མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} དོན་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས་སེམས་ཐག་གཙང་བཅད་ཀྱིས་རང་གི་ནུ་མོ་དང་སྤུན་མཆེད། གྲོགས་པོ་གཞན་གཉིས་བཅས་ལ་ང་ཚོ་དེ་རིང་གངས་རི་བརྒལ་ཐུབ་བྱེད། མི་མང་བོ་ཞིག་འདི་ནས་ཕར་ཕྱོགས་སུ་སོང་བ་རེད། ང་ཚོ་ཡང་འགྲོ་མི་ཐུབ་པ་གང་ཡོད། ལྷག་པར་དུ་དེ་རིང་དངོས་ནས་གནམ་གཤིས་ཀྱང་ཡག་པོ་འདུག ང་ཚོས་ལམ་ཁ་མི་མཐོང་བའི་དཀའ་ངལ་ཡང་མི་འདུག ང་འདི་ནས་དང་བོ་བྱས་དེ་འགྲོ ངས་རྗེས་སུ་མི་གཅིག་ཤོག དེ་ཡི་རྗེས་སུ་ངའི་ནུ་མོ་ཡོང་དུ་བཅུགས། དེ་ཡི་རྗེས་སུ་མི་གཉིས་ཀ་ཤོག ཚང་མས་ངའི་རྐང་རྗེས་སུ་མ་གཏོགས་རྐང་བ་གཞན་དུ་གཏན་ནས་སྤོ་མི་རུང་། གལ་ཏེ། གངས་ཆག་གི་བར་གསེང་དུ་ལྷུང་བ་འདྲ་ཡིན་ན་ང་རང་དང་བོ་བྱས་དེ་ལྷུང་ངེས་ཡིན། ང་ནི་༧རྒྱལ་བ་རིན་པོ་ཆེ་ཚང་ལ་མཇལ་ཚར་བ་ཡིན་པས། གལ་སྲིད་འདི་ནས་མ་ཐར་བ་ཡིན་ན་སྐྱོན་མེད་པ་རེད་ཅེས་བཤད་དེ་ཁོ་རང་ཐོག་མར་ལམ་ལ་བུད།

བློ་བཟང་གིས་ཕྱིར་བལྟས་ཙམ་ཡང་མི་བྱེད་པར་གངས་རིའི་ནང་དུ་ཤར་རྒྱགས་འགྲོ་བཞིན་པའི་སྐབས་ཤིག་ལ། རྒྱབ་ལོག་ནས་ནུ་མོ་མཚོ་མོ་སྐྱིད་ཀྱིས། ཕུ་བོ། ང་ཚོ་འདི་ནས་ངལ་ཅུང་ཙམ་ཞིག་གསོས་ན་འགྲིག་གི་རེད་དམ་ཞེས་བཤད་དུས་སུ། བློ་བཟང་གིས་རང་གི་ནུ་མོ་ལ། ཤུ་རེ་བྱོས། ང་ཚོ་འདི་ནས་ཐར་བ་ཡིན་ན་ད་ཉེན་ཁ་ཡོད་པ་མ་རེད་ཅེས་ལན་བཏབ་ནས་མུ་མཐུད་དུ་ཕྱིན།

བལ་བོད་གཉིས་ཀྱི་ས་མཚམས་སུ་སླེབས་མ་ཐག རྒྱ་ནག་གི་བོད་དུ་བཙན་འཛུལ་བྱས་རྗེས་སུ་བཙུགས་པའི་རྡོ་རིང་དེ་ཡི་འགྲམ་དུ་རྡེའུ་འབུམ་བླུགས་ཡོད་པ་མ་ཟད། དེ་ཡི་སྒང་དུ་དར་ལྕོག་ལྷབ་ལྷུབ་དུ་གཡོ་བ་དེ་ཡི་འགྲམ་ནས། ཁོང་ཚོ་ཚང་མས་ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ་ཞེས་སྐད་ཤུགས་ཆེན་པོ་ཐེངས་འགའ་བརྒྱབ་རྗེས་སུ། རོགས་པ་གཞན་ཞིག་གིས་དེ་རིང་ནས་རྒྱ་ནག་འདི་ཚང་གི་འོག་ནས་ཐར་སོང་བ་རེད། རང་དབང་ཐོབ་སོང་བ་རེད། བོད་རང་བཙན་ཁྲི་ལོ་བརྟན་པོར་ཤོག་ཟེར་ནས་སྐད་ཤུགས་ཆེན་པོ་བརྒྱབ་པ་དེ་ཡི་རྣམ་པ་དེ་ནི་དངོས་ནས་མི་ཞིག་ཚེ་ཐག་བཅད་པ་ལས་ཐར་བའི་སྤྲོ་སྣང་ལྟ་བུ་ཞིག་བྱུང་ཡོད་པ་ལྟ་བུ་ཞིག་ཡིན་པར་གླེང་ཆོག་པ་རེད།

ཁོང་ཚོ་གངས་རི་ལས་བརྒལ་ནས་ག་ལེར་བལ་ཡུལ་གྱི་ས་ཐོག་ནས་མར་ལུང་ཁུག་དུ་འབབ་བཞིན་པའི་སྐབས་སུ། གྲྭ་བ་ཤེས་རབ་རྒྱ་མཚོས་བློ་བཟང་ལ་གངས་ཁྲོད་ནས་ཁོ་རང་གི་ནུ་མོ་ཁ་རོག་གེར་ངུས་པ་དེ་ལ་ཀུ་རེ་བྱེད་ཀྱི་ཡོད་པ་དེ་མཐོང་ནས། བློ་བཟང་གིས་རང་གི་ནུ་མོ་ལ་ཅིའི་ཕྱིར་ངུས་པ་དྲིས་དུས་སུ། ནུ་མོས་གཏན་ནས་ངུས་མེད་ཟེར་ནས་ཁས་ལེན་མ་བྱས་པའི་སྐབས་དེར། ཤེས་རབ་ཀྱིས། ཁྱེད་རང་གི་ངལ་གསོ་མི་བྱེད། མགྱོགས་པོ་འགྲོ་ཟེར་བའི་སྐབས་དེ་རེད། ཁྱེད་རང་གི་རྐང་རྗེས་སུ་མོ་རང་གི་རྐང་བའི་མ་གཉོབ་པ་དང་འགྲོ་ཡུན་རིང་དྲགས་ནས་ངུས་པ་རེད་ཅེས་བཤད་དུས། བློ་བཟང་གིས་རང་གི་ནུ་མོའི་མགོ་ལ་ལག་པའི་ཕྱིལ་ཕྱིལ་ཞིག་གཏོང་བཞིན། དེ་རིང་ནས་ང་ཚོ་ཁྱོས་གང་ནས་ངལ་གསོ་ཟེར་ན་དེ་ནས་ངལ་གསོས་པ་ཡིན་ན་འགྲིག་གི་རེད་ཅེས་བཤད་པའི་སྐབས་དེར། ནུ་མོ་མཚོ་མོ་སྐྱིད་ཀྱི་གདོང་ཡོངས་སུ་འཛུམ་མདངས་ཀྱིས་འཁང་དེ། ཡ་ཡ་ ཕུ་བོ།

བལ་ཡུལ་གྱི་ས་ཐོག་དུ་སླེབས་པས་ཁོང་ཚོ་སེམས་པ་ཡང་བདེ་རུ་སོང་ཡོད་ཀྱང་། གནམ་གཤིས་ཧ་ཅང་བཟང་རྒྱུ་མེད་པ་དང་། ཉིན་མོ་དེར་ཁོང་ཚོ་གངས་འདབས་ཀྱི་རྡོ་ཕ་བོང་དེ་དག་གི་གསེང་ནས་ངལ་གསོ་རྒྱུ་ཁ་འཆམ་ནས་དེ་རུ་ཉལ་བ་རེད། ཕྱིར་ཉིན་ནས་ཁོང་ཚོ་མུ་མཐུད་དུ་གང་ཐུབ་ཅི་ཐུབ་རེ་སོང་ན་ཡང་། སྟབས་མ་ལེགས་པ་ཞིག་ལ་བློ་བཟང་གི་རྐང་བ་ན་ནས་འགྲོ་མ་ཐུབ་པའི་སྐབས་དེ་འདྲ་ཞིག་ལ། བློ་བཟང་གིས་ད་ནི་ང་རང་དངོས་ནས་འགྲོ་ཐུབ་ས་མ་རེད། ང་ཚོས་འདི་ནས་ངལ་གསོ་བྱེད། དེ་མིན་ན། ཁྱེད་ཚོ་ག་ལེར་ལམ་ཁ་དེད་ནས་འགྲོ་ཡི་བསྡོད། ང་ཚོ་ཟ་མ་ཡང་ཚར་གྲབས་འདུག ཁྱེད་རང་ཚོ་ཟ་མ་ཡོད་ས་ཞིག་ནས་ང་ལ་སྒུག་ནས་བསྡོད་ཅེས་བཤད་པ་རེད།

བློ་བཟང་གི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཀྱིས། ཕུ་བོ། དེ་འདྲ་ཡོང་གི་མ་རེད། ང་དང་རྡོར་སྐྱབས་གཉིས་ཀྱིས་ཁྱེད་རང་རྒྱབ་དུ་ཁུར་ནས་ངལ་གསོ་ཞོར་དུ་འགྲོ་ཆོག ཤེས་རབ་རྒྱ་མཚོ་གྲྭ་བ་ཡིན་སྟབས་ཁྱེད་རང་ཁུར་ན་འགྲིག་གི་མ་རེད་ཞེས་ཨུ་ཚུགས་བྱས་མཐར། བློ་བཟང་གིས་ཁོང་ཚོས་ཁ་ལ་ཉན་ནས་ཁུར་དུ་བཅུགས་ནས་བལ་ཡུལ་གྲོང་སྡེ་ཞིག་གི་སྣེ་མོ་ཟིན་ནས་དེ་ཡི་ནང་དུ་ལམ་འགྲུལ་བའི་ཟ་ཁང་མི་ཚང་ཞིག་གི་ནང་དུ་ཕྱིན་ནས་ཁོང་ཚོས་འབྲས་ཚལ་གང་ཡོད་པ་དེ་བསྔགས་ནས་ཟས་ཚར་མ་ཐག་པའི་སྐབས་དེ་འདྲ་ཞིག་ལ། ནང་དུ་བལ་ཡུལ་གྱི་དམག་མི་མེ་མདའ་འཛིན་མཁན་ཁ་ཤས་ཤིག་ནང་དུ་སླེབས་ནས་ཁོང་ཚོ་གང་ནས་ཡིན་ཟེར་ནས་དྲིས་དུས་སུ། ཁོང་ཚོ་སུས་ཀྱང་ལན་མ་བཏབ་པར་བསྡད་པ་རེད།

དམག་མི་ཞིག་གིས་འགྲུལ་བའི་ཟ་ཁང་ནང་གི་བདག་མོ་དེར་འདི་ཚོས་ཁྱེད་རང་ལ་ཟས་རིན་སྤྲད་སོང་ངམ། ཁོང་ཚོ་འདིར་སླེབས་ནས་དུས་ཚོད་ག་ཚོད་འགྲོ་སོང་། ཁོང་ཚོས་ནང་དུ་བལ་ཡུལ་སྐད་ཤེས་མཁན་དང་དབྱིན་སྐད་ཤེས་མཁན་ཨེ་འདུག་ཞེས་དྲིས་པའི་ལན་དུ་བདག་མོ་དེས། ཁོང་ཚོས་ནང་དུ་དབྱིན་སྐད་དང་བལ་སྐད་ཤེས་མཁན་མི་འདུག ངས་ཟས་རིན་ཚང་མ་སྤྲད་སོང་། བློ་བཟང་ལ་མཛུབ་མོ་བཙུགས་ནས་མི་དེས་རྐང་བ་ནད་པ་རེད་འདུག ཁོང་ཚོས་ཁོ་རང་ཁུར་ནས་སླེབས་སོང་ཞེས་བཤད་པ་དེས། ཁོང་ཚོ་ལ་རོགས་པ་བྱས་པ་གཅིག་པ་ལྟ་བུ་ཞིག་ཆགས་ན་ཡང་། དམག་མི་གཞན་ཞིག་གིས་ཅ་ལག་ཚང་མས་ཁ་ཕྱེ་ཟེར་ནས་བཤད་པ་ལྟར། བློ་བཟང་གིས་ཀྱང་རོགས་པ་ཚོ་ལ་ཁོང་ཚོས་འདོད་པ་ལྟར་བྱེད་དུ་འཇུག་དགོས་པ་རེད་ཅེས་རང་གི་རོགས་པ་དག་ལ་བཤད་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 2

  1. sha tak ri sim says:
    ལོ་ 16 སྔོན།

    སྒྱུ་མའི་ཁམས་ནས་ཕེབས་པས་སྤུན་ཟླ་ཁྱེད་རང་ལ་དགའ་བསུ་ཞུ། རྗེས་ཕྱོགས་ཀྱང་གང་ཐུབ་ཡོང་རོགས་ཞུ། བལྟས་ནས་འདུག

    Reply
  2. sogyal says:
    ལོ་ 16 སྔོན།

    ཨ་རོ། བོད་རང་བཙན་བྱེད་རྒྱུ་ལྷག་བསྡད་པའི་སྐབས་འདིར་ཁྱོད་ལ་བོད་རང་བཙན་ཐོབ་འདུག་པ་མ་ཟད། དེ་ཉིད་ཁྲི་ལོ་བརྟན་པའི་སྨོན་འདུན་ཞུས་པ་མཐོང་དུས་དངོས་གནས་སྣང་བ་སྤྲོ་བོ་བྱུང་།
    ཨ་རོ། ཧི་མ་ལ་ཡི་རི་བོ་བརྒལ་སྟངས་ཅུང་བདེ་དྲགས་པས་རི་བོ་བརྒལ་སྟངས་ཀྱི་རྣམ་པ་གསལ་བོ་འདྲ་མཐོང་ཐུབ་མ་སོང་། དངོས་གནས་མུ་འཐུད་ནས་བྲིས་དང་སྒྲུང་རིང་ཞིག་ཏུ་འགྱུར་རྒྱུ་གདོན་མི་ཟ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese