མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ང་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༡༡
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཞོགས་པ་སྔ་བོ་བློ་བཟང་དང་ནུ་བོ་ལྷ་འབུལ་རྒྱལ་གཉིས་ཀྱིས་ཨ་མྱེ་ཁྲིད་ནས་དབྱར་སྐྱིད་གཏོང་སའི་རྩྭ་ཐང་གི་གླིང་ཁ་དེར་འབྱོར་ནས་ཡུན་རིང་མ་འགོར་བར། བློ་བཟང་གིས་རང་གི་ཨ་མ་སྒྲོལ་མ་འཚོ་དང་ནང་མི་དག་ལ་ནུ་བོ་ཀླུ་འབུམ་རྒྱལ་ཁོང་གཉིས་རྫོང་ཐོག་ལ་འགྲོ་འདོད་པ་ཡོད་རབས་བཤད་དུས། དྲིན་ཆེན་མ་ལོས། འགྲོ་ན་སྔ་བོ་སོང་། ཕྱིར་སྔ་བོ་ཤོག་ཞེས་གསུངས་པ་དེས་བློ་བཟང་གི་འདོད་ཐོག་ལ་རྒྱུགས།

བློ་བཟང་དང་ནུ་བོ་ཀླུ་འབུམ་རྒྱལ་གཉིས་སྤག་སྤག་ལ་གཉིས་འཕོང་བྱས་དེ་རྫོང་ཐོག་ལ་ལམ་མ་ཆས། ཁོ་གཉིས་རྫོང་རླངས་འཁོར་འབབ་ཚིགས་སུ་འབྱོར་དུས་སུ། ཀན་ལྷོ་ནས་ཡོང་བའི་རླངས་འཁོར་ཞིག་དང་འཕྲད་པ་དེ་ཡི་ནང་དུ་བན་སྡེ་འཚོ་དང་བན་སྡེ་འཚོའི་ཨ་ཅེ་གཉིས་ཀྱང་ཡོད་པ་མཐོང་ནས། བན་སྡེ་འཚོས་བློ་བཟང་མཐོང་མ་ཐག ལྷད་མེད་དངས་གཙང་གི་གཤིས་ཀ་དེས་གདོང་ལ་འཛུམ་མདངས་ལྷད་མེད་ཅིག་དང་བཅས། ཁྱེད་རང་བདེ་མོ། ཞོར་དུ་ཁོའི་ནུ་བོ་ལ་ལྟ་ཞོར་དུ། ཁྱེད་གཉིས་ཀྱིས་ཡུན་རིང་སྒུག་ཡོད་རྒྱུ་རེད་ཅེས་བཤད།

བན་སྡེ་འཚོའི་ཨ་ཅེ་ཡིས་བློ་བཟང་མཐོང་བ་དང་བགད་མོ་དགོད་ཞོར་དུ། བན་སྡེ་འཚོའི་རྣ་ནང་དུ་ཤུབ་ཤུབ་ཞིག་བཤད་པ་དེས་ཁོ་གཉིས་ལ་ཅུང་མི་བདེ་བའི་ངང་ཚུལ་ཞིག་བཟོས་ཀྱང་། བློ་བཟང་གིས་སྣང་དོག་མེད་ཁུལ་དང་བཅས་དེ། ཡ་་་ ད་འགྲོ ཁྱེད་གཉིས་ཀྱིས་ནངས་ཇ་འཐུང་ཡོད་རྒྱུ་མ་རེད། ཕར་ཕྱོགས་ཀྱི་ཟ་ཁང་དེར་སོང་ནས་ཕྱེ་ཐིག་ཚ་བོ་ཞིག་འཐུང་ནས། ང་ཚོ་རི་ཁྲོད་པ་ཡོད་སར་འགྲོ་ཆོག་གི་རེད། ད་ལྟ་དུས་ཚོད་སྔ་བོ་རེད་ཅེས་བཤད་བཞིན། ཁོ་རང་མགོ་བྱས་དེ་ཟ་ཁང་གི་ཕྱོགས་སུ་སོང་།

བློ་བཟང་གིས་ཁྱེད་གཉིས་ཀྱི་ཞེ་ཐིག་གང་འཐུང་འདོད་འདུག ངེད་གཉིས་ཀྱིས་དབྱར་སྐྱིད་གཏོང་ས་ནས་ནངས་ཇ་རྒྱག་ཚད་འཐུང་ཟིན་པས་དངོས་ནས་འཐུང་ས་ཞིག་གཏན་ནས་མི་འདུག ཁྱེད་གཉིས་ཀྱིས་ཞེ་ཐིག་ཚ་བོ་རེ་འཐུང་རྗེས། ང་རང་དང་བན་སྡེ་འཚོ་གཉིས་གླ་བྱེད་རླངས་འཁོར་ཞིག་གི་ནང་དུ་ས་དཀར་སྡེ་བའི་ཞབས་བར་དུ་འོང་། ཁྱེད་གཉིས་སྔོན་དུ་སོང་། ཀླུ་འབུལ་རྒྱལ་ལ་སྤག་སྤག་ཞིག་ཡོད་པ་རེད། དེ་ཡིས་ཁྱེད་རང་སྔོན་དུ་བསྐྱལ། དེ་ནས་ངེད་གཉིས་ཕྱིར་ལེན་དུ་ཡོང་ན་འགྲིག་གི་རེད་ཅེས་བཤད་པ་དེར་ཚང་མས་མོས་མཐུན་བྱས།

གླ་བྱེད་རླངས་འཁོར་དེ་ཡི་ནང་ནས། བློ་བཟང་གིས་བན་སྡེ་འཚོའི་ལུས་སྟེང་གི་རྒྱན་ཆ་ཡོངས་ལ་ཞིབ་བལྟ་ཞིག་བྱས། རྣ་ལུང་། མཛུབ་དཀྲིས། སྐེ་འདོག་བཅས་ཚང་མ་གསེར་བཏགས་ཡོད་པ་དེས་བློ་བཟང་གི་སེམས་སུ་མི་བདེ་བ་ཞིག་བྱུང་ན་ཡང་། གང་ཡང་མ་བཤད་པར། ཉེ་སྔོན་ཁོས་ཉོས་པའི་གོན་པ་ཆ་ཚང་ཉིན་དེར་གོན་ཡོད་པ་དེར་བལྟས་དེ་དངོས་ནས་གོན་པ་འདི་ཚོ་ཁྱེད་རང་གིས་གོན་པ་ཡིན་ན་ཇེ་ཡག་ལ་སོང་འདུག་ཟེར་ནས་སྐད་ཆའི་མགོ་བཙུགས།

བན་སྡེ་འཚོས། དགོད་ཙམ་བྱེད་པ་ལས་སྐད་ཆ་དེར་ཐད་ཀར་ལན་གང་ཡང་མ་བཏབ་ཀྱང་། སྐད་ཆ་གཞན་ཞིག་གི་མགོ་ནས་བཟུང་། ཁྱེད་རང་དོ་ནུབ་ང་དང་འགྲོག་ནས་ང་རང་གི་ཕ་ཡུལ་མཛོ་དགེ་རུ་འགྲོ་ཐུབ་ཀྱི་འདུག་གམ། ངས་ཁྱེད་རང་ང་དང་འགྲོག་ནས་རང་གི་ཕ་མ་གཉིས་ལ་ཐུག་འཕྲད་ཅིག་བྱེད་དུ་སོང་ན་བསམ་གྱི་ཡོད། ངས་རང་གི་ཕ་མ་གཉིས་ལ་ཡང་གསལ་བོ་བཤད་ཟིན་པ་ཡིན་ལ། དེ་ཡི་སྟབས་ཀྱི་ད་རེབས་ཁྱེད་རང་ཡོང་མ་ཐུབ་པ་ཡིན་ན། ང་རང་གི་ཨ་ཅེ་ཡིས་ཁྱེད་རང་ལ་ཁ་བརྡ་ཞིག་བྱེད་པ་དང་ཐུག་འཕྲད་ཅིག་བྱེད་འདོད་ཀྱིས་ཁོ་མོ་ང་རང་དང་ལྷན་དུ་ཡོང་བ་རེད་ཅེས་བཤད།

བློ་བཟང་གིས། དོ་ནུབ་ང་རང་ཁྱེད་དང་འགྲོག་ནས་ཕལ་ཆེར་འགྲོ་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། ང་རང་ད་ལྟ་ནང་དུ་སླེབས་ནས་ཉིན་གཉིས་ལས་སོང་མེད་སྟབས། ངས་ད་དུང་འུ་གཉིས་ཀྱི་སྐོར་ནུ་བོ་ལྷ་འབུལ་རྒྱལ་ལ་མ་གཏོགས་སུ་ཡང་བཤད་མེད། ཁྱེད་རང་དོ་ནུབ་བསྡད་ན་འགྲིག་གི་མ་རེད་དམ། འདི་ནས་བསྡོད་འདོད་མི་འདུག་གམ་ཞེས་བཤད།

བན་སྡེ་འཚོས། ང་རང་འདུག་འདོད་ལོས་ཡོད། འོན་ཀྱང་། ཨ་ཅེ་དོ་ནུབ་ཕྱིར་མ་སོང་བ་ཡིན་ན་ཀན་ལྷོའི་གྲོང་ཁྱེར་ནང་དུ་ཁང་བ་སྟོང་བ་ལུས་ཀྱི་ཡོད་པ་རེད་ལ། ཁོ་མོ་བསྡོད་འདོད་ཡོད་མེད་དེ་ཡང་ངས་མི་ཤེས། ཁྱེད་རང་གིས་བཤད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག གཅིག་བྱས་ན། མོ་རང་གིས་གྲོགས་མོ་ཞིག་ལ་ཁ་པར་བརྒྱབ་དེ་ཁང་སྲུང་བྱེད་དུ་བསྔགས་ཆོག་གི་རེད། འོན་ཀྱང་། ངེད་གཉིས་གང་དུ་བསྡོད་ཅེས་བཤད།

བློ་བཟང་གིས། རྫོང་ཐོག་འདི་ནས་མགྲོན་ཁང་ཞིག་གླས་དེ་ཁྱེད་གཉིས་དེ་རུ་བསྡད་པ་ཡིན་ན། ང་རང་དོ་ནུབ་ནུ་བོ་དང་འགྲོག་ནས་ཕྱིར་རྫོང་ཐོག་དུ་ཡོང་བ་ཡིན་ན་ག་འདྲ་འདུག དེ་མིན་ན། ནུ་བོའི་ཁང་བ་ནང་དུ་མི་སུ་ཡང་ད་ལྟ་ཡོད་པ་མ་རེད། བཟའ་ཚང་བཀང་བོ་དབྱར་སྐྱིད་གཏོང་སར་ཡོད་པ་རེད། དེ་ཡིན་དུས། ངེད་གཉིས་ཕྱི་དྲོ་སྤག་སྤག་བཏང་ནས་ཁྱེད་གཉིས་ལེན་དུ་ཡོང་བ་ཡིན་ན་ག་འདྲ་འདུག སང་ཞོགས་ངས་ཁྱེད་གཉིས་ཕྱིར་རྫོང་ཐོག་དུ་བསྐྱལ་བ་ཡིན་ན་འགྲིག་གི་རེད་ཅེས་བཤད།

ཁོ་གཉིས་ཀྱིས་ཁ་བརྡ་དེ་ལྟར་བྱས་ནས་ས་དཀར་སྡེ་བའི་འདབས་སུ་སླེབས་པ་ཡང་མ་ཚོར་བར། ཅུང་ཙམ་མིན་ན་ས་དཀར་སྡེ་བ་སྐྱུར་ནས་འགྲོ་གྲབས་ཡོད་པའི་སྐབས་དེར། གླ་བྱེད་རླངས་འཁོར་གྱི་རྒྱབ་ལོག་ནས་ནུ་བོ་ཀླུ་འབུལ་རྒྱལ་གྱིས་སྤག་སྤག་གི་དུང་སྒྲ་བརྒྱབ་པ་དང་བསྟུན་གླ་བྱེད་རླངས་འཁོར་གྱིས་ཁ་ལོ་བའི་ཁྱེད་གཉིས་ཀྱི་ཁོ་རང་ངོ་ཤེས་ཀྱི་ཡོད་དམ་ཟེར་ནས་དྲིས།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 7

  1. sha tak ri sim says:
    ལོ་ 15 སྔོན།

    སྤུན་ཟླ་དག་གིས་བློ་བཟང་གི་སྒྲུང་འདི་ལ་ཀློག་མཁན་ཞིག་གི་ངོས་ནས་ཀློག་དུ་ཕེབས་པ་དང་བསམ་ཚུལ་བརྗོད་མཁན་ཞིག་གི་ངོས་ནས་བསམ་ཚུལ་གསུངས་པ་དེ་དག་ལ་དགའ་ཡོད། གཅན་བཟོད་རྒྱམ་ལགས། ཉིད་ནས་དྲན་སྐུལ་ཡག་པོ་ཞིག་བཏང་བ་ལྟར། ངས་ཀྱང་རང་གིས་བྲིས་པའི་ཨང་གྲངས་དག་བརྗེ་བོ་བརྒྱབ་ཟིན་པ་ཡིན། རྗེས་ཕྱོགས་ཀྱང་དེ་ལྟར་ལམ་སྟོན་རེ་གནང་རྒྱུ་མ་བརྗེད་ཅིག ལྷོ་ཕྲུག་སྣ་བོ་ཆེ་ལགས་ཉིད་ཀྱིས་རེ་འདོད་སྒྲུབ་ཟིན་པ་ཡིན།

    Reply
  2. lhotruknawoche says:
    ལོ་ 15 སྔོན།

    ཁོ་པས་སྐད་ཆ་འདི་བུད་སོགས་མང་ས་ནས་བཤད་པ་སྟབས་དངོས་གནས་ང་ཚ་དང་ཁ་སྐྱེངས་ཀྱི་ཚོར་བ་ཞིག་བྱུང་།

    བརྗོད་དུམ་འདིའི་ནང་ནང་ནོར་འཁྲུལ་ཁག་ཅིག་བྱུང་འདུག་པས་གཤམ་འདིར་བཅོས་ཡོད།

    ཁོ་པས་སྐད་ཆ་འདི་བུད་མེད་སོགས་མང་ས་ནས་བཤད་སྟབས་དངོས་གནས་ངོ་ཚ་དང་ཁ་སྐྱེངས་ཀྱི་ཚོར་བ་ཞིག་བྱུང་།

    གལ་ཏེ་གོང་བཀོད་ཡི་གེ་འདི་ཁྱེད་ཀྱི་ཟིན་བྲིས་ནང་འགོད་སྟབས་མི་བདེ་བ་བྱུང་ཚེ་ལན་ཞིག་གནང་རོགས།       ཁོ་བོས་གཞན་ཞིག་ཏུ་རེ་སྐུལ་བྱས་ཆོག

    བྱ་བ་ལམ་འགྲོ་དང་རྗེས་ཕྱོགས་དུས་ཁོམ་མ་བྱུང་ཚེ་ལོ་གསར་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ད་ལྟ་ནས་ཞུས་ཡོད་ལ་ནང་མི་ཡོངས་རྫོགས་ལོ་གསར་པའི་ནང་སྤྲོ་སྐྱིད་ཡོང་བ།       བོད་དོན་བདེན་མཐའ་གསལ་ཞིང་༸ཡིད་བཞིན་ནོར་བུའི་སྐུ་བགེགས་རྨེག་མེད་དུ་ཞི་སྟེ་མཛད་འཕྲིན་ཡར་ཟླ་ལྟར་རྒྱས་པའི་སྨོན་ལམ་འདེབས།

    Reply
  3. lhotruknawoche says:
    ལོ་ 15 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས།

    སྐུ་ཁམས་བཟང་ངམ། དེ་རིང་ངས་ཁྱེད་ལ་རེ་བ་ཞིག་འདོན་དགོས་པ་བྱུང་།
    དེ་ནི་གཤམ་གྱི་ཁོ་བོའི་སྐད་ཆ་འདི་མཆན་སྒམ་ལས་བཏོན་ཏེ་ཁྱེད་ཀྱི་ཟིན་བྲིས་ནང་འགོད་གནང་ཡོང་བ་ཞུ་ཞེས་ཞུ་འདོད་པ་དེ་ཡིན། ཁྱེད་ཀྱི་ཟིན་བྲིས་འདི་ཀློག་མཁན་མང་བའི་ཆ་ནས་གནས་ཚུལ་འདི་ཏོག་ཙམ་ཁྱབ་ཆེར་གོ་ཐུབ་པ་ཞིག་བྱུང་ན་བསམ་པས་ཡིན།
    གལ་ཏེ་ཉིད་ལ་སྟབས་མི་བདེ་བའི་དགོངས་ཚུལ་བྱུང་ཚེ་དེ་ལྟར་མ་བཀོད་ཀྱང་འགྲིག

                         འཁྲིག་སྤྱོད་ཀྱི་བརྙན་པར་དང་སེམས་ཁྲལ།

    བཀུར་འོས་སྤྱིར་གྱི་དྲྭ་གྲོགས་ཁག་དང་ལྷག་དོན་རབ་བྱུང་གི་རྟགས་ཆ་ལུགས་འཆང་མཁན་ཡོངས་ཀྱི་སྙན་ལམ་དུ།

    དེང་སང་གློག་ཀླད་ཀྱི་ཤེས་ཡོན་དང་གནས་ཚད་རྒྱུན་མི་ཆད་པར་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར་ང་ཚོས་སོ་སོའི་སྐད་ཡིག་སྲུང་སྐྱོབ་དང་ཤེས་བྱའི་གནས་ལུགས་འཚོལ་ཞིབ་སོགས་མི་ཚེའི་ནང་འདོར་དུ་མེད་པའི་གནད་དོན་མང་དག་ཅིག་གི་བྱ་བ་དྲྭ་རྒྱ་བརྒྱུད་ནས་སྒྲུབ་ཀྱིན་ཡོད་པ་རེད། མདོར་བསྡུས་ནས་བཤད་ན་དེང་སང་དྲྭ་རྒྱའི་མཐུན་རྐྱེན་འདི་མེད་ན་འཇིག་རྟེན་འདིར་འཚོ་གནས་མི་ཐུབ་པའི་ཚད་ལ་བསླེབས་ཡོད་པ་ཡིན།

    ང་ཚོའི་འཚོ་བའི་ནང་འདི་ལྟའི་གལ་ཆེན་གྱི་གནས་བབ་ཟིན་པའི་བརྒྱུད་ལམ་འདི་བེད་སྤྱོད་གཏོང་ཤེས་ན་རླབས་ཆེན་གྱི་བྱ་བ་བསྒྲུབ་པའི་གོ་སྐབས་ཡོད་ཅིང་བེད་ལོག་ཏུ་སོང་ན་རླབས་ཆེན་གྱི་ནོར་འཁྲུལ་ཤོར་བའི་གོ་སྐབས་ཀྱང་ཡོད་པ་ཡིན།
    ཆོས་ཕྱོགས་ནས་བཤད་ན་དེ་སྔ་སྤྱན་དང་མངོན་ཤེས་ཀྱིས་བསྒྲུབ་དགོས་པའི་བྱ་བའི་རིགས་མང་དག་ཅིག་དེང་སང་དྲྭ་བའི་བརྒྱུད་ལམ་ནས་སྟབས་བདེ་པོས་བསྒྲུབ་སྐབས་ཡོད་ཅིང་།
    ཏོག་ཙམ་འུད་ཤོབ་ཀྱིས་བཤད་ན་མཆོག་གི་སྤྲུལ་སྐུའི་མཛད་པ་ཁག་ཅིག་ཀྱང་ཕྱོགས་མཐུན་ཙམ་ཞིག་ས་ལམ་སྒྲུབ་པ་ལ་ལྟོས་མི་དགོས་པར་དྲྭ་རྒྱའི་མཐུན་རྐྱེན་ལ་བརྟེན་ནས་མལ་ཁྲི་གྲུ་བཞིའི་སྟེང་ནས་ཉལ་སྟབས་ཀྱིས་བསྒྲུབ་ཐུབ་པ་འདུག

    སྲིད་ཕྱོགས་ཀྱི་གནས་སྟངས་དང་འབྲེལ་ནས་བཤད་ན་ཚར་རབས་མི་འདུག་ཀྱང་དོན་སྙིང་བསྒྲིལ་ན་དེང་སང་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཁག མི་སྒེར་སོགས་ཡོངས་རྫོགས་ཀྱི་སྲིད་འབྱོར་རིག་གསུམ་གྱི་གནད་དོན་ཡོངས་རྫོགས་དྲྭ་རྒྱའི་བརྒྱུད་ལམ་ལ་བརྟེན་ཡོད་པ་འདིས་ཤེས་ནུས་པ་ཡིན།

    འདི་ལྟའི་ཕན་ནུས་རླབས་ཆེན་ལྡན་པའི་ཆ་ནས་བཤད་ན་གྲྭ་པ་ཞིག་གི་ངོས་ནས་དྲྭ་རྒྱ་བེད་སྤྱོད་གཏོང་བ་འདི་འོས་ཤིང་འཚམ་པ་རེད། འོན་ཀྱང་དྲྭ་རྒྱའི་ཤེས་ཡོན་དང་གནས་ཚད་ཀྱིས་ང་ཚོ་མ་སྒུག་པར་རྒྱུན་མི་ཆད་པར་ཡར་རྒྱས་འགྲོ་བའི་སྐབས་འདིར་ང་ཚོས་གཟབ་གཟབ་ངེས་པར་བྱེད་དགོས་པའི་དོན་དག་ཁག་ཅིག་འདུག ལྷག་དོན་རབ་བྱུང་ཚོས་གཟབ་དགོས་ཀྱི་འདུག

    དཔེར་ན་འཁྲིག་སྤྱོད་ཀྱི་བརྙན་པར་སོགས་གང་བྱུང་གང་འདོད་དུ་བལྟ་བསྔོག་བྱ་རྒྱུ་འདི་ཡིན། གྲྭ་པ་ཚོར་དངོས་སུ་འཁྲིག་སྤྱོད་ཀྱི་ལག་ལེན་བྱེད་སྐབས་མེད་སྟབས་ལྟད་མོ་འདི་རིགས་བལྟ་བའི་སྤྲོ་སྣང་དང་གྲངས་ཀའི་ཆ་ནས་བཤད་ན་སྐྱ་མི་ལས་མང་ཚོད་ཡིན་པ་འདྲ། གཅིག་བྱས་ན་མཚར་སྣང་དང་དྭོགས་སྣང་གི་རྐྱེན་གྱིས་ཀྱང་ཡིན་སྲིད། གང་ལྟར་ཡང་གྲྭ་པ་ཚོས་སོ་སོའི་གློག་ཀླད་ནང་ཕྱི་ནང་གི་གནས་སྟངས་ཡོངས་རྫོགས་ཤེས་མཁན་སོ་སོ་ལས་མེད་སྙམ་གྱི་ལོག་རྟོག་དེ་བཅངས་ནས་གང་བྱུང་བལྟ་བསྔོག་མ་བྱེད་རོགས།

    དྲྭ་རྒྱའི་ཡར་རྒྱས་འདི་ཧ་ཅང་ཚད་མཐོ་བའི་དབང་གིས་ཁྱེད་ཀྱི་གློག་ཀླད་ནང་གི་གསང་བ་ཡོངས་རྫོགས་དང་ལྷག་དོན་ཁྱེད་ཀྱིས་ཁྱེད་རང་གི་གློག་ཀླད་ནང་ཡི་གེ་ཀ་ལྟ་བུ་ཞིག་འབྲི་ཡི་ཡོད་པའི་གསང་བ་དེ་ཡང་ཁྱེད་དང་འབྲེལ་མེད་ཅིག་གིས་ལེ་དབར་སྟོང་ཕྲག་གི་ཕ་རོལ་ནས་ཧ་གོ་ཡིན་འདུག འདི་རྣམ་མཁྱེན་གྱིས་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་ལྟར་གཞལ་ཟེར་བའི་ཡོན་ཏན་དེ་དང་ཕྱོགས་མཐུན་ཙམ་ཞིག་ཡིན་པ་འདྲ།

    དེ་རིང་ཉིན་དགུང་ངོ་ཤེས་ཕོ་གསར་ཞིག་དང་ལབ་གླེང་སྐབས་འབྲེལ་ཡོད་དྲྭ་རྒྱའི་སྐོར་གྱི་ཆེད་མཁས་པ་ཞིག་གིས་དུས་རྒྱུན་དྲྭ་རྒྱ་དང་འབྲེལ་བའི་ལས་དོན་སྒྲུབ་པའི་བརྒྱུད་རིམ་ནང་དགོན་སྡེ་ག་གེ་མོ་ཞིག་གི་དགེ་འདུན་པ་དྲྭ་རྒྱ་སྤྱོད་མཁན་ཁག་གིས་འཁྲིག་སྤྱོད་གློག་བརྙན་བལྟ་བསྔོག་བྱས་པའི་གྲངས་ཚད་ནི་ཧ་ལས་པ་ཞིག་ཡིན་པ་ཤེས་འདུག
    ཁོ་པས་སྐད་ཆ་འདི་བུད་སོགས་མང་ས་ནས་བཤད་པ་སྟབས་དངོས་གནས་ང་ཚ་དང་ཁ་སྐྱེངས་ཀྱི་ཚོར་བ་ཞིག་བྱུང་།

    འདིའི་སྐབས་ངས་གོང་གི་མཚར་སྣང་དང་དྭོགས་སྣང་ཞེས་པའི་འགྲེལ་བཤད་དེ་བརྒྱག་ཐབས་བྱས་པ་ཡིན། འོན་ཀྱང་འགྲེལ་བཤད་འདིས་ང་ཚོའི་ངོ་གདོང་སྦས་འགེབ་བྱ་རྒྱུ་ལས་སླ་པོ་མ་རེད།

    སྤྱིར་ཡིན་ན་དགོན་སྡེ་ག་གེ་མོ་ཞེས་ངེས་བཟུང་མེད་པའི་སྐད་ཆ་བཤད་རྒྱུ་འདི་འོས་འཚམ་ཡིན་མིན་ཐག་གཅོད་དཀའ་བ་ཞིག་ཡིན། འོན་ཀྱང་གནས་དུས་ལ་ལར་དངོས་མིང་དང་བྱུང་བ་ཡོངས་རྫོགས་དམར་དམར་བརྗེན་བྱ་རྒྱུ་འདིར་ཁེ་ཕན་དང་དགེ་མཚན་ཆུང་ལ་སྐྱོན་ཆ་དང་ནོར་འཁྲུལ་ཆེ་བའི་གོ་སྐབས་ཀྱང་ཡོད་པ་རེད། དེར་བརྟེན་ངོས་ནས་གནད་དོན་ཡོངས་རྫོགས་གསལ་པོ་མ་བཟོས་པ་འདི་འཇིགས་སྐྲག་ཅིག་ཡོད་པའི་ཆ་ནས་སམ་ཡང་ན་སྤྱི་ཚོགས་ནང་གཞི་མེད་ཀྱི་གླེང་ཕྱོགས་ཤིག་བཟོ་འདོད་ཀྱི་དབང་གིས་མིན་པ་མཁྱེན་པར་འཚལ།

    Reply
  4. kawakampo says:
    ལོ་ 15 སྔོན།

    ཨ་དྲིན་ཅན་པོ་ད་མགྱོགས་པོར་འགོད་རོགས་ཁ་གཡར་ས་དག་དག་
    ཁྱེད་ཀྱི་མཆན་དང་ཟིན་བྲིས་ལ་ཚོད་འཛིན་སུས་བྱེད་་་་་

    Reply
  5. chentsasopa says:
    ལོ་ 15 སྔོན།

    ལྔ་བཅུ་ནང་ནས་བརྩི་དུས་ང་ལྔ་ང་དྲུག་ཟེར་ནས་བརྩི་བ་རེད། ལྔ་ལྔ་དང་ལྔ་དྲུག་ཟེར་ནས་བརྩི་གི་མ་རེད། འདི་ཚོ་ཆོས་ཞོགས།

    Reply
  6. Dre Sha Zen says:
    ལོ་ 15 སྔོན།

    ་་་ལི་ཐང་་་་ཨ་འདའ་་སྐུ་འགྲོན་ཕེབས་འདུག་མོད་་་་ང་ཚོའི་ལོ་གསར་གཏོངས་རྩིས་ཁྱོན་ནས་་མེད་་་་་ཀ་ར་བུ་རམ་ཕར་ཞོགས་་ཇ་ཚ་པོ་ཞིག་ལ་ཡང་བྲོ་བ་མི་འདུག་་་ཧཧཧཧ།་་་བོད་་་ཤ་ཁྲག་རུས་མསུམ་ངོས་ནས་ཀྱང་འགྲོན་པོ་མང་ངོས་ལེན་བྱེད་གི་མདུག་་་་ཧཧཧཧཧ་་་་ཁ་་དྲོ་་་བཀྲ་ཤིས་བདེ་ལེགས་ཡོད་་་་་་་་་་་་་་བཀླགས་ནས་བུད་སོང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  7. beri Palden Namgyal says:
    ལོ་ 15 སྔོན།

    དྲ་གྲོགས་བཟང་པོ་བོད་ཤ་ཁྲག་ལགས་་་་་་་དེ་རིང་ཡང་ཁྱེདཀྱི་ཟིན་བྲིས་སུ་སྐུ་འགྲོན་ཞིག་འབྱོར་ཡོད་ད་་་་་་་་་་དངོས་སྒྲུང་འདི་ཚོ་དངོས་གནས་སྙན་པོ་འདུག་མུ་འཐུད་དེ་ཡིན་ད་་་་་་་་་་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྷན་དུ་གོ་སྐབས་རེ་ཡོད་ཚེ་སེམས་ཀྱི་གླུ་སྒྲ་རུ་སྐུ་འགྲོན་ཕེབས་ན་བཟང་་་་་་་་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese