མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ལོ་སར་ལ་འཚམས་འདྲི་གནང་བ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp
 
བོད་ལྕགས་སྟག་ལོའི་ལོ་གསར་ཚེས་གཅིག་ཉིན་༧གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་གྲོགས། སོག་པོའི་ཕྱི་ནང་གཉིས་སུ་ཡོད་པའི་ཆོས་གྲོགས་ཚོར་དེང་དུས་ཤེས་ཡོན་དང་། ལྷག་པར་བོད་ཀྱི་ནང་དོན་རིག་པའི་སྐོར་ལ་སློབ་སྦྱོང་བྱ་རྒྱུའི་བཀའ་སློབ་གསུང་བཤད་གནང་ཡོད།
 
བོད་ལྕགས་སྟག་ལོའི་ལོ་སར་ཚེས་གཅིག་དང་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ སྟེང་༧གོང་ས་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་ཆིབས་བསྒྱུར་བསྐྱངས་ཏེ། དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་སོགས་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་ཁག་གི་ཚོགས་མགོན་དུ་བཞུགས་པ་དང་། ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ལེགས་པར་གྲུབ་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གཤམ་འོག་ཏུ་ཕེབས་ཏེ།
འདི་ལོའི་ལོ་སར་ཚེས་གཅིག་ཉིན་མོར་གཞིས་ལུས་རྒྱ་ཆེའི་མང་ཚོགས་གཙོས་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་ལོ་སར་གྱི་འཚམས་འདྲི་གནང་ཡོད། ལོ་སར་ཚེས་གཅིག་ཉིན་༧གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། དེ་རིང་གནམ་ལོ་གསར་ཚེས་ཉིན། བོད་ནང་ལོགས་སུ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་དང་རང་དབང་ལུང་པའི་ནང་ཡོད་པའི་ཡུལ་གྲུ་ཁག་གི་བོད་མི། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་གྲོགས་སེར་སྐྱ་ཕོ་མོ་ཡོངས། དེ་བཞིན་སོག་པོའི་ཕྱི་ནང་དུ་ཡོད་པའི་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་ཆོས་གྲོགས་ཕོ་མོ་ཡོངས་ལ་ལོ་སར་གྱི་གོ་སྐབས་འདི་བརྒྱུད་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་ལོ་སར་ལ་འཚམས་འདྲི་གནང་ཡོད་ལ།
ཁོང་གིས་མུ་མཐུད་དེ་བཀའ་སློབ་གནང་དོན། གཞིས་ལུས་རྒྱ་ཆེའི་མི་མང་ནི་ང་ཚོ་བོད་ཀྱི་དོན་གྱི་བདག་པོ་དེ་རེད། གཞིས་ལུས་རྒྱ་ཆེའི་མི་མང་གི་ས་ཁུལ་མང་བོ་ཞིག་ཏུ་ང་ཚོས་སྡུག་བསྔལ་དྲན་གསོ་བྱེད་དགོས་པའི་དུས་ཚོད་ཅིག་ལ་ངོས་འཛིན་གྱིས། ང་ཚོར་ལོ་སར་སྐབས་དགའ་དགའ་སྤྲོ་སྤྲོ་མ་བྱེད་རོགས་ཟེར་ནས་བསམ་ཚུལ་ཐོན་བསྡད་ཡོད་པ་དང་། ཕ་གིར་དཀའ་ངལ་དངོས་སུ་འཕྲད་ནས་ལོ་ནས་ལོ་བསྟུད་དེ། སྙིང་སྟོབས་དང་སེམས་ཤུགས་འགྱུར་བ་མེད་པ་བྱས་ཏེ་སྡོད་མཁན་གྱི་གཞིས་ལུས་མི་མང་གིས་དེ་ལྟ་བུའི་སེམས་ཐག་བཅད་ཡོད་སྟབས། ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་ཀྱང་དགའ་དགའ་སྤྲོ་སྤྲོའི་རྣམ་པ་མེད་པའི་ཐོག་ནས་ལོ་སར་གཏོང་གི་ཡོད་ཅིང་།  སྤྱིར་བཏང་ལོ་སར་སྐབས་དགའ་དགའ་སྤྲོ་སྤྲོའི་རྣམ་པ་བྱེད་ཀྱིན་ཡོད་ནའང་། ད་ལོར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལས་གཞས་ཞབས་བྲོ་འཁྲབ་ཀྱིན་མེད་ལ། དེ་རིང་གི་མཛད་སྒོ་ལྟ་བུར་མཚོན་ནའང་ཆོས་ཕྱོགས་ཀྱི་མཛད་སྒོ་ཁོ་ན་ལས་གང་ཡང་ཡོད་པ་མ་རེད་ཅེས་དང་། ཡང་ཁོང་གིས་ང་ཚོ་འདིར་ཡོད་མཁན་ཚོ་འཕྲལ་སེལ་རང་དབང་ལུང་པའི་ནང་སླེབས་བསྡད་ཀྱིན་ཡོད་ནའང་། རྩ་བའི་ང་ཚོའི་བོད་ཀྱི་གནད་དོན་དེ་ཐབས་སྐྱོ་བོ་ཞིག་གི་སྟེང་དུ་ཡོད་པ་དེ་མ་བརྗེད་པ་དང་སེམས་ལ་བཅང་སྟེ། གཙོ་བོ་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་དེ་ལྷག་བསམ་སྙིང་སྟོབས་བརྟན་པོ་ཞིག་གི་སྟེང་དུ་བསྡད་ཡོད་པ་དང་། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོ་ཡང་ལྷག་བསམ་སྙིང་སྟོབས་ཞིམ་པ་མེད་པ་ཞིག་དགོས་པ་རེད་ཅེས་གསུངས་ཡོད།
 
དེ་བཞིན་ལོ་སར་སྐབས་འདིར་ཁོང་གིས་བོད་མི་ཚོས་ཤེས་ཡོན་ཐོག་ལ་དོ་སྣང་དང་འབད་བརྩོན་བྱེད་དགོས་པའི་སྐོར་ལ་བཀའ་སློབ་གནང་དོན།
ལོ་གསར་བ་འདིའི་ནང་གཞིས་ལུས་རྒྱ་ཆེའི་མི་མང་དང་རང་དབང་ལུང་པའི་ནང་ཡོད་པའི་བོད་མི། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་གྲོགས་ཚོ་དང་སོག་པོ་ཕྱི་ནང་གི་ཆོས་གྲོགས་ཚོ་སུ་ཡིན་ནའང་། ངས་སློབ་སྦྱོང་གི་ཕྱོགས་ལ་དོ་སྣང་དང་འབད་བརྩོན་བྱེད་རོགས་ཞེས་ལབ་སྙིང་འདོད་སོང་། ང་ཚོས་ཤེས་ཡོན་སློབ་སྦྱོང་བྱེད་རྒྱུར་སྡེ་ཚན་ལྟ་བུར་ཕྱོགས་གཅིག་ནས་དེང་དུས་ཤེས་ཡོན་ཐོག་ལ་ཚང་མས་ཡིད་གཟབ་བྱས་ཏེ། གང་ཐུབ་ཐུབ་ཀྱིས་དོ་སྣང་བྱེད་དགོས་པ་དང་། ལྷག་པར་དུ་གཞོན་སྐྱེས་ཚོ་ཡིན་ན་སློབ་སྦྱོང་ཐོག་སོ་སོ་རང་ཉིད་རང་སྐྱ་འཕེར་བ་དང་ཆེད་ལས་པ། རིག་གཅིག་རྐང་འཛིན་པ་བྱེད་ཐུབ་པ་ཞིག་གི་སེམས་ཤུགས་བསྐྱེད་དེ་འབད་བརྩོན་བྱེད་རོགས་ཞེས་དང་། ང་རང་ཚོར་སངས་རྒྱས་ཀྱི་ཆོས་དང་རིག་གཞུང་འབྲེལ་བསྡད་པའི་ཆོས་དང་རིག་གཞུང་དམིགས་བསལ་གྱི་ཕྱུག་པོ་ཞིག་ཡོད་པ་རེད། བསྟན་པ་ཡོངས་སུ་རྫོགས་པ། ཐེག་པ་ཆེ་ཆུང་ལྔ་དང་བཅས་པ་ཆ་ཚང་བ་ཞིག དེ་ཡང་ཤེས་སྒྲུབ་ཟུང་དུ་འབྲེལ་བའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་དེ། ང་ཚོ་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཚོ་དང་ལྷག་པར་དུ་མཁན་སློབ་ཆོས་གསུམ་གྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས།  དེ་འདྲའི་བསྟན་པ་ཡོངས་སུ་རྫོགས་པ་ཤེས་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་ཕྱག་སྲོལ་བཟང་བོ་ཞིག་ཡོད་བསྡད་སྟབས། ང་ཚོས་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། རྣམ་དཀར་དགེ་བ་བསྒྲུབ་ཟེར་བ་ཞིག་ང་ཚོ་ཚང་མས་བཤད་བསྡད་ཀྱིན་ཡོད་ནའང་། རྣམ་དཀར་དགེ་བ་བསྒྲུབ་རྒྱུར་དགེ་བའི་ངོ་བོ་གང་ཡིན་པ་དང་དགེ་བ་དེ་བསྒྲུབ་རྒྱུའི་དམིགས་ཡུལ་གང་ཡིན་པ། དམིགས་ཡུལ་དེ་བསྒྲུབ་རྒྱུར་ཀུན་སློང་ག་རེ་ཞིག་དགོས་ཀྱི་ཡོད་པ། དེ་ཐམས་ཅད་རྒྱུ་དང་འབྲས་པའི་རྟེན་འབྲེལ་ཡིན་སྟབས། རྟེན་འབྲེལ་གྱི་རང་བཞིན་གང་འདྲ་ཞིག་ཡིན་པ་དེ་ང་ཚོ་ཚང་མས་ཤེས་པའི་ཐོག་ནས། དགེ་བ་བསྒྲུབ་གི་ཡོད་ན། དགེ་བ་དེ་མིང་དོན་མཚུངས་པ་ཞིག་ཡོང་གི་ཡོད་པ་རེད།
དམིགས་ཡུལ་གང་ཡིན་པའང་མ་ཤེས། དགེ་བའི་ངོ་བོ་གང་ཡིན་པའང་མ་ཤེས། ཀུན་སློང་གང་འདྲ་ཞིག་དགོས་ཀྱི་ཡོད་པ་དེ་ཡང་མ་ཤེས་པའི་ཐོག་ནས་ཕྱག་འཚལ་སྐོར་གསུམ་བྱས་ནའང་། དེ་ཙམ་གྱིས་དགེ་བ་རླབས་ཆེན་པོ་ཡོང་གི་མ་རེད། དེར་བརྟེན་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་ཆོས་གྲོགས་ཚོ་ཡིན་ནའང་། སངས་རྒྱས་ཀྱི་ཆོས་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་ཐོག་དོ་སྣང་གནང་རོགས། དེ་ངས་འབོད་བསྐུལ་ཞུ་སྙིང་འདོད་བྱུང་།
 
དེ་མིན་ང་ཚོས་བོད་ལ་སྤྱིར་བཏང་ངོས་འཛིན་བྱེད་སྟངས་ནང་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཟེར་གྱིན་ཡོད་ཅིང་། དེ་དག་ནང་གི་གཙོ་བོ་ནི་ནང་དོན་རིག་པ་ཡིན་ཞིང་། ནང་དོན་རིག་པ་དང་ཚད་མ་རིག་པ་གཉིས་ལ་ཆ་བཞག་ན་ཧ་ལམ་འཛམ་བུ་གླིང་གི་ཁྱད་ནོར་ལྟ་བུར་ངོས་འཛིན་བྱེད་ཆོག་གི་རེད། ཡང་སྒོས་ནང་དོན་རིག་པའི་སྐོར་ལ་ཧ་ཅང་གི་ཕྱུག་པོ་ཡོད་པ་རེད། རང་ཉིད་ལ་ཧ་ལམ་འཛམ་བུ་གླིང་གི་གཅེས་ནོར་ཟེར་ནས་ལབ་ཐུབ་པའི། ནང་དོན་རིག་པ་གཏིང་ཟབ་པོ་ཞིག་ཡོད་བསྡད་པ་དེ་ང་ཚོ་བོད་མི་སྒེར་པ་མི་རེ་ངོ་རེ་བྱས་ཏེ་སྦྱང་ནས་ཤེས་པ་ཞིག་བྱུང་ན། ཤེས་ཡོན་ཟེར་བ་དང་ཤེས་རིག་ཟེར་བ་དེ་སོ་སོའི་ཕྱི་ལ་ཚང་རྒྱུ་ཞིག་མིན་པར་སྦྱང་ཏེ་ཤེས་རྒྱུད་ལ་ཚང་དགོས་པ་ཞིག་ཡིན་སྟབས། སྦྱང་ནས་ཤེས་དགོས་པ་རེད་མ་གཏོགས། སྨོན་ལམ་བརྒྱབས་ནས་ཤེས་གི་མ་རེད།
དེར་བརྟེན་ཚང་མས་དེང་དུས་ཀྱི་ཤེས་ཡོན་དང་ང་ཚོར་གནའ་ནས་ཡོད་བསྡད་པའི་ཤེས་ཡོན་གཉིས་ལ་དོ་སྣང་བྱེད་དགོས་པ་དང་། དེ་ཡང་རིག་གནས་ཆེ་ཆུང་བཅུའི་ནང་ནས་གཙོ་ཆེ་ཤོས་ནང་དོན་རིག་པའི་སྐོར་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད།
 
མཇུག་མཐར་ཁོང་གིས་འཛམ་བུ་གླིང་འདིའི་སྟེང་ང་ཚོར་ཆོས་ཕྱོགས་དང་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་གྲོགས་པོ་མང་བོ་ཞིག་ཡོད་པར་དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ཐུགས་རྗེ་ཆེ་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༦ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༨ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 21

  1. གངས་མྱུག says:
    ལོ་ 16 སྔོན།

    ལོ་གསར་ལ་བཀྲ་ཤིས།

    Reply
  2. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    སྟོབས་ལགས་ཀྱི་གསུང་བ་བདེན་གི་ཡ། འོན་ཀྱང་སྐྱོ་ནི་ཞིག་རེད་་་་ཡང་གཅིག་བཤད་ན་རང་དབང་ན་འཚོ་བཞིན་པའི་བོད་མི་ཚོའི་སྒོམས་ལམ་གསུམ་ལ་ཉམ་ལེན་རེད་བྱེད་རྒྱུ་ལས་གཞན་མི་འདུག་ག་་་་་་སྐྱིད་སྡུག་མཉམ་མྱོང་གི་གོ་དོན་འདི་ཙམ་ཡིན་ནམ

    Reply
  3. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    ཤ་ཁྲག་གི་འབྲེལ་བ་གྲུབ་པའི་སྤུན་ཟླ་ཡོངས་ལ་ལོ་གསར་བའི་ནང་བཀྲ་ཤིས་ཞུ།
    རིན་པོ་ཆེས་གསུང་བ་ལྟར་སོ་སོའི་རིག་གཞུང་ལ་འཐམ་ཁྱུད་བྱེད་པ་གལ་་་་་་་་་་
    ཐུགས་ལ་བརྣག་རོགས་ཞུ་ཞུ་་་དེ་རིང་ང་མི་ཁོམ་དེ་བདེ་མོ།

    Reply
  4. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ལོ་གསར་པའི་འཚམས་འདྲིའི་ཚབ་ཏུ་ཅོ་ཉི་དང་ཚུལ་འོད་གཉིས་ཀྱི་གླིང་སྒྲུང་མི་ཉུང་བ་སྐོར་གཅིག་དཔར་ཤུས་གནང་འདུག་ལེགས་སོ་ཡོད་སླར་ཡང་རྒྱ་ཆེ་མང་ཚོགས་ཡོངས་ལ་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ།

    Reply
  5. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    དྲ་གྲོགས་རྒྱལ་ཞེན་ལྷག་བསམ་གྱིས་མངོན་པར་ཕྱུག་པའི་བོད་ཅོ་རི་ཉི་མ་མཆོག་ལ་བོད་མེ་སྟག་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་རྟེན་འབྲེལ་ལ་འཚམས་ཞུའི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་སྦྲགས་གླུ་ལན་དུ་ཆེད་དུ་ཕུལ།
    གླུ་ཕ་རྒྱུད་ནམ་མཁའ་སྟོང་པའི་གླུ།།
    སྟོང་ཆེན་སྐྱེ་འགག་བྲལ་བའི་གླུ།།
    ཨ་ལ་ཐེངས་གསུམ་འགུག་པའི་གླུ།།
    ལྷ་གོང་མ་ངོ་སོ་བསྟོད་པའི་གླུ།།
    ཐ་ལ་འགྲོ་དྲུག་འདྲེན་པའི་གླུ།།
    མ་འགྲོ་དྲུག་ཐར་ལམ་འགོད་པའི་གླུ།།
    གླུ་འདི་གླུ་ངོ་མ་ཤེས་ན།།
    བོད་ལྕགས་སྟག་གནམ་ལོའི་གད་རྒྱངས་ཡིན།།
    ས་འདིའི་ས་ངོ་མ་ཤེས་ན།།
    ལྷོ་ཞི་བདེ་རྒྱ་མཚོའི་ཉེ་འགྲམས་རེད།།
    ཕོ་ང་ངོ་ཁྱེད་ཀྱིས་ཤེས་ཚོད་ཡིན།།
    སྲོག་དམར་བོ་འབེན་ལ་བཞག་དགོས་ཀྱང།།
    མི་རྫུན་མར་ངོ་རྒོལ་བྱེད་མཁན་ཡིན།།
    མི་བདེན་པར་རྒྱབ་སྐྱོར་བརྩོན་མཁན་ཡིན།།
    འདི་རང་བསྟོད་མིན་ཏེ་དངོས་གནས་ཡིན།།
    རྒྱ་དམར་བོས་བོད་ཁམས་དྲག་གནོན་དང།།
    བོད་ཁ་བ་ཅན་གྱི་ཆགས་འཇིག་འདི།།
    སེམས་བསམ་ཞིང་བསམ་ན་གདུང་ཤུགས་ཀྱིས།།
    ལུས་ཡ་ཁོག་སྙིང་ཆུང་གས་ཉིན་ཆེ།།
    བོད་སྣོད་བཅུད་འཇོམས་པའི་སྲིད་བྱུས་དང།།
    ཕྱིའི་རྒྱབ་ཁབ་མགོ་བོ་སྐོར་ཐབས་ཀྱི།།
    རྒྱ་དམར་བོའི་གཡོ་འཕྲུལ་ཆུ་ཆེན་འབུམ།།
    སྐམ་ཐུབ་པའི་མེ་དཔུང་དཀོན་པར་གྲགས།།
    རྗེ་སྐྱབས་མགོན་༧རྒྱལ་བའི་དགུང་ནའི་བབ།།
    བོད་གཞིས་བྱེས་དགྲ་རྒོལ་སྟོབས་ཤུགས་དང།།
    ལྷོ་འཛམ་གླིང་བདེན་རྫུན་གོ་ཟློག་སོགས།།
    ཕྱོགས་ཀུན་ནས་ཉེན་ཁའི་གཡང་ན་ཡོད།།
    དོན་དེ་ཚོ་སྙིང་གི་དཀྱིལ་བཅང་ཏེ།།
    བོད་སྒང་བས་དཔའ་མཛངས་འགྱུར་མེད་ཀྱིས།།
    ཁྱེད་རྒྱལ་གཅེས་ཅོ་རི་ཉི་མ་སོགས།།
    ངེད་མི་རེས་སྤྱི་བའི་རྩ་དོན་ཆེད།།
    ལས་བྱས་རྗེས་རེ་རེ་འཇོག་བརྩོན་དང།།
    བོད་གངས་རིའི་དད་འདུན་མ་བརླགས་ན།།
    མགོན་༧རྒྱལ་བའི་ཐུགས་བསྐྱེད་རྒྱ་མཚོའི་རླབས།།
    བོད་གངས་ཅན་སྐྱེ་འགྲོའི་ལས་དབང་དང།།
    འབྲལ་མི་སྲིད་གཏན་དུ་འགྲོགས་ནས་ཡོད།།
    ལོ་གཉིས་སྟོང་སྔོན་ནས་རང་བཙན་གྱི།།
    དོན་ལོ་རྒྱུས་ལྡན་པའི་གངས་ཅན་འདི།།
    རྒྱ་དམར་བོས་རང་སྣང་གང་དྲན་དུ།།
    དུས་གཏན་དུ་དྲག་པོས་གནོན་ཐབས་མེད།།
    སྤྱིར་དེང་དུས་རྫུན་མ་བྲིན་པ་འདི།།
    སྐབས་ཤིག་ལ་ནག་པོའི་གཡོ་འཕྲུལ་ལས།།
    དུས་གཏན་དུ་རྒྱ་དམར་རྫུན་མདའ་འདིས།།
    བོད་གངས་ཅན་སོད་པའི་རེ་བ་མེད།།
    བོད་རྒྱལ་ཁའི་མེ་དཔུང་མྱུར་འབར་ཤོག།
    ཁྱེད་ཅོ་རི་ཉི་མ་ལ་སོགས་པར།།
    གླུ་འཁྲུལ་བ་སོང་ན་མཐོལ་ལོ་བཤགས།།
    ངལ་འཆལ་བ་སོང་ན་བཟོད་པར་གསོལ།།

    Reply
  6. karma dorje says:
    ལོ་ 16 སྔོན།

    སྙིང་སྟོབས་ཞིམ་པ་མེད་པ་་་་ ལ་ཞུམ་པ་མེད་པ།
    རྒྱུ་དང་འབྲས་པའི་རྟེན་འབྲེལ་ཡིན་སྟབས་་་་ ལ་རྒྱུ་དང་འབྲས་བུའི་རྟེན་འབྲེལ་་་ ལྟ་བུའི་དག་བཅོས་མི་དགོས་པར་གསར་འགོད་པ་ལ། ལོ་གསར་ལ་་བཀྲ་ཤིས་བདེ་ལེགས་དང་སྦྲགས་ལོ་གསར་པའི་ནང་ལ་ཡིག་ནོར་ཉུང་ལ་གཏམ་བཟང་གང་འཁོད་ཡོང་བའི་རེ་སྨོན་ཞུ།

    Reply
  7. རིག་འཛིན། says:
    ལོ་ 16 སྔོན།

    བླ་མེད་མགོན་སྐྱབས་དམ་པར་སྐུ་ཚེ་ཡུན་རིང་རྟེན་པའི་གསོལ་འདེབས་མཆོག་གསུམ་ལྷ་ལ་ཡང་ཡང་ཞུ་བཞིན་ཡོད་་་་་་

    Reply
  8. གཡག་རྒོད says:
    ལོ་ 16 སྔོན།

    བོད་ལྕགས་སྟག་ལོའི་གནམ་ལོ་གསར་ཚེ་ལ་བཀྲ་ཤིས་བདེ་ལེགས། རྒྱལ་བ་ཡིད་བཞིན་གྱི་ནོར་བུའི་སྐུ་ཚེ་ཁྲི་ལོ་བརྟན་པ་དང་། བོད་གཞིས་བྱས་གཉིས་ལྷན་དུ་འཛོམས་ཏེ། བོད་ཡུལ་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་སྨོན་ལམ།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ལོ་གསར་ལ་བཀྲ་ཤིས་ལོ་ལེགས་ཞུ།

    ༄༅། །་གླུ་ཨ་ལ་ངག་གི་འགུག་ལུགས་རེད། གླུ་ཐ་ལ་གླུ་ཡི་ལེན་ལུགས་རེད།
    གླུ་རེ་རེ་མི་ལེན་བཀའ་མེད་རེད། རེ་རེ་མི་ལེན་མཚར་མེད་རེད། སྐྱིད་ན་ཇ་ཆང་མཚར་གླུ་རེད།
    སྡུག་ན་རང་སེམས་གསོ་གླུ་རེད། ངས་དེ་རིང་གླུ་ཞིག་ལེན་དེ། ལོ་གསར་པའི་རང་སེམས་གསོ་གླུ་ཡིན།

    1.དབུས་གཙང་ཆོས་ཀྱི་ཆོལ་ཁ་ནས། ཕོ་བྲང་དམར་པོའི་གཞི་དཀྱུལ་ལ། རྗེ་དར་མ་འུག་སྡེ་བཙན་པོ་ལགས།
    བོད་ཁ་བ་ཅན་གྱི་མི་རིགས་འདིར། ཐུགས་རྗེ་སྤྱན་གྱིས་ཨེ་གཟིགས་ལགས། གཟིགས་ན་དགོང་པར་ཅི་འདྲ་ཡོད།
    2.མདོ་སྟོད་མི་ཡི་ཆོལ་ཁ་ནས། གླིང་དཔའ་རྟུལ་སུམ་ཅུའི་གཞི་དཀྱུལ་ལ། དཔའ་མི་འགྱུར་མདན་མ་བྱང་ཁྲ་ལགས།
    དགྲ་དམར་པོ་དཔང་ཤུགས་ཆེ་ལུགས་དེར། ཐུགས་རྗེ་སྤྱན་གྱིས་ཨེ་གཟིགས་ལགས། གཟིགས་ན་དཔང་རོགས་ཅི་འདྲ་ཡོད།
    3.མདོ་སྨད་རྟ་ཡི་ཆོལ་ཁ་ནས། རིག་པའི་དཔའ་བོའི་གཞི་དཀྱུལ་ལ། སྡུག་བཙོན་པ་དགེ་འདུན་ཆོས་འཕེལ་ལགས།
    བོད་གངས་ཅན་དབུ་མའི་གཞུང་ལམ་འདིར། ཐུགས་རྗེ་སྤྱན་གྱིས་ཨེ་གཟིགས་ལགས། གཟིགས་ན་ལམ་སྟོན་ཅི་འདྲ་ཡོད།

    ས་འདི་ཡི་ས་ངོ་ཨེ་མཁྱེན་་ལགས། ས་འདི་ཡི་ཡིན་ལུགས་ཞུ་པས་ན། ས་རང་ཡུལ་མ་རེད་མི་ཡུལ་རེད།
    མགོ་སེར་པོ་མི་ཡི་ས་ཆ་རེད། རྒྱུ་ལོངས་སྤྱོད་ཕུན་སུམ་ཚོགས་ས་རེད། མི་ཀུན་ལ་རང་དབང་ཡོད་ས་རེད།
    ང་འདྲ་ང་ངོ་ཨེ་མཁྱེན་ལགས། ང་འདྲ་ཡིན་ལུགས་ཞུ་པས་ན། བོད་གངས་ཅན་རང་དབང་ཡོད་པའི་དུས།
    ས་བདག་ཚང་གི་བུ་སྐལ་ཡིན། དུས་དེང་སང་བཤད་ན་ཡིད་རེ་མུག ས་མཐའ་འཁྱམས་བའི་སྐྱབས་བཅོལ་ཡིན།
    འདིར་ནས་གསན་་དང་བོད་མི་རྣམས། གསན་དང་ཞུ་རྒྱུ་འགའ་རེ་ཡོད། ཞུ་ཟེར་ལེ་དམ་ཆོས་མི་འདུག་སྟེ།
    ཚིག་གསུམ་འདྲ་མ་ཨེ་འདྲ་ཡོད།

    1.བོད་ཁ་བ་ཅན་གྱི་མི་རིགས་འདི། ལ་མཐོ་པོའི་རྩེ་གྱི་ཉི་མ་འདྲ། ཉི་མ་ལ་རྒྱབ་ནུབ་བཞིན་འདུག
    དེ་ལ་དགོངས་པ་ཅི་འདྲ་ཡོད། དེ་བསམ་བཞིན་ཅོ་རི་ཡིད་རེ་སྐྱོ། ཡིད་སྐྱོ་བ་དགུང་ཁའི་དར་ལྕེ་རེད།
    སེམས་སྐྱོ་བ་ལུང་སྟོང་ཤོག་ཁྱེར་རེད།
    2.བོད་ཁ་བ་ཅན་གྱི་སྐད་ཡིག་འདི། ཆུ་སྔོན་མོའི་དཀྱུལ་གྱི་ལྦུ་བ་འདྲ། ཡུན་མི་རིང་ལྦུ་བ་ཡལ་བཞིན་འདུག
    དེ་ལ་དགོངས་པ་ཅི་འདྲ་ཡོད། དེ་བསམ་བཞིན་ཅོ་རི་ཡིད་རེ་སྐྱོ། ཡིད་སྐྱོ་བ་དགུང་ཁའི་དར་ལྕེ་རེད།
    སེམས་སྐྱོ་བ་ལུང་སྟོང་ཤོག་ཁྱེར་རེད།
    3.བོད་གངས་ཅན་དབུ་མའི་གཞུང་ལམ་འདི། རི་མཐོ་པོའི་རྩེ་་གྱི་རྐང་ལམ་འདྲ། རི་མཐོ་པོའི་རྩེ་ལ་འགྲོ་མི་ལ།
    རྟ་འདོ་ལུ་རྡོག་རྩ་གཅིག་བསྒྲིལ་མེད། དེ་ལ་དགོངས་པ་ཅི་འདྲ་ཡོད། དེ་བསམ་བཞིན་ཅོ་རི་ཡིད་རེ་སྐྱོ།
    ཡིད་སྐྱོ་བ་དགུང་ཁའི་དར་ལྕེ་རེད།་སེམས་སྐྱོ་བ་ལུང་སྟོང་ཤོག་ཁྱེར་རེད།
    གླུ་གོ་ན་རྣ་བ་ཡུལ་ལ་གསོལ། མ་གོ་གླུ་ལ་ཡང་ཞུ་མེད། བོད་མིའི་ཡིད་ལ་དེ་ལྟར་ཞོགས། སྐུ་ཚེ་བརྟན་པའི་སྨོན་ལམ་ཡོད།

    Reply
  10. སྟོབས་ says:
    ལོ་ 16 སྔོན།

    ཕྱིར་འོང་མི་སྲིད་པའི་ལོ་ཟླ་ཞིག་བཞུད་སོང་། མིག་ཆུ་དང་སྐྱོ་གདུང་རུམ་ནས་ཕེབས་སོང་ ། གཅིག་སྒྲིལ་དང་ལ་རྒྱའི་སྤོབས་པ་ལོ་སྐལ་ལ་གནང་ནས་ཕེབས་སོང་། ས་བྱིའི་བདེན་དོན་གྱིས་ཨག་སྐད་གནམ་ས་འགུལ་དུས །ས་གླང་འདིར་དཔའ་འཛངས་ཀྱི་དབྱེ་ཐག་གཡུལ་ས་ནས་བཅད་སོང་ ། རྐྱེན་དེས་ལྕགས་སྟག་ལོའི་ལོ་སར་ལ་སྤྲོ་བ་མེད ། འཛུམ་མདངས་མེད ། རང་ས་བསྲུང་བའི་དཔའ་བོ། ཁྱེད་ཚོའི་ལུས་སྟེང་ན་ཁྲག་དམར་གྱིས་གཤེར་པའི་ན་ཟུ ག་གི་རྨ་དག་་ ང་ཚོའི་རིག་ཡོད ། ཤུལ་དུ་ལུས་པའི་དྲྭ་ཕྲུག་ཚོའི་ངུ་སྒྲ་ཐོས་ཡོད ། ཡོད་ཚད་ང་ཚོའི་ཤེས་ཡོད། སུ་ཞིག་གི་ཆེད་དུ་མིག་ཆུ་འདོན་གྱིན་ཡོད ། དྲ་གྲོགས་ཚོ ། འདས་ཟིན་པའི་་ལོ་ཟླ་ལ་་ཕྱིར་དྲན་ཐང་གཅིག་གིས་བསྡོམས་རྩིས་ཤིག་གནང་རོགས་ཞུ་

    Reply
  11. སྟོབས་ says:
    ལོ་ 16 སྔོན།

    ་དེ་རིང་བོད་ལྕགས་སྟག་ལོ་གསར་དུ་བཞད་པའི་ལོ་སར་ཚེ་གཅིག་འདི་ལ་༧་གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་དང་བཅས་བཀྲིས་བདེ་ལེགས་གྲངས་མེད་ཞུ ། སེམས་དང་བསམ་པའི་འཁོར་མཐུན་པའི་དྲྭ་གྲོགས་ཕོ་མོ་ཡོངས་ལའང་ལོ་སར་བཀྲིས་བདེ་ལེགས་ཞུ

    Reply
  12. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ཨོ་བོད་མི་དམངས་སྤྱི་འཐུས་གཏེར་སྟོན་མགོ་བདེ་གླིང་པ་ཡང་འདིར་ཕེབས་པ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ད་དུང་མུད་ཐུད་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  13. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    སྐྱབས་སུ་མཆི། གངས་རི་རྭ་བའི་སྐོར་བའི་ཞིང་ཁམས་ན། །ཕན་དང་བདེ་བར་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་ཅིག །ལོ་འདིའི་ནང་ཁོང་གི་ཐུགས་བཞེད་མཐའ་དག་ལྷུན་གྱི་འགྲུབ་པ་ཤོག

    Reply
  14. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    གཞིས་བྱེས་བོད་མི་ཡོངས་ལ་བོད་རབ་གནས་ལྕགས་སྟག་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་རྟེན་འབྲེལ་ལ་འཚམས་ཞུའི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང། ཁ་བ་གངས་ཅན་པའི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་བཅས་གུས་ཕུལ།།

    Reply
  15. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    Reply
  16. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    Reply
  17. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    Reply
  18. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
    རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
    ༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང།།
    གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག།

    Reply
  19. སྐལ་བུ་ says:
    ལོ་ 16 སྔོན།

    ༸གོང་ས་མཆོག་སྐུ་ཚེ་ཁྲི་ཁྲག་ནས་ཁྲེ་ཁྲག་རྟེན་པ་ཤོག།

    Reply
  20. སྐལ་བུ་ says:
    ལོ་ 16 སྔོན།

    ༸གོང་ས་མཆོག་སྐུ་ཚེ་ཁྲི་ཁྲག་ནས་ཁྲེ་ཁྲག་རྟེན་པ་ཤོག།

    Reply
  21. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཨོ་་་་ཡ་་་་་་ད་ཡིན་ན་གསལ་བོ་གོ་སོང་་་དངོས་སུ་ཡོད་པ་དང་ཁྱད་པར་མི་འདུག་་་་་་
    ཨ་ཨ་ཨ་་་ཇི་འདྲའི་མི་མང་བ་ལ་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese