མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} དོན་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས་ཁོང་ཚོ་ཐོ་འགོད་བྱེད་དུ་ཁྲིད་དེ། ཁོ་རང་ནི་སྔོན་ཆད་རྒྱ་གར་དུ་ཡོང་མྱོང་བ་དང་། ཁོ་རང་གིས་རང་གི་ནུ་མོ་མཚོ་མོ་སྐྱིད་དང་། སྤུན་མཆེད་བཀྲ་ཤིས་དོན་འགྲུབ། ཤེས་རབ་རྒྱ་མཚོ། རྡོར་སྐྱབས་བཅས་ཁྲིད་དེ་ཡོང་བ་སོགས་ཞུས་དེ། ཁོ་རང་གནས་སྐབས་རིང་དེ་ནས་བསྡད་ཆོག་མིན་སྐོར་དྲིས་དུས་སུ། དེ་ནས་གསར་དུ་འབྱོར་བའི་མི་མ་གཏོགས་འདུག་གི་མེད་པ་དང་། གལ་སྲིད་རེ་གཉིས་རེ་ཡོད་སྲིད་ཀྱང་། དེ་ནི་དམིགས་བསལ་བོད་དོན་དུ་ཕྱག་ལས་གནང་མྱོང་མཁན་གྱི་ཆབ་སྲིད་བཙོན་པ་དང་། ཆབ་སྲིད་ཀྱི་ཕྱག་ལས་གནང་མྱོང་མཁན་ཡིན་ན་འཇོག་གི་ཡོད་པ་རེད་ཅེས་འགྲེལ་བཤད་བྱས་པ་དེར་ཉན་རྗེས། བློ་བཟང་གིས་ད་ནི་རང་གི་ནུ་མོ་མཚོ་མོ་སྐྱིད། སྤུན་མཆེད་བཀྲ་ཤིས་དོན་འགྲུབ་དང་ཁོང་ཚོ་ལ་བཅོལ་ནས་རང་ཉིད་མི་འགྲོ་ཐབས་མེད་ཡིན་པ་ཤེས་དེ། སེམས་ནང་དུ་ཅུང་ཙམ་སྐྱོ་སྣང་ཞིག་སྐྱེ་ན་ཡང་། ད་ནི་སླེབས་ས་ཞིག་དུ་སླེབས་ཡོད་སྙམ་བཞིན། ཁོང་ཚོ་ལ་ང་རང་མཆོད་རྟེན་བྱ་རུང་ཁ་ཤོར་ཡོད་ས་དེ་ཡི་འགྲམ་དུ་འགྲོ་རྒྱུ་ཡིན། དེ་རུ་ངའི་ངོ་ཤེས་འདྲ་ཡོད་ངེས་ཡིན། ཉིན་ཁ་ཤས་རྗེས་སུ་ང་རང་ཁྱེད་ཚོ་ལ་བལྟ་རུ་ཡོང་ཞེས་བཤད་དེ་སོང་བ་རེད།

བློ་བཟང་མཆོད་རྟེན་བྱ་རུང་ཁ་ཤོར་འགྲམ་དུ་འབྱོར་མ་ཐག རྡ་ས་ནས་བཟུང་དེ་ངོ་ཤེས་པའི་གྲོགས་པོ་རྙིང་བ་མིང་ལ་ཚེ་རིང་རྡོ་རྗེ་ཟེར་བ་ཞིག་དང་འཕྲད་ནས། ཚེ་རིང་རྡོ་རྗེ་ཡིས་བློ་བཟང་མཐོང་མ་ཐག དམྱལ་བ་བོ། ཁྱེད་རང་བོད་དུ་སོང་བ་རེད་ཅེས་གོ་སོང་། ད་འདི་ན་ཅི་བྱེད་ཀྱི་ཡོད་ཅེས་བཤད་དུས། བློ་བཟང་གིས་གདོང་ལ་འཛུམ་ཞིག་བླངས་ཀྱིན། ཡིན་ཡིན། ང་རང་བོད་དུ་སོང་ནས་ཁ་སང་རང་ཕྱིར་སླེབས་པ་ཡིན། ཕྱིར་ཡོང་དུས་སུ་རྐང་ཐང་དུ་ནུ་མོ་དང་རོགས་པ་ཁ་ཤས་ཤིག་ཁྲིད་དེ་ཡོང་བ་ཡིན།

ཚེ་རིང་རྡོ་རྗེ་ཡིས། དེ་མ་ཐག བློ་བཟང་གི་སེམས་སུ་ཟུག་རྔུ་རྒྱག་དགོས་པའི་སྐད་ཆ་ཞིག་བཤད་དུས་སུ། བློ་བཟང་གིས་སྐད་ཆ་དེ་ནི་བདེན་པ་མིན་པར་རེ་བ་བྱས་ཀྱང་། ཚེ་རིང་རྡོ་རྗེ་ཡིས་ཚིག་སྔ་མནའ་ཡི་བཅད་པ་དང་། ཁོ་རང་གིས་རོགས་བྱས་དེ་བོད་དུ་སོང་བ་ཡིན་རབས་སོགས་ཞིབ་དུ་གླེང་དུས། བློ་བཟང་ནི་གནམ་ས་གཉིས་ཀྱི་བར་ནས་ཐང་ལ་ལྷུང་བ་ལྟར་ཚེ་རིང་རྡོ་རྗེ་ཡི་ནང་དུ་སོང་ནས་དགོང་མོ་མཚན་བཀང་བོར་བསམ་བློ་སྣ་ཚོགས་ཤིག་འཁོར་བའི་རྗེས་སུ། རང་གི་ནུ་མོ་མཚོ་མོ་སྐྱིད་ཀྱི་མི་ཚེའི་བདག་པོ་བྱེད་རྒྱུའི་ལམ་ཁ་འདམ་ནས་མཚན་མོ་ཆུ་ཚོད་གསུམ་པའི་རྗེས་སུ་ག་ལེར་ཉལ་བ་རེད།

ཉིན་མ་ཁ་ཤས་ཀྱི་རྗེས་སུ་བློ་བཟང་རང་གི་ནུ་མོ་དང་རོགས་པ་ཚོ་ཡོད་སའི་སྣེ་ལེན་ཁང་དུ་སོང་ནས་ཁོང་ཚོ་ཁྲིད་དེ་མཆོད་རྟེན་བྱ་རུང་ཁ་ཤོར་འགྲམ་ལ་ཡོང་ནས་ཤ་དང་སྔོ་ཚལ་བཅས་ཉོས་དེ་རང་གི་གྲོགས་པོ་ཚེ་རིང་རྡོ་རྗེ་ཡི་ནང་ནས་ཤ་མོག་མོག་བཟོས་ནས་ཁོང་ཚོས་ལྷན་དུ་དགའ་སྤྲོའི་ཐུགས་སྤྲོ་ཆུང་ཆུང་ཞིག་བཏང་བ་རེད།

བློ་བཟང་གིས་ཁོང་ཚོ་ཕྱིར་སྣེ་ལེན་ཁང་དུ་བསྐྱལ་ནས། རང་གི་ནུ་མོ་ལ། ཁྱེད་རང་ཕུ་བོ་བཀྲ་ཤིས་དོན་འགྲུབ་ཀྱི་ཁ་ལ་ཉོན། ང་རང་སང་ཉིན་རྒྱ་གར་དུ་འགྲོ་རྒྱུ་ཡིན། ད་ཉིན་མ་མང་བོ་ཞིག་འགོར་ནས་མ་རེད། ཁྱེད་ཚོ་ཡང་རྒྱ་གར་དུ་གཞུང་གིས་གཏོང་ནི་རེད། ངས་ཁྱེད་རང་ཁྲིད་དེ་སོང་བ་ཡིན་ན། ཁྱེད་རང་ལ་ཡིག་ཆ་མང་བོ་ཞིག་འདི་ནས་བཟོ་དགོས་ཀྱི་ཡོད་པ་རེད། དེ་ཚོ་མ་རེག་ན་ཁྱེད་རང་སློབ་གྲྭ་འགྲོ་ཐུབ་ནི་མ་རེད། ཕུ་བོ་ངས་ཁ་ལ་ཉོན་ཞེས་བཤད་དེ་རང་གི་ནུ་མོ་མཚོ་མོ་སྐྱིད། སྤུན་མཆེད་བཀྲ་ཤིས་དོན་འགྲུབ་དང་ཁོང་ཚོ་གསུམ་ལ་བཅོལ་ནས་ང་ཚོ་རྒྱ་གར་ནས་ཐུག་ཡོང་བཤད་དེ་ཁོ་རང་མཆོད་རྟེན་བྱ་རུང་ཁ་ཤོར་འགྲམ་དུ་ཡོང་བ་རེད།

བློ་བཟང་གིས་རང་གི་གྲོགས་པོ་ཚེ་རིང་རྡོ་རྗེ་ལ་བསྔགས་ནས་བལ་ཡུལ་ནས་རྒྱ་གར་དུ་འགྲོ་བའི་རླངས་འཁོར་འཛིན་བྱང་ཞིག་ཉོ་རུ་བཅུགས་ཡོད་པ་ལྟར། ཉིན་གུང་དེར་ཚེ་རིང་རྡོ་རྗེ་ཡིས་བློ་བཟང་བསྐྱལ་ནས་རླངས་འཁོར་ས་ཚིགས་སུ་བསྐྱལ་བ་དང་། རླངས་འཁོར་ས་ཚིགས་སུ་འབྱོར་དུས་མི་ཡང་མང་བོ་ཞིག་སླེབས་མེད་པ་དང་རེ་གཉིས་ཤིག་ཡོད་ན་ཡང་། རླངས་འཁོར་འགྲོ་བའི་དུས་ཚོད་ལ་སླེབས་རྒྱུར་ད་དུང་དུས་ཚོད་གཅིག་ཙམ་ཡོད་པ་རེད།

རླངས་འཁོར་མ་སོང་བའི་སྐར་མ་སུམ་བཅུ་ཙམ་གྱི་སྔོན་དུ། ཚེ་རིང་རྡོ་རྗེ་དང་བློ་བཟང་གཉིས་ཀྱིས་རླངས་འཁོར་གྱི་འགྲམ་དུ་ཐ་མག་རེ་འཐེན་ནས་ཁ་བརྡ་བྱེད་ཀྱིན་པའི་སྐབས་སུ། ཁོ་གཉིས་ཀྱི་འགྲམ་དུ་ཕོ་གསར་ཞིག་སླེབས་ནས་ཁྱེད་གཉིས་རྒྱ་གར་དུ་འགྲོ་མཁན་ཡིན་ནམ་ཟེར་ནས་ཚེ་རིང་རྡོ་རྗེ་ལ་ཁ་གཏད་དེ་དྲིས་པ་དེར། ཚེ་རིང་རྡོ་རྗེ་ཡིས། ང་རང་འགྲོ་མཁན་མིན། ངའི་རོགས་པ་འགྲོ་བཞིན་ཡོད་པ་རེད། ཁྱེད་རང་ཡང་འགྲོ་མཁན་ཡིན་ནམ་ཟེར་ནས་དྲིས་པ་རེད།

ཕོ་གསར་དེས་ཡིན་ཡིན། ངེད་གཉིས་འགྲོ་མཁན་ཡིན་ཟེར་ནས་འགྲམ་གྱི་བུད་མེད་ལོ་ན་ཉི་ཤུ་ཟིན་མ་ཟིན་ཙམ་དེར་མིག་ཟུར་ཞིག་བསྟན་དུས། ཚེ་རིང་རྡོ་རྗེ་ནི་གཏམ་ཀུ་རེ་བྱེད་རྒྱུར་དགའ་བོ་ཡོད་མཁན་ཞིག་ཡིན་སྟབས། བུད་མེད་དེ་ཁྱེད་རང་གི་གྲོགས་མོ་འདྲ་མིན་ན་ཟེར་ནས་བཤད་པ་དེར། ཕོ་གསར་དེ་ཅུང་ཙམ་དོགས་མི་བདེ་བའི་ངང་། ང་རང་གི་ནུ་མོ་ཡིན། ང་རང་ཁོ་མོ་བསྐྱེལ་དུ་རྒྱ་གར་ལ་འགྲོ་ཡི་ཡོད་ཅེས་སྐད་ཆའི་མགོ་དེ་ནས་བཙུགས་པ་རེད།

ཁོང་ཚོས་ཕན་ཚུན་ལ་ཁ་བརྡ་མི་ཉུང་བ་ཞིག་བྱས་པ་བརྒྱུད། ཕོ་གསར་དེ་ནི་ཨ་རིར་གནས་བསྡོད་བྱེད་མཁན་ཞིག་ཡིན་པ་བློ་བཟང་གིས་སྐད་ཆའི་ཞོར་ནས་ཞིབ་དུ་ཤེས་པ་དང་། ལྷག་པར་དུ་བུད་མེད་དེ་ནི་ཁོ་རང་གི་ནུ་མོ་ཡིན་པ་མ་ཟད། ཁོ་རང་གི་སེམས་ཁོང་གི་རེ་བ་ཡང་བློ་བཟང་གི་རེ་བ་བྱེད་སྟངས་དང་འདྲ་ས་རེ་འདུག་སྙམ་ཞོར་དུ་ཁོང་ཚོས་ཚེ་རིང་རྡོ་རྗེ་ལ་བདེ་མོ་བཞ ག་ནས་བལ་ཡུལ་ནས་རྒྱ་གར་དུ་འགྲོ་བའི་རླངས་འཁོར་ནང་དུ་ལམ་ལ་ཆས་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་གཞུང་འབྲེལ་དུས་དྲན་མཛད་སྒོ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
Advertisement for App

རྡོར་གདན་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པའི་གསལ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording

Read more on News18
https://www.news18.com/movies/hollywood/dalai-lama-receives-first-grammy-nomination-for-meditation-with-amjad-ali-khan-and-sons-ws-kl-9701735.html?utm_source=copy_share&utm_medium=clipboard&utm_campaign=clipnshare
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གི་གསུང་སྐད་ཡོད་པའི་རོལ་དབྱངས་ཤིག་འདི་ལོའི་གྷི་རེ་མི་ཡི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད།

ཆུ་ཚོད་ ༡༦ སྔོན་ལ།
Front Slider

བོད་ཀྱི་བདེ་རྩ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ།

༢༠༢༥/༡༡/༡༥
Mobile App

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ། 

༢༠༢༥/༡༡/༡༥
Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

༢༠༢༥/༡༡/༡༤

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    རྣམ་པ་གཉིས་འདི་རུ་ཕེབས་ནས་རང་རང་གི་བསམ་ཚུལ་ཕྲན་པུ་རེ་གསུངས་དེར་དགའ་ཡོད། རྗེས་ཕྱོགས་ཀྱང་རོགས་ཞུ།

    Reply
  2. free sopu says:
    ལོ་ 16 སྔོན།

    ཚེ་རྡོར་གྱིས་ཚིག་སྣེ་མནའ་ཡི་གཅོད་དགོས་པས་དོན་ཆེན་ཅི་ཞིག་གླེང་རེད།

    Reply
  3. mogrutenpa says:
    ལོ་ 16 སྔོན།

    ཨ་རོ་བཀྲ་ཤིས་བདེ་ལེགས།
    དྲ་ཐོག་ན་ཡོད་ན་སྙན་ངག་གེ་སེར་རྒྱལ་བོ་ལ་གཟིགས་དང་།

    ཁ་རྩང་ཁྱེད་ཀྱི་འཕྲིན་དེ་འབྱོར་སོང་། བཀའ་དྲིན་ཆེ།
    ལས་རིགས་དེ་ལས་གྲོགས་གཞན་ཞིག་གིས་ཁྱེད་ལ་འབྲེལ་བ་བྱེད་ངེས་ཡིན།
    སྐུ་ཁམས་བཟང་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese