མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་རོབ་ཙམ་གླེང་བ། ཀུན་དགའ་བཀྲ་ཤིས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཀུན་དགའ་བཀྲ་ཤིས།
 
རྒྱ་ནག་དམར་ཤོག་གི་ཚོགས་འདུ་གལ་ཆེན་གང་ཞིག་ཡིན་རུང་། གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ཕུད་པའི་དཔྱད་གཞི་གཞན་ནི་ཤིན་ཏུ་ཚད་ཡོད་པ་སྤྱི་དང་ལྷག་དོན་བོད་དང་འབྲེལ་བ་ཡོད་པའི་ཚོགས་འདུ་ནི་དེ་བས་བརྗོད་མ་དགོས་པ་ཞིག་རེད། དེས་ན་ངས་རྒྱ་དམར་གཞུང་ནས་མཁོ་སྤྲོད་བྱས་པའི་བརྡ་འཕྲིན་ཁོ་ནར་གཞིགས་ནས་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་མ་འོངས་བོད་ལ་ཤུགས་རྐྱེན་གང་ཞིག་ཐེབས་སྲིད་པའི་སྐོར་གླེང་རྒྱུ་ཙམ་ཡིན།

བཞུགས་མོལ་ཚོགས་འདུ་ཞེས་མིང་ལ་བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་ནི་མི་མང་པོ་མཉམ་དུ་བཞུགས་ནས་མོས་བསྡུར་བྱས་ཏེ་གནད་དོན་ཐག་གཅོད་བྱེད་ཐབས་འཚོལ་རྒྱུ་ཡིན་པ་སྨོས་མི་དགོས་མོད། བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འདི་ལ་ཧ་ལམ་གོ་རིམ་དེ་མེད་པ་ལྟར་དུ་སྣང་། སྐུ་ཞབས་ཧུ་ཅིང་ཐོ་མི་གཅིག་གིས་2009ལོའི་ཟླ་1ཚེས་8ཉིན་གསུང་བཤད་གནང་ནས་ཚོགས་འདུའི་དགོངས་དོན་གཏན་ལ་ཕབ་པ་རེད།

སྔོན་མའི་བསམ་བཀོད་ལྟར་དུ་འགྲོ་བ།

སྐུ་ཞབས་ཧུ་ལགས་ཀྱི་བཀའ་མོལ་མི་ཉུང་བ་ཞིག་གསུངས་མོད། འགོ་ནས་མཇུག་བར་ནང་དོན་གཙོ་བོ་གཅིག་རང་ལ་དམིགས་ཡོད་པ་སྟེ། ཁ་གཏད་གཅོག་དགོས་པ་དེ་རེད། དེ་ཡང་བོད་མིའི་འཁང་ར་དང་རེ་འབོད་ལ་ཁ་གཏད་ཇི་ལྟར་གཅོག་དགོས་པ་དེ་རེད། མ་ཚད་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གཉིས་ཁ་འཕྲལ་སྟོབས་ཤུགས་ཡིན་པར་གཏན་ཕབ་སླར་ཡང་བྱས་པ་དེས་དེང་སྐབས་ཀྱི་རྒྱ་དམར་འགོ་ཁྲིད་ལ་བོད་དོན་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་འདོད་མོས་མེད་པ་དང་། དོན་དངོས་གདོང་གིས་བསུ་བའི་ལྷག་བསམ་དང་བློ་སྟོབས་མེད་པ་མཚོན་ཐུབ། དེ་ཡང་བོད་དོན་ཐད་རྒྱ་ནག་དབུས་གཞུང་ལ་བསྒྱུར་བཅོས་བྱེད་པའི་རྟགས་ལྟས་གང་ཡང་མེད་པ་རེད། འོན་ཀྱང་དབྱེ་ཞིབ་པ་ཁག་ཅིག་གིས་སྐུ་ཞབས་ཧུ་ཡིས་བཏོན་པའི་“རྒྱ་ནག་གི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཡོན་འཛོམས་པའི་འཕེལ་རྒྱས་ལམ་བུར་འགྲོ་རྒྱུ་མཐའ་འཁྱོངས་བྱ་དགོས་”ཟེར་བ་དེ་དོན་གསར་པ་ཞིག་ཡིན་པར་འདོད་པ་དང་།  ཐ་ན་རེ་འགས་སྲིད་ཇུས་གསར་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག

དོན་དེར་ང་རང་ལྟ་བ་ཐ་དད་ཡིན། གང་ལགས་ཤེ་ན། “བོད་ཀྱི་ཁྱད་ཡོན་”ཟེར་བའི་ཡིག་འབྲུ་དེ་དག་ཕུད། སྒྲུབ་བྱེད་གཞན་གང་ཡང་མཐོང་མ་སོང་བས།  སྐུ་ཞབས་ཧུ་ཡིས་བཏོན་པའི་འཆམ་མཐུན་སྤྱི་ཚོགས་ཟེར་བ་དང་འདྲ་བར་ནམ་མཁའི་འཇའ་དང་དྲིལ་བསྒྲགས་རྩ་ཚིག་ཙམ་ལས་མ་འདས།

ཛ་དྲག་ཏུ་འགྲོ་བཞིན་པའི་བོད་དོན་དེ་ཉིད་དཔལ་འབྱོར་གོང་དུ་སྤེལ་བའི་འོག་ཏུ་སྦས་ཐབས་བྱེད་པ།

སྐུ་ཞབས་ཧུ་ཡིས་བོད་དུ་ཕྱག་ལས་ལོ་མང་གནང་མྱོང་བས། བོད་ཀྱི་ཁྱད་ཆོས་ཆེ་ཤོས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཡིན་པ་མ་མཁྱེན་པ་གཏན་ནས་མ་རེད། བོད་དོན་ངོ་མ་ཐག་གཅོད་གནང་འདོད་ཡོད་ན། དང་ཐོག་མར་བོད་ཀྱི་ཆོས་ལུགས་དང་རིག་གནས་རྩ་མེད་དུ་འགྲོ་ཉེན་ཆེ་བའི་དོན་དངོས་ལ་མིག་གིས་ཅེར་དགོས། ཚོགས་འདུ་འདིའི་ཐོག  སྐུ་ཞབས་ཧུ་ཡིས་“དམངས་ཕྱུག་བོད་དར་”དང་། “དཔལ་འབྱོར་འཛུགས་སྐྲུན་ཤུགས་ཆེན་བྱེད་པ།” “བོད་ཐོད་བརྒལ་གྱིས་གོང་འཕེལ་གཏོང་དགོས་པ་”སོགས་ནན་བཤད་མངོན་གསལ་དོད་པོ་གནང་ཡོད། དེ་ཚོ་ཚང་མ་ནི་དཔལ་འབྱོར་གོང་འཕེལ་བཏང་ན་གནད་དོན་ཐམས་ཅད་ཐག་གཅོད་ཐུབ་པའི་རྒྱ་དམར་གཞུང་ཁོ་ནའི་འདོད་པ་ཙམ་དུ་ཟད། བོད་མིའི་འཚོ་བ་ལེགས་སུ་གཏོང་བ་ནི་དོན་ཡག་པོ་ཞིག་ཡིན་པ་སྨོས་མི་དགོས་མོད། འོན་ཀྱང་དངོས་པོས་བོད་མིའི་སྙིང་སྟོབས་བསླུས་ནས་བོད་པ་རྣམས་ཀྱིས་དེང་སྐབས་བོད་ལ་ལག་ལེན་བསྟར་བའི་སྲིད་ཇུས་ཁས་ལེན་ཞུ་བའི་རེ་བ་འཆང་བ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད།

དཔལ་འབྱོར་གོང་དུ་སྤེལ་བ་ཁོ་ནས་བོད་དོན་ཐག་གཅོད་ཐུབ་ཀྱི་མེད་པ་དེ་དོན་ངོ་མས་སྔ་ས་ནས་ར་འཕྲོད་ཟིན་པ་རེད། བོད་དོན་གྱི་གནད་འགག་ཐུག་ས་ནི་བོད་མི་རིགས་འདི་འཚོ་གནས་ཇི་ལྟར་ཐུབ་པ་བྱ་རྒྱུ་དེ་རེད། གལ་ཏེ་སྔོན་མ་ལས་ལེགས་པ་དང་བོད་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་བོད་ཀྱི་སྲིད་ཇུས་ཤིག་མེད་ན། སྔོན་མའི་གནད་དོན་དེ་ཚོ་ཡང་བསྐྱར་ཐོན་གྱི་རེད།
རྒྱ་རིགས་ཁག་ཅིག་གིས་བོད་ཀྱི་དཔལ་འབྱོར་ལེགས་སུ་སོང་བ་དང་། བོད་མིར་ཁ་ལ་ཟས་དང་རྒྱབ་ལ་གོས། འདུག་སའི་ཁང་པ་ཡོད་ན། གནད་དོན་ཐག་གཅོད་ཐུབ་པར་ངོས་འཛིན་པ་དེ་ནི་ལྟ་བ་ནོར་འཁྲུལ་ཞིག་རེད། རྒྱ་ནག་གི་མི་སེར་གྱིས་དེང་གི་སྲིད་གཞུང་འདི་ལ་བཅོས་བསྒྱུར་བྱེད་མི་ཐུབ་དོན་གང་ལ་ཐུག་གམ་ཟེར་ན། དེ་ནི་མིག་མདུན་དང་སྐབས་འཕྲལ་གྱི་ཁེ་ཕན་ཁོ་ན་བསམས་པ་ལས་རྒྱང་རིང་དང་མི་རབས་དུ་མའི་མི་རིགས་རང་ངོས་ཀྱི་ཁེ་ཕན་ལ་ལྷོད་གཡེང་གཏོང་བ་དེས་ལན་པ་རེད། མུ་མཐུད་ནས་ལྟ་བ་འདི་འཛིན་པ་ཡིན་ན། དཔལ་འབྱོར་ཉམས་རྒུད་ཐེབས་པའི་དུས་སུ་སྤྱི་ཚོགས་ཧྲིལ་པོ་ཉམས་ཉེན་གྱི་གཡང་ལ་ལྷུང་རྒྱུ་རེད།

བོད་ཀྱི་ཆོས་ལུགས་དེ་རྒྱ་ནག་དམར་གཞུང་གི་དམ་དྲག་འོག་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་གཏན་ནས་མེད་པའི་བར་ཆད་མྱངས་བ་དང་མྱོང་བཞིན་པ་རེད། འོན་ཀྱང་༸གོང་ས་མཆོག་གི་ཐུགས་རྗེའི་དབང་གིས་བོད་མིའི་སེམས་པའི་ཕུགས་ན་ནང་ཆོས་ལ་དད་པ་མི་ཕྱེད་པ་སྔར་བཞིན་བརྟན་པོ་ཡོད།

སྐུ་ཞབས་ཧུ་ཡིས་ཀྱང་བོད་ཀྱི་སློབ་གསོ་དང་། སྤྱི་ཚོགས་ཕན་བདེ། སྣོད་བཅུད་ཁོར་ཡུག་སོགས་པའི་སྐོར་གླེང་འདུག འདི་དག་ཚང་མ་ཁ་བཤད་ཆུ་ཡི་ལྤུ་བའི་བརྟུལ་ཞུགས་མི་འཛིན་རྒྱུའི་རེ་བ་ཡོད། དོན་དམ་པར་སྲིད་ཇུས་ཤིག་ལག་ལེན་དུ་འཁྱོལ་བར་ལྟ་སྐུལ་གྱི་ཁོར་ཡུག་ངོ་མ་ཞིག་གྲོགས་སུ་བསྟེན་དགོས་ལ། ལས་བྱེད་པའི་བྱང་ཚད་བཟང་པོ་ཞིག་ཀྱང་དགོས་པ་ཡིན།

མི་རིགས་ཀྱི་འགལ་བ་གསར་པ་བཟོ་བ།

ད་རེས་ཀྱི་ཚོགས་འདུའི་ཐོག སྐུ་ཞབས་ཧུ་ཡིས་༸གོང་སའི་ཚོགས་པ་དང་འཐབ་རྩོད་བྱེད་པ་དེ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཅིག་ཡིན་པར་གཏན་འཁེལ་བྱས་མེད་རུང་། “ བོད་ལ་མི་རིགས་ཁག་གི་མི་དམངས་དང་ཏྰ་ལའི་ཚོགས་པས་འཐུས་ཚབ་བྱས་པའི་ཁ་འཕྲལ་སྟོབས་ཤུགས་བར་གྱི་དམིགས་བསལ་གྱི་འགལ་བ་ཞིག་ད་དུང་ཡོད་”ཅེས་པའི་འཆད་ཚུལ་དེས་མི་རིགས་གཞན་པ་དང་བོད་མི་རིགས་ཕན་ཚུན་ཁ་གཏད་དུ་བསླངས་བ་རེད། བསམ་བློ་གཏོང་སྟངས་དེ་ཡིས་རྒྱ་དང་བོད་མི་རིགས་གཉིས་བར་དང་། ཐ་ན་མི་རིགས་ཡོད་དོ་ཅོག་ཚང་མར་ཕན་པ་མེད་པ་ཞིག་རེད།
༸གོང་ས་མཆོག་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར། བོད་དུ་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་མིང་དོན་མཚུངས་པའི་ངང་ནས་དོན་འཁྱོལ་བྱ་རྒྱུའི་ཐུགས་རེ་གནང་བ་ཡིན་པས། མི་རིགས་གཞན་དག་དང་འགལ་བ་གང་ཡང་མེད་པ་མ་ཚད། ད་དུང་མི་རིགས་ཁག་དང་མཉམ་དུ་འདྲ་མཉམ་དང་འཆམ་མཐུན་ངང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཆོག་པ་རེད།

ཨེ་ཤ་ཡའི་འཕེལ་རྒྱས་ལོ་རྒྱུས་ལས། བོད་མི་རིགས་འདིར་ལོ་ངོ་སྟོང་ཕྲག་རིང་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་རྒྱ་གར་དང་། འབྲུག་ཡུལ། བལ་ཡུལ་ཁོངས་ཀྱི་མི་རིགས་སྣ་ཚོགས་པ་དང་མཛའ་མཐུན་མཉམ་གནས་ཀྱི་འབྱུང་བ་གླེང་རྒྱུ་ཡོད་ལ། བྱང་རྒྱུད་ཀྱི་སོག་པོ་དང་བྱང་ཤར་ཁུལ་གྱི་རྒྱ་ནག་ཁོངས་ཀྱི་མི་རིགས་སྣ་ཚོགས་དང་མཛའ་མཐུན་མཉམ་གནས་ཀྱི་ལོ་རྒྱུས་རིང་པོ་ཞིག་ཡོད་ཚུལ་ང་ཚོར་གསལ་པོར་བསྟན་ཡོད། སྐུ་ཞབས་ཧུ་ཡི་དོན་དངོས་ཀྱི་གཞི་འཛིན་ས་གང་ཡང་མེད་པའི་འཆད་ལུགས་འདི་རིགས་ནི། འཆར་གཞི་ཡོད་པ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་བོད་མི་རིགས་དང་རྒྱ་རིགས་ཚུད་པའི་རྒྱ་ནག་གི་མི་རིགས་གཞན་ཁག་བར་འགལ་བ་བཟོས་ནས་བོད་རིགས་སྦྱར་སྡོང་རྐང་གཅིག་ཏུ་འཇོག་པ་དང་བོད་རིགས་རྩ་མེད་བཟོ་བའི་དམིགས་ཡུལ་སྒྲུབ་རྩིས་བྱེད་ཀྱི་ཡོད་པར་ང་རང་དོགས་པ་འདུག ཆབ་སྲིད་ཐད་ཀྱི་ཐབས་ངན་ཟད་རུལ་འདི་འདྲ་ནི་འཛམ་གླིང་ལོ་རྒྱུས་ཐོག་མཐོང་དཀོན་པོ་ཞིག་རེད་ཟེར་ན་ཆོག་པ་ཡིན།

༸གོང་ས་མཆོག་གི་རྒྱལ་སྤྱིའི་ཁོར་རྒྱ་ཆུང་དུ་གཏོང་བར་བརྩོན་པ།

བོད་དོན་ལས་གཡོལ་ཐབས་བྱེད་པ་ནི་སྔོན་ཆད་རྒྱ་དམར་གཞུང་གི་འགོ་ཁྲིད་ཀྱིས་རྒྱལ་སྤྱིའི་གསར་འགྱུར་ཚན་པ་གཙོ་གྲས་དེ་ཚོའི་མདུན་དུ་བསྟན་པའི་རྣམ་འགྱུར་ཞིག་རེད། འོན་ཀྱང་ཉེ་བའི་ལོ་ཤས་ནང་། རྒྱ་ནག་སྲིད་གཞུང་གིས་རྒྱལ་སྤྱིའི་ཐོག་ལ་རང་འགུལ་གྱིས་བོད་དྲིལ་བསྒྲགས་བྱེད་པ་མ་ཚད། ད་དུང་བདམས་ཀ་ཡོད་པའི་སྒོ་ནས་ཕྱི་རྒྱལ་གསར་ལམ་བོད་ཀྱི་དམིགས་འཛུགས་ས་ཆར་གདན་དྲངས་པ་དང་། ཁ་ལ་ཉན་ཆེ་བའི་བོད་རིགས་ལས་བྱེད་པ་(ཁོང་ཚོ་སོ་ལྟ་དམ་པོའི་འོག་ཡོད་པ་ང་ཚོས་གསལ་པོ་ཤེས་ཐུབ) ཕྱི་རྒྱལ་དུ་མངགས་པ་སོགས་དང་། ད་རེས་སྐུ་ཞབས་ཧུ་ཡིས་ཀྱང་བོད་དོན་བཞུགས་མོལ་ཚོགས་འདུ་ལྔ་པའི་ཐོག་ཏུ་ཡང་། “བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་རྒྱལ་སྤྱིའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པར་ཁ་ཚ་དགོས་གཏུག་ཡིན་”པ་ཁས་ལེན་བྱས་ཡོད།

གོང་སྨོས་དེ་དག་ཚང་མས་རྒྱ་དམར་གྱིས་བོད་དོན་གཡོལ་ཐབས་བྱེད་པ་ནས་བོད་དོན་འབུར་དུ་ཐོན་ཐབས་བྱེད་པའི་ཕྱོགས་སུ་ཐབས་ཇུས་བསྒྱུར་ཡོད། འོན་ཀྱང་འབུར་དུ་ཐོན་ཐབས་བྱེད་ཚུལ་དེ་ནི་དངོས་ཡོད་དང་དོན་ལ་གནས་པ་ཞིག་མ་ཡིན་པར། དེ་ལས་ལྡོག་ཏེ་བོད་ཀྱི་གསར་འགྱུར་རྟོག་བཟོ་དང་བོད་མིས་བོད་སྐྱོང་ཚུལ་རྟོག་བཟོ་བྱས་ནས། མངོན་འགྱུར་ཐུབ་མིན་ལ་མི་བལྟོས་པར་༸གོང་ས་མཆོག་གི་རྒྱལ་སྤྱིའི་ཁོར་རྒྱར་གཏོར་བཤིག་དང་ཉམས་དམས་སུ་གཏོང་བར་བརྩོན་པ་ཞིག་རེད།

མདོ་དབུས་ཁམས་གསུམ་གྱི་བོད་མི་རྡོག་གཅིག་ཏུ་ཁས་མ་ལེན་རང་ལེན་བྱུང་བ།

ད་རེས་ཀྱི་ཚོགས་འདུའི་ཐོག་གི་གནས་ཚུལ་ཅུང་གསར་པ་ཞིག་ནི། ཡོངས་གྲགས་བྱས་མེད་ཀྱང་བོད་ཧྲིལ་པོ་ཅན་དེ་ཁས་ལེན་བྱས་ཡོད་པ་རེད། སྔོན་མ་ཡིན་ན་“བོད་རང་སྐྱོང་ལྗོངས་”འཕེལ་རྒྱས་གཏོང་དགོས་ལུགས་ཁོ་ན་ནན་བཤད་བྱེད་མོད། ད་རེས་“སི་ཁྲོན་དང་། ཡུན་ནན། ཀན་སུ། མཚོ་སྔོན་བཅས་པའི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་ཁྱོན་ཡོངས་ནས་བཀོད་བཤོམ་བྱ་དགོས་”སོགས་པ་བཏོན་ཡོད།

ངས་བལྟས་ན། དེ་ལ་རྒྱུ་རྐྱེན་གཉིས་ཡོད་པ་སྟེ།  གཅིག་ནི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཕྱིར། ༸གོང་ས་མཆོག་ནས་ཐོག་མཐའ་བར་གསུམ་དུ་བོད་མི་རིགས་ཧྲིལ་པོ་ཅན་དེ་ནན་གྱིས་གསུངས་བས་ཡིན། གཉིས་ནི་2008ལོའི་ཟླ་3པར་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོངས་ཀྱིས་རང་གི་ཟུངས་ཁྲག་དྲོན་མོས་བོད་ཀྱི་ས་ཁྲ་བསྟན་པ་ཡིས་ཀྱང་༸གོང་ས་མཆོག་གིས་གསུངས་གནང་བའི་བོད་ཡོངས་རང་སྐྱོང་ཡོང་བ་ནི་ལོ་རྒྱུས་དང་དོན་དངོས་གཉིས་ཀ་དང་ཡོངས་སུ་མཐུན་ལ། ལུགས་དང་ཡང་མཐུན་པ་ཞིག་ཡིན་པ་ར་འཕྲོད་བྱུང་བས་རེད།

མདོར་ན། ཕྱིན་ཆད་བོད་ལ་དཔལ་འབྱོར་ཐད་ཕལ་ཆེར་འཇམ་ཙམ་བྱེད་སྲིད་མོད། འོན་ཀྱང་ཆབ་སྲིད་ཐད་སྔར་ལས་དམ་དྲག་ཆེ་བ་ཡོང་ས་རེད། ཕྱོགས་གཅིག་ནས་དཔལ་འབྱོར་གོང་འཕེལ་བཏང་བ་ལ་བརྟེན་ནས་བོད་མིར་ད་ལྟ་ལག་ལེན་བསྟར་བའི་སྲིད་ཇུས་བཙན་གྱིས་ཁས་ལེན་ཞུ་འཇུག་པ་དང་། ཕྱོགས་གཞན་ཞིག་ནས་ཕྱི་ལ་དྲིལ་བསྒྲགས་ཆེན་པོ་བྱེད་པ་དང་དུས་མཚུངས་ནང་ལ་དམ་དྲག་བཀམ་སྡོམ་བྱ་རྩིས་ཡོད་པ་རེད། མ་ཟད་མུ་མཐུད་ནས་༸གོང་ས་མཆོག་སྐུ་ཞིང་ལ་ཕེབས་པ་ངང་སྒུག་གིས་དུས་ཚོད་ནར་འགྱངས་བྱས་ནས་འགྱུར་བ་ཞིག་ཡོང་བའི་སྲིད་ཇུས་བསྟར་རྩིས་འདུག སླད་ཕྱིན་བོད་དུ་མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་ཐུབ་རྒྱུ་དཀའ་ཁག་ཧ་ཅང་ཆེན་པོ་ཡིན་ཞིང་། བོད་མིའི་འཚོ་གནས་ཁོར་ཡུག་ལ་ད་དུང་གཏོར་བརླག་སྔར་ལས་ལྷག་པ་གཏོང་རྒྱུ་ཡིན་པ་བཤད་མི་དགོས་པ་ཞིག་རེད་ལ། མཐོ་གནོན་སྲིད་ཇུས་ལ་འགོག་རྒོལ་དང་༸གོང་ས་མཆོག་ཕ་ཡུལ་དུ་ཕེབས་པའི་རེ་འབོད་ནི་ཆེ་ནས་ཆེ་རུ་འགྲོ་རྒྱུ་ངེས་གཏན་རེད།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༧ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༠ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 3

  1. lobsang says:
    ལོ་ 16 སྔོན།

    གློག་པ་ ལ་ བཀླགས་པར་བྱས་་པ་ཡིན

    Reply
  2. ནགས་མེ། says:
    ལོ་ 16 སྔོན།

    སྐུ་ཞབས་ཀུན་དགའ་ལགས། ངས་ཁྱོད་ཀྱི་རྣམ་དཔྱོད་དང་ལྷག་བསམ་ལ་ཡིད་ཆེས་ཡོད། ལྷག་པར་དུ་ཁྱོད་ཀྱི་བཀའ་མོལ་གསུང་སྟངས་དེར་མི་ཚང་མར་སྤྲོ་བ་སྟེར་ཐུབ་ངེས་རེད། དཔེ་མི་སྲིད་པའི་ཡག་པོ་གསུང་ཐུབ་ཀྱི་ཡོད་པ་རེད། གཞན་འདི་ལྟ་བུའི་དཔྱད་གླེང་གང་མང་འབྲི་གནང་ཡོད་པ་ཞུ།

    Reply
  3. lobsang says:
    ལོ་ 16 སྔོན།

    ཀུན་གླེང་བརྙན་འཕྲིན་ནང་ནས་ཁོང་གི་བཀའ་མོལ་མང་པོ་ཉན་མྱོང་ ད་དུང་གི་དཔྱད་བརྗོད་འདི་ཡང་གློག་པ་ཡིན
    ཐུགས་རྗེ་ཆེ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese