མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚང་མ་བསྐོངས་ནས་གསང་བ་བྱས། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༧༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱལ་སྤྱིའི་ཆབ་སྲིད་ཀྱི་ནམ་ཟླ་གྲང་ཤུར་རེར་ཡོད་པའི་སྐབས་ཤིག་ལ། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་པེ་ཅིན་ནས་ཕྱིར་ངྷ་སར་འབྱོར་བྱུང་། དེ་དུས་མང་ཆེ་བ་ཞིག་གིས་ཁུ་བྱུག་དང་ཁྭ་ཏ་གང་ཡིན་སྔ་ས་ནས་ཐག་བཅད་ཚར་ཡོད། དེ་ལྟར་ཀྱང་། ད་རེབ་ནམ་རྒྱུན་དང་མི་འདྲ་བའི་འགྱུར་བ་ཕྲན་བུ་ཞིག་མཐོང་བ་ནི། ཕྱོགས་གཉིས་ཀས་གསར་འགོད་གསལ་བསྒྲགས་སྤེལ་སྟངས་དེ་རེད།

ཐེངས་འདིར་སྐུ་ཚབ་ཚོའི་ཕྱོགས་ནས་བློ་ཕམ་གྱི་སྐད་ཆ་མེད་པར། མངོན་གསལ་མིན་པའི་གྲུབ་འབྲས་ཤིག་ཁྱེར་ནས་ཡོང་ཡོད། གྲུབ་འབྲས་དེ་ནི་ཁོང་ཚོའི་ཤུགས་རྐྱེན་ལས་བྱུང་བ་ཡིན་པའི་ལྟ་ཚུལ་བཟུང་ཡོད། དཔེར་ན། རྒྱ་རི་རིན་པོ་ཆེ་མཆོག་གིས་ང་ཚོར་དོན་དངོས་ཀྱི་གྲུབ་འབྲས་དགོས་པ་མ་གཏོགས། ང་ཚོར་ངོ་སོ་མི་དགོས་ལ། ༧གོང་ས་མཆོག་ལའང་ངོ་སོ་དགོས་གི་མ་རེད་ཅེས་གསུངས་པ་དེ་ལས་བསྟན། ང་ཚོའི་སྐུ་ཚབ་ཚོར་མཚོན་ན། ཉེ་ཆར་ཀྲུང་དབྱང་གིས་བོད་ཐོག་གཏན་འབེབས་བྱས་པའི་སྲིད་བྱུས་གསར་པ་དེའི་ནང་དུ་བོད་མིའི་ཕྱོགས་ནས་གླེང་བཞིན་པའི་མི་རིགས་ཀྱི་མངོན་འདོད་གང་འཚམ་ཚུད་ཡོད་པ་ནི་བོད་རྒྱ་འབྲེལ་མོལ་གྱི་གྲུབ་འབྲས་ཡིན། དེར་བརྟེན་ཚུར་ཆ་རྐྱེན་གསར་པ་ཅི་ཞིག་བཏོན་ཀྱང་དེ་མི་ཐེག་པའི་དཀའ་ངལ་དང་སྡུག་ཡུས་ཀྱང་མེད་པར་གྱུར་ཡོད།

ཁོང་ཚོས་གནས་སྐབས་རིང་བློ་བདེ་བག་ཕབ་ཀྱི་ངང་ནས་ཀྲུང་དབྱང་གིས་ཚུར་བཏོན་པའི་ཆ་རྐྱེན་ཁག་ལ་སློབ་སྦྱོང་དང་། ཀྲུང་དབྱང་གིས་བོད་ཐོག་བཟུང་བའི་སྲིད་བྱུས་གསར་པ་ལག་བསྟར་བྱེད་ཕྱོགས་ལའང་ལྟ་རྒྱུ་ཡིན་ཟེར།

ཐེངས་འདིར་སྐད་ཤོར་མཁན་ནི་རྒྱ་ནག་གི་ཕྱོགས་ཡིན། སྐུ་ཚབ་ཚོ་ལྡི་ལིའི་གནམ་ཐང་ལ་མ་འབྱོར་གོང་ནས་སྡིགས་ར་འཐེན་མགོ་བཙུགས། དེ་དང་མཉམ་དུ་ཐེངས་དང་པོར་འབྲེལ་མོལ་འདིའི་གྲུབ་འབྲས་སྐོར་ལ་འཛམ་གླིང་གི་གསར་འགོད་པ་དག་བསྡུས་ནས་ལན་འདེབས་བྱས། དེ་ནི་འབྲེལ་མོལ་གྱི་གྲུབ་འབྲས་གསལ་བོ་བཟོ་འདོད་པས་མ་ཡིན་པར། གྲུབ་འབྲས་དེ་དག་གསང་བ་བྱེད་པའི་ཆེད་དུ་ཡིན། འཛམ་བུའི་གླིང་ལ་གཅིག་གྱུར་གྱིས་གསང་བ་བྱས་ཡོད། དེ་དང་མཉམ་དུ་བོད་ས་ཁུལ་གྱི་བརྙན་འཕྲིན་བརྒྱུད་ལམ་ཁག་ལའང་ཐེངས་འདིའི་འབྲེལ་མོལ་སྐོར་གྱི་གསར་འགོད་གསལ་བསྒྲགས་དེ་ཉིན་དང་མཚན་ལ་མཐུད་ནས་ཡང་དང་བསྐྱར་དུ་བསྒྲགས། འདི་ཡ་མཚར་ཡིན་ལ། གནས་ཚུལ་གསར་པ་ཡང་ཡིན། མདོ་དོན་བོད་མི་རིགས་ལའང་ཐེངས་འདིའི་འབྲེལ་མོལ་གྱི་གྲུབ་འབྲས་ངོ་མ་དེ་གསང་བ་བྱེད་པའི་ཆེད་དུ་ཡིན། འདི་གསང་བ་བྱེད་དོན་ལ་རྒྱུ་མཚན་གལ་ཆེན་པོ་དེ་འདྲ་ཡོད། དཔེར་ན། བོད་མི་རིགས་དང་འཛམ་གླིང་མི་དམངས་ཀྱིས་བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་ཕྲན་བུ་ཙམ་འབྱུང་གི་ཡོད་པ་ཤེས་རྟོགས་བྱུང་ཚེ་བོད་མིའི་འཐབ་རྩོད་ཀྱི་རེ་བ་དང་ཆོད་སེམས་ཇེ་བརྟན་དུ་འགྱུར་བར་དོགས་ནས་རྣམ་འགྱུར་གྲང་མོ་སྟོན་པ་དང་། མུ་མཐུད་ནས་༧གོང་ས་མཆོག་ལ་མཚན་སྨོད་བྱ་དགོས་པར་གྱུར་ཡོད།

སྐུ་ཚབ་རྣམ་པའི་ཞོར་དུ་ངས་ཀྱང་བྱེད་མི་རུང་བ་བཞི་དང་བོད་ཐོག་བཟུང་བའི་སྲིད་བྱུས་གསར་པའི་ཕྱོགས་ལ་འཁྱུག་ཙམ་རིང་སློབ་སྦྱོང་བྱས་པ་ཡིན། ངས་གོ་བ་ལྟར་ན། རྒྱ་ནག་གིས་བོད་ལ་ཆབ་སྲིད་ཀྱི་འགྱུར་བ་མ་བཏང་བའི་སྔོན་ལ། དཔལ་འབྱོར་དང་འཕྲོད་བསྟེན། ཤེས་ཡོན་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་དེ་རེད། འགྱུར་བ་འདི་འདྲ་ཞིག་མི་གཏོང་ཐབས་མེད་ཀྱི་གནས་སུ་གྱར་ཡོད། བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་ནི་ཀྲུང་གོའི་རྩ་ཁྲིམས་ལ་འགལ་བསྡད་ལུགས་བཤད་པ་དེ་ནི་ཆབ་སྲིད་ཀྱི་ཕྱོགས་ནས་འགྱུར་བ་ཞིག་ཡོང་རྒྱུ་མེད་པའི་རྣམ་འགྱུར་བསྟན་པ་རེད། འོན་ཀྱང་། འདི་ནི་ཡོང་མི་སྲིད་པ་ཞིག་ཁྱོན་ནས་མིན་པ་དེའང་ཕྱོགས་གཉིས་ཀར་ཡིད་ཆེས་བརྟན་པོ་ཡོད།

ད་ནི་སྐུ་ཚབ་རྣམ་པ་དང་བོད་རིགས་ཡོངས་ལ་གསལ་འདེབས་བྱ་རྒྱུ་ཞིག་ལ། སྲིད་བྱུས་གསར་པ་འདིས་རྒྱ་སྒོར་དུང་ཕྱུར་མང་པོ་སླར་ཡང་ཡར་ཀླུང་གཙང་པོའི་ནང་དུ་མི་གཡུགས་པའི་ཐད་ལ་སྔ་ས་ནས་བསམ་བློ་གཏོང་དགོས་པར་འདོད། དེ་བཞིན་དུ་རྒྱ་ནག་གི་རྣམ་འགྱུར་ལ་བལྟས་ནས་གོ་བ་ལོག་སྟེ་བོད་དོན་འཐབ་རྩོད་དང་བོད་རྒྱ་འབྲེལ་མོལ་གྱི་ཕྱོགས་ལ་རེ་བ་ཤི་མི་རུང་བ་ཡང་སེམས་ལ་ཉར་དགོས་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༥ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 8

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། ཐུགས་ཁག་མེད། ཡིན་ཡང་ངས་བཤད་པ་ནི་རྒྱ་ནག་གཞུང་གི་གསར་འགོད་གསལ་བསྒྲགས་དེའི་སྐོར་ཡིན། ཁོ་ཚོས་འཛམ་གླིང་གི་གསར་འགོད་པ་མཐའ་དག་ཚུར་བསྐོངས་པའམ་བཀུག་པ། ཡང་ན། ཚུར་བསྡུས་ནས་གསར་འགོད་གསལ་བསྒྲགས་སྤེལ་ཁུལ་བྱས་པ་རེད་མ་གཏོགས། དོན་དུ་འབྲེལ་མོལ་གྱི་གྲུབ་འབྲས་དེར་འཁྱོག་བཤད་བྱས་ཏེ་དོན་ངོ་མ་དེ་སྦས་པ་རེད་ཅེས་པའི་དོན་ཡིན། ཁོ་ཚོས་ཕྱི་གསལ་ནང་གསལ་ཡིན་མདོག་མདོག་གིས་འཛམ་གླིང་མི་དམངས་ལ་མགོ་སྐོར་གཏོང་བཞིན་འདུག་ཟེར་གིན་ཡོད།

    ཁྱེད་ཀྱི་གོ་བ་ནི་ཚང་མ་སྦས་ནས་གསང་བ་བྱས་ཞེས་པའི་དོན་ཡིན་པ་འདྲ། དེ་ལ་ཡང་གོ་རྒྱུ་ཡོད་ཀྱང་། སྐབས་འདིའི་ངའི་གོ་བ་འཁྱེར་སྟངས་དེ་བསྐོངས་པ་ཞེས་པ་འདི་ཡིན་པའི་ཁུལ་ཡིན།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཚང་མ་བསྐོངས་ནས་གསང་བ་བྱས། ཞེས་པའི་དོན་ངོ་མ་གང་ཡིན་ཤེས་མ་སོང་། དེ་ལས་ཚང་མ་བསྐུངས་ནས་གསང་བ་བྱས། ཞེས་ན་རོ་དེ་ཞབས་ཀྱུར་བསྒྱུར་ན་ངོ་རྒྱུ་འདུག

    Reply
  3. བཀྲ་ཤིས་སྒྲོལ་མ། says:
    ལོ་ 16 སྔོན།

    དྲྭ་བདག་ལུང་རིགས་རྒྱལ་ལགས། གུས་མོས་དུས་བབ་རྩོམ་སྒྲིག་པའི་མིང་ཐོག་ལ་༼གོང་ས་མཆོག་བཀའ་ཁྲིར་འོས་སམ་༽ཞེས་པའི་རྩོམ་ཡིག་ཅིག་བསྐུར་ནས་ཉིན་ཤས་འགོར་སོང་། གལ་སྲིད་དུས་བབ་དྲྭ་སྟེང་དུ་འགོད་རྒྱུ་མིན་ན་ལན་ཞིག་ཅེས་ཀྱང་ཡོད་པ་གནང་རོགས། གུས་མོ་བཀྲ་ཤིས་སྒྲོལ་མས།

    Reply
  4. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།

    Reply
  5. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    jflsdjflaf sdfasofjasdfjlsfjofjosj

    Reply
  6. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    སྐད་ཆ་འདི་རིགས་ལ་དོ་སྣང་སྤྲོད་ན་དོན་ངོ་མ་ཐོག་བསམ་བློ་གཏོང་རྒྱུ་འདུག

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྤྱིར་བཏང་དེ་ག་རང་རེད་། ཡིན་ཡང་། སྒོར་མོ་དེ་དག་བོད་མི་ཚོའི་འཕྲོད་བསྟེན་དང་ཤེས་ཡོན་སོགས་ཀྱི་སྟེང་ལ་གཏོང་གི་ཡིན་ཟེར་བཞིན་ཡོད། ཞིབ་ཕྲ་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་སྟེང་གཏན་འབེབས་བྱས་པའི་སྲིད་བྱུས་དེ་ལ་ལྟ་དགོས་པ་རེད།

    སྔོན་མ་ཡང་ལས་འཆར་འདི་དག་གི་ཐད་གཏོང་རྒྱུ་ཡིན་པར་བཤད་དེ། མདོ་དོན་རྒྱ་མི་རིགས་མདོ་དབུས་མཐོ་སྒང་དུ་གཞིས་ཆགས་པའི་ཆེད་དུ་ཤོར་བ་རེད། རྒྱའི་དཔོན་རིགས་ཚོ་དང་ཁོང་ཚོའི་བུ་ཕྲུག་ཚོའི་ཆེད་དུ་ཤོར་བ་རེད།

    བོད་དོན་མ་སེལ་བར་དུ་བོད་མི་ཚོ་དབུལ་བོར་འདུག་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། བོད་དོན་འཐབ་རྩོད་བྱེད་བཞིན་དུ། ཤེས་རིག་གོང་སྤེལ་གཏོང་བཞིན་དུ་འགྲོ་དགོས་པ་རེད། དེ་འདྲ་ཞིག་མ་བྱུང་ཚེ་ཚང་མ་ཕྱི་ལ་བྲོས། ནང་ནས་སྤྲང་། གོ་སྐབས་རག་མཁན་ཚོར་ཡང་ད་ནི་མུ་མཐུད་ནས་ལམ་ཁ་དེ་ནས་ཕྱིར་མི་ལྡོག་པར་རྒྱ་མི་རིགས་ཀྱི་ནང་དུ་ཡང་དག་པར་སྟིམ་འདོད་ཀྱི་བསམ་བློ་དེའི་དབང་དུ་ཤོར་འགྲོ་གི་རེད་འདོད་ནས་སེམས་ཁྲལ་འདྲ་མི་འདྲ་བཅོ་བརྒྱད་ཀྱི་འོག་ནས་མ་ཐར་བར་ཡོད།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ད་རེབ་ཀྱི་སྒོར་མོ་དེ་དག་ཡར་ཀླུང་གཙང་བོའི་ནང་དུ་མ་གཡུགས་པར་བོད་ཡུལ་གྱི་ས་ཁུལ་ཚང་མར་སླེབས་ནས་བོད་མི་དག་གི་མིག་ངར་ཁྲ་ཁྲ་ཟང་ཟིང་གི་འཚོ་བ་ཇེ་ལེགས་སུ་བཏང་བ་ཡིན་ན་དེ་ལས་ཀྱང་ཉེན་ཁ་ཆེ་རུ་འགྲོ་ངེས་ཡིན་ལ། རྒྱ་ནག་སྲིད་གཞུང་གིས་མངོན་འདོད་ཀྱང་དེ་ག་ལས་མེད། དཔེར་ན་འདས་སོང་གི་ལྷ་ས་གྲོང་ཁྱེར་ནང་གི་གཞོན་སྐྱེས་མི་ཉུང་བ་ཞིག་གི་སེམས་ངོགས་ཀྱི་༧གོང་ས་མཆོག་གཏན་ནས་ཤེས་ཀྱི་མེད་པ་དེ་ལ་གཟིགས་དང་། དེ་མ་ཤེས་པར་དེས་ཆོད་དད་ཡོད་མེད་གཅིག་བུ་མཚོན་གྱི་མེད་ལ། དེས་བོད་མི་ཞིག་གི་ཆེས་མཐོའི་མགྲིན་ཚབ་པ་ཞིག་གིས་རང་གི་མི་རིགས་ཆེད་དུ་ས་མཐའ་ན་བཞུགས་ཡོད་པ་དེ་གཏན་ནས་མ་ཤེས་པ་དེ་ནི་ཧ་ལས་པའི་ཉེན་ཚབ་དུ་གྱུར་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese