚོའི་རིང་དུ་ཁྱེད་རང་ལ་ཁ་པར་ཡང་ཡང་སླེབས་ཀྱི་འདུག བུད་མེད་དེ་ཁྱེད་རང་དང་ལྷན་དུ་ཡར་ནས་ཡོང་བ་ཡིན་ནམ་ཞེས་དྲིས།

བློ་བཟང་གིས། ཨ་ཕ། མིན། ཁོ་མོ་ང་རང་དང་ལྷན་དུ་རྒྱ་གར་ནས་ཡོང་བ་མིན། ལྷ་ས་ནས་མར་ཡོང་རོགས་ཡིན། ད་ང་རང་ཕ་ཡུལ་ནས་བསྡོད་དགོས་བྱུང་བ་ཡིན་ན། ཁོ་མོ་དང་ལྷན་དུ་བཟའ་ཚང་བྱེད་འདོད་ཡོད། ཁྱེད་རང་གིས་བལྟས་པ་ཡིན་ན་ག་འདྲ་འདུག གལ་སྲིད། མོ་རང་དང་ལྷན་དུ་གཉེན་སྒྲིག་བྱེད་མ་ཐུབ་པ་ཡིན་ན། ང་རང་འདི་ནས་མི་བསྡོད་ལ། ཕྱིར་ཡར་ལ་འགྲོ་རྒྱུ་ཡིན། དེ་ལ་ཁྱེད་རང་གིས་མོས་མཐུན་བྱེད་ཐུབ་ཀྱི་འདུག་གམ་ཞེས་བཤད།

ཕ་རྒན་གྱིས། ཁྱེད་རང་གིས་རང་གི་བཟའ་ཚང་བཙལ་བ་དེར་ང་རང་ལ་མི་འཐད་རྒྱུ་མེད། ཡིན་ཡང་། ལམ་ཐག་ཐུང་ཐུང་དེ་འདྲ་ཞིག་ལ་འགྲོག་ནས་བུད་མེད་ག་འདྲ་ཞིག་ཡིན་མིན་གཏན་ནས་ཤེས་ནི་མ་རེད། དེ་ཡིན་དུས། དངོས་ནས་ཁྱེད་རང་མོ་དང་བཟའ་ཚང་བྱེད་འདོད་ཡོད་ན་ནི་ཁྱེད་རང་གིས་ལྟོས་ཞེས་ལག་ནང་གི་ཁ་པར་ཨང་གྲངས་དེ་བློ་བཟང་ལ་སྤྲད།

བློ་བཟང་གིས། ཁོ་མོར་མངལ་ཆགས་འདུག ངས་ངོ་མ་བྱིས་པ་ཆགས་ཟིན་པའི་བུད་མེད་ཅིག་ལ་ཁྲེལ་མེད་བྱེད་ན་མི་འདོད་ཀི་ཟེར་ནས་བཤད་དུས།

ཕ་རྒན་འཇིགས་གྲོལ་གྱིས། སྣང་དོགས་ཙམ་ཡང་མི་བྱེད་པར། དེང་སང་གི་བུད་མེད་ཚོས་རང་གི་བློར་འབབ་སོང་བ་ཡིན་ན་འགུག་ཐབས་ལ་དེ་འདྲ་ཟེེར་ནི་རེད། ཁྱེད་གཉིས་འགྲོག་ཡུན་ཡང་རིང་བོ་མ་རེད། ལྷག་པར་དུ་བུད་མེད་དེ་ཡི་རིགས་ལ་ཡིད་ཆེས་བྱེད་རྒྱུ་ཁག་པོ་ཡིན་ནི་རེད། འོན་ཀྱང་། ཁྱེད་རང་གིས་འདོད་པ་རེད། དངོས་ནས་ཁོ་མོ་དང་འགྲོག་འདོད་ཡོད་ན་ནི། ང་རང་སོང་ནས་ཨ་ལགས་ཚང་ལ་ཕྱག་མོ་ཞིག་བཏབ་ན་ག་འདྲ་འགྲིག་འདུག ད་ལྟའི་བར་དུ་ཁྱེད་རང་ཡར་འགྲོ་མར་འགྲོ་གང་གི་སྐབས་སུ་ཡང་ཁོང་ཚང་གི་ཕྱག་མོ་བཏབ་པ་དེ་ཐུག་་པོ་བྱུང་བ་རེད། ཕྱག་མོ་ཡག་་པོ་འདྲ་ཡིན་ན་རང་གིས་འདོད་པ་བྱོས། ཕྱག་མོ་ཡག་པོ་མ་བྱུང་བ་ཡིན་ན། ད་ཁྱེད་རང་གིས་བསམ་བློ་གཏོང་།

བློ་བཟང་གིས་ཀྱང་རང་གི་ཕ་རྒན་གྱི་སྐད་ཆ་དེར་མོས་མཐུན་བྱས་པ་དང་། ཁ་པར་ཨང་གྲངས་དེ་ཁུར་ནས་ཁང་བའི་ནང་གི་ཁ་པར་ཡོད་སའི་འགྲམ་གྱི་རྐུབ་སྟེགས་སྟེང་བསྡད་ནས་བན་སྡེ་འཚོས་སྤྲད་པས་ཁ་པར་ཨང་གྲངས་དེ་བསྣན། ཏུར་་་་་ཏུར་་་་

ཨ་རོགས་ཁྱེད་རང་སུ་ཡིན།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 5

  1. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་ཚོ་ཀློག་དུ་ཕེབས་པ་དགའ་ཡོད།

    Reply
  2. chokri nyima says:
    ལོ་ 16 སྔོན།

    ཡག་པོ་འདུག་སྙན་པོ་འདུག་་་་་་་་་ཐུགས་རྗེ་ཆེ།

    Reply
  3. free sopu says:
    ལོ་ 16 སྔོན།

    ཞིབ་ཏུ་ཀློག་ཚར་ཡིན། ཡག་པོ་བྲིས་འདུག

    Reply
  4. mheru says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་བཀླགས་ཟིན་པ་ཡིན།

    Reply
  5. triyungdrung says:
    ལོ་ 16 སྔོན།

    ཡ་་་་བསོད་བདེ་ཆེ་བ་ལ། ལེའུ་འདི་ཀློག་མཁན་ཐོག་མ་དེ་ང་རང་ཡིན་འདུག
    ཞིབ་མོ་ཞིག་ཀློག་གི་ཡིན། བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese