མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ང་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་ག་ལེར་ཕྱིར་དྲན་གྱིས་ཀློང་དུ་ཕྱིན་ནས་ཆར་བ་ཤག་ཤག་འབབ་ཀྱིན་པ་དེ་དག་ཡང་ཁོ་རང་གི་སེམས་ཁོང་གི་མིག་ཆུ་དང་འདྲ་བར་རྐང་འཁོར་ཞོན་ནས་འགྲོ་བཞིན་པའི་ཁོ་རང་གི་ལུས་སྟེང་ག་ལེར་བཞུར་ནས་འོང་དུས། ཁོ་རང་ལ་འཁྱག་སྣང་གང་ཡང་མེད་པར་

བློ་བཟང་། དངོས་ནས་ཁྱེད་རང་གིས་ང་རང་ལ་སྣང་བ་འགྲོ་ཡི་འདུག་གམ་ཟེར་ནས་བློ་བཟང་གིས་རང་གི་ངོ་གདོང་ལ་བལྟ་བཞིན་པའི་ཚུགས་ཀ་དེ་ནི་དངོས་ནས་བཟོད་དཀའ་བ་ལྟ་བུའི་ངང་། བན་སྡེ་འཚོས་ག་ལེར་མགོ་བོ་བྲང་ཁར་གཏད།

བློ་བཟང་གིས་རང་ཉིད་ལ་བུད་མེད་འདི་འདྲའི་མཛེས་མ་ཞིག་གིས་སེམས་ཁོང་གི་གཏམ་བཤད་འགོ་བརྩམས་པ་དེར། དངོས་ནས་ངོ་ལྡོག་ཤེས་ཐུབ་མེད་པ་ནི། སྐྱེ་བ་ཞིག་གིས་རང་ཉིད་ཀྱི་རང་ཚུགས་ཡོད་ཚད་སྐད་ཅིག་དེ་ཉིད་ལ་མི་ཤོར་ལ་རང་དབང་ཞིག་གང་དུ་ཡོད་ཨང་སྙམ་བཞིན། ང་ལ་དངོས་ནས་ཁྱེད་རང་ལྟ་བུ་ཞིག་ཐོབ་པར་རྨི་ལམ་ནང་དུ་ཡང་གཏོང་མྱོང་མེད། ཁྱེད་རང་ནི་དངོས་ནས་འཛུམ་མདངས་ཀྱི་ཕྱུག་པ་མ་ཟད། གཤིས་ཀ་ཡག་པ། བརྩེ་སེམས་ལྡན་པ། ཁྱེད་རང་ལྟ་བུ་ཞིག་ང་རང་གི་མི་ཚེའི་གྲོགས་དུ་ཐོབ་ན་དངོས་ནས་ང་རང་ལོས་དགའ་ཟེར་ཞོར་དུ། ག་ལེར་ཁོ་མོའི་སྐེ་རུ་འཐམ།

བན་སྡེ་འཚོས་ཀྱང་། དངོས་ནས་རང་དབང་ཡོངས་སུ་བྲལ་བའི་མི་ཞིག་ལ་གཏན་ནས་གཡོལ་ས་མེད་པ་བཞིན། བློ་བཟང་གི་སྐད་ཆ་དེས་ཡོངས་སུ་བཟི་ནས། འུ་གཉིས་ལ་དངོས་ནས་ལས་ཤིག་ཡོད་པ་མིན་ན་འདི་ལྟར་ཐུག་རྒྱུ་མ་རེད། ང་ཁྱེད་རང་ལ་ཡིད་ཆེས་ཡོད་ལ། ཁྱེད་རང་གི་འདོད་པ་ཡོད་ན་ནི། ང་རང་ཁྱེད་ཀྱི་བཟའ་ཚང་བྱེད་རྒྱུར་འདོད་པ་ཡོད།

བློ་བཟང་གི་བན་སྡེ་འཚོས་སྐད་ཆ་དེས་སེམས་པའི་དབྱིངས་རིམ་སུ་འཇའ་མཚོན་ཤར་བ་ལྟར། ཆེས་ཡིད་དུ་འོང་བ་ཞིག་དུ་གྱུར་ནས། ག་ལེར་མོ་རང་རང་གི་ཉལ་ཁྲིའི་སྟེང་དུ་མར་གནན། དེ་དུས་དངོས་ནས་དུས་ཚོད་ཀྱང་ཏག་ཏག་ཞིག་ཆགས་ཀྱི་ཡོད་པ་འདྲ། སྐར་ཚོགས་ཀྱང་ག་ལེར་སྒེའུ་ཁུངས་ལས་བཞུར་ནས་འོང་གི་ཡོད་པ་མ་ཟད། སྲང་བར་གྱི་གློག་སྒྲོན་ཡང་ཁྲ་ལྷམ་མེར་འགྲོ་བཞིན་པ་དེས་ཁོ་གཉིས་ལ་དགའ་བསུ་ཞུ་བ་དང་ཁྱད་པར་མེད་པ་ལྟ་བུ་ཞིག་ཆགས།

བློ་བཟང་ག་ལེར་བན་སྡེ་འཚོས་སྟེང་དུ་བུད་ནས། ཁོ་མོའི་ཆེས་མཛེས་སྡུག་གི་ཞལ་རས་སྟེང་ལ་འོ་ཞིག་བསྐྱལ་ནས། དངོས་ནས་ཁྱེད་རང་མཛེས་མ་རེད། ངའི་སེམས་པ་ཡང་ལྷོག་ལྷོག་ལྡིང་གྱིན་འདུག འདི་ལ་བལྟས་ན། ང་རང་ཁྱེད་ལ་སྐྲག་སྣང་ཞིག་སྐྱེ་ཡི་འདུག་པ་འདྲ་ཟེར་ཞོར་དུ་བགད་མོ་ཞིག་དང་བཅས། ག་ལེར་རང་གིས་གོན་པ་འཕུད་དེ། བན་སྡེ་འཚོ་ལ་གོན་པ་འཕུད་པར་འབོད་སྐུལ་ཞུས་པ་ལྟར། མོས་ཀྱང་ག་ལེར་གོན་པ་རེ་རེ་བཞིན་ཉལ་གོས་ཀྱི་འོག་ནས་ངོ་ཚ་དང་བཅས་དེ་འཕུད།

སྐར་ཆ་ཁ་ཤས་ཤིག་གི་རིང་དུ་བློ་བཟང་གིས་མོ་རང་ལ་འཁྲིག་པ་སྤྱོད་རྒྱུའི་གྲ་སྒྲིག་བྱས་ན་ཡང་། མཇེ་ངན་གཏན་ནས་ཡར་མ་བླངས་སྟབས། ཁོ་རང་དངོས་ནས་རང་གིས་རང་ལ་ཡིད་གཏན་ནས་མ་ཆེས་པར། འདི་ག་རེ་བྱུང་བ་ཡིན་ནམ། དངོས་ནས་ང་རང་བུད་མེད་འདི་ལ་སྐྲག་གི་ཡོད་པ་ཡིན་རྒྱུ་མ་རེད། དེ་འདྲ་ཡིན་ཡང་མཇེ་ངན་འདི་མི་བླངས་དོན་གང་རེད་སྙམ་བཞིན། ག་ལེར་ཁོ་མོའི་འོ་འཛིན་ལ་རེག་པར་བརྩམས་དུས་སུ། བན་སྡེ་འཚོས། དེ་འདྲ་མ་བྱེད། ང་དངོས་ནས་ཟ་འཁྲུག་བླངས་ཀྱི་འདུག ནུ་མ་ལག་པ་མ་ཐུག དངོས་ནས་བདེ་བོ་མི་འདུག་ཞེས་བློ་བཟང་ལ་ཀུ་རེ་དང་བཅས་དང་ཞུ་བ་བྱས་པ་ལྟར། ཁོས་ཀྱང་ནུ་ཁེབས་ཀྱང་རང་འཇག་བཞག

བན་སྡེ་འཚོས། བློ་བཟང་གིས་མཇེ་ངན་གཏན་ནས་ཡར་མི་བླངས་པ་དེར་བཟོད་བསྒོམ་བྱེད་མ་ཐུབ་པར། མོ་རང་གིས་འདས་པའི་གཏམ་རྒྱུད་དེ་བློ་བཟང་ལ་བཤད་འགོ་བཙུགས། བློ་བཟང་། ང་རང་ལ་གསང་བ་ཞིག་ཡོད་པ་རེད། དེ་ཁྱེད་རང་ལ་མ་བཤད་པ་ཡིན་ན། ཕལ་ཆེར་འུ་གཉིས་ལུས་འབྲེལ་བྱེད་ཐུབ་པ་མ་རེད་ཅེས་བཤད་དུས། བློ་བཟང་དངོས་ནས་ཧ་ལས་པ་དང་བཅས། ཡིད་ཆེས་དཀའ་བའི་གནས་ཚུལ་དེར་ཉན།

བན་སྡེ་འཚོས། ང་རང་ཆུང་དུས་སུ་ང་ཚོའི་སྡེ་བའི་ནང་ནས་བཤད་སྲོལ་འདི་འདྲ་ཞིག་ཡོད་པ་རེད། ང་རང་ལ་གཉན་གྱི་བདག་པོ་བརྒྱབ་ཡོད་པ་རེད་ཟེར་ནས་གླེང་གི་ཡོད་ལ། སྤྱིར་བཏང་གི་སྐྱེ་ཕོ་རབས་སུ་ཞིག་ཡིན་ཡང་། ང་རང་ལ་ལག་པ་འཆིང་ཐུབ་མཁན་ཡོད་པ་མ་རེད། ལོ་ངོ་གསུམ་གྱི་གོང་དུ་ང་རང་ལ་དགའ་རོགས་འདས་པོ་ཞིག་ཡོད་མྱོང་བ་དེ་ངས་ཁྱེད་རང་ལ་བཤད་པ་དེ་ཡིན། ཁོ་དང་ངེད་གཉིས་དེང་ཐོག་ལྷན་དུ་བསྡོད་དུས་ཀྱང་། ཁོ་བོས་གཏན་ནས་ང་རང་ལ་ལུས་འབྲེལ་འཇོག་མ་ཐུབ་པར་མཚན་མོ་ཁ་ཤས་ཤིག་སོང་བ་རེད། ཡིན་ཡང་། ཁོ་རང་གིས་མུ་མཐུད་དུ་ང་རང་དང་ལྷན་དུ་ཉལ་བ་རེད། རྗེས་སུ་ངས་ཁོ་རང་ལ་གསང་བ་དེ་བཤད་པའི་མཚན་མོ་དེར་ངེད་གཉིས་ཀྱིས་ལུས་འབྲེལ་འཇོག་ཐུབ་པ་རེད།

ཨ་རོགས། ཁྱེད་རང་གང་དུ་འགྲོ་མཁན་ཡིན་ཟེར་ནས་མི་ཞིག་གིས་བློ་བཟང་ལ་སྐད་བཏང་། དེ་དུས། བློ་བཟང་ཕྱིར་དྲན་གྱི་ཀློང་ནས་བུད་དེ་རྐང་འཁོར་སྟེང་ནས་ཕྱིར་མིག་ཞིག་བལྟས་དུས་སུ། སྤག་སྤག་ཞོན་མཁན་གྱི་ཕོ་གསར་ཞིག་གིས་ཁོ་རང་ལ་འབོད་ཀྱི་ཡོད་པ་དེར་བལྟས།

མི་དེས། ཁྱེད་རང་འཇིགས་གྲོལ་ཚང་གི་བུ་རྒྱ་གར་དུ་ཡོད་པ་དེ་མ་རེད་དམ་ཟེར་ནས་དྲིས་དུས། བློ་བཟང་གིས། ཡིན། ཁྱེད་རང་སུ་ཡིན། ང་ཁྱེད་རང་གི་མི་ཤེས་ན་ཐང་། ཡིན་ཡང་། ཁྱེད་ཚང་གི་ཕ་རྒན་དང་ངེད་གཉིས་བཟང་ས་ཡག་པོ་ཞིག་ཡིན། ང་རང་སྡེ་བ་འདིའི་ནང་གི་ཡིན། ཆར་བ་ཐང་རེག་བར་དུ་ངེད་ཚང་ལ་སོང་ནས་ངལ་གསོས་དེ་སོང་ན། བློ་བཟང་གིས་མགོ་ལ་ཕུར་ཕུར་ཞིག་བྱེད་ཞོར་དུ། མིན་མིན། བཀའ་དྲིན་ཆེ། ད་ནི་གོན་པ་བརློན་པ་བཟོས་ཚར་འདུག སྐར་མ་ཁ་ཤས་ཤིག་གི་ནང་དུ་ཐོན་རྒྱུ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

མཆན། 3

  1. rhaloo says:
    ལོ་ 16 སྔོན།

    བར་སྐབས་ཞིག་ནས་ངས་བསམ་ཚུལ་ཞིག་སྤེལ་དགོས་བསམ་བསྡད་པ་ཡིན། བསམ་ཚུལ་དེ་མ་སྤེལ་ན་བསམ་ནས་ཀྱང་ཡུན་རིང་བསྡད་པ་ཡིན། དེ་རིང་ད་བསམ་ཚུལ་དེ་སྤེལ་གི་ཡིན།

    ཁྱོད་ཀྱི་སྒྲུང་འདི་ཀློག་གི་ཡོད། མུ་མཐུད་ནས་འབྲི་རོགས་ཞེས་རེ་སྐུལ་ཡང་ཞུ་གི་ཡིན། ཡིན་ཡང་། ཉིན་རེར་ཚན་པ་རེ་རེ་བྲིས་ནས་སྤེལ་ན་གང་འདྲ་འདུག དེང་སྐབས་ཟིན་བྲིས་ཀྱི་ས་ཆས་མ་འདེང་བར་ཡོད་དུས་ཤིག་ལ་ཁྱོད་གཅིག་པུས་ཟིན་བྲིས་གསར་ཤོས་ཀྱི་ས་མིག་བཅུའི་ཁྲོད་ཀྱི་བཞི་བཟུང་ནས་བསྡད་པ་ཡིན་ན་ཟིན་བྲིས་པ་གཞན་པ་མང་པོ་ཞིག་གི་ཟིན་བྲིས་རྣམས་རྐང་བཙུགས་ནས་ཀློག་མ་བཅུག་པའི་ཚོར་སྣང་དེ་འདྲ་མི་འདུག་གམ། དེང་སྐབས་ཟིན་བྲིས་འདི་དག་ཡ་མཚན་ཞིག་རེད།

    ཟིན་བྲིས་གསར་ཤོས་ནང་དུ་བོད་ཤ་ཁྲག་རུས་གསུམ་གྱིས་བཀང་འདུག ཟིན་བྲིས་ཁྱབ་ཤོས་ནང་དུ་ཨ་རིག་དགེ་མཐོང་དང་ཨ་རིག་འགྱུར་མེད་གཉིས་ཀྱིས་བཀང་འདུག ཨ་རིག་ཚང་གི་ཟིན་བྲིས་པ་གཉིས་ལ་དབང་འདུག

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    མ་སྐྲག་ག་ལེར་ཀློག སེམས་པ་གཡེང་བཞིན་ཀློག དེ་མིན་དཀའ་ངལ་འདྲ་འཕྲད་ན་ཐང་། ཧཧཧཧ

    Reply
  3. free sopu says:
    ལོ་ 16 སྔོན།

    ཁར་སང་བུ་མོ་དུས་ཁོག་ན་བུ་ཞིག་ཆགས་འདུག་ལབ་མ་སོང་ངེ་། ཨ་ཙི་གཉན་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese