མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོབ་ཐང་དང་གནས་བབ། དབུས་ཕྲུག་ཚེ་རིང༌།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

                                                                                                                                                                                     དབུས་ཕྲུག་ཚེ་རིང༌།

བོད་མི་རིགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་བླངས་བའི་ཉིན་དེ་ནས་བཟུང༌། ང་ཚོའི་མི་རིགས་དང་ང་ཚོའི་ཕ་ཡུལ་ཞེས་པའི་ལོ་རྒྱུས་ཀྱི་འགོ་བརྩམས་ཡོད། དུས་དེ་ནས་བོད་ཀྱི་བཙན་པོ་རིམ་བྱུང་དང་བོད་སིལ་བུའི་རྗེས་ཀྱི་རྒྱབ་རབས་རིམ་བྱུང་ནང་འཛམ་གླིང་མཐོ་སྒང་འདི་ནི་བོད་མི་རིགས་ཀྱི་སྐྱེས་ས་འཚར་ས་རེད། ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་གཉིས་དང་ལྔ་འབུམ་ཙམ་ཡོད་པའི་བོད་མདོ་དབུས་མཐོ་སྒང་དེ་ནི་བོད་མི་རིགས་འཚོ་གནས་ཀྱི་རྟེན་གཞི་གཅིག་པུ་དེ་རེད། དོན་དངོས་ཀྱི་ལོ་རྒྱུས་དང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལུགས་གང་གི་འཐད་ནས་ཀྱང་བོད་ཀྱི་བདག་དབང་ཐད་ང་ཚོར་ཐོབ་ཐང་ཡོད་ལ། རང་བཙན་དང་རང་སྐྱོང༌། རང་ཐག་རང་གཅོད་སོགས་གང་དུ་སྐྱོད་ཀྱང་ང་ཚོར་དབང་ཚད་ཡོད། འདི་དག་ནི་མི་རིགས་གཅིག་གི་གཞི་རྩའི་ཐོབ་ཐང་རེད། ང་ཚོའི་སྟོབས་ཤུགས་ཀྱིས་ལེན་ཐུབ་མིན་ཇི་ལྟར་ཡང་རང་བཙན་ནི་ང་ཚོས་རྩོད་དགོས་པའི་ང་ཚོའི་ཐོབ་ཐང་ཞིག་རེད།

འོན་ཀྱང་དེང་དཔལ་འབྱོར་དང་དམག་ཤུགས་ཀྱིས་ཁ་ལོ་སྒྱུར་གྱིན་པའི་འཛམ་གླིང་འདིའི་ནང་རྒྱལ་སྤྱིའི་ཁྲིམས་ལུགས་ཞེས་པ་ནི། འགུལ་མེད་རྩིག་གྱང་གི་རི་མོ་ཞིག་ལས་ཅི་ཡང་མ་འདས། རྒྱ་ནག་གིས་བོད་དུ་དྲག་སྣོན་དང་ཨ་རིའི་དམག་འཁྲུག་གི་རྒྱུད་རིམ་ལས་ཀྱང་ཤེས་ནུས། དེ་བཞིན་རྒྱལ་ཁབ་སུ་ཞིག་ཀྱང་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་རང་ཉིད་བློས་གཏོང་བྱེད་ཀྱི་ཡོད་པ་མ་གཏོགས། གཞན་གྱི་ཆེད་དུ་རང་ཉིད་བློས་གཏོང་བྱེད་མཁན་སུ་གཅིག་ཀྱང་མེད། རང་ཉིད་ཀྱི་འབྱུང་འགྱུར་གྱི་ཆེད་དུ་ངོ་གདོང་གི་སྐྱི་པགས་སྙི་མོས་གཞན་ལ་ལག་འཇུ་བྱེད་ཀྱི་ཡོད་པ་མ་གཏོགས། ཞི་བདེ་དང་བྱམས་བརྩེ་ཡིས་གཞན་ལ་བསུ་བ་བྱེད་མཁན་མེད། དཔེར་ན། དུས་རབས་ཉི་ཤུ་པའི་ལོ་རབས་བཞི་ཅུ་ལྔ་བཅུའི་ནང་འཛམ་གླིང་ནང་དམངས་གཙོ་དང་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་དབྱིན་ལན་བཅས་ཀྱིས་འཛམ་གླིང་ཤར་ནུབ་དང༌། དམངས་གཙོ་དང་དམར་ཤོག་གི་གྲང་དམག་འཁོན་འཛིན་འོག་དོགས་ཟོན་ཆེར་བསྐྱེད་ཀྱིས་ང་ཚོར་དོན་ལྡན་གྱི་རྒྱབ་སྐྱོར་ཞིག་བྱས་མེད། གལ་ཏེ་སྐབས་དེར་ང་ཚོར་བཅོས་མིན་གྱི་རྒྱབ་སྐྱོར་ཞིག་ཐོབ་ཡོད་ན། ད་གཟོད་བོད་མི་རིགས་འདི་ཡང་ད་ལྟའི་ཉམ་ཐག་པའི་ལས་དབང་འདི་ལས་གཡོལ་ཐུབ། རྒྱུ་མཚན་ནི་ཁོང་ཚོ་སྤྱི་ལོ་༡༩༤༥ ལོར་མཉམ་སྦྲེལ་རྒྱལ་ཚོགས་འཛུགས་མཁན་གྱི་རྒྱལ་ཁབ་གཙོ་གྲས་ཡིན་པས་རེད།    

དེ་རྗེས་ཨ་རིའི་གསང་བའི་ལས་ཁུངས་ནས་ང་ཚོར་འཇབ་དམག་སྦྱོང་བརྡར་དང་གློ་སྒྲིག་འཛུགས་བཅས་ལ་དམག་དོན་ཆེད་རྒྱབ་སྐྱོར་གང་འཚམས་བྱས་ཡོད་ཀྱང༌། དེ་ཡང་ཨ་རྒྱ་གཉིས་ཆབ་སྲིད་ཀྱི་ལམ་ལུགས་ཐད་མདུང་རྩེ་ཁ་སྤྲོད་དུ་ལངས་ཏེ་ཀོ་རི་ཡ་དང་ཝི་ཐི་ནམ་གྱི་དམག་འཁྲུག་སྐབས་དང་དེ་མིན་ཆབ་སྲིད་ཀྱི་དགོས་མཁོར་དམིགས་པ་ཞིག་རེད། ལོ་རྒྱུས་དང་ཐོབ་ཐང་ཇི་ལྟར་ཡོད་ཀྱང་ད་ལྟའི་དུས་རབས་འདིར་རང་ཉིད་ཀྱི་གནས་བབ་ཡག་པོ་མེད་ན། ཅི་ཡང་སྒྲུབ་མི་ནུས་པ་རེད། དཔེར་ན། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་སོགས་དང༌། རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཧི་མ་ལ་ཡའི་བོད་རིགས་ཚོ། ཨ་རིའི་མངའ་སྡེ་ཞིག་ཏུ་བསྒྱུར་ཡོད་པའི་ཧའ་ཝེ་མཚོ་གླིང༌། ཕ་རན་སའི་མངའ་སྡེར་གཏོགས་པའི་རི་ཡི་ཉན་མཚོ་གླིང༌། ལ་སོགས་པ་རྣམས་མི་རིགས་སོ་སོའི་དཔལ་འབྱོར་དང་དམག་དོན་སོགས་ཀྱི་གནས་བབ་ཉམ་ཞན་དུ་གྱུར་པས་དེ་ལྟར་ལུས་ཡོད།   

གང་ལྟར་ང་ཚོས་མི་གཞན་གྱི་ངོ་གདོང་ལ་བལྟས་ཏེ་བརྒྱ་བཤད་སྟོང་བཤད་ཇི་ལྟར་བྱས་ཀྱང་རང་ཉིད་ཀྱི་ཤེས་འབྱོར་རིག་གསུམ་གྱི་གནས་བབ་གོང་མཐོར་གཏོང་མ་ཐུབ་ན་ཅི་ཡང་མི་ནུས་པ་དེ་ངེས་དགོས། དེ་མིན་སྐད་ཡིག་དང་ཁྲག་རྒྱུན་གཅིག་གིས་སྦྲེལ་ཡོད་ཀྱང་རང་ཉིད་ཀྱི་གནས་བབ་རྔོ་ཐོགས་པ་ཡོད་ན། མིང་ཙམ་མ་གཏོགས་དོན་དངོས་ཀྱི་རང་བཙན་ལ་སོགས་པ་གང་བྱས་ཀྱང་རུང་བ་ཞིག་རེད། དཔེ་མཚོན་གསལ་ཤོས་ནི་ཐེ་ཝན་ལྟ་བུ་རེད། ད་ལྟའི་དུས་འདིར་ལོ་རྒྱུས་དང་ཐོབ་ཐང་ལས་ཀྱང་གནས་བབ་གལ་ཆེ་ལ། གཞུང་ལུགས་ལས་ཀྱང་དོན་དངོས་གཙོ་ཆེ་བ་རེད། མདོར་ན་ཡོད་ཚད་རང་ཉིད་ཀྱི་སྟོབས་ཤུགས་དང་འཇོན་ཐང་ལས་མངོན་ཐུབ་ན་རྒྱལ་ཁ་འབའ་ཞིག་ཡིན།།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༤ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༢༢ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

མཆན། 4

  1. གཡང་ལགས། says:
    ལོ་ 16 སྔོན།

    ང་ཚོ་ལ་ཕན་གྱི་མ་རེད་བསམ་ན་དེ་བས་བྱིས་བློ་རེད། ཆབ་སྲིད་ནི་ཁེ་ཕན་གྱི་ཁྲོད་དུ་འཁོར་བཞིན་པ་ཡིན་པས་ང་ཚོས་ཀྱང་དེ་དང་བསྟུན་ནས་བྱེད་རྒྱུ་རེད། ཨུ་རུ་སུ་སིལ་བུར་ཐོར་བར་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་ཕན་ཡོད། ང་ཚོས་ད་ལྟ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྒྲུབ་དགོས་པ་ཞིག་ནི། གལ་སྲིད་བོད་ལ་རང་བཙན་བྱུང་བ་ཡིན་ན། དམག་དོན་དང་དཔལ་འབྱོར་སོགས་གང་ཅི་ནས་ནུབ་ཕྱོགས་རྒྱལ་ཁབ་དང་ཡ་གླིང་གི་ཞི་བདེ་ལ་ཕན་ཐོགས་ཅི་ཡོད་བསྒྲུབ་དགོས་པ་དེ་རེད། དེ་ནི་སྲིད་ཀྱི་མིག་མང་རྩེད་སྟངས་ཡིན་པ་ལས་གྲོགས་པོ་ལྟ་བུའི་ལ་རྒྱ་སྲུང་མཁན་ཞིག་ནི་ནམ་ཡང་ཡོང་མི་སྲིད།

    Reply
  2. གཡང་ལགས། says:
    ལོ་ 16 སྔོན།

    སྤྱིར་རང་ལ་སྟོབས་དགོས་པ་ནི་ཨ་ཅང་བརྗོད་མེད་རེད། ཡིན་ན་ཡང་མི་རིགས་ཤིག་དབང་སྒྱུར་བའི་ལག་འོག་ནས་ཐར་དགོས་ན་གནས་ཚུལ་དེར་ཡིག་འབྲུ་འགའ་ཤས་ཞིག་གིས་སྡོམ་ཚིག་འགོད་ཐུབ་ཐབས་མེད་ལ། དེ་ལྟར་བཀོད་རུང་ཕྱོགས་ཐམས་ཅད་མཐོང་ཐུབ་ཐབས་མེད་པ་རེད། གང་ལགས་ཟེར་ན་མི་རིགས་ཤིག་ལ་རང་དབང་ཐོབ་ཚུལ་ནི་སྣ་མང་རྙོག་འཛིང་ཅན་ཞིག་རེད། སྔོན་ཆད་ཨུ་རུ་སུའི་འོག་ཏུ་ཚུད་པའི་མི་རིགས་མང་པོ་ཞིག་ད་ལྟ་རང་དབང་ཐོབ་ནས་བསྡད་ཡོད། མི་རིགས་དེ་དག་ཚང་མར་ཨུ་རུ་སུར་འགྲན་བཟོད་པའི་སྟོབས་ཤུགས་ཡོད་པ་མ་ཡིན་མོད། ཨུ་རུ་སུ་དམངས་གཙོར་འགྱུར་བའི་གོ་སྐབས་དེ་བཟུང་ནས་རང་དབང་བླངས་ཡོད། དེར་བརྟེན་ང་ཚོས་ལྷོད་གཡེང་མེད་པར་རང་གི་སྟོབས་ཤུགས་སྤེལ་བ་དང་ལྷན་དུ་སེམས་སུ་ཡང་རེ་བ་འཛིན་དགོས་པ་ཡིན་ལ། གོ་སྐབས་འཕྲད་པའི་སྐབས་སུ་དེ་ཉིད་འཛིན་ཐུབ་པ་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་པར་བསམ། དེ་བཞིན་རང་གི་སྟོབས་ཤུགས་ལ་བརྟེན་དགོས་པ་མ་ཟད་རྒྱལ་སྤྱིའི་སྟོབས་ཤུགས་ལ་ཡང་བརྟེན་དགོས་པ་ཡིན། གལ་སྲིད་ང་ཚོས་ཨ་རི་ལ་སོགས་པའི་རྒྱལ་ཁབ་རྣམས་ཀྱིས་ཁོང་ཚོའི་ཁེ་ཕན་བཞག་ནས་ང་ཚོའི་ཆེད་དུ་ལས་ཀ་བྱེད་པར་འདོད་པ་ནི་བྱིས་བློ་ཡིན་ལ། ཁོང་ཚོས་ཁེ་ཕན་ལ་བལྟས་ནས་ལས་ཀ་བསྒྲུབ་སྟངས་དེས་ང་ཚོ་ལ་ཕན་

    Reply
  3. དབྱངས་བུ། says:
    ལོ་ 16 སྔོན།

    ཐོག་མར་དབུས་ཕྲུག་ཚེ་རིང་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང།

    དེ་ནས་གཅན་བཟོད་རྒྱམ་ལགས་སུ།
    ཁྱེད་ཀྱི་མཆན་བུ་འདེབས་ས་ཚང་མའི་ནང་ལ་གསལ་བསྒྲགས་ཤིག་བཀྲམ་འདུག་ཀྱང། ཁྱེད་ཀྱི་གསལ་བསྒྲགས་ནང་་Quick vote ཞེས་པ་ལས་Yes སྟེང་གནོན་
    དགོས་ཞེས་བྲིས་འདུག འོན་ཀྱང་yes སྟེང་གནོན་པ་ལས་No གནོན་མི་ཆོག་པ་
    རེད་དམ། ཡང་ན་ཁྱེད་ཀྱིས་རྒྱུད་བསྐུལ་གང་བྱེད་རྩིས་ཡོད་དམ། འོས་ཤོག་སྐབས་
    གསལ་བསྒྲགས་དེ་འདྲ་བཏང་པ་ཡིན་ན། འོས་ཤོག་དྲང་བདེན་ཡོང་བར་འཐུས་
    ཤོར་བཟོ་སྲིད་པ་མ་རེད་དམ།

    ཐུགས་རྗེ་ཆེ།།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དུས་བབ་ནང་གི་དྲ་གྲོགས་ཚང་མ་ཁ་བརྡའི་ནང་དུ་བོད་རང་བཙན་གྱི་ཆེན་དུ་འོས་ཤོག་བླུགས་པར་ཕེབས་རོགས། དྲ་ཐག་འདི་ཡིན།
    http://www.khabdha.org/?p=6688&cpage=1#comment-23383

    དྲ་གྲོགས་ཚོ། མགྱོགས་པོར་འོས་བླུགས་པར་ཕེབས་རོགས། གོང་གི་དྲ་ཐག་ནང་དུ་དྲ་ཤར་གསུམ་ཡོད་པའི་དཀྱིལ་མ་དེ་ལས་དབྱིན་ཡིག་གི་Quick Vote ཞེས་པ་ལས་yes སྟེང་གནོན་དགོས་པ་ཡིན།
    རྒྱ་གར་གྱི་ཉིན་གུང་དུས་ཚོད་༡།༤༥་ཐོག་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆའི་༩་དང་། ཁ་གཏད་བརྒྱ་ཆའི་༩༡་རེད་འདུག འགྱོགས་པོར་འོས་བླུགས་པར་ཕེབས་རོགས། ཕན་ཚུན་ལ་བརྡ་ལན་སྤྲོད་རོགས།
    Yes 9% 6059
    No 91% 61656
    Total Votes: 67715

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese