མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་ལུང་པའི་རང་དབང་གི་གོ་སྐབས་ཆུད་ཟོས་སུ་མ་གཏོང་།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

རང་དབང་ལུང་པར་ཡོད་པའི་བོད་རིགས་སྤུན་ཟླ་ཚང་མར་འབོད་སྐུལ་ཞིག་ཞུ་རྒྱུ་ཡོད། ད་བར་ཚང་མས་ཧུར་ཐག་བྱས་པ་རེད་ལ། ད་དུང་མུ་མཐུད་དུ་རང་དབང་ལུང་པའི་རང་དབང་གི་གོ་སྐབས་བཟང་པོ་ཆུད་ཟོས་སུ་མི་གཏོང་བར་རང་གི་དོན་དག་དེ་ངེས་པར་དུ་རང་ཉིད་ཀྱིས་བསྒྲུབ་དགོས་པ་རེད། རང་དོན་རང་གཅེས་བྱ་དགོས། རང་གི་ལུས་དེ་བོད་མིའི་ཤ་ཁྲག་ལས་གྲུབ་པའི་ལུས་བོ་ཞིག་ཡིན་སྟབས། ཇི་སྲིད་ལུས་པོ་མ་དོར་བར་དུ་བོད་སྤྱི་བའི་འགན་འཁུར་དེ་སོ་སོའི་ཕྲག་ལ་འཁྲི་ཡོད་པ་རེད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

 

དེ་རིང་ཞོགས་པར་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་གཞུང་དམངས་ལྷ་མི་ཡོངས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད། བརྟན་བཞུགས་བསྟར་འབུལ་གྱི་མཛད་རིམ་ཐོག་མར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག བླ་སྤྲུལ་རྣམ་པ་དང་སྐུ་བསྟེན་རྣམ་པ། རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཅས་ནས་ཚེ་སྒྲུབ་གནང་ཡོད་ལ། ཞོགས་པའི་ཆུ་ཚོད་ ༨ སྟེང་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེ་བ་དང་སྤྱི་འཐུས་ཚོགས་གཙོ། བཀའ་བློན་ཁྲི་པ་བཅས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་སེར་ཕྲེང་དང་རྔ་རོལ་གྱི་ཕེབས་བསུའི་དབུས་༧གོང་ས་མཆོག་ཕོ་བྲང་ནས་སྦྱན་འདྲེན་ཞུས་ཡོད། བརྟན་བཞུགས་དངོས་གཞིར་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་གནང་སྐབས། སྤྱི་འཐུས་ཚོགས་གཙོ་མཆོག་དང་བཀའ་བློན་ཁྲི་པ་གཉིས་ཀྱིས་མཎྜལ་ཚོམ་བུ་ཟུར་འདེགས་ཞུས་ཡོད།

 

ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་གནང་དོན། སྤྱི་ནོར་༧གོང་ས་མཆོག་སྐུ་གཞོན་ནུའི་དུས་ནས་དགོངས་བཞེས་ཡོད་པ་ལྟར། གངས་ལྗོངས་ཆབ་སྲིད་ཀྱི་རང་བཞིན་དམངས་གཙོའི་ལམ་སྲོལ་དུ་བསྒྱུར་གནང་མཛད་པ་དང་ཆབས་ཅིག ཐུགས་རྒྱུད་ཀྱི་ལུང་གིས་བསྐུལ་བའི་འཕྲིན་ལས་ཀྱི་རྦ་རླབས་མཛད་མཐའ་མེད་པའི་མཐུ་ལ་བརྟེན་ཏེ། འཛམ་གླིང་མི་དམངས་ཀྱི་སེམས་ཀྱི་ཞིང་སར་བོད་ཀྱི་འཐབ་རྩོད་དེ་དྲང་བདེན་དང་། ཡང་དག་པ་ཡིན་པའི་ས་བོན་རྨ་མེད་པ་བཏབས་པས་འཛམ་གླིང་སྐྱེས་འགྲོ་ཡོངས་ཀྱིས་དད་པ་དང་འདུན་པ། ཡིད་ཆེས་དང་མཐུན་འགྱུར་ཉིན་རེ་ནས་ཉིན་རེར་ཇེ་བརྟན་ཇེ་རྒྱས་སུ་ཕྱིན་ཡོད། གཞིས་ལུས་རྒྱ་ཆེའི་མང་ཚོགས་ལ་གཉིས་ཕན་དབུ་མའི་ལམ་གྱི་ཐབས་ལམ་ལ་བརྟེན་ཏེ། རང་ཅག་ཁ་བ་རི་བ་ཡོངས་ཀྱི་སྙིང་ལ་བརྣག་པའི་ཆོས་སྲིད་རང་དབང་གི་ཉི་མ་ཤར་ལ་ཉེ་བ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་དང༌། ཁྱད་པར་གླིང་ཆེན་ཨེ་ཤ་ཡའི་ཁྱོན་ཡོངས་ཞི་བདེའི་བསྟི་གནས་སུ་བསྐྲུན་གནང་མཛད་རྒྱུའི་དགོངས་བཞེས་རླབས་ཆེན་ལ་བརྟེན་ཏེ། སོ་སོ་སྐྱེ་བོ་ཙམ་དུ་མ་ཟད་སྔོན་བྱོན་རྒྱལ་བློན་བྱང་ཆུབ་སེམས་དཔའ་མཁས་གྲུབ་གོང་མ་སུས་ཀྱང་འགྲན་པར་མི་བཟོད་པའི་རྣམ་ཐར་ཆེས་ངོ་མཚར་བའི་རང་བཞིན་ལོ་རྒྱུས་ཀྱི་ཡི་གེར་ཟུར་དུ་འགོད་འོས་པ་དག་ནི་དེང་དུས་སྐྱེ་བོ་ཀུན་གྱི་མཐོང་ཐོས་སུ་གྱུར་ཡོད་ཅེས་སྦྱན་ཆབ་སིལ་བཞིན་གསུངས་བྱུང་།  

 

བརྟན་བཞུགས་ཀྱི་མཇུག་ཏུ་༧གོང་ས་མཆོག་གིས་མི་དམངས་ལ་ལམ་སྟོན་བཀའ་སློབ་བསྩལ་དོན། ཁྱེད་ཅག་གིས་སེམས་ཤུགས་དང་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་དེ་རིང་འདིར་བརྟན་བཞུགས་ཟབ་རྒྱས་འབུལ་བཞིན་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔ་ཕྱི་རིམ་པ་བཞིན་བརྟན་བཞུགས་མང་པོ་ཞིག་ལ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་གནང་སྟེ། མཎྜལ་ལྗགས་བཤད་གནང་བ་རེད། མཎྜལ་ལྗགས་བཤད་དེ་རིན་པོ་ཆེ་ལ་ཁྲལ་བབ་བསྡད་ཡོད་པ་རེད་ཅེས་རྩེད་མཚར་བྱས་པ་ཡིན། དེ་རིང་རིན་པོ་ཆེ་ཡིས་ཁྲལ་ཡག་ཐག་ཆོད་བསྒྲུབས་སོང་།  ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་།

འདིར་དེ་རིང་དངོས་སུ་འདུས་པའི་དད་ལྡན་སེར་སྐྱ་མང་ཚོགས་དང༌། ལྷག་པར་དུ་གཞིས་ལུས་རྒྱ་ཆེའི་མི་དམངས་ལ་མཚོན་ན། གཞན་དབང་འོག་ལ་ཚུད་བསྡད་ཡོད་པ་རེད་དེ། ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་བོད་རང་ཉིད་ཀྱི་བདེན་དོན་ཐོབ་ཐང་འཐབ་རྩོད་ལ་སེམས་ཤུགས་གཡོ་བ་མེད་པར་བརྟན་པོར་གནས་ཡོད། བར་ལམ་བོད་ནང་དྲག་གནོན་གདུག་རྩུབ་ཚད་མེད་བཏང་སྟེ་འདས་གྲོངས་སུ་ཕྱིན་པ་མང་པོ་ཞིག་ཡོད། དེ་དག་ལ་ང་རང་ཚོ་ཚང་མས་སྨོན་ལམ་རྒྱག་རྒྱུ་གལ་ཆེན་པོ་རེད། ཁོང་ཅག་གིས་བོད་བསྟན་སྲིད་ཀྱི་དོན་དུ་སྲོག་དོར་བ་རེད། ལྷག་བསམ་དེར་ཏན་ཏན་འབྲས་བུ་བཟང་བོ་ཞིག་ཡོང་ངེས་པ་རེད། དེ་བཞིན་རྡུང་རྡེག་མནར་གཅོད་འོག་ནས་ལུས་ལ་ནད་གཅོང་ཕོག་བསྡད་པ་མང་པོ་ཞིག་ཡོད། དེ་དག་ལའང་ནད་གཅོང་གི་སྡུག་བསྔལ་ནས་མྱུར་དུ་གྲོལ་ཏེ་ཚེ་མུ་མཐུད་ཐུབ་པ་ཞིག་ལ་ང་ཚོས་སྨོན་ལམ་རྒྱག་དགོས། དེ་དང་མཉམ་དུ་ལྷག་བསམ་དང་སྙིང་སྟོབས་སྔར་བཞིན་བརྟན་པོར་གནས་བསྡད་པའི་མི་རབས་རྒན་པ་ཚོ་ན་ཚོད་སྡུག་ཏུ་འགྲོ་བཞིན་ཡོད། དེ་དག་ལའང་ན་ཚ་སྡུག་བསྔལ་མེད་པར་མི་ཚེ་རིང་དུ་འཚོ་རྒྱུར་ང་ཚོས་ཐུགས་སྨོན་གནང་དགོས། དུས་ད་ལྟའི་བར་གཞིས་ལུས་རྒྱ་ཆེ་མི་དམངས་ལྷག་བསམ་རྩེ་གཅིག་ཏུ་གནས་བསྡད་པ་དེ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན་ལ། ད་དུང་ཡིན་ནའང་དད་འདུན་ལྷག་བསམ་གཡོ་མེད་གནས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་གནའ་དེང་གི་ཤེས་ཡོན་ཟུང་དུ་འབྲེལ་བའི་ཐོག ཚང་མས་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་ནན་གྱིས་གསུངས་དོན། ངས་ནམ་རྒྱུན་འབོད་སྐུལ་ཞུས་བསྡད་པ་ལྟར། ཚང་མས་ཤེས་ཡོན་ཐོག་ལ་དོ་སྣང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཤེས་ཡོན་ཡོད་ན་མིའི་རྣམ་དཔྱོད་ཀྱི་ནུས་པ་ཡོངས་སུ་རྫོགས་པས་རྩལ་འདོན་ཐུབ་ཀྱིན་ཡོད། མི་ལ་རྣམ་དཔྱོད་མེད་ན་ལྷག་བསམ་གཅིག་པུས་ནུས་པ་ཐོན་ཁག་པོ་རེད། དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་དང་ཟུང་དུ་འབྲེལ་ཏེ་བོད་གངས་ཅན་གྱི་ལྗོངས་སུ་སྔ་མོ་ནས་ཡོད་བསྡད་པའི་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་ལ་སྦྱང་བརྩོན་བྱ་དགོས། སངས་རྒྱས་ཆོས་ལུགས་ནང་གི་རྟེན་ཅིང་འབྲེལ་བའི་ལྟ་གྲུབ་ལ་སྦྱང་བརྩོན་བྱས་ཏེ་ཤེས་པར་བྱ་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད། སངས་རྒྱས་ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ན་ཡང་། སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དེ་ངེས་པར་དུ་ཤེས་དགོས་པ་ཞིག་རེད། སངས་རྒྱས་པའི་ཆོས་པ་ཞིག་ཡིན་ན་རྒྱུ་མཚན་ཤེས་པའི་སྒོ་ནས་དད་པ་ཐོབ་པ་ཞིག་བྱུང་ན། དད་པ་དེ་ཧ་ཅང་བརྟན་པོ་ཞེ་དྲག་རེད། དེང་དུས་ཀྱི་ཤེས་ཡོན་དང་ཕ་མེས་བཀའ་དྲིན་ཅན་ཚོས་དཀའ་བ་དཔག་ཏུ་མེད་པ་སྤྱད་དེ་བསྒྲུབས་པའི་སངས་རྒྱས་ཀྱི་ཆོས་ཚུལ་དེ་ནི། དེང་སྐབས་ཧ་ལམ་འཛམ་གླིང་གི་གཅེས་ནོར་རེད་ཟེར་ནས་ལབ་ཐུབ་པ་ཞིག་ཆགས་ཡོད། ཕ་མེས་ནས་བརྒྱུད་སྤྲོད་བྱས་ཡོང་བའི་ནོར་བུ་དེ་ད་ལྟ་རང་ཉིད་ཀྱི་ལག་ཏུ་ཡོད་པ་ངོས་ཟིན་པའི་ཐོག་ནས་དེ་ལ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། བདག་པོ་རྒྱོབ་ཟེར་དུས་དད་པ་གཅིག་པུའི་སྐད་ཆ་མ་རེད། ཤེས་ཡོན་དེ་རང་གི་རྒྱུད་ལ་ཚང་བར་བྱ་དགོས་པ་རེད། དེར་སྨོན་ལམ་བརྒྱབས་ཏེ་ཚང་གིོ་མ་རེད། སློབ་སྦྱོང་བྱས་ཏེ་ཚང་གི་འཇུག་དགོས། དེར་བརྟེན། དེ་རིང་འདིར་དམིགས་བསལ་གྱིས་འབོད་སྐུལ་ཞིག་ཞུ་དགོས་དྲན་བསྡད་ཡོད། ཅེས་གསུངས་སོང་།

 

མཇུག་མཐར་ཁོང་གིས་རང་དབང་ལུང་པའི་བོད་མི་ཚོས་རང་དོན་རང་གཅེས་ཀྱིས་རྩ་དོན་ལ་འབད་འབུང་བྱ་དགོས་སྐོར་བསྟན་དོན། དེ་རིང་གི་གོ་སྐབས་འདི་བཟུང་སྟེ། རང་དབང་ལུང་པོར་ཡོད་པའི་བོད་རིགས་སྤུན་ཟླ་ཚང་མ་ལ་འབོད་སྐུལ་ཞིག་ཞུ་རྒྱུ་ཡོད། ད་བར་ཧུར་ཐག་བྱས་པ་རེད་ལ། ད་དུང་མུ་མཐུད་དུ་རང་དབང་ལུང་པའི་རང་དབང་གི་གོ་སྐབས་བཟང་པོ་ཆུད་ཟོས་སུ་མི་གཏོང་བར་རང་གི་དོན་དག་དེ་ངེས་པར་དུ་རང་ཉིད་ཀྱིས་བསྒྲུབ་དགོས་པ་རེད། རང་དོན་རང་གཅེས་བྱ་དགོས། རང་གི་ལུས་དེ་བོད་མིའི་ཤ་ཁྲག་ལས་གྲུབ་པའི་ལུས་ཕུང་ཞིག་ཡིན་སྟབས། ཇི་སྲིད་ལུས་པོ་མ་དོར་བར་དུ་བོད་སྤྱི་བའི་འགའ་འཁུར་དེ་ཕྲག་ལ་འཁྲི་ཡོད་པ་རེད། ལྷག་པར་དུ་གཞིས་ལུས་རྒྱ་ཆེའི་མི་དམངས་ཚོས་ང་ཚོ་རང་དབང་ལུང་པའི་བོད་རིགས་སྤུན་ཟླ་ཚོར་རེ་བའི་མིག་འབུར་བལྟས་ཡོད། དེ་མ་བརྗེད་པ་བྱ་དགོས། རང་ཉིད་ཕྱོགས་བཞི་མཚམས་བརྒྱད་གང་དུ་གནས་ཡང༌། བོད་སྤྱི་བའི་བདེ་དོན་དེ་སེམས་ནས་མི་འདོར་བར་སྐབས་བབ་ཀྱི་སོ་སོས་གང་འཇོན་པ་དེར་ཧུར་ཐག་བྱ་རོགས། ཞེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༩ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 14

  1. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    བཞད་དོན་ལྷུན་གྱི་འགྲུབ་པར་བྱིན་གྱིས་རློབས་ཞེས་སྨོན་ལམ་རེ་བཏབས་དེ་སྔར་བཞིན་ལྷོད་གཡེངས་ངང་སྡོད་རྒྱུ་ཡིན་ནམ་ཡང་ན་བློ་སེམས་གཅིག་དུ་བསྒྲིལ་ཏེ་རྒྱལ་བའི་བཀའ་བཞིན་སྒྲིབས་རྒྱུ་ཡིན
    རླབས་ཆེན་གྱི་དབུ་ཁྲིད་ཁོང་གིས་དུས་རབ་འདིའི་འགྱུར་འགྲོས་དང་བོད་ཀྱི་ད་ལྟའི་དངོས་ཡོད་བསྟུན་ཏེ་བླང་དོར་གྱི་བཀའ་སློབ་བསྩལ་བ་ཉུང་ཉུང་མ་རེད
    ད་ཉན་མིས་གོ་ཚོད་དང་གོ་བ་ལག་ལེན་བྱེད་པའི་དུས་ལ་སླེབས་མེད་དམ
    ད་དུང་སྔར་བཞིན་བཀའ་ཞིག་ཕེབས་པ་དང་ལག་ལེན་ཕྲན་བུ་རེ་བྱས་ནས་བཀའ་གསུང་ཅི་སྒྲིབ་ཞུས་ཁུལ་བྱས་ནས་བསྡད་ན་རླབས་ཆེན་གྱི་དབུ་ཁྲིད་ཀྱི་ཡང་དག་པའི་ལམ་སྟོན་དང་འགན་ཁྲི་ཡོད་པ་དག་གིས་བྱ་བས་ལག་ལེན་པར་རྒྱང་ཐག་རིང་དུ་འགྲོ་བར་འདོད།
    རེ་བ་དང་ཡིད་ཆས་སྟོངས་ཕྲག་དུ་མིའི་ངོ་བོ་མཚོན་པ་དག་གིས་རེམ་དགོས་ལ་རེམ་ཚོད་ཀྱང་རེད་ཡ
    ཉམ་ཆུང་ནུས་མེད་ང་ལྟ་བུ་དག་གིས་རེ་བ་དང་ཡིད་ཆེས་ཀྱི་མིག་ཟུང་ཁྱེད་ཅག་ལ་གཏད་ཡོད།
    བཀའ་སློབ་དེ་བཀླགས་རྗེས་ཀྱི་ཚོལ་སྣང་དང་བཤད་འདོད་པ་ཐུང་ངུ་ཞིག

    Reply
  2. གྲྭ་རྒོད says:
    ལོ་ 16 སྔོན།

    ༧རྒྱལ་བ་རིན་པོ་ཆེས་ད་ལྟས་བོད་ཀྱི་གནས་བབས་ལ་བསམ་ཤེས་བྱས་ནས་གསུང་བ་དེ་ཚོ་ལག་ལེན་བྱེད་དགོས་རེད་མ་གཏོགས་མའོང་བར་འགྱོད་པ་སྐྱེ་ཡོངས།སྔོན་པན་ཆེན་རིན་པོ་ཆེ་ཞལ་བཞུགས་དུས་ཚོང་པ་བརྒྱག་པ་ཞེས་ཟེར་སྲོལ་ཡོད་རེད་ད་དུང་བཀའ་རྩི་མཁན་ཡང་ཧ་ཅིང་ཉུང་ཉུང་ཡིན་པ་ད་ལྟ་བཞད་སྲོད་གང་འདྲ་རེད།དེ་བཞིན་ཆགས་མི་སྲིད་པ་མ་རེད།༧གོང་ས་མཆོག་གི་སློབ་གྲྭ་ཁག་ལ་བསྩལ་བའི་བཀའ་སློབ་ནང་དོན་ལྟར་ལག་ལེན་བྱེད་རྒྱུ་དང་དགོན་སྡེ་ཁག་གི་ནང་ཡང་གསུང་མང་མེད་ན་ཉུང་ཡོད་པ་མ་རེད་དེང་དུས་ཀྱི་ཤེས་ཡོན་དགོས་ཚུལ་གང་འདྲ་གསུང་ཡོད་ཚང་མའི་ཤེས་གསལ་རེད།ཚན་རིག་གི་སྐོར་ལ་ཡང་གང་འདྲ་གསུང་ཡོད་ང་ཚོའི་ལག་ལེན་གང་ཡོད་འདྲ་ཆོག་ཆོག་རྐྱང་རྐྱང་བྱས་ནས་བརྡལ་ཡོད་པ་ལས་དོན་དངོས་ཐོག་གསུང་སྣང་མེད་བྱེད་གི་ཡོད་པ་གསལ་པོར་ཆགས་ཡོད།གདན་ས་ཁག་གི་མཁན་པོ་ཚོ་དང་ཚོགས་སྡེ་ཁག་གི་འགན་འཛིན་རྣམས་ཀྱི་ལས་དོན་འཐུས་ཤོར་དུ་མ་སོང་བ་ཞིག་བྱེད་རྒྱུ་གལ་ཆེན་པོར་མཐུང་།གལ་སྲིད་རང་ཉིད་ཀྱི་མ་འགྱོན་པ་ཡིན་ན་དགོངས་པ་ཞུ་དགོས་རེད་མ་གཏོགས་སྤྱི་ཚོགས་ཐོག་འཐུས་ཤོར་མང་པོ་ཞིག་འགྲོ་གི་ཡོད་པ་དེ་བསམ་བློ་གཏོང་རན་ཡིན།

    Reply
  3. ཕྱོགས་གླང། says:
    ལོ་ 16 སྔོན།

    ༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་གནང་མཛད་དེ་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་གནང་མཛད་པར་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱིས་མོས་མཐུན་རྒྱབ་སྐྱོར་ཞུ་གི་ཡོད་པ་རེད། འོན་ཀྱང་༧རྒྱལ་བ་རིན་པོ་ཆེ་དམངས་གཙོའི་ལམ་ལུགས་ལ་ཞལ་ཞེ་གཉིས་མེད་ཀྱིས་དད་མོས་གནང་གི་ཡོད་ཙང་བོད་གཞུང་དགའ་ལྡན་ཕོ་བྲང་དམངས་གཙོའི་ལམ་ལུགས་སུ་བསྒྱུར་གནང་གིས་ང་ཚོ་དམངས་གཙོའི་ལམ་ལུགས་ཐོག་འགྲོ་གི་ཡོད་པ་རེད། བྱས་ཙང་༧རྒྱལ་བ་རིན་པོ་ཆེའི་བཀའ་འཁྲོལ་སྒུག་ནི་སྡོད་མ་དགོས་པར་བོད་ཀྱི་བསྟན་སྲིད་ལ་སྨན་པའི་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་སྤེལ་མཁན་བྱུང་ན་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་སྲིད་ཀྱི་རེད། ལས་འགུལ་སྤེལ་རོགས་གནང་། ༧རྒྱལ་བ་རིན་པོ་ཆེས་ ༼ བཀའ་སྒུག་ནས་མ་སྡོད། རང་དོན་རང་གཅེས་གནང་རོགས་ ༽ ཞེས་བཀའ་གནང་འདུག་ག། ང་ཚོ་བོད་རིགས་ཚོ་དེ་སྔ་ནང་བཞིན་འཛམ་གླིང་ཕྱི་ལ་སྒོ་རྒྱབ་ནི་སྡོད་མཁན་དེ་གྲས་མ་ཡིན་པར་དུས་རབས་ ༢༡ པའི་བོད་རིགས་འཛམ་གླིང་གཞན་དང་དཔུང་པ་མཉམ་སྒྲིག་གིས་འགྲོ་ཐུབ་མཁན་ཞིག་ཆགས་ཡོད། གལ་སྲིད་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱིས་དབུ་མའི་ལམ་ལས་གཞན་པའི་སྲིད་བྱུས་ལ་རྒྱབ་སྐྱོར་ཐོབ་ན་༧རྒྱལ་བ་རིན་པོ་ཆེས་གང་དགའ་ཅི་ལེགས་ཀྱི་དགོངས་པ་བཞེད་ཀྱི་རེད་མ་གཏོགས་དབུ་མའི་ལམ་ལས་གཞན་པའི་སྲིད་བྱུས་གསར་པ་ལག་ལེན་བསྟར་ཆོག་གི་མ་རེད་ཅེས་ནམ་ཡང་གསུངས་རྒྱུ་མིན་པར་ང་ཚོ་ཐེ་ཚོམ་དགོས་དོན་མེད། བོད་ལ་བདེ་སྐྱིད་བྱུང་ན་རྒྱལ་པོ་ཨ་ནིའི་དཔེ་ལྟར་བོད་མི་ས་ཡ་དྲུག་གི་འདོད་དོན་བསྒྲུབ་མཁན་བྱུང་ན་༧རྒྱལ་བ་རིན་པོ་ཆེར་དགོས་རྒྱུ་དེ་རེད།།

    Reply
  4. འཇམ་དབྱངས says:
    ལོ་ 16 སྔོན།

    རྒྱལ་པའིསྐུ་ཚེ་བསྐལ་རྒྱར་བསྟན་གྱུར་ཅིག།
    རང་དབང་སྣང་པ་མྱུར་དུ་འཆར་གྱུར་ཅིག།
    གཞིས་བྱེས་མཉམ་མཛོམས་ད་ལོ་ཡོང་པར་ཤོག།
    དགྲ་དམར་ཀླ་ཀློ་མགོ་རྟིང་ལོག་པར་ཤོག།

    Reply
  5. འོད། says:
    ལོ་ 16 སྔོན།

    ཏཱ་ལའི་བླ་མས་གཞུང་འབངས་ཀུན་ལ་སྙིང་གཏམ་གསུངས་པ་ཉུང་ཉུང་མིན།
    ཐ་ཤུལ་ང་ཚོས་ཁོང་གི་དགོངས་དོན་ཆུ་ལ་བསྐྱུར་བའང་ཉུང་ཉུང་མིན།

    Reply
  6. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ༸གོང་ས་རྒྱལ་བ་རིན་པོ་མཆོག་གིས་རང་དབང་ལུང་པའི་ནང་དུས་ཚོད་ཆུད་ཟོས་མ་གཏོང་རོགས་ཅེས་གསུངས་འདུག་པཱ། དུས་བབ་ཟིན་བྲིས་ཀྱི་དྲ་གྲོགས་ཚོས་རང་དབང་ལུང་པའི་ནང་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་གང་འདྲ་བྱེད་དགོས་ཟེར་ན། དུས་བབ་ཟིན་བྲིས་པ་ཞིག་གི་ངོས་ནས་བཤད་ན། ཟིན་བྲིས་སུ་ནང་ཁུལ་དཀྲུགས་གཏམ་མི་སྤེལ་བར་དེ་ལས་ལྡོག་ཏེ་བོད་སྤྱིའི་རྩ་དོན་ལ་ཕན་པའི་བསམ་ཚུལ་རིན་ཐང་ལྡན་པ་རེ་སྤེལ་བ་དང་། འགན་ཁུར་ལྡན་པའི་བསམ་ཚུལ་གསུངས་པ་བརྒྱུད་བོད་མི་མང་ལ་བོད་དོན་ངོ་སྤྲོད་སྤེལ་དགོས་ལ། དེ་བཞིན་ཕྱི་ཕྱོགས་ཀྱི་རིག་གནས་ནང་འདྲེན་བྱེད་དགོས་པ་རེད། མདོར་ན་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ཟིན་བྲིས་པ་ཞིག་བྱེད་དགོས་པ་རེད།

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གིས་འབོད་སྐུལ་ཐེངས་མང་བྱས་ཀྱང་དོན་ཐོག་ལ་འགྲོ་
    མཁན་མེད། ཁོང་གིས་དུས་དང་ནམ་པ་ཀུན་ཏུ་མི་རིགས་འདི་ལ་ཤ་ཚ་གྲོས་
    འདེབས་ཀྱི་བཀའ་སློབ་བགྲིང་གིས་མི་ལང་བ་གནང་ཡོད་ན་ཡང་བདག་གི་མཁན་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཟེར་མཁན་དག་གིས་ཀྱང་སྒྲུབ་ཀྱིན་
    མེད།

    Reply
  8. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ད་དུང་རང་སྲུང་ཙམ་ཡང་དཀའ་བའི་སྲུང་མ་དག་གིས་འཇོན་ཁུལ་གྱིས་བླ་མ་་་་་དག་ཡར་འདེད་མར་འདེད་བྱེད་སྟངས་ལ་བལྟས་ནའང་གཙུགས་སུ་འཛིན་མི་་་་་དགོས་པ་དག་གཙུགས་སུ་བཟུང་། འཀའ་ཁྲིར་མཐོང་ཆེན་བྱ་དགོས་ན་
    ཡང་མཐོང་ཆེན་མི་བྱེད་པ་ནི་མི་རིགས་འདིའི་སྐྱོ་གར་ཞིག་རེད། དེས་ཀྱང་་
    མི་རིགས་འདིའི་ཤེས་རྟོག་དང་གནས་བབས་རྟོགས་ཐུབ་པས་ཕྱོགས་གཅིག་ནས་བློ་ཕམ་གྱི་མཛད་སྒོ་ཞིག་ཀྱང་རེད།

    Reply
  9. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ད་དུང་རང་སྲུང་ཙམ་ཡང་དཀའ་བའི་སྲུང་མ་དག་གིས་འཇོན་ཁུལ་གྱིས་བླ་མ་་་་་དག་ཡར་འདེད་མར་འདེད་བྱེད་སྟངས་ལ་བལྟས་ནའང་གཙུགས་སུ་འཛིན་མི་་་་་དགོས་པ་དག་གཙུགས་སུ་བཟུང་། འཀའ་ཁྲིར་མཐོང་ཆེན་བྱ་དགོས་ན་
    ཡང་མཐོང་ཆེན་མི་བྱེད་པ་ནི་མི་རིགས་འདིའི་སྐྱོ་གར་ཞིག་རེད། དེས་ཀྱང་་
    མི་རིགས་འདིའི་ཤེས་རྟོག་དང་གནས་བབས་རྟོགས་ཐུབ་པས་ཕྱོགས་གཅིག་ནས་བློ་ཕམ་གྱི་མཛད་སྒོ་ཞིག་ཀྱང་རེད།

    Reply
  10. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    དེ་རིང་གི་བརྟན་བཞུགས་དེ་སྤྱིར་ཡག་པོ་རེད། ཡིན་ན་ཡང་རང་མགོ་མི་ཐོན་་་
    པའི་སྲུང་དག་ནི་ར་བཟི་བཞིན་སྐྱོར་ནས་བདག་པོ་བརྒྱགས་སྟངས་ལ་བལྟས་ན་་
    ང་ཚོས་མི་རིགས་འདི་ད་དུང་རེ་བ་བརྒྱགས་ཆུང་ཆུང་རེད།

    Reply
  11. lobsang says:
    ལོ་ 16 སྔོན།

    ངའི་གཡས་གཡོན་ནས་ཡང་མང་པོ་ཞིག་གིས་ བོད་མི་ཡིན་རུབ་དང་བོད་ལ་ཤ་ཚ་རུབ་ད་དུང་རྒྱལ་བ་རིན་པོ་ ནི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན་རུབ་སོགས་ལ་ཉན་ན། ལོ་ངོ་སུམ་བརྒྱ་ཡི་ལོ་རྒྱུས་ཡོད་པའི་ཁོང་གི་གཞུང་ལ་དང་ལང་གི་དཕྱ་དངུལ་ལས་ཕུལ་སྙམ་་ནའང་ད་དུང་དུས་ཚོད་མེད་རུབ་དང་དཕྱ་དངུལ་མ་ཕུལ་ནའང་སྐྱོན་མེད་རུབ་བཤད་ནས་བསྡད་འདུག རྒྱ་ནག་གི་ཐབ་ཤོག་གཅིག་སྒྲུལ་ལས་ཁུངས་ཟེར་བ་དེའི་ལས་བྱེད་ངོ་དམར་དེས་རྒྱལ་བ་རིན་པོ་ཆེ་ནི་མཁྲུམས་འགལ་དང་མཁྲུམས་མཐུན་མིན་པའི་གཞུང་ཞིག་གི་དབུ་འཁྲིད་ཡིན་རུབ་བཤད་ཀྱི་ཡོད་པ་རེད། ད་ང་ཚོས་ཕྱི་ནས་ཡོད་པ་རྣམས་ཀྱིས་དང་ལང་དཕྱ་དངུལ་ཕུལ་ནས་ཉིས་སྟོང་བཅུ་གཅིག་གི་་བཀའ་བློན་ཁྲི་བ་འོས་མང་པོ་ཐོབ་མཁན་ཞིག་འདེབས་ཀྱི་ནི་་ཁོང་ལ་བརྟན་བཞུགས་ཕུལ་བ་ལས་ལྷག་རེད་སྙམ།

    Reply
  12. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ང་ཚོ་ལ་གོ་བ་མེད་པ་མ་གཏོགས། ཁོང་གིས་འབོད་སྐུལ་འདི་འདྲ་གནང་བ་ཉུང་ཉུང་ཞིག་ག་ལ་ཡིན། ང་ཚོ་ལ་ཡོད་པ་ནི་ཚོར་བ་ཙམ་གྱི་གུས་དད་དང་ཕྱི་ཚུལ་ཙམ་གྱི་དད་པ་ཁོ་ན་རེད། འདི་དག་གིས་ང་ཚོའི་མི་རིགས་ཀྱི་འཐུས་ཤོར་སྐོང་མི་ཐུབ་པ་གསལ་བོ་གསལ་རྐྱང་ཡིན་པས་ད་ནི་མི་རབས་གསར་བ་ཚོས་སྟོབས་ཤུགས་གསར་བ་ཞིག་བསྐྲུན་རན་ཡིན། སྟོབས་ཤུགས་དེ་ནི་ཏག་ཏག་དཔྱོད་ཤེས་དང་རྟོག་ཞིབ་ཀྱི་ཁྲོད་ནས་ཡོང་དགོས།

    Reply
  13. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    སྐུ་མདུན་གྱིས་ད་ནངས་ཡང་གསུངས་སོང༌། ང་ཚོར་གཟིམ་ཆུང་མཇལ་ཁ་གནང་དུས་ཁོང་གིས་ཞལ་རྩེ་མང་བོ་གནང་གི་འདུག ཡིན་ནའང༌། ཁོང་གི་ཐུགས་དགོངས་ནས་གཡུགས་ཐབས་མེད་པ་ཞིག་ནི། བོད་དོན་ཡིན་པ་སྨྲ་ཅི་དགོས། ཁོང་གིས་ད་དུང་སྐད་ཆ་འདི་ནན་ཏན་གྱིས་གསུང་གིན་འདུག ཁྱེད་རང་ཚོས་བཀའ་སྒུག་ནས་མ་འདུག་རོགས། རང་རང་གང་དུ་གནས་ན་ས་གནས་དེའི་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་དཀའ་ངལ་སེལ་ཐབས་དང་འཕེལ་རྒྱས་འགྲོ་ཐབས་ལ་གང་ཐུབ་ཅི་ཐུབ་གནང་རོགས་ཞེས་ཡང་ཡང་གསུངས་སོང༌།

    Reply
  14. གནམ་ལྕགས། says:
    ལོ་ 16 སྔོན།

    མགོན་ཁྱེད་འཛུམ་ཞལ་མཇལ་བས་བདག་ཡིད་སྤྲོ།།
    དེ་ལྟའི་རྣམ་པ་བསྐལ་བརྒྱར་བརྟན་པར་ཤོག།
    ས་ཡ་དྲུག་གི་དཔྲལ་བའི་མིག་ཟུང་དང་།།
    འདི་ཕྱི་གཉིས་ཀྱི་སྐྱབས་ནི་ཁྱེད་ལས་སུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese