མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རིགས་རྒྱུད་སྤེལ་བ་དེ་ཆོས་སྲིད་གཉིས་ཀར་འབྲེལ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

འདི་གའི་གསར་འགོད་པས་བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་དང་གླེང་མོལ་ཞིག་གི་སྐབས་སུ། ཁོང་གིས་བོད་མི་རིགས་དང་ཆོས་སྲིད། རིག་གཞུང་སྲུང་སྐྱོབས་བཅས་ཀྱི་ཆེད་དུ་བོད་མི་ཚོས་ཕྲུ་གུ་སྐྱེ་སྤེལ་བྱེད་དགོས་སྐོར་གསུངས་ཡོད།

ལོ་སྔོན་མར་བཙན་བྱོལ་བོད་གཞུང་གིས་ཉིན་བརྒྱ་དུས་གཅིག་ལ་རྒྱ་བོད་འབྲུག་གསུམ་དང་། ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་སོགས་བོད་མི་སྐྱབས་བཅོལ་གྱི་ས་གནས་ཁག་ཏུ་མི་འབོར་ཞིབ་བཤེར་གནང་ཡོད་ནའང་།  མཇུག་མཐའི་གྲུབ་འབྲས་ད་དུང་གསལ་བསྒྲགས་གནང་མེད་པས། སྐབས་རེར་ངས་སེམས་སུ་གཅིག་ནས་བོད་མི་རིགས་རང་ཉིད་མི་འབོར་ཉུང་ངུ་ཞིག་ལས་མེད་པ་དང་། གཉིས་ནས་བཙན་བྱོལ་དུ་དེ་བས་ཀྱང་ཉུང་ཉུང་ཞིག་ལས་མེད་མོད། དེ་ཡང་འཆར་འགོད་ལྷན་ཁང་གི་ལས་བྱེད་ཚོའི་ཀླད་པའི་ནང་གྲངས་ཀ་ལོངས་གི་མེད་དམ་སྙམ་ལ། ཡང་སྐབས་རེར་མཇུག་འབྲས་དྲིལ་བསྒྲགས་མ་གནང་བ་དེས་འཇིགས་སྐྲག་ཅིག་ཀྱང་སྟེར་གྱིན་འདུག དེ་ནི་མི་འབོར་ཞིབ་བཤེར་ཐེངས་དང་པོ་དང་གཉིས་པའི་བར་ན་འཕེལ་རྒྱས་ཀྱི་རྣམ་པ་མེད་པའམ། ཉམ་ཆག་ཏུ་ཕྱིན་པ་སོགས་ཀྱི་ཉེན་ཁ་ཡོད་སྟབས་ཡིན།

གང་ལྟར་ཡང་། ཕྱི་ཚེས་ ༢༥ ཉིན་ང་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གི་དྲུང་དུ་བཅར་ཏེ། ཁོང་གི་ལོ་རྒྱུས་སྐོར་ཞིག་བཀའ་འདྲི་ཞུས་པ་དང་དེའི་རྗེས་གནད་དོན་གཞན་ཁག་ཅིག་གི་ཐད་དུའང་བཀའ་འདྲི་ཞུས།  དྲི་བ་དེ་དག་ལས་ངས་བོད་མི་ཚོའི་འཕྲོད་བསྟེན་དང་འབྲེལ་ཏེ། ད་ལྟ་ཉེན་ཚབས་ཆེ་བ་དང་བོད་མི་ཚོའི་ཚེ་སྲོག་ལ་རྒོལ་བའི་ན་ཚ་གང་དག་ཡིན་མིན་སོགས་བཀའ་འདྲི་ཞུས་པར། ཁོང་གིས། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ཡོངས་གྲགས་ཐོག་དཀའ་ངལ་ཆེན་པོ་ཡོད་པ་ནི་གློ་ནད་རེད། ངས་ ༡༩༦༠ ནང་གི་ཡིག་ཆ་ཞིག་མཐོང་བའི་ནང་བོད་མིའི་མི་འབོར་གྱི་བརྒྱ་ཆ་སུམ་ཅུར་གློ་ནད་འགོས་ཡོད་ཟེར། དེ་དང་བསྡུར་ན་དེང་སང་ཧ་ཅང་ཡར་རྒྱས་སུ་སོང་ཡོད་ལ། ད་ལྟ་བརྒྱ་ཆའི་གཅིག་ཀྱང་ལོངས་གི་ཡོད་མེད་རེད།

གཉིས་པ་མཆིན་ནད་རེད། ན་ཚ་དེ་རྒྱ་གར་ནང་ཧ་ཅང་གི་འགོས་སླ་བོ་དང་ཁྱབ་བརྡལ་ཆེན་པོ་ཡིན་སྟབས། ང་ཚོས་འཐབ་འཛིང་བྱེད་མ་ཐུབ་ཚེ་དཀའ་ངལ་ཆེན་པོ་ཡོང་བའི་གཞི་རྩ་ལྟ་བུར་གྱུར་འདུག གསུམ་པ། འཛམ་གླིང་ཡོངས་རྫོགས་ནང་དཀའ་ངལ་ཡོང་བསྡད་པའི་རེག་དུག་གི་ན་ཚ་རེད། སྤྱིར་རྒྱ་གར་ནི་འཛམ་གླིང་ནང་ན་ཚ་དེའི་སྟེང་མི་འབོར་ཤུགས་ཆེ་ཤོས་ཡིན་ཐོག ང་ཚོ་བོད་མི་ནི་རང་བཞིན་གྱི་གཤིས་ཀ་གུ་ཡངས་པོ་དང་། ཕོ་མོའི་ལུས་འབྲེལ་ཐོག་ཧ་ཅང་གི་གུ་ཡངས་པོ་རེད། གུ་ཡངས་པོ་ཡིན་པ་ཙམ་མ་ཟད་བོད་མི་རྣམས་ཚོང་དང་འཚོ་བའི་གནད་དོན་ཆེད། ས་གནས་ག་ས་གང་དུ་འགྲིམ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས་ཉེན་ཚབས་ཆེན་པོ་རེད། དེའི་སྟེང་དུ་བོད་ནང་ལྟ་བུར་མཚོན་ན་རྒྱ་ནག་ནས་སྨད་འཚོང་མ་མང་པོ་ཡོང་བ་དང་། རྒྱ་གར་ནང་དུའང་དེའི་རིགས་དར་ཁྱབ་ཆེན་པོ་ཡིན་སྟབས། བོད་མི་རྣམས་དར་ཁྱབ་དེ་དང་འཁྲུགས་ཆ་དོད་པའི་སྤྱི་ཚོགས་ཆེན་པོ་གཉིས་ཀྱི་ནང་ཚུད་དེ། ཉེན་ཁ་ཆེན་པོ་ཆགས་འདུག དེར་བརྟེན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཤུགས་རྒྱག་ས་གཙོ་བོ་དེ་ཨེ་ཙི་དང་གློ་ནད། མཆིན་ནད་བཅས་གསུམ་ཡིན་ལ། ང་ཚོས་སྔོན་འགོག་གི་ཐབས་ལམ་མང་བོ་ལག་བསྟར་བྱེད་པ་དང་ལོ་ལྟར་གཞིས་ཆགས་ཁག་གི་གཞི་རིམ་མང་ཚོགས་ལ་ཟབ་སྦྱོང་སྤྲོད་ཀྱིན་ཡོད།

དེ་མིན་འབྱུང་འགྱུར་གྱི་ལོ་ལྔ་བཅུའི་ནང་ང་ཚོའི་གནས་སྟངས་གང་འདྲ་ཡོང་མིན་གྱི་གནད་འགག་དེ། བོད་མི་རིགས་ཀྱི་མི་འབོར་ག་ཚོད་ཅིག་སྡོད་ཐུབ་མིན་དེར་ལྟ་དགོས་ལ། ད་ལྟ་འབྲེལ་ཡོད་ཡིག་ཆ་ཁག་ནང་མི་འབོར་གྱི་འཕེལ་རྒྱས་དེ་ཧ་ཅང་གི་ཉུང་ཉུང་ཆགས་འདུག མི་འབོར་འཕེལ་རྒྱས་ཉུང་དུ་འགྲོ་བཞིན་པའི་ཐད་བོད་མི་ཡིན་ནོ་ཅོག་གིས་བསམ་བློ་བཏང་། འགན་ཞིག་མ་ཁུར་ཚེ་ཏན་ཏན་ཉེན་ཚབས་ཆེན་པོ་རེད། ན་ཚའི་ཉེན་ཚབས་དེར་ང་ཚོས་བསམ་བློ་བཏང་སྟེ་བཀག་འགོག་བྱེད་པའི་ཆ་རྐྱེན་ཡོད་ནའང་། མི་འབོར་སྐྱེ་འཕེལ་ཏེ་བོད་མི་རེ་རེའི་ངོས་ནས་བོད་མི་རིགས་ཀྱི་འགན་འཁུར་ཏེ་བསམ་བློ་མ་བཏང་ཚེ། དེ་ནི་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་བསྐྲུན་ཐུབ་པ་ཞིག་མ་རེད་ཅེས་གསུངས།

ཁོང་ལ་བཙན་བྱོལ་སྤྱི་ཚོགས་ནང་བོད་ནང་ལོགས་ལྟར་རྒྱ་གཞུང་གི་གནོན་ཤུགས་འོག་བཙན་གྱིས་སྐྱེ་སྒོ་གཅོད་པ་ལྟ་བུའི་གནས་ཚུལ་མེད་ནའང་། བོད་མི་ཚང་མས་ཁ་སྟབས་ཞན་པའི་སྐྱབས་བཅོལ་གྱི་འཚོ་བ་རོལ་གྱིན་ཡོད་སྟབས། བུ་ཕྲུག་མང་བོ་སྐྱེད་བསྲིང་བྱེད་ཀྱིན་མེད་པའི་གནས་སྟངས་འདིར་དགོངས་ཚུལ་གང་འདྲ་ཡོད་མེད་སྐོར་དྲིས་པར། ཁོང་གིས་གསུངས་དོན། ཕ་མ་མི་རེ་ངོ་རེ་ནས་འགན་འཁུར་དགོས་པ་ཁ་ཤས་ཡོད། གཅིག་ནི་ང་ཚོ་བོད་མི་རིགས་འཛམ་གླིང་ནང་གྲངས་ཉུང་ཆགས་བསྡད་ཀྱིན་ཡོད་པ་དང་། བོད་ལུང་པར་མཚོན་ན་བཙན་དབང་གིས་སྐྱེ་སྒོ་གཅོད་ཀྱིན་ཡོད་སྟབས། རང་དབང་ལུང་པའི་ནང་ཡོད་མཁན་ཚོས་མི་རིགས་སོར་གནས་ཀྱི་འགན་འཁུར་ཆེད་ཕྲུ་གུ་སྐྱེད་བསྲིང་བྱ་དགོས་ཀྱི་འདུག་བསམ་ཏེ། མི་རིགས་ཀྱི་ཆེད་དུ་ཕྲུ་གུ་སྐྱེ་དགོས་པ་རེད། དེ་ལྟར་བསམ་བློ་གཅིག་གཏོང་ཆོག་གི་འདུག གཉིས་ཐད་ནས་རང་ཉིད་ནང་པ་ཡིན་ན། དལ་འབྱོར་གྱི་མི་ལུས་ཟེར་དུས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དར་སའི་ལུང་པའི་ནང་དང་། ལྷག་པར་དུ་རང་དབང་གི་སྒོ་ནས་ཆོས་བསྒྲུབ་རྒྱུར་ཆ་རྐྱེན་ཡག་པོ་ཚང་བའི་ལུང་བའི་ནང་དུ་མི་ལུས་ཐོབ་པ་དཀོན་པོར་ཆགས་ཡོད། དེའི་ནང་ནས་ཀྱང་ང་ཚོ་ཐེག་པ་ཆེན་པོ་ཡིན་ཟེར་གྱིན་ཡོད་པ་དང་། ཐེག་པ་ཆེན་པོ་རེད་ཀྱང་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་དབུ་ཁྲིད་འོག་ང་ཚོ་འཚོ་གནས་བྱེད་ཀྱིན་ཡོད་སྟབས། མི་ཞིག་སྐྱེས་པ་ཡིན་ནའང་འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་དུ་ཡོད་པའི་གཞན་ཕན་གྱི་བདེ་སྐྱིད་འདོད་མཁན་གྱི་མི་རིགས་ཤིག་འཕེལ་རྒྱས་ཡོང་གི་ཡོད་སྟབས། ཆོས་ཕྱོགས་ནས་གཞན་ཕན་གྱི་བསམ་བློ་ཁུར་ན་ཁུར་མ་ཆོག་པ་གང་ཡང་མི་འདུག དེར་བརྟེན་ཕ་མ་ཚོས་ང་ཚོའི་ཕྲུ་གུ་ཚོར་བོད་མིའི་མི་ལུས་ཤིག་ཐོབ་པ་དེ་ཡང་སྐལ་བ་བཟང་བོ་ཡིན་བསམ་པ་དྲན་དགོས། དེ་བཞིན་རིག་གཞུང་ལ་བསམ་བློ་བཏང་ནའང་། ང་ཚོ་བོད་ཀྱི་རིག་གཞུང་དེ་ནང་པའི་ལྟ་གྲུབ་ལ་གཞི་བཞག་པ་དང་། ནང་པའི་ལྟ་གྲུབ་ལ་མཚོན་ན་འཛམ་གླིང་ནང་རིག་པས་དཔྱད་པ་དང་ཚན་རིག་གིས་བརྟག་དཔྱད་བྱས་ཏེ། ཕན་ཐོགས་ཡོད་བསྡད་པ་དེ་གསལ་བོ་ཆགས་ཡོད། འོན་ཀྱང་། ད་ལྟ་དགོན་སྡེ་ཁག་ཏུ་གྲྭ་རྒྱུན་ཉུང་དུ་འགྲོ་བ་དང་བོད་མི་རིགས་ཀྱང་ཉུང་དུ་འགྲོ་བཞིན་ཡོད་སྟབས། ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་ཆེད་དུའང་ཕྲུ་གུ་སྐྱེ་སྤེལ་བྱེད་དགོས་པ་རེད། སྤྱིར་ཕ་མ་མང་བོ་ཞིག་གིས་ཕྲུ་གུ་མ་སྐྱེ་པ་ནི་སྟབས་བདེ་བོ་ཡོང་བའི་ཆེད་དུ་རེད། ཡིན་ནའང་། དེ་ཕར་བཞག་ནས་བོད་མི་རིགས་ཆེད་དུ་འབད་བརྩོན་བྱེད་དགོས་པ་རེད། དེ་ཙམ་མ་རེད། ཕ་མ་གཉིས་ལ་ཕྲུ་གུ་ལྔ་ཡོད་པར་ཆ་བཞག་ན་ཕྱོགས་གཅིག་ནས་དཀའ་ངལ་ཡོད་ནའང་། དེ་ཚོ་ཡག་པོ་ཡོང་བའི་རེ་བ་ལྔ་ཡོད་པ་རེད། དེ་བཞིན་ཕྲུ་གུ་རེ་རེས་རྣམ་དཔྱོད་དང་སྤྱོད་པ་མ་འདྲ་བ་རེ་རེ་ཁྱེར་ཡོང་དུས་ཕ་མར་བདེ་བའང་མ་འདྲ་བ་རེ་ཡོད་པ་རེད།

གཞན་ཡང་ང་ཚོ་ལས་ལ་ཡིད་ཆེས་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས། བསོད་ནམས་དང་ལས་ཀྱིས་མི་ལུས་འཐོབ་ཡོང་མཁན་དེར། ཟ་རྒྱུ་དང་འཐུང་རྒྱུའི་ལས་དང་བསོད་ནམས་ཤིག་རང་འགྲུབ་ཀྱིས་ཡོད་པ་རེད་མ་གཏོགས། ཕ་མ་གཅིག་པུས་ལྟོ་གོས་གཏམ་གསུམ་བསྐྲུན་དགོས་ཀྱི་ཡོད་བསམ་ན་ཏན་ཏན་ལས་ལ་ཡིད་ཆེས་གཙང་མ་མ་གནང་བའི་རྟགས་རེད་ཟེར།

མཇུག་མཐར་ཀུ་རེ་དང་བསྒྲགས་ཁོང་ལ་ཕྲུ་གུ་ཅི་ཙམ་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ང་ལ་ཕྲུ་གུ་བཞི་སྐྱེས་ནའང་གཅིག་གྲོངས་པ་དང་ད་ལྟ་གསུམ་ཡོད། ཆ་ཚང་སློབ་གྲྭ་ཐོན་ཚར་ཡོད་ཅེས་གསུངས།

ཁོང་གིས་དེ་ལྟར་བོད་མི་རྣམས་ཀྱིས་ཕྲུ་གུ་སྐྱེ་སྤེལ་བྱེད་པ་ནི་བོད་མི་རིགས་ཀྱི་རིགས་རྒྱུད་དར་སྤེལ་དུ་བཏང་སྟེ་ཆོས་དང་སྲིད། རིག་གཞུང་སྲུང་སྐྱོབས་སོགས་ཀྱི་ཆེད་དུ་ཡིན་པ་མ་ཟད། མི་རང་རང་གི་རེ་བ་དང་བདེ་སྐྱིད་ཆེད་དུའང་རེད་གསུངས་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ། ༢༠༢༣།༠༥།༣༠ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད།

ཆུ་ཚོད་ ༢ སྔོན་ལ།
ཡུན་ནན་ཐོང་ཧེ་རྫོང་ཁོངས་ཀྱི་ཁ་ཆེའི་ལྷ་ཁང་རྙིང་ཤོས་ནཱ་ཇཱ་ཡེན། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག 

ཆུ་ཚོད་ ༣ སྔོན་ལ།
བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

༢༠༢༣/༠༥/༢༩
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

༢༠༢༣/༠༥/༢༩
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

༢༠༢༣/༠༥/༢༩
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧

མཆན། 19

  1. lobsang says:
    ལོ་ 13 སྔོན།

    འོད་ ཀྱིས་བུད་མེད་བདུན་ལ་བུ་བུ་མོ་བཅོ་ལྔ྄བཟོ་ཟེར་བ་ལ་ལྟོས་ན་ཤིང་ཐོ་ཞིག་གིས་བཟོ་རྒྱུ་ལས་ཡིན་སྙམ་ བུ་བུ་མོ་བཅོ་ལྔ་སྐྱེ་རུ་འཇོག་མི་ཐུབ་ནི་ཀ་དང་ང་རེད་ བུད་མེད་་ཡང་ཡོད་མེད་སུ་ཤེས

    Reply
  2. མཁའ་དབུགས་གསར་བ says:
    ལོ་ 13 སྔོན།

    ཕྲན་གྱིས་ཀྱང་ལོ་སྔོན་མའི་མི་འབོར་ཞིབ་བཤེར་དེའི་དྲིལ་བསྒྲགས་ལ་སྒུག་ནས་ཡིན་རིང་ཞིག་འགོར་སོང་། ༡༩༥༩ལོར་མི་འབོར་ཁྲི་བཅུ་ཙམ་རྒྱ་གར་དུ་བཙན་བྱོལ་དུ་ཕྱིན་པར་ནས་ལོ་རེར་མི་ཉིས་སྟོང་ནས་སུམ་སྟོང་ཞིག་བཙན་བྱོལ་དུ་འགྲོ་གིན་ཡོད་ནའང་བཙན་བྱོལ་བོད་མིའི་མི་གྲངས་ལ་འཕེལ་རྒྱས་ཅི་ཡང་བྱུང་མེད་པ་འདི་ནི་དངོས་ནས་ཡིད་སྐྱོ་བ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོད་རྩིས་ལྟར་ན་བཟའ་ཟླ་གཉིས་ལ་ཆ་སྙོམས་ཀྱི་བུ་ཕྲུག་གཉིས་ཡན་མ་སྐྱེས་ན་མི་གྲངས་ཇེ་ཉུང་དུ་འགྲོ་བར་བཤད་ཀྱིན་ཡོད། བཙན་བྱོལ་སྤྱི་ཚོགས་སུ་ཉུང་མཐར་ཡང་དགེ་འདུན་པ་ཁྲི་གསུམ་་ལྷག་ཡོད་ངེས་ལ། དེའི་བཙན་བྱོལ་སྤྱི་ཚོགས་སུ་མི་གྲངས་ཁྲི་བཅོ་ལྔ་ཡོད་པའི་དབང་དུ་བཏང་ན་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་ཡོད་པ་རེད། ལོ་རྒྱུས་ཞིབ་འཇུག་ལ་ལས་བཤད་པ་ལྟར་རྒྱལ་པོ་ཁྲི་རལ་བ་ཅན་གྱི་དུས་བོད་ལ་དམག་མི་ཁྲི་བརྒྱད་བརྒྱ་ལྟག་ཡོད་པར་བཤད་ཀྱིན་ཡོད། ང་རང་ལོ་རྒྱུས་ལ་དེ་འདྲིའི་རྒྱུས་ལོན་མེད་མོད། གལ་ཏེ་བཤད་ཚུལ་འདི་ཁུངས་ལུང་ལྡན་པ་ཞིག་ཡིན་ན་སྐབས་དེར་བོད་སྤྱིའི་མི་གྲངས་ཁྲི་ཉི་སྟོང་ལྷག་ཡོད་ངེས་རེད། ཡིན་ཡང་ད་ལྟ་བོད་ཕྱི་ནང་གཉིས་སུ་ཁྲི་དྲུག་བརྒྱ་ཡང་མི་འདུག་པ་འདིར་ལྟོས་ན་ལོ་རེར་མི་ཆིག་ཁྲི་ལྔ་སྟོང་ལྷག་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། དུས་ད་ལྟ་བོད་ནང་དུ་འཆར་ལྡན་བུ་སྐྱེས་སྲིད་ཇུས་སོགས་ཀྱིས་དབང་གིས་ཕྲུ་གུ་སྐྱེས་ཚད་ཤིན་ཏུ་ཉུང་ལ། བཙན་བྱོལ་སྤྱི་ཚོགས་སུའང་འཚོ་བའི་ཆ་རྐྱེན་སོགས་ཀྱིས་དབང་གིས་ཕྲུ་གུ་སྐྱེས་ཚད་ཤིན་ཏུ་ཉུང་བ་རེད། གལ་ཏེ་མུ་མཐུད་དུ་འདི་ལྟར་སོང་ན་མི་འགྱངས་པའི་མ་འོངས་པར་བོད་ཀྱི་ཁྲག་རྒྱུན་ཞིག་སའི་གོ་ལའི་སྟེང་ནས་ཆད་རྒྱུ་རེད།

    Reply
  3. འོད། says:
    ལོ་ 13 སྔོན།

    ན་མ་མནའ་མར་བཅོས

    Reply
  4. འོད། says:
    ལོ་ 13 སྔོན།

    ཁ་ཆེ་ཆོས་ལ་བཤད་སྲོལ་ཞིག་ལ་བུ་གཅིག་གིས་བུད་མེད་བདུན་ན་མར་ལེན་པའི་བདག་དབང་ཡོད་པ་ཆོས་ཡིན་ཟེར། དེ་ཡང་ཆོས་སུ་འབྲེལ་ཚུལ་རིགས་རྒྱུད་སྤེལ་ན་ཆོས་རྒྱུད་འཛིན་མཁན་འཕེལ་བའི་རྒྱུ་མཚན་གྱིས་ཡིན་པར་སྙེད། ང་ཚོར་ཡང་འདི་ལྟ་བུའི་དམིགས་བསལ་གྱི་ཁྲིམས་དང་ཡུལ་སྲོལ་ཞིག་ཡོད་ན་ལེགས། ངོ་མ་ཡིན་ངས་མི་རིགས་ཀྱི་ཆེད་དུ་བུ་མེད་བདུན་ལ་བུ་བུ་མོ་བཅུ་བཞི་བཟོ་ཐུབ་པའི་གདེང་ཚོད་ཡོད། ཁ་ཆེ་རྒྱ་བོ་སྦན་ལ་ཏེན་གྱིས་བུ་བུ་མོ་བརྒྱ་བཟོ་ཐུབ་ན་ང་ཚོས་བཅུ་བཞི་བཅོ་ལྔ་ཞིག་བཟོ་མི་ཐུབ་པའི་རྒྱུ་མཚན་ཡོད་པ་མ་རེད་འདོད།

    Reply
  5. lobsang says:
    ལོ་ 13 སྔོན།

    རིགས་རྒྱུད་སྤེལ་དགོས་པ་བདེན་པ་རེད་དེ་ དེང་སང་གི་མི་རབས་ལ་རིགས་རྒྱུད་སྤེལ་བྱེང་ཀྱི་བཅུད་རྫས་ཡང་ཉུང་དུ་འགྲོ་བར་ཡོད་པར་དེའི་སྐོར་གྱི་ཆེད་ལས་སྨན་པས་བརྗོད་ཀྱི་ཡོད་པ་རེད། རྫས་འགྱུར་ཅན་་གྱི་ཟས་སོགས་ཀྱི་རྐྱེན་གྱིས་རིགས་རྒྱུད་སྤེལ་བར་ཉུང་དུ་འགྲོ་བར་ཡང་བཤད་ཀྱི་ཡོད་པ་རེད་ དེ་བས་དེ་སྐོར་ལ་འཕྲོད་བརྟན་ལས་རིགས་ཀྱི་ཞབས་ཞུ་གང་མང་ཞུ་ཐུབ་ནས་ལས་འཕེན་སྙམ འཕྲོད་བརྟན་བཀའ་བློན་ལ་བུ་བུ་མོ་གསུམ་ཡོད་པ་ཡག་པོ་རེད་དེ་ བུ་བུ་མོ་གསུམ་མེད་མཁན་ཚོ་ལ་འཕྲོད་བརྟན་་ལས་རིགས་ཀྱི་སྐོར་ལ་ཁ་བརྡ་བསླབས་བྱ་གང་མང་གནང་རྒྱུ་མཁྱེན

    Reply
  6. སྟོབས་ says:
    ལོ་ 13 སྔོན།

    གནམ་ལྕགས་དང་སྤོབས་པ་མཐའ་ཡས་ལགས
    གྲ་བཙུན་གྱི་གཤིས་སྤྱོད་དང་སྤྱང་བྱ་གཉིས་རན་པ་ཞིག་ཨེ་འདུག གྲ་བཙུན་སྤས་ཀ་ཡག་རུ་གཏོང་བ་ལ་ཆ་རྐྱེན་གང་འདྲ་ཞིག་བེད་སྤྱོད་བྱེད་དགོས་ཀྱི་འདུག

    Reply
  7. སྟོབས་ says:
    ལོ་ 13 སྔོན།

    གནམ་ལྕགས
    སྐད་ཆ་འདི་མོ་འོས་པ་ཞིག་བཤད་ཀྱི་འདུག་ ཡོད་ཚད་སྣང་ཆུང་དང་ཟུར་ཟའི་ཚིག་མདའ་འཕངས་ནས་བཤད་ན་རྒྱུ་མཚན་ངེས་ཅན་ཞིག་ཡོད་སྲིད ། ཁྱེད་ཀྱི་གསལ་བྱེད་རོགས

    Reply
  8. སྤོབས་པ་མཐའ་ཡས། says:
    ལོ་ 13 སྔོན།

    སྟོབས་ལགས། དེང་རབས་ཀྱི་མཐུན་རྐྱེན་ལ་མི་བརྟེན་ཀ་མེད་ཡིན་པ་མ་གཏོགས་སྦྱང་སྟངས་རང་སྲོལ་རྒྱུན་དེ་ཀ་རང་ཡག་པོ་འདུག་བསམ་གྱིན་འདུག་ལགས།

    Reply
  9. སྤོབས་པ་མཐའ་ཡས། says:
    ལོ་ 13 སྔོན།

    མི་ལ་སྤུས་ཀ་མེད་ན་མི་གྲངས་མང་བས་ཕན་པ་མེད།།
    བཙུན་པ་བཙུན་མ་མང་བས་བོད་པ་སྟོང་ཡང་འགྱོད་པ་མེད༎
    སེང་གེ་རིགས་རྒྱུད་ཉུང་ཡང་སྲོག་ཆགས་ཡོངས་ཀྱི་རྒྱལ་པོ་ཡིན༎
    ཕག་ལ་ཕྲུ་གུ་མང་ཡང་བཤང་གཅི་འཐུ་བའི་སྒྱེ་མོ་ཙམ༎

    Reply
  10. སྟོབས་ says:
    ལོ་ 13 སྔོན།

    སྤོབས་པ་མཐའ་ཡས་ལགས ནང་པའི་ཆོས་སྤྱང་སྟངས་དེ་སྲོལ་རྒྱུན་ལྟར་འགྲོ་དགོས་བསམ་ག་དེ་མིན་དེང་དུས་ཀྱི་རྣམ་པ་དང་མཐུན་ནས་སྤྱོང་དགོས་བསམ །

    Reply
  11. གནམ་ལྕགས། says:
    ལོ་ 13 སྔོན།

    དེ་ཡང་མ་རེད། ད་ཡིན་ན་ཨ་ནེ་རེ་ལ་གྲྭ་བ་ག་ཚད་ཐེམ་ན་དེ་ལྟར་དུ་བགོ་བྱ་རྒྱག་རྒྱུ་རེད། དེ་བྱས་ན་ཨ་ནེ་གཅིག་ལ་གྲྭ་བ་བཅུ་ཐོབ་སྲིད། དེ་དུས་ཨ་ནེ་ལ་ཕྲུ་གུ་བཙའ་རྒྱུ་ལས་མེད་པ་བྱས་ན་བསྡད་དེ་ཁྱོ་ག་དག་གིས་ལས་ཀ་བྱས་ན། ཨི་ནས་ཨ་ནེ་གཅིག་གིས་ཕྲུག་གུ་ཉི་ཤུ་ནས་སུམ་བཅུ་སྐྱེས་སྲིད། དེང་འཛམ་གླིང་གི་ཟིན་ཐོར་སླེབས་པ་ནི་མི་གཅིག་གིས་ཕྲུ་གུ་དྲུག་བཅུ་རེ་བདུན་བཙའ་ཐུབ་པ་དེ་རེད། དེ་ལྟ་ཡིན་ན་ང་ཚོར་དེ་འདྲ་མེད་ནའང་ངས་གོང་དུ་བཤད་པ་དེ་འདྲ་ལོས་ཡིན། དེའི་རྗེས་སུ་ཞིབ་དཔྱོད་ཅིག་བྱས་ན། ད་གཟོད་བོད་ཀྱི་མི་གྲངས་ལ་ཕན་པ་ཡོད་ངེས་སོ།།ཧ་ཧ་ཧ།

    Reply
  12. སྤོབས་པ་མཐའ་ཡས། says:
    ལོ་ 13 སྔོན།

    སྟོབས་ལགས། ངས་ནི་གྲྭ་བཙུན་གྱི་ཤེས་ཡོན་གྱི་ཆ་ནས་འགྲིགས་ས་དང་མ་འགྲིགས་ས་གཉིས་ཀ་མཐོང་སོང་། སྤྱིར་བཏང་བོད་ཀྱིས་གྲྭ་བཙུན་བཟོ་སྟངས་སྲོལ་རྒྱུན་དེ་ནི་ནང་པའི་ཆོས་དང་མ་འགྲིགས་པ་མང་པོ་ཞིག་མཐོང་ཡོང་གིན་འདུག་ལགས།

    Reply
  13. སྟོབས་ says:
    ལོ་ 13 སྔོན།

    སྤོབས་པ་མཐའ་ཡས་ལགས གསུང་བ་ཕྱོགས་གཅིག་ནས་བདེན་ཁ་མི་སྟེར་ཐབ་མེད་རེད ། མི་རིགས་མང་བ་དང་ས་རྒྱ་ཆེ་བ་ཙམ་གྱི་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ལ་མི་ཕན་ཡང་ ། བོད་མི་རིགས་མཚོན་ན་ཤེས་ལྡན་མི་སྣ་འཐབ་འཛངས་འདི་ལ་གཞིག་ནས་དེ་ཙམ་ཞིག་ཡོང་ཐུབ་མེད ། གྲྭ་བཙུན་གྱི་གྲངས་འབོར་ལ་དཔག་པའི་གྲྭ་བཙུན་ཤེས་ལྡན་མི་སྣ་ཁྱེད་གྱི་འདོད་པ་གང་བ་ཞིག་ཡོང་ཨེ་ཡོད་ཀི སྤོབས་པ་མཐའ་ཡས་པ་ལ་དྲི་བ་འདི་ཞུ །

    Reply
  14. སྟོབས་ says:
    ལོ་ 13 སྔོན།

    སྤྱིར་བསྟན་པའི་རྩ་བ་སྡོམ་ལྡན་དགེ་སློང་ལ་ཐུག་ཡོད་ཞེས་སྒྲུབ་བྱེད་ལུང་རིག་གཉིས་ཀྱི་ཚིག་ཐག་ཡོད ། ད་ལྟའི་ཆར་བོད་འདི་འཆི་ལ་ཉེ་བའི་ཉེན་འཕྲེང་ཅན་དུ་བསྐྱོད་སྐབས་གྲྭ་བཙུན་གྱི་གྲངས་འཔོར་བརྒྱ་ཆའི་༢༠་ལྷག་ཟིན་ཡོད་དེས་ནང་ནས་ཤེས་ལྡན་པ་ཉུང་མཐའ་ཞིག་མ་གཏོག་མེད ། བོད་འདི་ཉེན་འཚབས་ཀྱི་གནས་རེད་དམ་ཡང་ན་མི་མཐུད་ནས་འགྲོ་དགོས་ཀྱི་རེད་བསམ་ཡོད །

    Reply
  15. སྤོབས་པ་མཐའ་ཡས། says:
    ལོ་ 13 སྔོན།

    དལ་འབྱོར་བཅོ་བརྒྱད་ཚང་ཟེར་བ་དེ་དགོན་པ་ན་ཡོད་པའི་གྲྭ་བ་བཙུན་མ་རྣམ་པར་ཡང་ཚང་ཡོད་མེད་བཤད་ཁག་པོ་རེད། ལས་མཐའ་ལོག་མིན་སུས་ཤེས། བསྟན་པ་ལ་དད་མིན་ཡང་ཡང་རང་རང་གི་སེམས་ན་ཡོད་པ་ལས་ང་ཚོས་ཅི་ཤེས། ཐུབ་བསྟན་ལུང་རིགས་འདི་ཚོའི་གྲས་ཀྱིས་ཆོས་འདྲ་ཞིག་བཤད་ཁུལ་བཤད་པ་དེར་ང་གཏན་ནས་མི་དགའ།

    Reply
  16. སྤོབས་པ་མཐའ་ཡས། says:
    ལོ་ 13 སྔོན།

    འདི་ཚོས་གང་ཡང་མི་ཤེས་པར་འདི་འདྲ་ཤོད་ཀྱིན་ཡོད་པ་རེད། མི་རིགས་ཡར་རྒྱས་འགྲོ་དགོས་པ་ལས་མི་འབོར་ཡར་རྒྱས་སོང་ནས་ཅི་ཕན། མི་འབོར་འཕར་བ་ཞེས་པ་དེ་སྤང་བྱ་ཞིག་རེད་མ་གཏོགས་བླངས་བྱ་ཞིག་ཅང་མ་རེད།

    Reply
  17. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 13 སྔོན།

    མ་རེད་གྲྭ་བ་དང་ཨ་ནེའི་སྐྱོན་བཟོ་ནི་མ་རེད་
    མ་གཞི་ནས་ཆང་ས་བརྒྱབ་པ་དག་གིས་བསམ་བློ་གུ་དོག་དྲག་འདུག
    ཚོད་འཛིན་བྱེད་མི་རང་ཉིད་མ་གཏོགས་གཞན་གྱི་བཙན་གནོན་བྱས་མེད།
    རང་དབང་ལུང་བར་འཚོ་བཞིན་པ་ཚོར་བཤད་གི་ཡོད
    གྲྭ་བ་དང་ཨ་ནེའི་རིག་རྒྱུད་སྤེལ་རྒྱུ་ལས་བོད་ཡིག་སྲོང་སྐྱོབ་བྱས་ན་རེད
    ཆུ་ཚོད་གྱི་དབང་གི་དེ་ལྟར་བྱོས

    Reply
  18. བློ་གྲོས་རྒྱལ་པོ། says:
    ལོ་ 13 སྔོན།

    སྲིད་བཤད་ས་ལ་ཆོས་བཤད་པ་ལྟ་བུ་སྟོང་པ་རྐྱང་བཤད་བསྡད་ནས་ཕན་སྔོ་ཐོགས་པ་ཞིག་ཡོང་མི་སྲིད། ད་ལྟའི་ཆར་ལྷན་ཁང་ཁག་བདུན་ལས་འཐུས་ཤོར་ཆེ་ཤོས་དེ་འཕྲོད་བསྟེན་ལྷན་ཁང་རེད། རྡ་ས་ཁུལ་གྱི་ཆུའི་དཀའ་ངལ་དང་། ཁོར་ཡུག་གཙང་འཕྲོད་ཀྱི་དཀའ་ངལ། བོད་གཞུང་སྨན་རྩིས་ཁང་གི་དབུ་འཛིན་བསྐོ་མ་ཐུབ་པའི་དཀའ་ངལ། བདེ་སྨན་ལ་སྨན་པ་ཚད་ལྡན་མེད་པའི་དཀའ་ངལ་སོགས་ལ་ཇོ་དཔལ་ལགས་ནས་དགོངས་པ་བཞེས་གལ་ཆེའོ།

    Reply
  19. ཡེ་ཤེས་རྡོ་རྗེ། says:
    ལོ་ 13 སྔོན།

    ད་བྱས་ན་གྲྭ་པ་དང་ཨ་ནེ་ཉུང་རུ་གཏོང་དགོས།    

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist