མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་སྤྱི་འཐུས་ལ་མ་བསྟན་པའི་ཡིག་ཆ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྦེལ་ཀོབ་གཞིས་ཆགས་སུ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་བཀའ་སློབ་གསུང་བཤད་ཅིག་གནང་སྐབས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞེས་པ་སྤྱི་འཐུས་གྲོས་ཚོགས་སུ་བསྟན་མེད་ཅེས་གསུངས་འདུག

ཟླ་འདིའི་ཚེ་ ༩ ཉིན་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དུ་སྦེལ་ཀོབ་བོད་ཀྱི་གསར་འགོད་པ་དང་གསར་འགོད་ལས་ཟུར་ཐུན་མོང་གི་གོ་སྒྲིག་འོག བོད་རྒྱའི་འབྲེལ་མོལ་དང་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་བཀའ་སློབ་གསུང་བཤད་ཅིག་གནང་བར། སེར་སྐྱ་མང་ཚོགས་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

ཐེངས་འདིའི་གོ་སྒྲིག་པ་ཐུན་མོང་གི་གཏམ་བཤད་ནང་། བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་བོད་མི་མང་གི་གནས་སྟངས་གཉིས་གཞི་ལ་བཞག་པའི་ཐོག ད་ལྟ་བོད་མི་མང་ཚོགས་ལ་མང་ཚོགས་ཀྱི་རང་ཚུགས་དང་། མང་ཚོགས་ཀྱི་འགན་ཁུར། མང་ཚོགས་ཀྱི་དམིགས་འདུན་ལངས་ཕྱོགས་ཡོད་དགོས་པ་ནི་བོད་ཀྱི་ད་ལྟ་དང་མ་འོངས་རྩ་དོན་རྩོད་ལེན་གྱི་མཐའ་མའི་ཐག་གཅོད་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན། བཀའ་སློབ་གསུང་བཤད་འདི་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་གསལ་ཡོད།

ཉིན་དེར་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས། ང་ཚོའི་སྲིད་ཇུས་དེ་ཆོས་སྲིད་ཟུང་འབྲེལ་དང་ཆོལ་ཁ་གསུམ་ཐོབ་ཐང་འདྲ་མཉམ་རེད། དེའི་ངོ་བོ་མཚོན་བྱེད་དེ་ཆོས་ལུགས་སོ་སོའི་སྤྱི་འཐུས་གཉིས་རེ་དང་ཆོལ་ཁ་རེ་རེའི་མི་བཅུ་རེ་སྤྱི་འཐུས་སུ་བསྐོ་བཞག་བྱས་ཡོད། དེ་བཞིན་༧གོང་ས་མཆོག་གིས་དྲུག་ཅུ་ཐམ་པའི་ལོ་ནས་བཟུང་མང་གཙོ་ཡང་དག་པ་ལ་འགྱུར་བ་བཏང་ནས་ད་ལྟ་རིམ་བཞིན་ཡར་འགྲོ་བཞིན་པ་རེད། དེ་གསུམ་པོ་དེ་ང་ཚོའི་རྩ་དོན་གསུམ་ཡིན་ནའང་ད་ལྟ་དེ་ལ་གནས་བསྡད་ཡོད་དམ་ཟེར་ན། ངས་འདིར་གཞུང་གི་དེབ་དམར་པོ་ ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ། ༽ དེ་ཁུར་ཡོད། ང་ཚོས་སྐབས་སུ་བབ་པའི་བསམ་བློ་དེ། སྐབས་དང་དུས་སུ་ལས་ཀ་ག་རེ་གནང་གི་ཡོད་མེད་དེ་ལ་ལྟ་དགོས། ང་ཚོ་འདྲ་བའི་མི་རྒས་འཁོགས་ཚོས་བལྟས་མ་བལྟས་ཁྱད་ཞེ་དྲག་མེད་ནའང་། བལྟས་ཤོར་གྱིན་འདུག སྐུ་ཚབ་ཚོགས་པ་ཐེངས་བརྒྱད་པ་རྒྱ་ནག་ལ་ཕེབས་པའི་སྐབས་སུ། གཞུང་རང་གིས་འདི་སྤྲོད་ཤོག་ཟེར་ནས་སྐུ་ཚབ་ཚོགས་པ་ལ་བཀའ་བཏང་ནས་ཁོང་ཚོས་སྤྲད་བཞག་པའི་དགོས་འདུན་འདི་རེད། འདིའི་ནང་དུ་གཞི་རྩའི་དོན་ཚན་བདུན་ལ།  དོན་ཚན་གཅིག་ལ་འགྲེལ་བཤད་བཅུ་གཅིག་བྱས་པ་དེ་མར་སྤྲད་པ་རེད། དེའི་ནང་ལ་དམངས་གཙོ་དང་ཆོལ་ཁ་གསུམ། ཆོས་སྲིད་ཟུང་འབྲེལ་སོགས་ཡོད་པ་མ་རེད།  དེ་རྒྱ་མི་གུང་ཁྲན་གྱིས་ཁས་བླངས་ན་དེ་གང་ཡང་མེད་པ་གཅིག་རེད།  བྱས་དུས་དོན་ལ་འབབ་དགོས་ན་དེ་རིང་སང་ཉིན་དུས་སྐབས་དེ་ལ་འབབ་དགོསཔ་རེད།

རྒྱ་བོད་མི་རིགས་ཀྱིས་འཐབ་རྩོད་བྱེད་དགོས་པའི་རྒྱུ་མཚན། གཞིས་བྱེས་བོད་མི་ཁ་བྲལ་ནས་བསྡད་ཡོད་པ་དང་༸གོང་ས་མཆོག་གིས་ཉིན་མཚན་དུས་དྲུག་ཏུ་འཛམ་གླིང་ལ་སྐུ་ལས་སྐྱོན་ནས་ཕྱག་ལས་གནང་བསྡད་པ་བཅས་ཀྱི་རྐྱེན་རེད།  དཔེར་ན།  ༸གོང་ས་མཆོག་སྐུ་བཞུགས་པའི་རིང་ང་ཚོ་ཕྱི་རྒྱལ་ལ་ཡོད་པའི་མི་ཚོ་ལ་དཀའ་ངལ་གང་ཡང་ཡོང་གི་མ་རེད།  ག་རེ་བྱས་ནས་བསྡད་ནའང་སེམས་ཁྲལ་སྤུ་ཙམ་ཞིག་མེད།  ཁོང་གི་བཀའ་དྲིན་གྱིས་ཁྱབ་པ་དང་འཚོ་ཐུབ་ཀྱི་རེད།  ཡིན་ནའང་གདུལ་བྱའི་དོན་དག་ལ་ག་བར་སླེབས་ཀྱི་འདུག  དེ་རྣམ་པ་ཚོས་དགོངས་པ་བཞེས་ཐུབ་ན་དགོངས་པ་བཞེས་དགོས་ཀྱི་རེད།  མི་གཅིག་དང་གཉིས་ཀྱི་དོན་དག་མ་རེད།  མི་གཅིག་གཉིས་ཤིག་དགའ་དང་སྡུག་གི་གནད་དོན་མ་རེད་ཅེས་གསུངས།

ཡང་ཁོང་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་བཀའ་ཤག་དང་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་སུ་སུ་ཡོད་ན་དེས་གནང་བ་མ་གཏོགས། སྤྱི་འཐུས་གྲོས་ཚོགས་ཀྱིས་ཇུས་གཏོགས་གནང་ཡོད་པ་མ་རེད།  ༧གོང་ས་མཆོག་གིས་ང་ཕྱེད་བགྲེས་ཡོལ་ཡིན།  བོད་མི་མང་གིས་བདམས་བཞག་པའི་བཀའ་ཤག་དེའི་འགན་བོད་མི་མང་གིས་ཁུར་དགོས་ཀྱི་རེད་གསུངས་བསྡད་ཀྱི་ཡོད་པས། དེ་ངས་སྐུ་མདུན་གྱི་དགོངས་གཞི་ཡང་ཨེ་ཡིན་ནམ་བསམ་གྱི་ཡོད། དེ་ངས་ངོ་སྤྲོད་བྱེད་ཡག་གི་གནད་འགག་ཅིག་ལ་ཐུག་སོང་།  གྲོས་ཚོགས་ཀྱི་མདུན་ལ་གཞུང་འབྲེལ་བྱས་ནས་གྲོས་ཚོགས་ལ་ཡོང་དགོས་ཀྱི་རེད་མ་གཏོགས།  སྤྱི་འཐུས་གཅིག་གིས་མ་གིར་ལག་པ་བརྙབ་ནས་ཇུས་གཏོགས་བྱེད་རྒྱུ་དེ་འདྲ་མ་རེད།  དེར་བརྟེན་བཀའ་ཤག་གིས་སྤྱི་འཐུས་གྲོས་ཚོགས་ལ་འདི་འགྲིག་གི་ཡོད་མེད་དྲིས་མེད། དེར་བརྟེན་འདི་སྤྱི་འཐུས་གྲོས་ཚོགས་ཀྱིས་ཁས་ལེན་བྱས་ཡོད་མ་རེད་ཟེར་གྱི་ཡོད།  དེ་མཁྱེན་དགོས་ཞེས་གསུངས་ཡོད།  ཡང་ཁོང་གིས་མུ་མཐུད་དེ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་དུས་ང་ཚོས་གཅིག་གྱུར་ཡོང་བའི་གྲ་སྒྲིག་བྱེད་དགོས་ཀྱི་ཡོད།  གཅིག་གྱུར་བྱུང་ན་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་ཞིག་ཡོང་དགོས་ཀྱི་ཡོད་པ་༧གོང་ས་མཆོག་གི་བཀའ་རེད།    དེ་ཡིན་མིན་ཟེར་ས་རྩ་ནས་མེད།  ང་བཀའ་བསྡུར་གནང་སའི་དཀྱིལ་ལ་བསྡད་བསྡད་པ་རེད་ལ།   དེའི་གྲོས་སྣེ་ལ་ང་ཡོད།  སུ་གཅིག་གི་སྐད་ཆ་ཁུར་ཡོང་བ་དེ་འདྲ་མིན།  དེ་འདྲ་ཡིན་དུས་ང་མ་ཤི་བར་དུ་དེ་ཁས་ལེན་རྒྱུ་མ་གཏོགས་ཕྱིར་འཐེན་བྱེད་རྒྱུ་གང་ཡང་མེད།

ཕྱི་ལོ་ ༡༩༧༩ ལོར་ང་ཚོ་གཟིགས་སྐོར་སྐུ་ཚབ་དང་པོ་བཏང་གནང་པའི་སྐབས་སུ། ༧གོང་ས་མཆོག་གིས་བཀའ་མངགས་དོན་ཚན་བཞི་གནང་བའི་ནང་མི་རིགས་ཀྱི་འཐབ་རྩོད་མིན་གསུངས་ཡོད། དེ་ཁོང་གི་བཀའ་ངོ་མ་ཡིན། མི་རིགས་འཐབ་རྩོད་ཟེར་ན་བྱ་རྒྱུ་གང་ཡང་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་གྱི་ནང་ལ་དེང་སང་རྒྱ་དམར་གུང་ཁྲན་གྱིས་མི་རིགས་ལྔ་བཅུ་ང་དྲུག་ལ་དབྱེ་ནས། ཧན་མི་རིགས་ཕར་ཕུད་ན་མི་རིགས་ལྔ་བཅུ་ང་ལྔར་དབྱེ་བསྡད་པ་དེར་ང་ཚོ་བོད་པས་ངོས་ལེན་བྱེད་བསྡད་ཀྱི་ཡོད། མི་རིགས་ལྔ་བཅུ་ང་དྲུག་ངོས་ལེན་བྱས་ན་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡིན་པ་དེའི་ནང་ལ་མི་རིགས་བཅུ་བཅོ་ལྔ་ཞིག་ཡོད། དེ་དག་ཤར་པ་དང་རྟ་མང་རིགས། མོན་པའི་རིགས། མདོ་སྨད་ནང་ལ་སོག་པོའི་རིགས། ཡུ་གུར་རིགས། ཟ་ལར་རིགས། ཧ་ཤ་རིགས། རྒྱ་རིགས། ཧུ་རིགས། ཆང་རིགས། ལྟོམ་པ་རིགས། འཇང་རིགས། དེ་རྣམས་ཐམས་ཅད་ཁ་ཁར་དབྱེ་དགོས། དེ་ཚང་མ་བོད་མི་རེད་མ་གཏོགས་ཕུད་རྒྱུ་རྩ་བ་ནས་མེད་ཅེས་དང་།

གཞན་ཁོང་གིས་སྐུ་ཚབ་ཚོའི་འབྲེལ་མོལ་སྐོར་ལ་མི་མང་གི་དྲི་བར་ལན་འདེབས་གནང་དོན། རྒྱ་ཕྱོགས་ནས་འབྲེལ་མོལ་བསྐྱར་མཐུད་བྱེད་དོན་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཏཱ་ལའི་བླ་མ་དང་འབྲེལ་མོལ་བྱེད་དགོས་ཀྱི་འདུག་ཅེས་པའི་ངོ་སྲུང་རྒྱུའི་ཆེད་དུ་རེད།  ང་ཚོས་ཀྱང་ཞི་མོལ་ཡོང་གི་ཡོད་མདོག་མདོག་བྱས་ནས་ཅིག་འགྲོ་བསྡད་དུས།   ང་ཚོ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ནང་ཏོག་ཙམ་ཞིག་འགྲོ་ཐུབ་ཀྱི་ཡོད་པའི་རྣམ་པ་འདྲ་བོ་ཐོན་རྒྱུ་རེད་མ་གཏོགས།  དོན་དངོས་ལ་གང་ཡང་ཕན་གྱི་མ་རེད་ཅེས་གསུངས་ཡོད། 

མཇུག་མཐར་བོད་མི་མང་ལ་དགོས་འདུན་ཡོད་དགོས་པའི་སྐོར་གསུངས་དོན། བོད་རང་བཙན་བཤད་མཁན་ཡོད་པ་རེད།  དེ་ངས་བཤད་མི་ཆོག་པ་གང་ཡང་ངོས་འཛིན་བྱེད་ཀྱི་མེད།  ཡིན་ནའང་། བོད་མི་མང་ལ་དགོས་འདུན་ཡོད་དགོས་ཀྱི་རེད་མ་གཏོགས།  བོད་མི་མང་ལ་དགོས་འདུན་རྩ་བ་ནས་མེད་ན་༧གོང་ས་མཆོག་ལོག་སྤྱོད་པ་རེད་ཅེས་རྒྱ་མི་གུང་ཁྲན་གྱིས་ཟེར་བསྡད་ཀྱི་ཡོད།  ད་ལྟ་ང་ཚོས་༧གོང་ས་མཆོག་གིས་བཀའ་གང་གནང་པ་དེ་ཡིན་ཟེར་ནས་འགྲོ་བསྡད་ཀྱི་ཡོད་ནའང་། དེ་རྩ་བ་ནས་འགྲིག་གི་ཡོད་པ་མ་རེད། བཙན་བྱོལ་བོད་མི་ཚང་མ་རྙོག་དྲ་མ་ཤོད། ཕར་ལོག་འགྲོ་གསུངས་ན་བོད་མི་མང་ནང་ལོག་འོངས་ས་རེད་བསམ་བསྡད་ཡག་ཅིག་བོད་མི་མང་གིས་བཟོ་བསྡད་ཀྱི་འདུག  དེ་ཡག་པོ་མ་རེད། དོན་ངོ་མར་མི་བྱེད་དགུ་བྱེད་ཏཱ་ལའི་བླ་མ་རེད་འདུག་ཅེས་རྒྱ་མིས་ཟེར་བསྡད་ཀྱི་ཡོད།  བོད་མི་མང་ལ་དགོས་འདུན་སྣེ་གཅིག་མི་འདུག  ༧གོང་ས་མཆོག་གིས་བཀའ་གང་གནང་ན་དེ་ཡིན་ཟེར་གྱི་འདུག  ཏཱ་ལའི་བླ་མས་འཛམ་བུ་གླིང་ལ་ཁ་བྲལ་རིང་ལུགས་ཀྱི་བྱ་བ་སྤེལ།  རྒྱལ་སྤྱིར་གནས་ཚུལ་བཤད་ནས་འགྲོ་བསྡད་ཀྱི་འདུག་མ་གཏོགས།  ཚུར་ཡོང་གི་མི་འདུག  ཏཱ་ལའི་བླ་མའི་མ་འགྲིག་མ་འཐུས་ཟེར་ནས་བཤད་བསྡད་པ་དེ། གཙོ་བོ་གཅིག་བོད་མི་མང་གིས་བཟོ་གི་འདུག་བསམ་གྱི་འདུག་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 97

  1. བདེན་ཚིག་སྨྲ་བ། says:
    ལོ་ 14 སྔོན།

    སྲིད་དོན་ལ་མཁས་པ་ཟམ་གདོང་བླ་མ་ལྟར་མིན་པ།
    གང་ཡིན་པ་དེ་ག་རང་བོད་རྒྱལ་ཁབ་ཀྱི་དོན་དུ་རང་གསུངས་འདུག་པ་ཐུགས་རྗེ་བླ་མེད་ཆེ།

    Reply
  2. བེ་རུ་བཀྲ་ཤིས says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་བཀའ་སློབ་དགོང་ཚུལ་་གནང་བ་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག

    Reply
  3. tenzinrabyang says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས

    Reply
  4. ཕྱོགས་གླང། says:
    ལོ་ 15 སྔོན།

    སྐུ་ཞབས་ཚེ་རིང་ལགས། བཀུར་འོས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྐུ་ངོ་ཟམ་གདོང་ཞེས་འགོ་བརྗོད་གསར་པ་འདིའི་དགོས་དོན་ག་རེ་ཡིན་ནམ། མ་གཞི་ནས་དམངས་གཙོའི་སྤྱི་ཚོགས་ནང་སྐུ་ངོ་དང་། སྐྱེས་དམན་སོགས་གྲལ་རིམ་དང་། ཕོ་མོ་དབྱེ་འབྱེད་ཀྱི་ཐ་སྙད་དེ་རིགས་ལ་དང་དོད་གནང་ན་ཞན་ཆ་ལས་ལེགས་ཆ་ཨེ་ཡོད། དེ་བས་སེར་སྐྱ་ཕོ་མོ་དྲག་ཞན་མཐོ་དམའ་མེད་པར་འཇུག་པར་འོས་པའི་མིང་གི་འགོ་བརྗོད་དང་། མིང་ཚབ་ཏུ་སྐུ་ཞབས་ཞུས་ན་མ་འགྲིགས་པ་ག་རེ་ཡོད་དམ། ཨ་རིའི་སྲིད་འཛིན་ལ་སྐུ་ཞབས་ཨོ་བྷ་མ་ཟེར་བ་ལས་སྐུ་ངོ་ཨོ་བྷ་མ་ཟེར་གྱི་མི་འདུག་ག། ༼སྙིགས་དོར་བཅུད་ལེན་ཡར་རྒྱས་གོང་འཕེལ་རེད།༽
    བར་ལམ་སྤྱི་འཐུས་རེ་ཟུང་གི་བཀའ་མོལ་གསུངས་སྟངས་དང་། དགོངས་པ་བཞེད་སྟངས་ལ་བལྟས་ནས་གྲོས་ཚོགས་ཀྱི་ལམ་ལུགས་དང་། སྤྱི་འཐུས་ཀྱི་ཤེས་ཡོན་གནས་ཚད་འོས་འཚམས་ཤིག་ཡོད་མེད་སྐོར་མང་ཚོགས་ནང་སྐད་ཆ་མང་པོ་ཞིག་ཡོད་ཀྱང་། རྩ་བ་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་བཞེད་ལྟར་བཙན་བྱོལ་བོད་གཞུང་དམངས་གཙོའི་ལམ་ལུགས་ཐོག་ཁ་ཞེ་གཉིས་མེད་འགྲོ་གི་ཡོད་པ་ཕྱི་གསལ་ནང་གསལ་རེད། བྱས་ཙང་ད་རེས་ཨ་རིའི་དམངས་གཙོ་དར་སྤེལ་ཐེབས་རྩ་ཁང་གིས་༧གོང་ས་སྐྱབས་མགོན་ཆེན་པོར་དམངས་གཙོའི་གཟེངས་རྟགས་འབུལ་གཏན་འཁེལ་འདུག་ག། བཀྲ་ཤིས་བདེ་ལེགས། ༧སྐུ་ཚེ་རིང་དུ་བརྟན་པར་ཤོག།

    Reply
  5. ནགས་མེ། says:
    ལོ་ 15 སྔོན།

    སྐབས་ཐོབ་ཀྱི་གླེང་གཞིའི་དོན་གང་ཞིག་ཡིན་ནའང་ང་ཚོས་གཟུར་གནས་ཀྱི་སྒོ་
    ནས་སོ་སོའི་བློ་རིག་འདོན་རྒྱུ་གལ་ཆེ། དེ་མིན་ན། རང་གཞན་ཀུན་ལ་ཕྱོགས་རེས་
    འཐེན་འཁྱེར་དང་རྩ་ཆེའི་དུས་ཚོས་ཀྱང་ཆུད་ཟ་བ་ལས་ཅི་ཡང་མེད། ངོ་མ་ཡིན་སྐབས་བབ་ཀྱི་བརྗོད་དོན་ལ་གཞི་བཅོལ་ཏེ་སོ་སོ་རང་ངོས་ནས་གང་བསམས་པ་དེ་བྲིས་ཤོག་དང་། རང་གཞན་སུ་ལའང་ཕན་སྲིད་པ་ཡིན།

    Reply
  6. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ངས་འདི་ན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་ལ་སྒྲོ་འདོགས་རྒྱུ་མིན་ལ་སྐུ་འདེབས་དེས་ཀྱང་བྱེད་ཀྱི་མིན་གང་བརྗོད་པ་དེ་དངོས་ཡོད་གནས་ཚུལ་དང་ཁོང་གི་གཤིས་ལུགས་ཡིན་སྟབས་དྲྭ་གྲོགས་ཙན་དན་ལོ་མ་ལྟ་བུ་ཕྲག་དོག་དུ་ཆུས་མྱོས་པའི་མི་ངན་ཁག་ཅིག་བློ་ལ་བབས་མི་སྲིད་ཀྱང་བྱ་ཐབས་བྲལ། གོང་ས་སྐྱབས་མགོན་ཆེན་པོ་ཅི་བསྲུང་བཀའ་བསྒྲུབ་ཞུས་ཏེ་མི་ལོ་བཅུ་ལྔ་ལྷག་བཀའ་བློན་དང་བཀའ་ཁྲི་ཡང་ཐད་སྐོས་ཐོག་ནས་གནང་ཡོད་སྐབས་དེར་བོད་གཞུང་གི་་མིང་འཁྱེར་མཁན་རེ་གཟུང་གི་བྱེད་སྟངས་ལ་རྟེན་བོད་གཞུང་ལ་ཁ་གཏད་དུ་ལང་པའི་ལྷོ་ཕྱོགས་གཞིས་གྲོང་བཞི་པ་དང་ཡབ་གཞི་རྒྱ་དོན་མཆོག་གི་དུས་རྟག་ཏུ་བློ་ངོར་ལ་མི་འགྲོ་བའི་ལི་ཐང་ཨར་ཐར་དང་གྲའུ་དཔོན་རིན་ཆེན་ཚེ་རིང་གཉིས་ཀྱི་འཁོར་དང་བཅས་པར་དགྲ་འཛིན་ཏེ་མཚན་རྟགས་བསྡུ་སྟེ་བོད་པའི་གྲལ་ནས་ཕུད་ཐབས་བྱེད་བར་སོགས་གནས་ཚུལ་དེ་དག་ཞི་འཇམ་དུ་བཟོ་མཁན་དེ་སྐུ་ངོ་དམ་པ་དེ་ཉིད་ཀྱི་བཀའ་དྲིན་ཡིན་ད་དུང་བདུད་འཇོམས་རིན་པོ་ཆེ་བཙུན་ཁང་དུབཙུགས་པ་དང་ཡབ་གཞི་གྲུང་ཡིག་ལྷ་མོ་ཚེ་རིང་གློ་སྒྲིགས་འཇུགས་རྩ་གཏོར་བཏང་རྗེས་ཁོང་རང་མཐར་བཙུན་ཁང་དུ་ཚུད་པ་སོགས་ལ་སྐུ་ངལ་ཧ་ཅང་ཆེན་པོ་སྐྱོན་ཏེ་རླབས་ཆེན་གྱི་ཕྱག་རྗེས་འཇོག་ཡོད།

    Reply
  7. བཤད་སྒྲུབ says:
    ལོ་ 15 སྔོན།

    སུ་ཞིག་ཁོང་འདྲ་བའི་མེས་པོ་གོང་མ་རྣམས་ལ་མ་དགའ་ན་ཁྱེད་ཀྱི་གཤམ་ཏུ་ལོ་རྒྱུས་འདི་ཁ་མདོན་ངེས་པ་བཟོ་དགོས་ངེས་རེད། དེ་ལྟར་བྱད་ན་དགེ་བ་རླབས་ཆེན་མེད་ན་ཡང་བོད་རིགས་ཅིག་སྒྲིག་ལ་གནོད་པའི་ལས་དོན་ལྟར་བུ་ཁ་བརྡུང་ངན་པ་འདི་འདྲ་ལབ་རེས་མི་བྱེད་པར་བླ་མའི་རབ་གནས་ལས་ཀྱང་ཕན་ཐོག་བརྟན་རྟེན་ཡོད་པ་མཐོང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༢༩ ལོར་བོད་འབྲི་ཆུ་ཤར་རྒྱུད་སྡེ་དགེ་བློན་པོ་འཇུ་ཆེན་ཚང་དུ་འཁྲུངས། ཕྱི་ལོ་ ༡༩༤༧ ལོར་བོད་ཆོལ་གསུམ་གྱི་ས་ཁུལ་ཡོངས་ལ་བསྐོར་བསྐྱོད་དུ་ཕེབས། ཕྱི་ལོ ༡༩༥༠ ལོར་རྒྱ་ནག་གིས་བཙན་འཛུལ་བོད་མདོ་ཁམས་ཁུལ་དུ་སླེབས་ཤིང་དུས་སྐབས་དེ་ནས་བཟུང་བོད་མིའི་རང་དབང་རྩོད་ལེན་གྱི་ལས་འགུལ་ནང་ཞུགས། དགུང་ལོ་༢༥་ཐོག་སྟེ་ཕྱི་ལོ་༡༩༥༥ ལོ་མཇུག་ཙམ་ལ་རྒྱ་ནག་གིས་བོད་མདོ་ཁམས་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་ཟེར་བ་བཙུགས་པས་བོད་གཞུང་གི་ཁྱབ་ཁོངས་སུ་འཛུལ་ནས་རྒྱ་དམག་སྡོད་སྒར་སོགས་སུ་རྒོལ་རྡུང་གི་ལས་སུ་ཞུགས། ཕྱི་ལོ་ ༡༩༥༩ ལོར་ནོར་བུ་གླིང་ཀར་༸གོང་ས་མཆོག་གི་སྐུ་སྲུང་བ་གནང་ཞིང་རྒྱ་གར་དུ་ཆིབས་བསྒྱུར་མ་གྲུབ་བར་རྗེས་འདེད་རྒྱ་དམག་འགོག་སྲུང་གི་ལས་ཁུར་ཞུས། རྒྱ་གར་དུ་ཕེབས་རྗེས་སྦེལ་ཀོབ་ཏུ་བཅུ་དཔོན་དང་། བརྒྱ་དཔོན། གཞིས་ལུས་ཁང་གི་འཐུས་མི། མཉམ་འབྲེལ་འགན་འཛིན་ལོ་༡༡ བཅས་གནང་ཞིང་། ཕྱི་ལོ་ ༡༩༧༢ ལོར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་། ཕྱི་ལོ་ ༡༩༧༤ ལོ་ནས་སྐབས་དེའི་སྤྱི་འཐུས་ཚོགས་གཙོ་གནང་། ཕྱི་ལོ་ ༡༩༧༦ ལོ་ནས་བོད་གཞུང་དྲིལ་བསྒྲགས་བཀའ་བློན་དང་། ཕྱི་ལོ་ ༡༩༧༨ ལོ་ནས་རྒྱུན་བཞུགས་བཀའ་བློན་གནང་། ཕྱི་ལོ་ ༡༩༧༩ ལོར་ཐོག་མ་༸གོང་ས་མཆོག་གི་སྐུ་ཚབ་ལྟ་སྐོར་ཚོགས་མིའི་འགན་ཁུར་བ་དང་། རྒྱུན་ཞུགས་བཀའ་བློན་གྱི་མཚན་ཐོག་ནས་བོད་དང་རྒྱ་ནག་བཅས་སུ་ཟླ་བ་ལྔའི་རིང་གཟིགས་སྐོར་གནང་། ཕྱི་ལོ་ ༡༩༨༠ ལོ་ནས་རྒྱུན་བཞུགས་བཀའ་བློན་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་བོད་འབྲེལ་འཐུད་ཉམས་ཞིབ་སྐུ་ཚབ་ཚོགས་པའི་འགན་འཛིན་གནང་སྟེ་པེ་ཅིང་དུ་ཕེབས། ཕྱི་ལོ་ ༡༩༨༣ ལོ་ནས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲིར་༸གོང་ས་མཆོག་གིས་ཐད་བསྐོས་གནང་བ་བཞིན་ཐུགས་འགན་བཞེས་པ་དང་ལྷན་དུ་ནང་སྲིད་དང་ཤེས་རིག་བཀའ་བློན་གྱི་ཐུགས་འགན་ལོ་གསུམ་ལྷག་བཞེས། དེ་ནས་བཀའ་ཁྲི་མཛད་འགན་ཐོག་ཆོས་དོན་དང་ནང་སྲིད་བཀའ་བློན་གྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༤ ལོར་སླར་ཡང་རྒྱ་བོད་འབྲེལ་འཐུད་ཉམས་ཞིབ་སྐུ་ཚབ་ཚོགས་པའི་འགན་འཛིན་གནང་སྟེ་པེ་ཅིང་དུ་ཕེབས། ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༥ པའི་ནང་བཀའ་ཁྲིའི་ལས་གནས་ནས་དགོངས་པ་ཐོབ། ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༦ པ་ནས་ལོ་ལྔའི་རིང་༸གོང་ས་མཆོག་གིས་ཐད་བསྐོས་གནང་བ་བཞིན་ད་ལྟ་དང་མ་འོངས་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་གནང་སྟེ། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་བསྡུས། མ་འོངས་བོད་ཀྱི་གྲོས་ཚོགས་ལམ་ལུགས་ཀྱི་རྩ་ཁྲིམས། མ་འོངས་བོད་ཀྱི་སྲིད་འཛིན་ལམ་ལུགས་ཀྱི་རྩ་ཁྲིམས། སིའི་ཊ་སི་སྦག་གི་གྲོས་འཆར་བཞིན་བོད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་འཆར་གྱི་མ་འོངས་བོད་ཀྱི་རྩ་ཁྲིམས་བཅས་ཀྱི་ཟིན་བྲིས་གཏན་འབེབས་གནང་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། འཛིན་སྐྱོང་བཀའ་ཤག་གིས་མཚོན་པའི་གཞུང་གི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། ས་གནས་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། རང་བདེན་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཅས་ཀྱི་ཟིན་བྲིས་གཏན་འབེབས་གནང་བ་དང་། དེ་བཞིན་བོད་སློབ་འཛིན་སྐྱོང་ཚོགས་པ་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། བོད་གཞུང་ཟློས་གར་བཅས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་གནང་ཡོད་པ་དང་། ད་ལྟ་༸གོང་ས་མཆོག་གིས་ཐད་བསྐོས་བཞིན་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་སློབ་སྟོན་པ་གནང་མུས་སུ་ཡོད་འདུག

    Reply
  8. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    མི་ངན་འདི་ཚོས་མདོ་སྟོད་མི་དམངས་བརྒྱག་རེས་བརྒྱག་སྤྱད་ལ་བེད་སྤྱོད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད། དཔེར་ན། གྲོས་ཚོགས་ནང་གི་ཨུ་སྟོབས་སོགས་རེད། གྲོས་ཚོགས་ནང་གི་གྲྭ་མིང་ཅན་ཚོ་རེད།

    Reply
  9. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    མདོསྟོད་མི་དམངས་ནི་ཀུན་གཟུགས་པན་ཆེན་རིན་པོ་ཆེའི་གསུངས་བཞིན། ལུས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་རིགས་མི་དམངས་སྤྱི་མཚངས་ལྟར་བཀུར་འོས་པའི་བོད་རིགས་དཔུང་ཁག་ཅིག་ཡིན། ཡིན་ནའང་མདོ་སྟོད་མི་དམངས་ཡིད་ཆེད་བློ་འགེལ་བྱེད་ཆོག་པའི་ཆབ་སྲིད་པ་དཀོན་པས། ཤེས་ཡོན་མེད་པ་དང་ཁོག་རྒྱ་དོག་པོ་ལས་མེད་པའི་འགོ་གཙོ་འཇུ་ཆེན་དང་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་སོགས་ཀྱིས་མདོ་སྟོད་མི་ཁག་ཅིག་བེད་སྤྱོད་ལོག་པར་གཏོང་གི་ཡོད་པ་ངོས་ཟིན་རྒྱུ་གལ་ཆེ་བའོ།།

    Reply
  10. སྨར་དྷི་ཟེར། says:
    ལོ་ 15 སྔོན།

    ཨ་ཨ་མཁྲིས་ནད་ཅན་གྱི་གང་ཟག་གིས་དུས་རྟག་ཏུ་གངས་རི་སེར་འཛིན་སྣང་ཟེར་བ་དེ་དངོས་ཉིད་མི་འདི་ལྟ་བུ་དག་ལ་དགོངས་པ་ཡིན་ས་རེད་ངས་ལྟས་ན་རླབས་ཆེན་གྱི་མི་སྣ་འདི་ལྟ་བུ་དག་ད་དུང་སྐུ་ཚེ་ཡུན་དུ་བརྟན་དགོས་པ་སྙམ།

    Reply
  11. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་སྐད་ཆ་ཡག་པོ་ཞིག་ཀྱང་བཤད་ཤེས་ཀྱི་མི་འདུག་་་་་་ཕར་བལྟད་ཚོད་ལ་བོད་སྐད་ཀྱང་ཡག་པོ་ཞིག་ཨེ་ཤེས་བསམ་པ་འདྲ་ཞིག་རེད།
    ཨོ་་་་ ད་འདིའི་སྐོར་ལ་རྩོད་པ་བྱས་ནས་རེག་རྒྱུ་ཞིག་ཡོད་རྒྱུ་མ་རེད་ བཀའ་ཟུར་ཁོང་ཡག་པོ་ཡོད་ན་རེད་མེད་ན་རེད་་་་ད་ཚར་རེད་་་་ང་ཚོ་གཞི་ནས་ལམ་ལ་ཆས་དགོས་པས་ཕན་ཚུན་གྱི་སེམས་ལ་ནག་ཐིག་མ་ཕབ་རོགས།

    Reply
  12. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་དགག་གཞག་ཅིག་བྱེད་ཤེས་རྒྱུ་ཕར་ཞོགས་བཤད་སྟངས་ཡག་པོ་ཞིག་ཀྱང་ཤེས་ཀྱི་མི་འདུག་་་་་ད་དུང་རང་ཕྱོགས་ལ་ཤུགས་ཆེར་འཐེན་གྱི་འདུག་པར་ལྟོས་དང་། ངོ་ཚ་དགོས་པ་ཞིག་མ་རེད་དམ། སྐུ་ངོ་འཇུ་ཆེན་ཡག་པོ་ཡོད་ན་རེད་མེད་ན་རེད་ད་ཚར་རེད ང་ཚོ་གཞི་ནས་ལམ་ཁ་ཞིག་ལ་འགྲོ་དགོས་པ་རེད་་་་་རྒས་འཁོགས་ཤིག་གི་ཆེད་དུ་རྙོག་དྲ་བཟོས་ནས་ཅི་བྱེད།

    Reply
  13. ཁམས་ཕྲུག says:
    ལོ་ 15 སྔོན།

    བོད། བདེ་སྐྱིད་ལྷ་མོ་ལགས། དྲ་ཚིགས་ལ་ལ་ན་མི་སྣ་ཚོགས་ཀྱིས་མིང་སྣ་ཚོགས་ཀྱི་སྒོ་ནས་དྲ་འབུ་ལ་བརྫུས་ཏེ་དཔྱད་བརྗོད་སྣ་ཚོགས་སྤེལ་གི་ཡོད་པ་ཤེས་པར་མཛོད་ཅིག

    Reply
  14. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 15 སྔོན།

    དྲྭ་གྲོགས་རྣམས་པ་ཚོ་ལ་ཞུ་རྒྱུ།
    ད་ལྟ་ང་ཚོ་རང་དབང་ཅན་གྱི་ལུང་པ་ཞིག་གི་ནང་སྨྲ་བརྗོད་རང་དབང་ཆོས་དད་རང་དབང་སོགས་ལ་སྤྱོད་པའི་དུས་སྐབས་འདིར་དུས་བབ་ཟིན་བྲིས་ནང་ལ་ཁར་སེང་བདག་གིས་སྤྱི་ཚེས་༡༡ཉིན་རང་་ཉིད་ཀྱི་བསམ་ཚུལ་ཁ་ཤས་ཞིག་བཀོད་ཡོད་ཀྱང་དེ་རིང་གཅིག་ཀྱང་མེད་པ་ནག་གསུབ་གཏོང་འདུག

    བཀྲ་ཤིས་མིང་ཅན་སོགས་ཀྱིས་བཀའ་ཟུར་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་པ་དེའི་རིགས་ནི་ཟུར་རྩམ་ཡང་གཡོ་འགུར་བྱས་མི་འདུག

    བདག་གིས་ནི་བཀྲ་ཤིས་དང་བློ་བཟང་སོགས་ལ་སྐྱོན་འཛུག་བྱས་ནས་བཀོད་པ་ཡིན་ལ།
    བཀྲ་ཤིས་དང་བློ་བཟང་སོགས་ཀྱིས་ནི་བཀའ་ཟུར་མཆོག་ལ་གཞི་མེད་པའི་སྐྱོན་བརྗོད་བྱས་པ་རེད

    མཐའ་དོན་ལ།
    བཀའ་ཟུར་མཆོག་ལ་སྐྱོན་བརྗོད་བྱེད་པ་མ་གསུབ་ནས་མི་ངན་འདི་གཉིས་ལ་སྐྱོན་བརྗོད་བྱེད་པ་གསུབ་དགོས་པའི་རྒྱུ་མཚན་ལ་ལྟས་ན་དྲྭ་བདག་གི་ཁོག་ལ་ཡང་རྒྱ་དམར་གྱི་ལྟ་བ་ཞིག་ཞུགས་ཡོད་ཤས་ཆེ་འདུག

    Reply
  15. དུང་དཀར་རྒྱལ། says:
    ལོ་ 15 སྔོན།

    དྲྭ་བདག་ཚོ་ལགས།

    དྲྭ་ངོས་ནས་ཅི་ལས་ཚང་མ་འཛམ་གླིང་ཕྱོགས་ཡོངས་ནས་མཐོང་གིན་འདུག

    དེ་ནི་མི་རྗེ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་མཛད་རྗེས་བཞིན།

    ཕྱོགས་ལ་ཁྱབ་ཀྱིན་འདུག

    Reply
  16. དུང་དཀར་རྒྱལ། says:
    ལོ་ 15 སྔོན།

    བོད་མི་མང་དང་
    སྐབས་དུས་ཀྱི་དྲྭ་གྲོགས་ཚོས་ཤེས་དགོས་པ་ལ་

    དཀྲུགས་ཤིད་འདྲེ་མོ་ཟེར་བ་དང་

    ལོག་བཟང་ཟེར་བ་འདི་ཚོ་

    སུ་ཡིན་པ་ངེས་སོང་ངམ།

    ཁོང་ཚོ་ལ་ལན་དུ་བཏབ་པའི་ངའི་མཆན་བུ་མ་འདྲ་བ་ཁག་བདུན་སྐར་མ་བཅུའི་གོང་ལ་དྲྭ་ངོས་འདི་ནས་ནག་གསུབ་བཏོང་ཚར་སོང་།

    ནག་གསུབ་གཏོང་མཁན་སུ་རེད་དམ།
    བྱས་པ་དང་གཟི་བརྗིད་མཐོ་བའི་ད་ཀྱི་བཀའ་བློན་ཁྲི་ཟུར་ཞིག་ལ་ཁ་གཏོང་མཁན་སུ་རེད་དམ

    Reply
  17. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གུས་པས་ lobsang མིང་ཅན་ལགས། འདྲེན་བཀོད་བྱས་པ་བཞིན་ཁྱོད་ལ་ཁུངས་སྐྱེལ་ཡོད་དམ།
    བཤད་ཤེས་པ་ཙམ་གྱིས་འཐུས་པ་མ་རེད། དེ་བོད་མི་མང་ལ་ཁུངས་སྐྱེལ་དགོས་པ་རེད། ཁུངས་སྐྱེལ་རྒྱུ་མེད་ན་ཁ་ན་རོགས་རེད།
    ཁུངས་སྐྱེལ་ཟེར་བ་དེ་མི་གཅིག་གིས་རེད་ལབ་ནས་བྲིས་འདུག་ཟེར་བས་ཕན་གྱི་མ་རེད། གཙོ་བོ་ཁྱོད་རང་གིས་དེ་དཔང་རྟགས་སྟོན་ཐུབ་དགོས་རེད། ཅེས་དྲ་ཐོག་ཏུ་བཤད་པར།
    བློ་བཟང་མིང་ཅན་གྱི་ལན་འདེབས་དོན། འཇིགས་བྲལ་བསྟན་འཛིན་ལགས། ང་ལ་དཔང་རྟགས་གང་ཡང་མེད། ཡིན་ན་ཡང་གཞན་གྱིས་བྲིས་བཞག་པ་དེ་ངས་འདོན་ཆོག་གི་རེད་དྲན་གྱི་འདུག མ་ཟད་ཡིག་འཁྱར་དེ་ང་ཚོས་ཞིབ་འཇུག་བྱེད་ཆོག་སྙམ་ལགས།
    དེར་བརྟེན་གཤམ་གྱི་སྐད་ཆ་དེ་སླར་ཡང་ཚར་གཅིག་བཤད་འདོད་བྱུང་།
    སྐབས་རེ་བསམ་ཚུལ་ཏོག་ཙམ་བཤད་པ་མ་གཏོགས་འདི་ནས་དྲ་གྲོགས་ཚོའི་སྤྱོད་ཚུལ་ལ་བལྟས་ནས་བསྡད་པ་ཡིན། སེམས་པ་སྐྱོ་ཡག་རེད།
    ༡ ཁ་སང་དུས་བབ་ཀྱི་གསར་འགྱུར་༼ཟུར་ལྔའི་དམར་ཤོག་༽ཟེར་བ་གཅིག་འདུག དེ་ཀློག་སྐབས་རྒྱ་ནག་གིས་རྒྱུགས་ཁྱི་ཚོས་བཙན་བྱོལ་ནང་ལས་ཀ་དེ་རང་བྱེད་ཀྱི་ཡོད་ས་རེད་བསམས་པ་བྱུང་།
    ༢ སྨྱུག་མིང་བཀོལ་དགོས་དོན་ཅང་མི་འདུག བཙན་བྱོལ་རང་དབང་ལུང་པ་རེད། སུ་གང་གིས་རྡུང་གི་མ་རེད། གསོད་ཀྱི་མ་རེད། ཞེད་དགོས་པ་དང་བཤད་དགོས་པ་གཉིས་ཀ་ཡོང་རྒྱུ་ཡོད་མ་རེད།
    ༣ ད་དུང་སྨྱུག་མིང་གི་འོག་ན་ཡོད་པ་འདི་ཚོས་གདོང་ཐུག་ན་ལྕེ་ནར་ནར་བྱེད་ཀྱི་རེད། མགོ་འཕྲུག་འཕྲུག་བྱེད་ཀྱི་རེད། འདི་འདྲའི་ཕྱི་ནང་མི་མཚུངས་པའི་མི་ཤ་སྟག་རེད།
    ༤ སྨྱུག་མིང་བེད་སྤྱོད་བྱེད་པ་འདིས་དོན་དངོས་སུ་བཙན་བྱོལ་རང་དབང་ལུང་པའི་ནང་མང་གཙོ་འཕེལ་རྒྱས་ཡོང་བར་འགོག་རྐྱེན་བཟོ་གི་འདུག
    ༥ སྨྱུག་མིང་གི་འོག་ནས་འགན་ཁུར་མེད་པའི་སྐད་ཆ་ཐོན་ཚད་བཤད་ནས་སྡོད་ཀྱི་ཡོད་སྟབས་༼བོད་ཀྱི་དུས་བབ་ཟིན་བྲིས་སུ་ཡོད་པའི་མཆན་ཡོངས་རྫོགས་ལ་རིན་ཐང་མེད་པ་བཟོ་གི་འདུག༽
    ༦ ཟུར་ལྔའི་དམར་ཤོག་ཟེར་བའི་གསར་འགྱུར་ནང་བཤད་པ་བཞིན་གསར་འགྱུར་གྱི་བརྗོད་དོན་ལ་བགྲོ་གླེང་མི་འགྲོ་ཆེད་སྐད་ཆ་འདྲ་མིན་བཤད་ནས་བརྗོད་གཞི་བརླག་བཅུག་གི་འདུག
    ༧ ད་ནས་བཟུང་འདི་རིགས་ལ་སྟངས་འཛིན་མེད་ན་འདི་དུས་བབ་ཚང་གིས་ཆེད་བཟོས་གནང་བ་ཞིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། འདི་ལྟར་བརྗོད་པ་དེ་གནོན་ཤུགས་སྤྲོད་པ་མིན་ཡང་འགན་མ་ཁུར་ན་ཡག་པོ་རྩ་བ་ནས་མི་འདུག

    Reply
  18. དུང་དཀར་རྒྱལ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་ལོ་རྒྱུས་བསྐལ་བའི་བར་དུ་འོད་སྣང་འཚེར་བའི་ཞབས་རྗེས་ཞེས་བྱ་བ་བཞུགས་སོ།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༢༩ ལོར་བོད་འབྲི་ཆུ་ཤར་རྒྱུད་སྡེ་དགེ་བློན་པོ་འཇུ་ཆེན་ཚང་དུ་འཁྲུངས། ཕྱི་ལོ་ ༡༩༤༧ ལོར་བོད་ཆོལ་གསུམ་གྱི་ས་ཁུལ་ཡོངས་ལ་བསྐོར་བསྐྱོད་དུ་ཕེབས། ཕྱི་ལོ ༡༩༥༠ ལོར་རྒྱ་ནག་གིས་བཙན་འཛུལ་བོད་མདོ་ཁམས་ཁུལ་དུ་སླེབས་ཤིང་དུས་སྐབས་དེ་ནས་བཟུང་བོད་མིའི་རང་དབང་རྩོད་ལེན་གྱི་ལས་འགུལ་ནང་ཞུགས། དགུང་ལོ་༢༥་ཐོག་སྟེ་ཕྱི་ལོ་༡༩༥༥ ལོ་མཇུག་ཙམ་ལ་རྒྱ་ནག་གིས་བོད་མདོ་ཁམས་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་ཟེར་བ་བཙུགས་པས་བོད་གཞུང་གི་ཁྱབ་ཁོངས་སུ་འཛུལ་ནས་རྒྱ་དམག་སྡོད་སྒར་སོགས་སུ་རྒོལ་རྡུང་གི་ལས་སུ་ཞུགས། ཕྱི་ལོ་ ༡༩༥༩ ལོར་ནོར་བུ་གླིང་ཀར་༸གོང་ས་མཆོག་གི་སྐུ་སྲུང་བ་གནང་ཞིང་རྒྱ་གར་དུ་ཆིབས་བསྒྱུར་མ་གྲུབ་བར་རྗེས་འདེད་རྒྱ་དམག་འགོག་སྲུང་གི་ལས་ཁུར་ཞུས། རྒྱ་གར་དུ་ཕེབས་རྗེས་སྦེལ་ཀོབ་ཏུ་བཅུ་དཔོན་དང་། བརྒྱ་དཔོན། གཞིས་ལུས་ཁང་གི་འཐུས་མི། མཉམ་འབྲེལ་འགན་འཛིན་ལོ་༡༡ བཅས་གནང་ཞིང་། ཕྱི་ལོ་ ༡༩༧༢ ལོར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་། ཕྱི་ལོ་ ༡༩༧༤ ལོ་ནས་སྐབས་དེའི་སྤྱི་འཐུས་ཚོགས་གཙོ་གནང་། ཕྱི་ལོ་ ༡༩༧༦ ལོ་ནས་བོད་གཞུང་དྲིལ་བསྒྲགས་བཀའ་བློན་དང་། ཕྱི་ལོ་ ༡༩༧༨ ལོ་ནས་རྒྱུན་བཞུགས་བཀའ་བློན་གནང་། ཕྱི་ལོ་ ༡༩༧༩ ལོར་ཐོག་མ་༸གོང་ས་མཆོག་གི་སྐུ་ཚབ་ལྟ་སྐོར་ཚོགས་མིའི་འགན་ཁུར་བ་དང་། རྒྱུན་ཞུགས་བཀའ་བློན་གྱི་མཚན་ཐོག་ནས་བོད་དང་རྒྱ་ནག་བཅས་སུ་ཟླ་བ་ལྔའི་རིང་གཟིགས་སྐོར་གནང་། ཕྱི་ལོ་ ༡༩༨༠ ལོ་ནས་རྒྱུན་བཞུགས་བཀའ་བློན་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་བོད་འབྲེལ་འཐུད་ཉམས་ཞིབ་སྐུ་ཚབ་ཚོགས་པའི་འགན་འཛིན་གནང་སྟེ་པེ་ཅིང་དུ་ཕེབས། ཕྱི་ལོ་ ༡༩༨༣ ལོ་ནས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲིར་༸གོང་ས་མཆོག་གིས་ཐད་བསྐོས་གནང་བ་བཞིན་ཐུགས་འགན་བཞེས་པ་དང་ལྷན་དུ་ནང་སྲིད་དང་ཤེས་རིག་བཀའ་བློན་གྱི་ཐུགས་འགན་ལོ་གསུམ་ལྷག་བཞེས། དེ་ནས་བཀའ་ཁྲི་མཛད་འགན་ཐོག་ཆོས་དོན་དང་ནང་སྲིད་བཀའ་བློན་གྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༤ ལོར་སླར་ཡང་རྒྱ་བོད་འབྲེལ་འཐུད་ཉམས་ཞིབ་སྐུ་ཚབ་ཚོགས་པའི་འགན་འཛིན་གནང་སྟེ་པེ་ཅིང་དུ་ཕེབས། ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༥ པའི་ནང་བཀའ་ཁྲིའི་ལས་གནས་ནས་དགོངས་པ་ཐོབ། ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༦ པ་ནས་ལོ་ལྔའི་རིང་༸གོང་ས་མཆོག་གིས་ཐད་བསྐོས་གནང་བ་བཞིན་ད་ལྟ་དང་མ་འོངས་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་གནང་སྟེ། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་བསྡུས། མ་འོངས་བོད་ཀྱི་གྲོས་ཚོགས་ལམ་ལུགས་ཀྱི་རྩ་ཁྲིམས། མ་འོངས་བོད་ཀྱི་སྲིད་འཛིན་ལམ་ལུགས་ཀྱི་རྩ་ཁྲིམས། སིའི་ཊ་སི་སྦག་གི་གྲོས་འཆར་བཞིན་བོད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་འཆར་གྱི་མ་འོངས་བོད་ཀྱི་རྩ་ཁྲིམས་བཅས་ཀྱི་ཟིན་བྲིས་གཏན་འབེབས་གནང་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། འཛིན་སྐྱོང་བཀའ་ཤག་གིས་མཚོན་པའི་གཞུང་གི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། ས་གནས་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། རང་བདེན་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཅས་ཀྱི་ཟིན་བྲིས་གཏན་འབེབས་གནང་བ་དང་། དེ་བཞིན་བོད་སློབ་འཛིན་སྐྱོང་ཚོགས་པ་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། བོད་གཞུང་ཟློས་གར་བཅས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་གནང་ཡོད་པ་དང་། ད་ལྟ་༸གོང་ས་མཆོག་གིས་ཐད་བསྐོས་བཞིན་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་སློབ་སྟོན་པ་གནང་མུས་སུ་ཡོད་འདུག

    Reply
  19. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་བློ་བཟང་ལགས། མུ་མཐུད་འགོད་རོགས། གསལ་བོ་དང་དག་པོ་ཀློག་གི་ཡོད། གང་ལྟར་ཚང་མ་བདེན་མིན་ཆ་མ་འཚལ་ཀྱང་བསམ་བློ་གཏོང་ས་དང་ཁུངས་སྣེ་མང་པོ་རེག་པར་ཏན་ཏན་ཕན་པ་ཆེན་པོ་འདུག་པར་མ་ཟད། བཙན་བྱོལ་ནང་གི་རྙོག་དྲ་མང་པོ་ཞིག་ལ་ཞིབ་འཇུག་བྱེད་སྐབས་འདི་འདྲའི་དཔྱད་ཡིག་ཡོད་ཚེ་དྲན་སོས་པ་དང་ཞིབ་འཇུག་གི་གཞི་ཕྱོགས་གཅིག་མིན་པར་ཟུར་དང་ངོས་སྣ་ཚོགས་ན་ཡོད་པ་ཤེས་རྒྱུར་ཡང་ཕན་ཐོག་འདུག་སྙམ།

    Reply
  20. བྱམས་རྒྱལ། says:
    ལོ་ 15 སྔོན།

    འཇིག་བྲལ་ལགས་ཀྱིས་མུ་མཐུད་གསལ་འགྲེལགགནང་བ་ཡིད་རངས་ཡོད་།

    Reply
  21. བྱམས་རྒྱལ། says:
    ལོ་ 15 སྔོན།

    lobsang
    དཔང་རྟགས་མེད་པའི་ཡིག་ཆ་ནང་གི་སྐད་ཆ་ཤོད་རྒྱུ་འདིའང་སྨྲ་བརྗོད་རང་དབང་རེད་པས་

    Reply
  22. ཤཱཀྱ་མི་བོ། says:
    ལོ་ 15 སྔོན།

    ཧ་ཧ་ཧ་ཧ། འདི་ཡང་སྨྲ་བརྗོད་རང་དབང་ཡིན་ས་རེད། ངས་ནི་སྨྲ་བརྗོད་རང་དབང་ཟེར་བ་དེ་ཁུངས་སྐྱེལ་ཡོད་པའི་སྐད་ཆ་རྣམས་བཤད་པའི་དབང་ཚད་ཅིག་ལ་བསམ་གྱིན་ཡོད་མོད། དེ་དག་ཡིན་ས་མ་ཟེར། དགོངས་དག སྐད་ཆ་རྫུན་སྒྲིག་ཡིན་ཀྱང་བློར་བབས་པོ་དགོས་པར་སྙམ། ཡོང་རྒྱུ་མེད་པ་ཚང་མ་བསྒྲིགས་པ་ལ་སུས་ཀྱང་ཡིད་ཆེས་དཀའ། ད་འདིར་བཀའ་ཟུར་ཁོང་ལ་སྨོད་མཁན་དེ་ཚོ་ཕྱོགས་ཁག་གང་དུ་གཏོགས་མིན་ལ་གཞིགས་ཚེ་དེ་དག་གི་འདོད་དོན་ཡང་རྟོགས་སླ་བས། བོད་དོན་བྱེད་ཀྱིན་ཡོད་བསམ་ན་དེ་འདྲ་མ་གནང་ན་ལེགས། ད་དུང་སྐད་ཆ་མང་པོ་ཞིག་ལྷང་ལ་བུད་ཀྱིན་འདུག་གོ། །

    Reply
  23. བོད་རང་བཙན says:
    ལོ་ 15 སྔོན།

    losang ལགས་སྐད་ཆ་དེ་ཚོ་བཤད་དགོས་དོན་ཅི་ཡོད། སྨྱོ་བཤད་འདི་ཚོ་བོད་མི་སྐྱེས་སྡུག་གཉམ་མྱོང་དང་བོད་ཡོངས་གཅིག་སྒྲིག་མ་ཡོང་བའི་ཉིན་དང་པོ་དེར་བཤད་རྒྱུ་མ་རེད་པས།? མ་ཟད་བོད་ཀྱི་རྩ་དོན་ལ་རེ་བ་མེད་པར་བོད་མི་རྣམས་ཁ་མཐོར་བའི་སྐབས་དེར་ང་ཚོས་རྒྱ་ནག་གཞུང་འཁྲབ་པའི་དངོས་བྱུང་གློག་བརྙན༼དགྲ་དགའ་གཉིན་སྡུག་༽ཅེས་པའི་བོད་སྐོར་གློག་བརྙན་ཨང་དང་པོ་དེ་ཨམ་སྐད་དང་དབུས་སྐད་ཁམས་སྐད་གསུམ་གྱི་ཐོག་གཟིགས་ཆོག་གི་རེད་པ། དེ་དུས་ང་ཚོ་རང་རང་གི་སྐད་ཐོག་བསམ་དོན་ཇི་བཞིན་སྐྱེད་པོ་བཏང་དེ་སྡོད་ཆོག་པ། དངོས་འབྲེལ་བསམ་ཞིབ་ནད་མོ་བྱས་ན་ཁྱེད་ཀྱི་ད་ལྟ་བཤད་པ་དེ་སུ་ཞིག་ལ་གནོད་པ་དང་སུ་ཞིག་ལ་ཕན་ཐོག་སོང་ཅེས་དྲིས་ན་ལན་སུ་ཅིག་ལ་དེ་གཉིས་བྱུང་མེད་ཅེས་རྒྱབ་རྒྱུ་ལས་མེད། ཡིན་ཡང་ཁྱེད་ཀྱི་ཤེས་དགོས་པ་ངེས་ཤིག་སྨྱོ་བཤད་འདིའི་རིགས་ཀྱི་བོད་དོན་ལ་གནོད་པ་ཞ་ར་མིན་ན་མཐོང་ཐུབ།

    Reply
  24. lobsang says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས། ང་ལ་དཔང་རྟགས་གང་ཡང་མེད། ཡིན་ན་ཡང་གཞན་གྱིས་བྲིས་བཞག་པ་དེ་ངས་འདོན་ཆོག་གི་རེད་དྲན་གྱི་འདུག མ་ཟད་ཡིག་འཁྱར་དེ་ང་ཚོས་ཞིབ་འཇུག་བྱེད་ཆོག་སྙམ་ལགས།

    Reply
  25. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    lobsang མིང་ཅན་ལགས། འདྲེན་བཀོད་བྱས་པ་བཞིན་ཁྱོད་ལ་ཁུངས་སྐྱེལ་ཡོད་དམ།

    བཤད་ཤེས་པ་ཙམ་གྱིས་འཐུས་པ་མ་རེད། དེ་བོད་མི་མང་ལ་ཁུངས་སྐྱེལ་དགོས་པ་རེད། ཁུངས་སྐྱེལ་རྒྱུ་མེད་ན་ཁ་ན་རོགས་རེད།
    ཁུངས་སྐྱེལ་ཟེར་བ་དེ་མི་གཅིག་གིས་རེད་ལབ་ནས་བྲིས་འདུག་ཟེར་བས་ཕན་གྱི་མ་རེད། གཙོ་བོ་ཁྱོད་རང་གིས་དེ་དཔང་རྟགས་སྟོན་ཐུབ་དགོས་རེད།

    Reply
  26. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    གྲོས་ཚོགས་ནང་གི་གྲྭ་བ་ཚོས་སྐབས་རེ་ཆོས་ལུགས་དང་སྐབས་རེ་ཆོལ་ཁའི་བར་འགལ་རྩོད་དང་རྙོག་དྲ་བཟོས་ནས་བོད་གོང་བུ་གཅིག་སྒྲིལ་གྱི་ནུས་པ་འཐོར་ཤིག་ཏུ་གཏོང་རྒྱུར་འབད་བཞིན་པ་ཆེས་གསལ་བོ་རེད། དགེ་འདུན་པ་གཞན་ལ་འབྲེལ་བ་མེད།

    Reply
  27. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    སྐབས་རེ་བསམ་ཚུལ་ཏོག་ཙམ་བཤད་པ་མ་གཏོགས་འདི་ནས་དྲ་གྲོགས་ཚོའི་སྤྱོད་ཚུལ་ལ་བལྟས་ནས་བསྡད་པ་ཡིན། སེམས་པ་སྐྱོ་ཡག་རེད།
    ༡ ཁ་སང་དུས་བབ་ཀྱི་གསར་འགྱུར་༼ཟུར་ལྔའི་དམར་ཤོག་༽ཟེར་བ་གཅིག་འདུག དེ་ཀློག་སྐབས་རྒྱ་ནག་གིས་རྒྱུགས་ཁྱི་ཚོས་བཙན་བྱོལ་ནང་ལས་ཀ་དེ་རང་བྱེད་ཀྱི་ཡོད་ས་རེད་བསམས་པ་བྱུང་།
    ༢ སྨྱུག་མིང་བཀོལ་དགོས་དོན་ཅང་མི་འདུག བཙན་བྱོལ་རང་དབང་ལུང་པ་རེད། སུ་གང་གིས་རྡུང་གི་མ་རེད། གསོད་ཀྱི་མ་རེད། ཞེད་དགོས་པ་དང་བཤད་དགོས་པ་གཉིས་ཀ་ཡོང་རྒྱུ་ཡོད་མ་རེད།
    ༣ ད་དུང་སྨྱུག་མིང་གི་འོག་ན་ཡོད་པ་འདི་ཚོས་གདོང་ཐུག་ན་ལྕེ་ནར་ནར་བྱེད་ཀྱི་རེད། མགོ་འཕྲུག་འཕྲུག་བྱེད་ཀྱི་རེད། འདི་འདྲའི་ཕྱི་ནང་མི་མཚུངས་པའི་མི་སྟག་རེད།
    ༤ སྨྱུག་མིང་བེད་སྤྱོད་བྱེད་པ་འདིས་དོན་དངོས་སུ་བཙན་བྱོལ་རང་དབང་ལུང་པའི་ནང་མང་གཙོ་འཕེལ་རྒྱས་ཡོང་བར་འགོག་རྐྱེན་བཟོ་གི་འདུག
    ༥ སྨྱུག་མིང་གི་འོག་ནས་འགན་ཁུར་མེད་པའི་སྐད་ཆ་ཐོན་ཚད་བཤད་ནས་སྡོད་ཀྱི་ཡོད་སྟབས་༼བོད་ཀྱི་དུས་བབ་ཟིན་བྲིས་སུ་ཡོད་པའི་མཆན་ཡོངས་རྫོགས་ལ་རིན་ཐང་མེད་པ་བཟོ་གི་འདུག༽
    ༦ ཟུར་ལྔའི་དམར་ཤོག་ཟེར་བའི་གསར་འགྱུར་ནང་བཤད་པ་བཞིན་གསར་འགྱུར་གྱི་བརྗོད་དོན་ལ་བགྲོ་གླེང་མི་འགྲོ་ཆེད་སྐད་ཆ་འདྲ་མིན་བཤད་ནས་བརྗོད་གཞི་བརླག་བཅུག་གི་འདུག
    ༧ ད་ནས་བཟུང་འདི་རིགས་ལ་སྟངས་འཛིན་མེད་ན་འདི་དུས་བབ་ཚང་གིས་ཆེད་བཟོས་གནང་བ་ཞིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། འདི་ལྟར་བརྗོད་པ་དེ་གནོན་ཤུགས་སྤྲོད་པ་མིན་ཡང་འགན་མ་ཁུར་ན་ཡག་པོ་རྩ་བ་ནས་མི་འདུག

    Reply
  28. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 15 སྔོན།

    ཀ་ཡེ་གསོན་དང་བོད་མི་རྣམས་ཐོག་རྒོད་དང་བཀྲ་ཤིས་སྒྲོན་མ་སོགས་ཀྱི་བསམ་ཚུལ་དང་སྤྱོད་ཚུལ་འདི་ལ་ལྟས་ན་རྒྱ་དམར་ཚང་གི་རྒྱུག་ཁྱི་ཞིག་ཡིན་པ་སྨོས་ག་ལ་དགོས།
    ད་ང་ཚོ་བོད་མི་ཚོས་ཁོ་ཚོའི་རིགས་དེ་ཚོ་སང་ཉིན་བོད་ཚེས་ཉེར་དགུ་རེད་འདུག་པས་ཀླུད་དང་ལྷན་དུ་གཏོང་ན་ག་འདྲ་འདུག
    ང་ནི་ཤིན་ཏུ་མོས་མཐུན་ཡོད་དོ།

    Reply
  29. དུང་དཀར་རྒྱལ། says:
    ལོ་ 15 སྔོན།

    བཀའ་བློན་མི་ལོ་ག་ཚོད་གནང་འདུག་
    ད་རུང་འོས་ཤོག་སློང་དགོས་ས་འདུག་གམ

    ༧གོང་ས་མཆོག་གིས་ག་ཚོད་བསྟོད་འདུག
    ཁྱོད་ཚོས་སྨད་ཐུབ་ས་འདུག་གམ

    བོད་ལ་ཞབས་ཕྱི་ལོ་ག་ཚོད་བར་དུ་ཞུས་འདུག
    ཁྱོད་ཚོ་རྒྱ་མིའི་རྒྱུག་ཁྱི་རེད་དམ

    ཁོང་གིས་འཚོ་བ་ཇི་ལྟར་བསྐྱེལ་བཞིན་འདུག
    ཁྱོད་ཚོའི་སྙིང་ལ་གདོན་ཞུགས་སོང་ངམ

    ༧གོང་ས་མཆོག་ལ་ད་རུང་ཁྱོད་ཚོས་ཀ་བཏང་རྒྱུ་ལུས་སོང་བ
    ཡིན་ད་ཅི་ཟེར་བསམ་ནས་ཡོད།

    ཨ་རོ་ཁམས་པ་ཚོ། མི་འདི་ཚོས་ཅི་བྱེད་ཀྱིན་འདུག
    ཤེས་ཀྱི་འདུག་གམ
    འབར་རྫས་གཡུག་གིན་ཡོད་རེད་ད།

    ད་རུང་བློ་ཡིད་ཚིམས་ཀྱི་མི་འདུག་ད
    ཡང་བསྐྱར་ཁམས་པ་ཕྱོགས་གཉིས་ལ་གཏོར་རྒྱུའི་དམིགས་ངན་བཅངས་ཀྱིན་ཡོད་རེད།
    སྙིང་རྗེ་མི་འདི་ཚོ། བོད་མི་རིགས་ཀྱི་ལན་ཆགས་ལོས་ཡིན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་ལོ་རྒྱུས་བསྐལ་བའི་བར་དུ་འོད་སྣང་འཚེར་བའི་ཞབས་རྗེས་ཞེས་བྱ་བ་བཞུགས་སོ།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༢༩ ལོར་བོད་འབྲི་ཆུ་ཤར་རྒྱུད་སྡེ་དགེ་བློན་པོ་འཇུ་ཆེན་ཚང་དུ་འཁྲུངས། ཕྱི་ལོ་ ༡༩༤༧ ལོར་བོད་ཆོལ་གསུམ་གྱི་ས་ཁུལ་ཡོངས་ལ་བསྐོར་བསྐྱོད་དུ་ཕེབས། ཕྱི་ལོ ༡༩༥༠ ལོར་རྒྱ་ནག་གིས་བཙན་འཛུལ་བོད་མདོ་ཁམས་ཁུལ་དུ་སླེབས་ཤིང་དུས་སྐབས་དེ་ནས་བཟུང་བོད་མིའི་རང་དབང་རྩོད་ལེན་གྱི་ལས་འགུལ་ནང་ཞུགས། དགུང་ལོ་༢༥་ཐོག་སྟེ་ཕྱི་ལོ་༡༩༥༥ ལོ་མཇུག་ཙམ་ལ་རྒྱ་ནག་གིས་བོད་མདོ་ཁམས་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་ཟེར་བ་བཙུགས་པས་བོད་གཞུང་གི་ཁྱབ་ཁོངས་སུ་འཛུལ་ནས་རྒྱ་དམག་སྡོད་སྒར་སོགས་སུ་རྒོལ་རྡུང་གི་ལས་སུ་ཞུགས། ཕྱི་ལོ་ ༡༩༥༩ ལོར་ནོར་བུ་གླིང་ཀར་༸གོང་ས་མཆོག་གི་སྐུ་སྲུང་བ་གནང་ཞིང་རྒྱ་གར་དུ་ཆིབས་བསྒྱུར་མ་གྲུབ་བར་རྗེས་འདེད་རྒྱ་དམག་འགོག་སྲུང་གི་ལས་ཁུར་ཞུས། རྒྱ་གར་དུ་ཕེབས་རྗེས་སྦེལ་ཀོབ་ཏུ་བཅུ་དཔོན་དང་། བརྒྱ་དཔོན། གཞིས་ལུས་ཁང་གི་འཐུས་མི། མཉམ་འབྲེལ་འགན་འཛིན་ལོ་༡༡ བཅས་གནང་ཞིང་། ཕྱི་ལོ་ ༡༩༧༢ ལོར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་། ཕྱི་ལོ་ ༡༩༧༤ ལོ་ནས་སྐབས་དེའི་སྤྱི་འཐུས་ཚོགས་གཙོ་གནང་། ཕྱི་ལོ་ ༡༩༧༦ ལོ་ནས་བོད་གཞུང་དྲིལ་བསྒྲགས་བཀའ་བློན་དང་། ཕྱི་ལོ་ ༡༩༧༨ ལོ་ནས་རྒྱུན་བཞུགས་བཀའ་བློན་གནང་། ཕྱི་ལོ་ ༡༩༧༩ ལོར་ཐོག་མ་༸གོང་ས་མཆོག་གི་སྐུ་ཚབ་ལྟ་སྐོར་ཚོགས་མིའི་འགན་ཁུར་བ་དང་། རྒྱུན་ཞུགས་བཀའ་བློན་གྱི་མཚན་ཐོག་ནས་བོད་དང་རྒྱ་ནག་བཅས་སུ་ཟླ་བ་ལྔའི་རིང་གཟིགས་སྐོར་གནང་། ཕྱི་ལོ་ ༡༩༨༠ ལོ་ནས་རྒྱུན་བཞུགས་བཀའ་བློན་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་བོད་འབྲེལ་འཐུད་ཉམས་ཞིབ་སྐུ་ཚབ་ཚོགས་པའི་འགན་འཛིན་གནང་སྟེ་པེ་ཅིང་དུ་ཕེབས། ཕྱི་ལོ་ ༡༩༨༣ ལོ་ནས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲིར་༸གོང་ས་མཆོག་གིས་ཐད་བསྐོས་གནང་བ་བཞིན་ཐུགས་འགན་བཞེས་པ་དང་ལྷན་དུ་ནང་སྲིད་དང་ཤེས་རིག་བཀའ་བློན་གྱི་ཐུགས་འགན་ལོ་གསུམ་ལྷག་བཞེས། དེ་ནས་བཀའ་ཁྲི་མཛད་འགན་ཐོག་ཆོས་དོན་དང་ནང་སྲིད་བཀའ་བློན་གྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༤ ལོར་སླར་ཡང་རྒྱ་བོད་འབྲེལ་འཐུད་ཉམས་ཞིབ་སྐུ་ཚབ་ཚོགས་པའི་འགན་འཛིན་གནང་སྟེ་པེ་ཅིང་དུ་ཕེབས། ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༥ པའི་ནང་བཀའ་ཁྲིའི་ལས་གནས་ནས་དགོངས་པ་ཐོབ། ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༦ པ་ནས་ལོ་ལྔའི་རིང་༸གོང་ས་མཆོག་གིས་ཐད་བསྐོས་གནང་བ་བཞིན་ད་ལྟ་དང་མ་འོངས་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་གནང་སྟེ། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་བསྡུས། མ་འོངས་བོད་ཀྱི་གྲོས་ཚོགས་ལམ་ལུགས་ཀྱི་རྩ་ཁྲིམས། མ་འོངས་བོད་ཀྱི་སྲིད་འཛིན་ལམ་ལུགས་ཀྱི་རྩ་ཁྲིམས། སིའི་ཊ་སི་སྦག་གི་གྲོས་འཆར་བཞིན་བོད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་འཆར་གྱི་མ་འོངས་བོད་ཀྱི་རྩ་ཁྲིམས་བཅས་ཀྱི་ཟིན་བྲིས་གཏན་འབེབས་གནང་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། འཛིན་སྐྱོང་བཀའ་ཤག་གིས་མཚོན་པའི་གཞུང་གི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། ས་གནས་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། རང་བདེན་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཅས་ཀྱི་ཟིན་བྲིས་གཏན་འབེབས་གནང་བ་དང་། དེ་བཞིན་བོད་སློབ་འཛིན་སྐྱོང་ཚོགས་པ་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། བོད་གཞུང་ཟློས་གར་བཅས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་གནང་ཡོད་པ་དང་། ད་ལྟ་༸གོང་ས་མཆོག་གིས་ཐད་བསྐོས་བཞིན་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་སློབ་སྟོན་པ་གནང་མུས་སུ་ཡོད་འདུག
    གསལ་བཤད། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རེད་མི་འདུག སློབ་སྟོན་པ་རེད་འདུག

    Reply
  30. བཤད་སྒྲུབ says:
    ལོ་ 15 སྔོན།

    དུས་བབ་དྲ་རྒྱ་འདིའི་དོ་དམ་པ་ལས་བྲེལ་ཆེ་བས་ཡིན་ནམ་གང་ཟག་སྒེར་ལ་སྐྱོན་བརྗོད་གྱི་ཚིག་ངན་མང་པོ་གསུང་ན་དེ་སྔོན་འཆན་བསྲུབ་པ་དེ་འདྲ་བྱུང་ཡོད་ཡང་དེ་རིང་འདི་ན་བཀྲ་ཤེས་སྒྲོལ་མ་ཟེར་བའི་མིང་བརྫུན་མ་འཁྱེར་མཁན་ཞིག་ནས་དུས་བབ་དྲ་རྒྱ་ཁོའི་རང་བདག་ཡིན་པའི་བཟོ་འདྲ་སྟོན་ཏེ་འགོ་འཇུག་བར་གསུམ་དུ་བཤད་དོན་དགོས་མེད་ཕྱོགས་རེས་ཀྱི་ཚིག་ལས་མི་འདུག། ང་ཚོས་རེ་བར་དེས་ཐད་དྲ་རྒྱ་དོ་དམ་པས་ཞིབ་ཚགས་ནད་མོ་བྱས་ཏེ་དེ་འདྲ་མི་དགོས་པ་ཞིག་དང་དེ་ལྟར་མ་བྱུང་ནའང་གཅིག་མཚུངས་ཀྱི་ལམ་ཕྱོགས་ཅིག་བཟུང་གལ་ཆེ་པོ་འདུག་སྙམ།

    Reply
  31. ཐོག་རྒོད། says:
    ལོ་ 15 སྔོན།

    ཡ་ཁོ་རེ་ཚོ་ཁྱེ་ཚོས་ཅི་བཤད་ལེ་ཡོད་ཏཱ། བཀྲ་ཤིས་སྒྲོན་མས་བཤད་པ་དེ་ཚོ་ཧ་ལས་པ་ཡག་པོ་རེད་ཏཱ། གཞན་ཚོས་གང་མགོ་ཚོས་ཀྱི་མེད་ལེ་འདུག་གཱ། ཡང་ཕ་རྒན་ཁོས་གང་ས་གང་ལ་འགྲོ་འགྲོ་བཞིན་ཡོད་འདུག བཀའ་བློན་ཁྲི་པ་རན་གྲོ་ཡོད་རེད་དོ། ཕ་རྒན་ཁོས་དཀྲུགས་ཤིང་བརྒྱབ་པ་ལ་གྲངས་ཁ་མེད་ད། དེ་སྔོན་ཚོགས་པ་བཅུ་གསུམ་ཁོས་བཙུགས་པ་རེད། རྡི་ལེ་ཆུ་བཞི་སྒང་དྲུག་གསར་པ་ཁོས་བཙུགས་པ་རེད། མདོ་སྟོད་ནང་ལ་དཀྲུགས་ཤིང་བརྒྱབས་ནང་མིམཐུན་པ་བཟོས་མཁན་ཁོ་རེད། དབུས་གཙང་མངའ་རིས་བར་ལ་མི་མཐུན་ཁོས་བྱས་པ་རེད། གུང་པོའི་ཆེད་དུ་དབུས་གཙང་མདོ་སྟོད་མ་མཐུན་པ་ཁོས་བྱས་པ་རེད། གསེར་རྟ་ཆེད་མདོ་སྟོད་མདོ་སྨད་བར་ལ་ཁོས་དཀྲུགས་ཤིང་བྱས་པ་རེད། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་སོགས་ལ་ཁོས་གསང་འབྲེལ་བྱས་པ་རེད། ༢༠༠༨ལོའི་གྲོས་ཚོགས་ཁོས་ཐབས་ཤེས་བྱས་གཏོར་པ་རེད། དེ་ལ་བརྟེན་ཁོའི་ཨབ་ཕྲུག་བཅུ་གསུམ་ཕྱི་ལོགས་ལ་ཁོའི་ལམ་སྟོན་ལྟར་བྲོས་པ་རེད། ཁོ་ཡོད་ན་སྤྱི་ཚོགས་ཞི་འཇམ་ཡོང་གི་མ་རེད། ད་ཡང་ཁོས་བཀའ་ཤག་དང་སྤྱི་འཐུས་བར་དཀྲུགས་སྙིང་སྤྲོ་བཞིན་ཡོད་ས་རེད་ཏཱ།ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།ཡང་ཕ་རྒན་ཁོས་དཀྲུགས་ངེས་རེད་དཱོ།།།མ་ཟད་ད་ནི་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་མང་གི་བར་ཡང་ཕ་རྒན་ཁོས་དཀྲུགས། བཀའ་ཤག་དང་མི་མང་བར་ལ་དཀྲུགས། ༧གོང་ས་མཆོག་དང་བཀའ་ཤག་བར་ལ་དཀྲུགས་ལེ་འདི་རེད་དཱོ། པོར་རྒན་ཁོས་དཀྲུགས་ན་ཞེད་སྣང་ཚ་པོ་རེད་ཏཱ། དེའི་བཀའ་དྲིན་རྗེས་དྲན་ཆེད་པོར་རྒན་ཁོ་ལ་དང་པོ་ང་ཚོ་མདོ་སྟོད་པས་སྐྱག་པ་ལོ་སར་ལ་སྦྱིན་གི་ཡིན། དེ་རྗེས་མདོ་སྨད་ཀྱིས་སྐྱག་པ་ཆེན་པོ་ཞིག་ཁུར་ཤོག དེ་རྗེས་དབུས་གཙང་གིས་དེ་ལས་ཧ་ཅང་ཆེ་བའི་སྐྱག་པ་ཞིག་ཁུར་ཤོག་ལ་སྦྱིན་དགོས་རེད་དཱ།།

    Reply
  32. ཐོག་རྒོད། says:
    ལོ་ 15 སྔོན།

    ཡ་ཁོ་རེ་ཚོ་ཁྱེ་ཚོས་ཅི་བཤད་ལེ་ཡོད་ཏཱ། བཀྲ་ཤིས་སྒྲོན་མས་བཤད་པ་དེ་ཚོ་ཧ་ལས་པ་ཡག་པོ་རེད་ཏཱ། གཞན་ཚོས་གང་མགོ་ཚོས་ཀྱི་མེད་ལེ་འདུག་གཱ། ཡང་ཕ་རྒན་ཁོས་གང་ས་གང་ལ་འགྲོ་འགྲོ་བཞིན་ཡོད་འདུག བཀའ་བློན་ཁྲི་པ་རན་གྲོ་ཡོད་རེད་དོ། ཕ་རྒན་ཁོས་དཀྲུགས་ཤིང་བརྒྱབ་པ་ལ་གྲངས་ཁ་མེད་ད། དེ་སྔོན་ཚོགས་པ་བཅུ་གསུམ་ཁོས་བཙུགས་པ་རེད། རྡི་ལེ་ཆུ་བཞི་སྒང་དྲུག་གསར་པ་ཁོས་བཙུགས་པ་རེད། མདོ་སྟོད་ནང་ལ་དཀྲུགས་ཤིང་བརྒྱབས་ནང་མིམཐུན་པ་བཟོས་མཁན་ཁོ་རེད། དབུས་གཙང་མངའ་རིས་བར་ལ་མི་མཐུན་ཁོས་བྱས་པ་རེད། གུང་པོའི་ཆེད་དུ་དབུས་གཙང་མདོ་སྟོད་མ་མཐུན་པ་ཁོས་བྱས་པ་རེད། གསེར་རྟ་ཆེད་མདོ་སྟོད་མདོ་སྨད་བར་ལ་ཁོས་དཀྲུགས་ཤིང་བྱས་པ་རེད། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་སོགས་ལ་ཁོས་གསང་འབྲེལ་བྱས་པ་རེད། ༢༠༠༨ལོའི་གྲོས་ཚོགས་ཁོས་ཐབས་ཤེས་བྱས་གཏོར་པ་རེད། དེ་ལ་བརྟེན་ཁོའི་ཨབ་ཕྲུག་བཅུ་གསུམ་ཕྱི་ལོགས་ལ་ཁོའི་ལམ་སྟོན་ལྟར་བྲོས་པ་རེད། ཁོ་ཡོད་ན་སྤྱི་ཚོགས་ཞི་འཇམ་ཡོང་གི་མ་རེད། ད་ཡང་ཁོས་བཀའ་ཤག་དང་སྤྱི་འཐུས་བར་དཀྲུགས་སྙིང་སྤྲོ་བཞིན་ཡོད་ས་རེད་ཏཱ།ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།ཡང་ཕ་རྒན་ཁོས་དཀྲུགས་ངེས་རེད་དཱོ།།།མ་ཟད་ད་ནི་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་མང་གི་བར་ཡང་ཕ་རྒན་ཁོས་དཀྲུགས། བཀའ་ཤག་དང་མི་མང་བར་ལ་དཀྲུགས། ༧གོང་ས་མཆོག་དང་བཀའ་ཤག་བར་ལ་དཀྲུགས་ལེ་འདི་རེད་དཱོ། པོར་རྒན་ཁོས་དཀྲུགས་ན་ཞེད་སྣང་ཚ་པོ་རེད་ཏཱ། དེའི་བཀའ་དྲིན་རྗེས་དྲན་ཆེད་པོར་རྒན་ཁོ་ལ་དང་པོ་ང་ཚོ་མདོ་སྟོད་པས་སྐྱག་པ་ལོ་སར་ལ་སྦྱིན་གི་ཡིན། དེ་རྗེས་མདོ་སྨད་ཀྱིས་སྐྱག་པ་ཆེན་པོ་ཞིག་ཁུར་ཤོག དེ་རྗེས་དབུས་གཙང་གིས་དེ་ལས་ཧ་ཅང་ཆེ་བའི་སྐྱག་པ་ཞིག་ཁུར་ཤོག་ལ་སྦྱིན་དགོས་རེད་དཱ།།

    Reply
  33. བྱམས་རྒྱལ། says:
    ལོ་ 15 སྔོན།

    བཀྲ་སྒྲོལ་ལགས་། གླེང་མོལ་བྱེད་རྒྱུའི་སྐལ་བ་མེད་པ་འདྲ། སེམས་སྐྱོ་བའི་སྐད་ཆ་དེ་འདྲ་མ་གསུངས་རོགས་ གླེང་མོལ་མུ་མཐུད་རོགས་
    འོན་ཀྱང་འདི་ལོ་བཀའ་བརྐྱོན་ཚ་དྲགས་སོང་ད་ ལོ་རྗེས་མ་ནས་ཁྱེད་ཀྱི་རྣམ་དཔྱོད་དེ་བད་སྤྱད་ནས་བོད་ཀྱི་རྩ་དོན་ལ་ཁ་ཚ་དགོས་གཏུག་ལ་ཕན་པའི་ལས་དོན་གསར་པ་བྱེད་ཡ་དང་ ལས་འགུལ་གསར་པ་སྤེལ་ཕྱོགས་སྐོར་གྱི་བསམ་ཚུལ་དང་ལམ་སྟོན་གནང་རོགས་ དེ་མིན་ནང་ཁུལ་གྱི་བཀའ་བརྐྱོན་དེ་གནོད་པ་ལས་ཕན་ཆ་དབེན་ འདི་དྲ་གྲོགས་ཡོངས་ལ་རེ་ཞུའང་ཡིན

    Reply
  34. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཉོག་དྲ་མ་བཟོ་་་་ནུབ་ཁའི་ཉི་མ་ལྟ་བུའི་རྒས་འཁོགས་ཤིག་གིས་ཅི་བཤད་ཀྱང་རུང་་་་་་་གཡུགས་ཤོག་་་་་་ཁོང་གི་སྐད་ཆ་དང་ལས་ཀའི་མཇུག་ཏུ་ནམ་ཡང་འདི་འདྲ་ཞིག་ལས་ཡོད་པ་མ་རེད་་་་་འདི་ལྟར་བྱས་ནས་མི་ལོ་དུ་མ་བསྐྱལ་བ་རེད། ད་ཁོའི་ཁ་མ་ན་ན་ང་ཚོའི་རྣ་བ་སུན་དགོས་དོན་མེད་ཡ། དེ་བཞག་ན་ཡག་

    Reply
  35. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ༦༽ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༠ རྗེས་ཀྱི་བོད་མི་མང་རྣམས་འདས་པའི་ལོ་༦༠ ལ་ཉེ་བའི་རིང་རྒྱ་དམར་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཧམ་འཕྲོག་བྱས་པ་མ་ཟད་བོད་མི་རྣམས་རྒྱ་ནག་གི་མནར་གཅོད་སྡུག་སྦྱོང་གཏོང་ཡུལ་ལ་བརྩིས་ནས་མི་ཆོས་ཡ་རབ་ལས་འདས་པའི་བོད་ཀྱི་སྐོར་བསམ་ངན་སྦྱོར་རྩུབ་རྫོགས་མཐའ་མེད་པ་ཞིག་བྱས་པར་བརྟེན། བོད་མི་མང་ཡོངས་རྫོགས་འུ་ཐུག་ཐབས་ཟད་ཀྱིས་མེ་མདའི་རྩེ་གྲི་འོག་ཏུ་འཚེ་མེད་ཞི་བའི་ལམ་ནས་གྱེན་ལངས་བྱས་པ་དང༌། དེར་རྒྱ་ནག་གི་བསམ་ཤེས་མེད་པར་བསད་རྡུང་གཏོར་བཅུག་གིས་ཁྲག་དམར་བཏོན་པའི་མནར་གཅོད་བཏང་བ་བཅས་ཀྱི་བོད་མི་མང་ཉམ་ང་བའི་གནས་སྟངས་ཐོག དུས་ད་ལྟའང་རྒྱལ་སྤྱིའི་མི་མང་གིས་ཇི་བཞིན་རྟོགས་ཡུལ་མེད་པ་འགྱུར་བཞིན་པར་བརྟེན་བཙན་བྱོལ་བོད་གཞུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་གཞི་རྩར་མཛད་དེ་རྒྱལ་སྤྱི་རང་དབང་ཅན་གྱི་ཚོགས་སྡེ་དང༌། གསར་འགྱུར་ལས་རིགས་པ། གཟུར་གནས་སྐྱེ་བོ་བཅས་བོད་ནང་བསྐྱོད་དེ་དངོས་ཡོད་གནས་ཚུལ་ཞིབ་འཇུག་ཡོང་བའི་ཐབས་ཤེས་འབད་བརྩོན་མུ་མཐུད་གནང་རྒྱུ་དང༌། དེ་མཚུངས་བོད་ནང་གི་གནས་སྟངས་ཉམ་ང་བ་དང༌། རྒྱ་དམར་དཔོན་རིགས་ཚོས་ཚུལ་མིན་གྱི་བྱ་སྤྱོད་ཇི་བྱས་རྣམས་རྒྱལ་སྤྱིའི་ནང་ཞིབ་ཕྲའི་ཤེས་རྟོགས་ཡོང་ཐབས། ཕྱི་རྒྱལ་དོན་གཅོད་ཁག་ནས་ྋགོང་ས་མཆོག་ཆིབས་བསྒྱུར་སྐབས་ཆེད་བཅར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རོགས་ཚོགས་ཁག འབྱོར་ལྡན་མི་སྣ་བཅས་ཀྱིས་ཁས་ལེན་ཞུས་པའི་རོགས་འཆར་རྣམ་གྲངས་དང་འབྲེལ་བོད་ནང་གཙོ་བོར་གྱུར་པའི་རྒྱ་གར་དང༌། བལ་ཡུལ་སོགས་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་ནང་དཔལ་འབྱོར་མ་འཛུགས་དང་རོགས་རམ་ལས་འཆར་སྤེལ་རྒྱུ། གཞུང་གི་དབུ་ཁྲིད་ཚོས་བོད་མི་མང་ལ་ལམ་སྟོན་གནང་སྐབས་བོད་ནང་གི་རྒྱལ་གཅེས་མི་མང་གི་བསམ་ཚུལ་ལ་གནོད་གཞི་དང༌། ཕོག་ཐུག་འགྲོ་གཞི་མི་འབྱུང་བ་དང༌། བོད་ནང་གི་མི་མང་གི་རླབས་ཆེའི་མཛད་རྗེས་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་ཀྱིས་སྙིང་སྟོབས་སྤེལ་བའི་གནས་ཚུལ་ལ་ཐབས་ལམ་བཙལ་བཞེས་ཡོང་བ་དང༌།
    ༧༽བོད་ནང་རྒྱ་མིས་ྋགོང་ས་མཆོག་ལ་མཚན་སྨད་ཞུས་པ་དང༌། བཙན་བྱོལ་གཞུང་ལ་དམའ་འབེབས་འཁྱོག་བཤད་བྱས་པའི་གནས་ཚུལ་ཇི་བྱུང་ལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལན་འདེབས་གང་འོས་ཤུགས་ཆེ་གནང་དགོས་པ། བོད་ནང་རྒྱ་མིའི་བཙན་འོག་མནར་གཅོད་ཕོག་པའི་བོད་མི་དང་ཁོང་ཚོའི་རྗེས་ཤུལ་ལ་བཙན་བྱོལ་བོད་གཞུང་ནས་འཚོ་བ་དང་གང་ཅིའི་ལྟ་རྟོགས་གནང་དགོས་ཞུ་རྒྱུ།
    ༨༽བོད་དང་བོད་མི་མང་གི་བདེ་སྐྱིད་ཀྱི་སྲོག་རྩ་གཅིག་ཉིད་ྋགོང་ས་ཆེན་པོའི་སྐུ་ཕྱྭ་མཛད་འཕྲིན་ལ་རག་ལུས་སྟབས་སྐུའི་འགན་སྲུང་ཞུ་རྒྱུ་ཤིན་ཏུ་གལ་ཆེ་ནང་གི་གལ་ཆེ་ཡིན་སྟབས། དེང་སྐབས་རྒྱ་ནག་དཔོན་རིགས་ཀྱི་ྋགོང་ས་སྐྱབས་མགོན་ཆེན་པོར་མཚན་སྨད་རྩུབ་སྤྱོད་ཀྱི་གཏམ་སྤྱོད་སྤེལ་སྟངས་དང༌། རྒྱ་དམར་གྱི་རྒྱུགས་ཁྱི་དོལ་རྒྱལ་ཚོགས་པའི་ཁོངས་ཡོད་བོད་མི་གླེན་རྨོངས་གཏུམ་སྤྱོད་ཅན་ཉུང་ཤས་ཀྱི་ཁོག་པར་རྒྱ་འདྲེ་ཁོག་ཏུ་ཞུགས་ཏེ་ངན་སྤྱོད་ཚབས་ཆེ་ཅི་ཡོང་སྙམ་པའི་བོད་མི་མང་གི་བསམ་བློར་འཇིགས་སྣང་དངངས་སྐྲག་གིས་ཁྱབ་བཞིན་ཡོད་སྟབས། གཞུང་ནས་གཙོ་བོ་རྒྱ་གར་གཞུང་ལ་དེའི་སྐོར་འབྲེལ་ལམ་གཏིང་ཟབ་ཞུས་ཏེ་ཕྱི་ནང་གང་ས་ནས་ལྟ་རྟོགས་ཉམས་ཞིབ་དང༌། རང་ཕྱོགས་དང་འབྲེལ་བའི་སྐུའི་སྲུང་བྱ་ཞུ་མི་ཚོའི་ལས་འགན་ལ་ཞིབ་འཇུག་གནང་རྒྱུ།
    དེ་བཞིན་ྋགོང་ས་མཆོག་བཞུགས་སྒར་དུ་བཞུགས་སྐབས་དང༌། ཕྱི་རྒྱལ་ཆིབས་སྒྱུར་སྐབས་བཅས་ལ་མཛད་འཛིང་ཤིན་ཏུ་ཆེ་རྐྱེན་ད་ཕྱིན་དེ་མུས་སུ་མ་སོང་བར་གསུང་ཆོས་སྐབས་ལ་ཉིན་རེར་ཆུ་ཚོད་༣ ལས་མ་མང་བ་དང༌། ཕྱི་ལ་ཆིབས་སྒྱུར་སྐབས་ཉིན་ཕྱེད་སྐུ་ངལ་གསོ་རྒྱུའི་ཆ་རྐྱེན་ཞིག་ཡོང་ཐབས་སྐུ་སྒེར་ཡིག་ཚང་གིས་གཙོས་པའི་འབྲེལ་ཡོད་ཚང་མས་འགན་བཞེས་ནན་ཟབ་ཡོང་བ། གཙོ་ཆེ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དགོངས་བཞེས་ཀྱིས་ད་ཕན་སྨན་པ་ཁག་ནས་ཞབས་བསྐུལ་ཞུས་པ་ལྟར་མཛད་ཁུར་དང་བོད་མི་མང་ཉམ་ཐག་པ་ཚོའི་མགོན་དཔུང་རྒྱུན་རིང་སྐྱོང་གནང་ཐུབ་ཐབས་སུ་འབྲེལ་ཡོད་ཞབས་ཞུ་བ་ཚོའི་རེ་འདུན་དང་གོ་སྒྲིག་ཞུས་པ་ལྟར་དགོངས་བཞེས་ཡོང་བ་ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ།
    ༩༽ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ད་ལན་གྲོས་ཚོགས་ཐེངས་བཅུ་བཞི་པའི་ཚོགས་དུས་དྲུག་པའི་ཐོག་བོད་མིའི་དམིགས་བསལ་ཚོགས་ཆེན་རྒྱས་བསྐོང་དགོས་པའི་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བའི་དགོངས་དོན་ཕྱག་བསྟར་མཛད་རྒྱུའི་མཛད་འཆར་ཡོད་པ་ལྟར་ད་དུང་དགོངས་གཞི་ལེགས་འགྲུབ་ཡོང་ཆེད་བོད་མི་ལྷག་བསམ་ལྡན་པ་དང༌། ཉམས་མྱོང་ཡོད་པ། རྣམ་ཀུན་བོད་དོན་ཐོག་གཏམ་བཤད་པ། ལས་འགན་རྐང་འཁུར་བྱེད་མཁན་ཤེས་ཡོན་ཅན་དང༌། གཞན་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འགན་འཁུར་བྱེད་པོ་བོད་མི་རྣམས་ཚོགས་བསྐོང་གནང་ཐབས་དགོངས་བཞེས་ཡོང་བ།
    ༡༠༽བར་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་མིའི་མངོན་འདོད་དམ། འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སྒྲོས་ཡོང་ཐབས་བྱ་རྒྱུ་མཚམས་འཇོག་གནང་བ་འདིར། ཆབ་སྲིད་ཀྱི་དགོས་ཕན་ཆེ་གཟིགས་ཡོད་པ་སྨོས་མེད་ཀྱང༌། གུས་ཅག་གི་བསམ་ཚུལ་ལ་འདས་པའི་ནང་གླེང་སློང་ཡོང་བའི་ཐབས་ལམ་གནང་བ་མུ་མཐུད་མཛད་བཞེས་གང་འགབ་ཇི་དགེ་དགོངས་བཞེད་མཛད་ཕྱོགས་ཡོང་བ།
    མཐའ་དོན་འདིར་བོད་ཕྱི་ནང་གཉིས་ཀྱི་བོད་མིས་གདུང་ཤུགས་ཆེར་བསྐྱེད་ཀྱིས་རང་རེའི་བདེན་པའི་རྩ་དོན་འགྲུབ་སླད་རང་སྲོག་ལ་ཕངས་མེད་ཀྱིས་ལས་འགུལ་རྣམ་གྲངས་སྣ་ཚོགས་ཀྱི་སྒོ་ནས་སྤེལ་གནང་མཛད་པ་དང༌། དེ་བཞིན་བོད་ནང་ཡོད་པའི་རང་རིགས་རྩོམ་འབྲི་གནང་མཁན་དང་སྒྱུ་རྩལ་པ་སོགས་ཀྱིས་རྒྱ་ནག་གཞུང་གི་སྒྲིག་འཛུགས་དམ་གཅུན་གྱི་གནས་སྟངས་ལ་ཉམ་ང་མེད་པར་རང་རེའི་བདེན་པའི་འབོད་སྒྲ་སྒྲོག་བཞིན་པར་གུས་བཀུར་བསྔགས་བརྗོད་ཞུ་གི་ཡོད། བོད་རྒྱལ་ལོ་༢༡༣༥ ཕྱི་ལོ་༢༠༠༨ ཟླ༩ ཚེས་༢༦ ལ་བཀའ་ཟུར་ཐུན་མོང་ནས་ཕུལ།། །།

    ངོ་བཤུས། སྐུ་སྒེར་ཡིག་ཚང༌།

    མཚན་གཞུང༌། མཚན་རྟགས།
    བཀའ་ཟུར་དང་ཁྲིམས་ཞིབ་ཆེ་བ་ཟུར་པ་བློ་བཟང་དར་རྒྱས།
    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།
    བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་འགྲུབ།
    བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས།
    བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ།
    བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་འགྲུབ།
    བཀའ་ཟུར་རྗེ་བཙུན་པདྨ།
    བཀའ་ཟུར་ཀི་རྟི་རིན་པོ་ཆེ།
    བཀའ་ཟུར་རིན་ཆེན་མཁའ་འགྲོ།
    བཀའ་ཟུར་མདོ་སྔགས་བསྟན་འཛིན།
    བཀའ་ཟུར་པདྨ་ཆོས་འབྱོར།
    བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ།

    བཀྲ་ཤིས་སྒྲོལ་མས་མཆན་དྲངས་པ་ལས་བཀའ་ཟུར་ཚོས་དོན་དངོས་གང་གསུངས་དྲངས་མི་འདུག དེར་བརྟེན་ངས་བཀའ་ཟུར་ཚོས་གང་གསུངས་ཆ་ཚང་འདིར་དྲངས་ཡོད།

    Reply
  36. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 15 སྔོན།

    ཙན་དན་ལོ་མའམ་དུག་ཤིང་ལོ་མ་ལགས། ཁྱེད་ཀྱིས་གྲོས་ཚོགས་ནང་གྲྭ་བ་ཚོས་བོད་མི་རིགས་ཀྱི་ཆིལ་སྒྲིལ་དང་སྟོབས་ཤུགས་གཏོར་ཤིག་གཏོང་རྒྱུའི་འབད་བརྩོན་ཡང་ཡང་བྱས་ནའང་བོད་རིགས་མི་མང་ཚོས་༧གོང་ས་མཆོག་གི་བཀའ་བརྩིས་ནས་མུ་མཐུད་ཆིག་སྒྲིལ་བྱས་ཡོད་པ་རེད།
    འདི་ལ་༧གོང་ས་མཆོག་གིས་བཀའ་དམིགས་གསལ་ག་རེ་གནང་ཡོད་མེད་གསལ་པོ་བཤད་རོག
    ཁྱེད་ཀྱིས་གྲྭ་བ་ཚོས་བོད་མི་རིགས་ཀྱི་ཆིལ་སྒྲིལ་དང་སྟོབས་ཤུགས་གཏོར་ཤིག་གཏོང་རྒྱུའི་འབད་བརྩོན་ཡང་ཡང་བྱས་ནའང་ཞེས་བཤད་པ་འདི་དགེ་འདུན་པ་སྤྱི་ལ་མཚན་སྨད་ཆེན་པོ་ཞིག་བསགས་པའི་གཏམ་ཞིག་ལས་རྒྱུ་མཚན་དང་ལྡན་ངོས་འཛིན་མེད།

    Reply
  37. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ༄༅། །དཔལ་ལྡན་བཀའ་ཤག་ལྷན་སྟེང་གི་ྋཞབས་མངོན་དྲུང་དུ།

    གུས་པས་ཞུ་གསོལ། དེང་རྒྱ་ནག་ཏུ་སྐུ་ཚབ་རྣམ་པས་འབྲེལ་མོལ་གནང་མུས་ཀྱི་རྒྱུད་རིམ་འགྲོ་བཞིན་པའི་གནས་སྐབས་ཡིན་ཀྱང༌། ཡུན་རིང་གི་འདས་པའི་དུས་སྐབས་ནས་ད་བར་མུ་མཐུད་གཅིག་མཇུག་གཉིས་མཐུད་ཀྱིས་རྒྱ་ནག་གཞུང་འཛིན་སྡེ་ཚན་ཁག་དང༌། མི་སྣས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་མཚན་སྨད་ཞུ་བ་དང་འབྲེལ། གཞི་རྩ་བྲལ་བའི་རང་རེར་སྐྱོན་བརྗོད་ཀྱི་བརྒྱུད་བསྒྲགས་བྱེད་མུས་དང༌། ལྷག་པར་ལམ་རོབ་གཤམ་འཁོད་སྙན་སེང་ཞུས་ཡོད་པ་ལྟར་ཉེ་ཆར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཧ་ལས་པའི་མཚན་སྨད་ཞུ་བ་དང་ཆབས་ཅིག་ྋགོང་ས་ཆེན་པོར་བོད་དོན་སྐོར་ཐུགས་ཁུར་སྐྱེད་བཞེས་ཀྱི་སྐུ་དབང་དང་བྲལ་ཚུལ་དང༌། བོད་དོན་སྐོར་ྋགོང་ས་མཆོག་ནས་འབྲེལ་མོལ་གནང་རྒྱུའི་སྐུ་དབང་མེད་ཚུལ་སོགས་རིག་འཚོ་མ་ཟིན་པ་ལྟ་བུའི་སྤྱི་བསྒྲགས་གཏམ་བཤད་མང་པོ་ཞིག་སྤེལ་དང་སྤེལ་བཞིན་པའི་གནད་དོན་འདི་ཉིད་ཧ་ལས་ཧོན་འཐོར་ཙམ་གྱི་ངང་ཟོམ་འཇོག་ཏུ་མ་སོང་བར། གཤམ་འཁོད་མཚན་སྨད་ཞུས་ཚུལ་དཔེ་མཚོན་ལམ་རོབ་སྙན་སེང་ཞུས་ཡོད་པ་ལྟར་རྒྱ་ཕྱོགས་ནས་རྒྱ་ཁྱབ་ཀྱི་སྤྱི་བསྒྲགས་ཡང་ཡང་བྱས་པ་འདི་རིགས། གཞུང་དང༌། མི་མང་གཉིས་ཕྱོགས་ནས་དགོངས་པར་མངའ་གསལ་ཡང༌། ད་ལྟའི་ཆར་གནད་དོན་འདི་རིགས་ཐོག་གཞུང་མང་ཚོགས་སྡེ་ཁག་སོགས་ནས་དགོངས་བཞེས་ཕྱག་ལེན་བསྟར་ཕྱོགས་འདི་བྱུང་བར་གུས་ཅག་རྣམས་ཀྱིས་ཤེས་རྟོགས་མ་བྱུང་བ་བཅས། འདི་དག་སྐོར་དོན་སྙིང་གང་དགའ་ཅི་ལེགས་འཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་སྤྱིའི་འགན་ཁུར་དུ་བསམ་ནས་བློ་ཚབས་ཆེན་པོའི་ངང་ད་ལམ་ཕྱི་རྒྱལ་དུ་བཞུགས་པའི་བཀའ་ཟུར་ཕེབས་ཁོམ་གྱུར་རིགས་དང༌། རྒྱ་གར་ནང་བཅའ་བཞུགས་བཀའ་ཟུར་ཕལ་ཆེ་བ་བཅས་ལྷན་འཛོམས་ཀྱིས་རང་རང་བསམ་པའི་འཆར་སྒོ་ཇི་ཡོད་བློ་རིག་རྩལ་འདོན་གྱི་དགོངས་འཆར་བྱུང་བའི་སྙིང་དོན་ཁག་སྙན་སེང་ཞུ་རྒྱུ་དང༌། འདས་པའི་ནང་བཀའ་ཤག་དང་བཀའ་ཟུར་ལྷན་རྒྱས་ལན་གྲངས་རིམ་པ་བཀའ་བསྡུར་བསྐྱངས་སྐབས་རང་རང་བཟོད་མེད་ཀྱི་བསམ་ཚུལ་ཞུས་པ་དང༌། རྒྱ་གར་ནང་ཡོད་བཀའ་ཟུར་ཐུན་མོང་ནས་ཡིག་ཐོག་བསམ་འཆར་གུས་འབུལ་ཞུས་པ་བཅས་དེ་ལྟར་ཡང༌། འདི་བྱས་འདི་འཐུས་ཀྱི་བཀའ་གསལ་ཕེབས་རིགས་མ་བྱུང་བས་སྙན་བསུན་ཞུ་ཐལ་འདྲ་སོང་སྙམ་གྱི་སྐབས་རེ་བློ་འཚབ་ཡང་ཡོང་མུས་དང༌། གཞི་རྩའི་བསམ་ཚུལ་ཞུས་པ་རྣམས་མཐའ་གཅིག་ཏུ་ཕྱག་ལེན་བསྟར་བཞེས་ཡོང་སྐོར་ཞུ་རྒྱུ་རྩ་བྲལ་ཡང་ཞུ་དོན་ཁག་དགོངས་པར་འཐད་མིན་བཀའ་གསལ་གནང་འགབ་འདྲ་བྱུང་ན་འབྱུང་འགྱུར་ངེད་ཚོའི་བསམ་བློའི་དཔྱད་གཞིར་ཕན་ཐོགས་ཡོང་ངེས་སྙམ་པ་དང༌། ལྷག་པར་སྤྱི་དོན་འཆར་སྒོ་ཇི་ཡོད་བློ་སྦུག་རུལ་བསུང་དུ་བཞག་ན། དོན་མེད་དོགས་གཞིའི་སྣེ་འདྲེན་ཡོང་སྲིད་ཁར། སྤྱི་སྨན་དོན་འཁྱོལ་ལ་ཕན་ཐོགས་ཀྱང་ཡོང་མིན་སྙམ་སྟེ་བཟོད་མེད་སྙན་སེང་ཞུས་པ་འདི་ཉིད་ཞུ་ཧམ་དུ་མ་སོང་བར་ཆོས་ཀློང་དུ་སྟིམ་པའི་དགོངས་བཞེས་ཡོང་བ་ཞེས་ཞུ་བ་དང་ཆབས་ཅིག་ད་ལམ་ངེད་ཚོ་གྲོས་བསྡུར་བྱུང་བའི་བསམ་ཚུལ་སྙིང་པོ་ཞིག་ཞུ་རྒྱུར། ཞུ་རྩའི་དོན་དང་པོར།
    ༡༽ད་ཆ་ཕྱི་ཟླ་༡༠ པའི་ནང་རྒྱ་བོད་འབྲེལ་མོལ་གནང་རྒྱུ་གནང་བ་རྒྱུའི་དགོངས་བབ་ཕྱོགས་གཉིས་ཀར་བྱུང་ཚོད་ལ་ད་དུང་རྒྱ་ཕྱོགས་ནས་ཕྱི་ལོ་༢༠༠༦ ཟླ་༥ ནས་བཟུང་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བོད་མིའི་ཁོག་པའི་སྙིང་དང་རེ་བའི་གཏོད་ཡུལ་གཅིག་ཉིད་ྋགོང་ས་མཆོག་ལ་བསམ་ཡུལ་ལས་འདས་ཤིང་མཚམས་ཚིག་བརྒལ་བའི་སྐྱོན་བརྗོད་མུ་མཐུད་བྱེད་བཞིན་པ་དང༌།
    བར་ལམ་བོད་རྒྱ་འབྲེལ་མོལ་གནང་བཞིན་པའི་སྐབས་སུ་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཤོད་ཚུལ་རེད་ཅེས་གསར་གནས་ཁག་ཏུ་ཐོན་པ་ཁག་ནང་འདི་ལྟར། ༢༠༠༦ བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ནས་གནས་སྤེལ་ཞེས་པའི་ནང༌། བོད་རྒྱ་འབྲེལ་མོལ་གནང་ཡུལ་གཙོ་བོ་དང༌། ང་ཚོའི་རེ་འདུན་གནང་ཡུལ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཏཱ་ལའི་ཆབ་སྲིད་ཐད་ལོག་སྤྱོད་རང་བཞིན་དང༌། ཆོས་ལུགས་ཐད་གཡོ་རྫུན་གྱི་རང་བཞིན། བྱེད་ཐབས་ཐད་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གསལ་པོ་བྱས་ནས་ཏཱ་ལའི་ཁ་བྲལ་རུ་ཚོགས་དང་དབྱེ་མཚམས་གསལ་པོ་གཅོད་དགོས་ཞེས་པ་དང༌།
    ཕྱི་ལོ་༢༠༠༨ ཟླ་༣ ཚེས་༢༡ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་ནང༌། ཐེངས་འདིར་ལྷ་སར་བྱུང་བའི་རྡུང་འཕྲོག་གཅོག་སྲེག་གི་ཚབས་ཆེའི་དོན་རྐྱེན་དང༌། སྐྱི་གཡའ་བའི་དྲག་སྤྱོད་དེ་དག་གིས་དོན་མེད་དུ་སྐྱེ་འགྲོ་རྣམས་ལ་སྡུག་བསྔལ་ཚབས་ཆེན་མྱོང་དུ་བཅུག་པ་དེས། ཏཱ་ལའི་ཁོ་རང་གིས་སྒྲོག་པ་ནང་བཞིན་གྱི་ནང་པའི་དགེ་སློང་ཡིན་ཟེར་བ་དེ་ལྟ་བུ་ཞིག་གཏན་ནས་མིན་པ་ར་འཕྲོད་ཡོད། ཁོང་ནི་མིའི་གདོང་ལ་གཅན་གཟན་གྱི་སེམས་དང་ལྡན་ཞིང༌། ཆོས་གོས་གྱོན་པའི་འཕར་སྤྱང་ཞིག་རེད་ཅེས་བརྗོད་ན་ཐལ་ཆ་གང་ཡང་མེད། སྟོན་པ་བཅོམ་ལྡན་འདས་ཡིན་ནའང༌། ཏཱ་ལའི་ནང་བཞིན་ཁ་འཇམ་ཁོག་རྩུབ་ཀྱི་ནང་པའི་ཞབས་འདྲེན་པ་དང༌། མིའི་གདོང་ལ་གཅན་གཟན་གྱི་སེམས་དང་ལྡན་པའི་དྲག་སྤྱོད་པ་སྨྱོ་རྩུབ་ཅན་འདི་བཟོད་བསྲན་བྱེད་ཐུབ་ཀྱི་མ་རེད་ཅེས་འཁོད་པ་དང༌།
    ལྷ་ས་ནས་བོད་ལྗོངས་རླུང་འཕྲིན་༢༠༠༨ ཟླ་༣ ཚེས་༡༩ ཉིན་གནས་ཚུལ་སྤེལ་བ་ཞེས་པའི་ནང༌། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ལྷ་སའི་གསུམ་གཅིག་བཞིའི་་དོན་རྐྱེན་ཐག་གཅོད་དང་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང༌། ༼ཀྲང་ཅིས་ལིས་བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་༽གཏམ་བཤད་ནང་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་གཏོར་བཤིག་ནི་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་ལ་གནོད་སྐྱོན་གཏོང་བའི་འབྱུང་རྩ་གཙོ་བོ་ཡིན་པ་དང༌། བོད་ལྗོངས་གོང་འཕེལ་བརྟན་ལྷིང་གི་ནང་ཁུལ་གྱི་གནོད་སྐྱོན་ཆེ་ཤོས་ཡིན་ཞེས་གསུངས་པ་རེད། ཏཱ་ལ་ནི་ཆོས་གོས་གྱོན་པའི་འཕར་སྤྱང་དང་མི་གདོང་སྤྱང་སེམས་ཀྱི་གདོན་ཞིག་ཡིན་པ་སླར་ཡང་ར་སྤྲོད་གང་ལེགས་བྱུང་ཡོད་པ་རེད། ང་ཚོས་ཏཱ་ལའི་རུ་ཚོགས་པ་དང་ཁྲག་དང་མེ་ལྕེའི་ཁྲོད་ཀྱི་རྣོ་ངར་ཆེ་བའི་འཐབ་རྩོད་བྱེད་བཞིན་ཡོད་པ་དང༌། ཁྱོད་ཤི་ང་གསོན་གྱི་དགྲ་ཕྱོགས་དང་རང་ཕྱོགས་བར་གྱི་འཐབ་རྩོད་བྱེད་བཞིན་ཡོད་པ་རེད་ཅེས་དང༌། ཡང་ང་ཚོས་ངེས་པར་དུ་ཏཱ་ལའི་རུ་ཚོགས་ཀྱི་སྡུག་སེམས་ཤི་མེད་པ་དང༌། ཤི་ཁའི་འཕག་འཚག་རྒྱག་གི་ཡོད་པས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབས་སྔར་བཞིན་ཧ་ཅང་ཛ་དྲག་པོ་ཡོད་པ་ཞིག་རིག་པ་དྭངས་གསལ་གྱིས་ཤེས་པ་བྱེད་དགོས་ཞེས་འཁོད་ཡོད།
    དེ་མཚུངས་ཕྱི་ཟླ་༧ ཚེས་༡༦ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་སྡེ་ཚན་གྱི་འགན་འཛིན་ཏུང་ཡུན་ཧུའུ་ཡིས་རྒྱ་ནག་གིས་ཏཱ་ལའི་བླ་མ་དང་མཉམ་དུ་ཁོང་གི་མ་འོངས་པའི་སྐོར་ལ་གྲོས་བསྡུར་བྱེད་འདོད་ཡོད། འོན་ཀྱང་བོད་ཀྱི་གནད་དོན་སྐོར་ལ་གྲོས་བསྡུར་བྱེད་འདོད་མེད། ཏཱ་ལའི་བླ་མར་བོད་ཀྱི་འཐུས་ཚབ་བྱེད་པའི་ཐོབ་ཐང་མེད། གལ་སྲིད་ཁོང་ལ་༼ཐོབ་ཐང་༽ཡོད་མྱོང་བའི་དབང་དུ་བཏང་ཡང༌། དེ་ནི་༡༩༥༩ སྔོན་ལ་རེད། ད་ལྟའི་ཆར་ཏཱ་ལའི་བླ་མར་བོད་ཀྱི་མ་འོངས་པའི་སྐོར་ལ་གྲོས་བསྡུར་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་ཤོར་ཟིན་པ་རེད། གལ་སྲིད་ཏཱ་ལའི་བླ་མ་ཀྲུང་གོའི་སྤྱི་འབངས་ཤིག་བྱེད་འདོད་ཡོད་པ་དང༌། ཀྲུང་གོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བསམ་ན་ཁོ་རང་བོད་ལ་ལོག་རྒྱུ་ཡོང་སྲིད་པ་ཞིག་རེད། ཏཱ་ལའི་བླ་མའི་སྐུ་ཚབ་ཀྱི་ཆབ་སྲིད་ལངས་ཕྱོགས་དེ་གྲོས་མོལ་སྐབས་གསལ་བོ་བྱུང་སོང༌། དེ་ནི་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་དང་རྦད་དེ་རྒྱབ་འགལ་རེད། ཁོ་ཚོས་བོད་ནི་རྒྱ་ནག་གི་མངའ་ཁོངས་ལས་ཁ་བྲལ་དུ་མི་རུང་བ་ཞིག་ཡིན་པ་ཁས་མི་ལེན་པར་བོད་ཆེན་པོ་རང་སྐྱོང་གི་རེ་བ་འདོན་གྱི་ཡོད། འདིའི་གོ་དོན་ནི་ཏཱ་ལའི་བླ་མས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པ་དབང་སྒྱུར་དགོས་པ་དང༌། དེ་ཀྲུང་གོའི་༼ས་ཁོངས་༽བཞི་ཆ་གཅིག་ཡིན་པ་དང༌། རྒྱ་རིགས་རྣམས་ས་ཆ་དེ་ནས་ཕྱི་སྤོ་བྱེད་དགོས་ཀྱི་ཡོད། འདི་ནི་རྒྱ་ནག་གིས་ཁས་ལེན་ཐབས་མེད་པའི་ལངས་ཕྱོགས་ཡིན་ཞེས་གསལ་འདུག
    ༢༽དོན་གནད་འདི་གཉིས་རྒྱ་ནག་གཞུང་གི་སྲིད་བྱུས་སམ་ལངས་ཕྱོགས་ཡིན་ཚེ་ད་དུང་མུ་མཐུད་བཀའ་མོལ་གནང་རྒྱུའི་གཞི་རྩ་གཏན་ནས་མེད་པ་ཞིག་མཐོང་ཞིང༌། རྡོ་དོན་སྙིང་པོ་ཉེ་ཆར་ཚགས་ཤོག་ཐོག་ཐོན་པ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་རང་ཡིན་ཚེ་སྐུ་ཚབ་ཆེད་གཉེར་གནང་སྟེ་བཀའ་མོལ་གནང་རྒྱུའི་གཞི་རྩ་རྩ་བྲལ་དུ་མཐོང་བས་གནས་སྐབས་མཚམས་འཇོག་གནང་བཞེས་ཡོང་བ་ཞེས་ཞུ་རྒྱུ་དང༌། འོན་ཀྱང༌། གུས་ཅག་ནས་རྒྱ་ནག་གཞུང་གི་རང་རེའི་སྐུ་ཚབ་ཚོར་འཛིན་པའི་སྲིད་བྱུས་ཇི་བཞིན་ཤེས་རྟོགས་མེད་སྟབས་མཐའ་གཅིག་ཏུ་བཀའ་མོལ་གནང་འགབ་མཆིས་མིན་ཞུ་ཚོད་མ་ཐེག་པས་གཞུང་འཛིན་འགན་དབང་ཡོད་པའི་བཀའ་ཤག་གིས་དགོངས་བཞེས་ཟབ་ནན་ཡོང་བ་དང༌།
    ༣༽ད་ལམ་བཀའ་ཤག་གི་གསུང་འཕྲིན་ནང༌། བོད་རྒྱའི་དབར་འགལ་ཟླ་གཙོ་ཆེ་བ། ༡༽བྱུང་རབས་ལ་ལྟ་ཕྱོགས་དང༌། ༢༽བོད་རིགས་ཆིག་སྒྲིལ་སྐོར་ཡིན་ཞེས་འཁོད་པ་ལྟར། འབྱུང་འཆར་སྤྱི་ཟླ་༡༠ ནང་སླར་ཡང་གྲོས་མོལ་གནང་སྟེ་གོང་གསལ་གནད་དོན་གཉིས་ཐོག་རྒྱ་གཞུང་ནས་བསམ་ཞིབ་ཞུ་རྒྱུའི་གཞི་རྩ་ཡོད་ན་རབ་དང༌། དེ་ལྟར་གཞི་རྩ་མ་གཟིགས་ཚེ་རང་རེས་འཛིན་པའི་གྲོས་མོལ་གནང་རྒྱུའི་སྲིད་བྱུས་གསར་པ་ཞིག་གཏན་འབེབ་གནང་འགབ་མཆིས་མིན་དགོངས་བཞེས་ཡོང་བ།
    ༤༽དེ་དང་འབྲེལ་བ་བཀའ་ཤག་གིས་གསལ་བསྒྲགས་སུ། དབུ་མའི་ལམ་གྱི་གོ་དོན་ལ་མཐའ་གཉིས་ལས་ལྡོག་སྟེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གནས་བབ་ཆ་ཚང་བ་ཞིག་བོད་རིགས་ཡོངས་ལ་ཐོབ་ཐབས་བྱ་རྒྱུ་དེ་དབུ་མའི་ལམ་གྱི་སྙིང་དོན་ཡིན་ཞེས་འཁོད་འདུག
    འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་དུ་གསལ་བའི་དབུ་མའི་ལམ་གྱི་དོན་གནད་ཐད་ད་ལྟའི་སྐབས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བ་ཞིག་ངེས་འདྲོང་མ་མཐོང་བས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བསྒྱུར་བཅོས་མ་སོང་བར་འདི་གཉིས་མཉམ་བསྲེས་ཡོང་ཐབས་མེད་པའི་རང་བཞིན་ཆགས་ཡོད་པར་ངོས་འཛིན་ཞུ་གི་ཡོད།
    འདི་སྐོར་ད་ཕན་བཀའ་ཤག་དང་བཀའ་ཟུར་ལྷན་ཚོགས་ཐོག་རང་རང་བསམ་ཚུལ་ཇི་ཡོད་གསལ་པོར་སྙན་སེང་ཞུས་ཟིན་ཡང༌། ད་དུང་སླར་ཡང་ཞུ་རྒྱུ་གལ་ཆེར་བརྩིས་ཏེ་ཞུ་དོན་ལ། འདས་པའི་ལོ་རྒྱུས་ནང་དབུ་མའི་ལམ་ཞེས་པ་ྋགོང་ས་མཆོག་གིས་སི་ཊར་སི་སྦག་ཏུ་ཡོ་རོབ་གྲོས་ཚོགས་སུ་བཀའ་ཁྱབ་གནང་བ་ བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་དཔར་འགྲེམས་ཞུས་པའི་དེབ་ཆུང་བོད་རྒྱ་ཞི་མོལ་གྱི་སྒྲོམ་གཞི་དབུ་མའི་ལམ་གྱི་སྲིད་བྱུས་དང༌། དེའི་བྱུང་རབས་ངོ་སྤྲོད་ ཞེས་གཞུང་འབྲེལ་འགྲེམས་སྤེལ་གནང་བའི་རྩ་དོན་འདི་གཉིས་ལ་རྩ་འཛིན་ཞུ་མུས་ལ་མི་རིགས་ས་ཁུལ་རང་སྐྱོང་ལ་སོགས་པའི་དོན་གནད་འདི་གཉིས་དབུ་མའི་ལམ་དུ་རྩ་འཛིན་ཞུ་འོས་གཏན་ནས་མ་མཐོང་བས། འབྱུང་འཆར་འདི་གཉིས་མཉམ་བསྲེས་མ་ཡིན་པར་སོ་སོའི་ངོ་བོ་དང་དོན་གནས་སོ་སོར་འགྲེལ་བརྗོད་གནང་བཞེས་ཡོང་བ་ཞུ་རྒྱུ་ཡིན།

    ༥༽འདས་པའི་ནང་ྋགོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བཀའ་ཡི་ཕེབས་སྒོར་ངོས་ཕྱེད་བགྲེས་ཡོལ་ཡིན་ཞེས་དང༌། ཉེ་བའི་ཆར་ཡང་སློབ་སྟོན་པ་ཡིན་ཚུལ་ཕེབས་པ། ད་སྔོན་གཞུང་འབྲེལ་བརྟན་བཞུགས་སྐབས་ས་སྐྱ་བདག་ཁྲི་རིན་པོ་ཆེ་ནས་མཎ་ཌལ་ལྗགས་བཤད་ཀྱི་གསོལ་འདེབས་ཞུས་པའི་སྙིང་པོར། ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང༌། ཕྱེད་བགྲེས་ཡོལ་ཡིན་པའི་ཕེབས་དགོངས་མཛད་བཞེས་མི་ཡོང་བའི་གསོལ་འདེབས་ཞུས་གནང་མཛད་པར་ཕྱིར་ཕེབས་སུ་སྐུ་ཚེ་བརྟན་པའི་ཐུགས་སྨོན་གནང་རྒྱུ་ཞལ་བཞེས་གནང་བ་དང༌། ཕྱེད་བགྲེས་ཡོལ་གྱི་དགོངས་བཞེས་ཐད་ལ་འགྱུར་བ་ཡོང་ཐབས་མེད་སྐོར་བཀའ་གསལ་ཕེབས་པ་དེ་དག་གཞུང་མང་ཡོངས་ཀྱི་དགོངས་ཆུབ་ཏུ་བརྟས་པ་ལྟར། བཀའ་ཡི་ཕེབས་སྒོ་འདི་དག་བཀའ་ཤག་གམ་གཞུང་འབྲེལ་གྱི་དགོངས་བཞེས་དང་འབྲེལ་བའི་མཛད་ཕྱོགས་ཇི་ཡིན་ད་བར་གསལ་པོ་ཞིག་མ་བྱུང་བ་དང༌། གཞུང་འབྲེལ་གྱི་རྩ་འཛིན་གནང་ཐབས་མིན་ཚེ། ད་སྐབས་བོད་དོན་གཉན་འཕྲང་གི་དུས་སྐབས་འདིར་གཞིས་བྱེས་བོད་མིར་སེམས་ནད་དང༌། བློ་འཚབ། དོགས་འདྲོགས་སོགས་མི་ཡོང་ཆེད་གཞུང་དང་མི་མང་གཉིས་ཕྱོགས་ཀྱི་དེ་ལྟའི་བཀའ་ཡི་ཕེབས་སྒོ་ནམ་ཡང་མི་ཡོང་བ་ཞེས་ཡང་ཡང་རྒྱུན་མཐུད་ཀྱི་གསོལ་འདེབས་ཞུ་རྒྱུ་གལ་འགངས་ཤིན་ཏུ་ཆེ་གནད་དུ་མཐོང་བས་དེ་དོན་མཛད་ཕྱོགས་ཅི་ནས་ཡོང་བ་ཞུ་རྒྱུ་ཡིན།
    ༦༽ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༠ རྗེས་ཀྱི་བོད་མི་མང་རྣམས་འདས་པའི་ལོ་༦༠ ལ་ཉེ་བའི་རིང་རྒྱ་དམར་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཧམ་འཕྲོག་བྱས་པ་མ་ཟད་བོད་མི་རྣམས་རྒྱ་ནག་གི་མནར་གཅོད་སྡུག་སྦྱོང་གཏོང་ཡུལ་ལ་བརྩིས་ནས་མི་ཆོས་ཡ་རབ་ལས་འདས་པའི་བོད་ཀྱི་སྐོར་བསམ་ངན་སྦྱོར་རྩུབ་རྫོགས་མཐའ་མེད་པ་ཞིག་བྱས་པར་བརྟེན། བོད་མི་མང་ཡོངས་རྫོགས་འུ་ཐུག་ཐབས་ཟད་ཀྱིས་མེ་མདའི་རྩེ་གྲི་འོག་ཏུ་འཚེ་མེད་ཞི་བའི་ལམ་ནས་གྱེན་ལངས་བྱས་པ་དང༌། དེར་རྒྱ་ནག་གི་བསམ་ཤེས་མེད་པར་བསད་རྡུང་གཏོར་བཅུག་གིས་ཁྲག་དམར་བཏོན་པའི་མནར་གཅོད་བཏང་བ་བཅས་ཀྱི་བོད་མི་མང་ཉམ་ང་བའི་གནས་སྟངས་ཐོག དུས་ད་ལྟའང་རྒྱལ་སྤྱིའི་མི་མང་གིས་ཇི་བཞིན་རྟོགས་ཡུལ་མེད་པ་འགྱུར་བཞིན་པར་བརྟེན་བཙན་བྱོལ་བོད་གཞུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་གཞི་རྩར་མཛད་དེ་རྒྱལ་སྤྱི་རང་དབང་ཅན་གྱི་ཚོགས་སྡེ་དང༌། གསར་འགྱུར་ལས་རིགས་པ། གཟུར་གནས་སྐྱེ་བོ་བཅས་བོད་ནང་བསྐྱོད་དེ་དངོས་ཡོད་གནས་ཚུལ་ཞིབ་འཇུག་ཡོང་བའི་ཐབས་ཤེས་འབད་བརྩོན་མུ་མཐུད་གནང་རྒྱུ་དང༌། དེ་མཚུངས་བོད་ནང་གི་གནས་སྟངས་ཉམ་ང་བ་དང༌། རྒྱ་དམར་དཔོན་རིགས་ཚོས་ཚུལ་མིན་གྱི་བྱ་སྤྱོད་ཇི་བྱས་རྣམས་རྒྱལ་སྤྱིའི་ནང་ཞིབ་ཕྲའི་ཤེས་རྟོགས་ཡོང་ཐབས། ཕྱི་རྒྱལ་དོན་གཅོད་ཁག་ནས་ྋགོང་ས་མཆོག་ཆིབ

    Reply
  38. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས་ཀྱི་བཀོད་པའི་འབྲེལ་ཐག་དེའི་ནང་བཀའ་ཟུར་ཚོས་བཀའ་ཤག་ལ་ཕུལ་སྙན་ཞུ་འདུག དེའི་གཤམ་དུ་མཆན་འདི་འདྲ་ཡང་བཀོད་འདུག
    ༡༽ ཟུར་ལྟ་ནས།
    སྤྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༣༠ གི་ཆུ་ཚོད་ ༡༢ སྐར་མ་ ༣༤
    རེད། ངས་སྔོན་མ་སྐད་ཆ་ཞིག་བཤད་མྱོང་ཡོད། བཀའ་ཟུར་ལྐུགས་པ། སྤོ་ཏོ། སློབ་སྦྱོང་མེད་པ། ཕུགས་བསམ་མེད་པ། རང་དོན་གཙོ་བོར་འཛིན་མཁན། གཞན་དོན་གདུག་ལ་བརྩི་མཁན་དེ་ཚོ་ཡང་བསྐྱར་འཛོམས་ནས། ཁ་ལ་རྒྱལ་བ་རིན་པོ་ཆེ་དང་རྒྱ་བོད་འབྲེལ་ལམ་ཟེར། དོན་ལ་ཁོང་ཚོའི་ཆེས་མུན་ནག་གི་ཀླ་ཀློའི་བསམ་བློ་དེ་མངོན་པར་བྱས་ནས། ཡང་བསྐྱར་བོད་འདི་དམངས་གཙོའི་ལམ་ནས་ཟུར་ཁྲིད་བྱས་ནས། ཀླ་ཀློ་ཁོང་ཚོའི་ཁོག་ཏུ་བཅུག་པའི་བསམ་པ་འདི་ཞུ་ཡིག་འདི་ནང་ཧ་ཅང་གསལ་པོ་འདུག

    སྙན་ཞུ་འདིའི་ནང་གནས་ཚུལ་གསར་པ་ཅི་ཡང་མིན་འདུག དོན་དག་གཉིས་རང་སྟེ། རྒྱ་མིས་རྒྱལ་བ་རིན་པོ་ཆེར་ཁ་གཏོང་གི་འདུག དབུ་མའི་ལམ་གསལ་པོ་མིན་འདུག རྒྱལ་བ་རིན་པོ་ཆེའི་སྐུ་ཆར་གཟབ་གཟབ་བྱེད། རྒྱལ་བ་རིན་པོ་ཆེར་རྒལ་ཡོལ་ནས་ཚུར་གདན་འདྲེན་ནས་དབང་ཆ་ཚང་མ་ཕུལ་ཟེར།

    ཀྭ་ཡེ་ཀླ་ཀློའི་རང་གཤིས་ཀྱིས་གནུབས་པའི་བཀའ་ཟུར་ཚོ། ཁྱེད་ཚོ་ཉིན་གྲངས་ལྔ་ཙམ་འཛོམས་ནས་མཐའ་མ་ཁ་གདོག་འདི་རེད་པས།

    ངེད་ཚོར་དམངསགཙོ་དངོས་ལ་འགྲོ་མ་ཐུབ་པར་ཀླ་ཀློ་ཁྱེད་ཚོས་ལོ་མང་པོ་རུལ་སུང་གི་མུན་ནག་སྤྱི་ཚོགས་ནང་དབང་སྒྱུར་བྱས་པ་རེད། ད་ཆ་རྒྱལ་བ་རིན་པོ་ཆེས་དམངས་གཙོ་ཆེ་རུ་གཏོང་དགོས་ཟེར་དུས། ཡང་བསྐྱར་རྒཱལ་བ་རིན་པོ་ཆེར་ཤ་ཚའི་ཁུལ་གྱིས་དོན་དངོས་དམངས་གཙོའི་ལམས་དེ་མེད་པ་བཟོ་ཡི་འདུག རྒྱལ་བ་རིན་པོ་ཆེས་དབང་ཚང་མ་བཞེས་ན། བཀའ་ཤག་དང་སྤྱི་འཐུས་དགོས་ཡས་མིན་འདུག རྒྱལ་བ་རིན་པོ་ཆེ་ཡང་བསྐྱར་ཁྱེད་ཚོར་བཀའ་བློན་གྱི་གོ་གནས་དེ་སླར་གསོ་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་མ་རེད་པས།

    རྒྱ་མིས་རྒྱལ་བ་རིན་པོ་ཆེར་ངན་སྨྲས་ཞུ་བ་དེ། ཚང་མ་ཤེས་ཀྱི་ཡོད། རྒྱ་ཁོང་ཚོའི་མིས་ཀྱང་དེ་ལ་སྐྱུག་དམན་ལངས་ནས་ཁ་ཡ་བྱེད་ཀྱི་མེད། དེར་ཁྱེད་ཚོ་ཧ་ལས་དགོས་དོན་གང་འདུག ཁྱེད་ཚོ་བཀའ་བློན་ཡིན་དུས། གུང་ཁྲན་གྱིས་རྒྱལ་བ་རིན་པོ་ཆེར་མཚན་སྨྲས་ཞུས་པ་དེ་ཚོར་ཁ་གཏད་གང་འཇལ་བ་ཡིན། ཤོད་དང་ཀླ་ཀློ་ཚོ།
    ༦༽ ཀླུ་སྨྱོན་ནས།
    སྤྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣ གི་ཆུ་ཚོད་ ༡ སྐར་མ་ ༠༤
    ཨ་རོགས་ཚོ། འཛམ་གླིང་གི་སྲིད་དབང་སྒེར་གཅོད་པ་གྲགས་ཅན་མའོ་ཡིས་ཀྱང་རང་གིས་མི་འཇོན་དུས་དབང་ཆ་གཞན་ལ་སྤྲད་དེ། ཁྱོད་ཀྱིས་བྱ་བ་བསྒྲུབ་ན་ངའི་སེམས་བདེ་ཟེར་མྱོང་བ་རེད། བཀའ་ཟུར་འདི་ཚོས་དྭངས་རྒྱུ་མེད་པའི་ཨ་རག་འདི་འདྲ་ཞིག་གང་ནས་བཞེས་པ་རེད། ལུས་པོ་འདར་སིག་སིག སེམས་པ་བཟི་འཐོམ་འཐོམ།

    Reply
  39. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    འཇུ་ཆེན་གྱི་དམིགས་ཡུལ་དང་བཤད་དོན་གཅིག་བོད་པ་ཚོས་རྒྱལ་བ་རིན་པོ་བཀའ་བརྩི་མི་འོས་ཟེར་གྱི་འདུག ༼ད་ལྟ་ང་ཚོས་༧གོང་ས་མཆོག་གིས་བཀའ་གང་གནང་པ་དེ་ཡིན་ཟེར་ནས་འགྲོ་བསྡད་ཀྱི་ཡོད་ནའང་། དེ་རྩ་བ་ནས་འགྲིག་གི་ཡོད་པ་མ་རེད།༽ང་ཚོས་རྒྱལ་བ་རིན་པོ་ཆེའི་བཀའ་མ་བརྩིས་ན་བོད་མི་མང་ལ་ཁེ་ཕན་གང་ཡང་ཡོད་པ་མ་རེད། བོད་མི་མང་གི་དད་པ་དང་༧རྒྱལ་བ་རིན་པོ་ཆེ་འདི་ལྟར་ཁ་བྲལ་གཏོང་རྒྱུའི་དམིགས་ཡུལ་གང་ཡིན་ནམ། བོད་མི་ཚང་མས་༧གོང་ས་མཆོག་གི་བཀའ་བརྩིས་པ་ཡིན་ན་གཙོ་བོ་བོད་མི་རྣམས་ཆིག་སྒྲིལ་ཡོང་གི་རེད། བོད་མི་ཆིལ་སྒྲིལ་ཡོང་ན་རྩ་དོན་དེ་རེད།
    གལ་སྲིད་༧རྒྱལ་བའི་བཀའ་མ་བརྩིས་ན་སྔར་ལོའི་གྲོས་ཚོགས་ལྟར་བོད་མི་ཚོ་འཐོར་ཉེན་ཡོད་པ་རེད། གྲོས་ཚོགས་ནང་གྲྭ་བ་ཚོས་བོད་མི་རིགས་ཀྱི་ཆིལ་སྒྲིལ་དང་སྟོབས་ཤུགས་གཏོར་ཤིག་གཏོང་རྒྱུའི་འབད་བརྩོན་ཡང་ཡང་བྱས་ནའང་བོད་རིགས་མི་མང་ཚོས་༧གོང་ས་མཆོག་གི་བཀའ་བརྩིས་ནས་མུ་མཐུད་ཆིག་སྒྲིལ་བྱས་ཡོད་པ་རེད། ཁོ་ཚོའི་དམིགས་ཡུལ་བོད་མི་མང་ལ་མང་པོས་བཀུར་བའི་སྤྱི་མོས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྟ་བུ་ཞིག་མེད་ན། བོད་ཀྱི་སྤྱི་ཚོགས་དཀྲུགས་སླ་བོ་མཐོང་གི་ཡོད་པ་རེད།

    Reply
  40. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བཀའ་ཟུར་རྣམ་སྐད་བརྒྱབས་དེ་འདི་ན་འདུག
    http://www.khabdha.org/?p=624

    Reply
  41. ནགས་མེ། says:
    ལོ་ 15 སྔོན།

    དངོས་གནས་ཡིན། འཇུ་ཆེན་པའི་ལྟ་མཐོང་དང་ཉམས་མྱོང་ནི་སུས་ཀྱང་འགྲན་དཀའ་བ་ཞིག་རེད།

    Reply
  42. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་སྐོར་ཅིག་གིས་སྐད་ཆ་ཤོད་རྒྱུ་ཕྱིས་དྲག་འདུག་ཟེར་ནས་ངར་འདུག དེ་སྔོན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་སྐོར་གྱི་ཡིག་ཆ་དེ་མ་བཏོན་གོང་ནས་སྐད་ཆ་མ་བཤད་པ་མིན་རབས་འདུག གནད་དོན་འདིའི་སྐོར་ལ་བཀའ་ཟུར་རྒྱ་ལོ་མཆོག་གིས་གཙོས་པའི་བཀའ་ཟུར་མང་པོ་ཞིག་གིས་བཀའ་ཤག་ལ་སྐད་རྒྱབ་ཡོད་རབས་འདུག སྐད་རྒྱབ་ནས་ལོ་ལྔ་ལྷག་ཕྱིན་རབས་འདུག གནད་དོན་འདི་ཚོ་ངར་ངར་བྱེད་པ་ལས་ཞིབ་འཇུག་བྱེད་དགོས་པ་རེད།

    Reply
  43. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་དཀོན་མཆོག་དབང་འདུས་ཨ་ཕྱི་ལགས་ཀྱིས་དགོངས་འཁྲོལ་བྱུང་བར་ཐུགས་རྗེ་ཆེ།

    རྩ་བ། བཀྲ་ཤེས་སྒྲོལ་མ་རྟ་བུ་དག་དག་ཡིན་ན་དགའ་བ་ལ། གནས་ལུག་ཡོད་ཁུ།

    འགྲེལ་བ། བཀྲ་ཤེས་ཏེ་མཛེས་པ་ཤེས་མཁན་གྱི་སྒྲོལ་མ་ཅང་ཤེས་རྟ་ཕོའི་ཕྲུ་གུ་འདྲ་བ་དག་དག་ཡིན་ན་ཁོ་བོ་དགའ་རབས་དང་། རྒྱུ་མཚན་ནི་སྒྲོལ་མས་བཤད་པའི་སྐད་ཆར་གནས་ལུགས་ཡོད་མེད་བཤད་ན་གླེན་པ་ལུག་གི་བཤད་སྟངས་དང་མཚུངས་ཞེས་པ་ལྟ་བུའི་དོན་ཡིན།

    དྲི་བ་གསུམ་འགོད། ༡ བཀྲ་ཤེས། ༢ རྟ་བུ། ༣ གནས་ལུག འདི་གསུམ་གྱི་དོན་ཅི་ཞིག་རེད།

    Reply
  44. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 15 སྔོན།

    བཀྲ་ཤེས་སྒྲོལ་མ་རང་འགྲེལ་བ་བྱས་དང་ཆོག་དང་ཆོག

    Reply
  45. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་དཀོན་མཆོག་དབང་འདུས་ཨ་ཕྱི་ལགས། ཉིད་ཀྱི་༼བཀྲ་ཤེས་སྒྲོལ་མ་རྟ་བུ་དག་དག་ཡིན་ན་དགའ་བ་ལ། གནས་ལུག་ཡོད་ཁུ།༽ཚིག་འདི་ལ་གུས་མོས་འགྲེལ་བཤད་ཅིག་རྒྱག་འདོད་ཀི་ཆོག་གམ། ཆོག་ན་ལན་ཞིག་སྤྲོད་རོགས།

    Reply
  46. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 15 སྔོན།

    དྲ་གྲོགས་ཚངས་མ།
    བཀྲ་ཤེས་སྒྲོལ་མ་རྟ་བུ་དག་དག་ཡིན་ན་དགའ་བ་ལ། གནས་ལུག་ཡོད་ཁུ།

    Reply
  47. ཚེ་རིང༌། says:
    ལོ་ 15 སྔོན།

    མི་ལོ་ལྔ་བཅུའི་རིང་གི་གྲུབ་འབྲས་ས་ལ་གཏོར་མཁན་སུ་རེད། མི་ལོ་ལྔ་བཅུའི་རིང་གི་རེ་བ་རླུང་ལ་བསྐྱོན་མཁན་སུ་རེད། སྐུ་ངོ་བསྟན་འཛིན་དགེ་བྱེད་ཀྱིས་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་ཚོགས་མི་ནས་དགོངས་པ་ཞུས་ཡོད་པ་རེད་ཟེར་བ་ཨེ་བདེན། གསར་འགོད་པ་ཚོས་འདི་སྐོར་གྱི་བཅར་འདྲི་རེ་སྤེལ་ཐུབ་ན་ཡག་པོར་མཐོང་གི་ཡོད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese