མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གྱ་བཅུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


རླངས་འཁོར་ནང་དུ་ག་ལེར་མགྲོན་པོ་རྣམས་འགྲོ་བཞིན་ཡོང་བཞིན་ཡོད་པ་དང་། བློ་བཟང་གིས་རང་གི་རྐུབ་སྟེགས་ཀྱི་ཨང་གྲངས་ལ་བལྟས་དེ་རྐུབ་སྟེགས་སྟེང་དུ་བསྡད་མ་ཐག དེ་སྔོན་ཕྱི་ནས་འཕྲད་པའི་ཕོ་གསར་དེ་ནི་རྐུབ་སྟེགས་རྒྱབ་ལོག་ཞིག་དུ་འགྲོ་བཞིན་ཡོད་པ་དང་། བུད་མེད་དེ་ནི་ཁོ་རང་གི་མདུན་སྟེགས་སྟེང་དུ་བསྡད་པ་དེར་ཅུང་ཙམ་ཡ་མཚར་སྐྱེ་ན་ཡང་། གང་ཡང་མ་དྲིས་པར་རླངས་འཁོར་འགྲོ་བར་སྒུག་པ་རེད།

རླངས་འཁོར་སོང་ནས་ཅུང་མ་འགོར་བར། བློ་བཟང་གིས་རང་གི་གསར་དུ་ཉོས་པའི་ཤིང་ཏོག་སྐམ་པོ་ཁུག་མ་དེ་ཡི་ཁ་ཕྱེ་ནས་མདུན་སྟེགས་་སྟེང་གི་བུད་མེད་དེར་ཤིང་ཏོག་བཞེས་རོགས་ཞེས་བཤད་དུས་སུ། མདུན་སྟེགས་སྟེང་གི་བུད་མེད་དེས་བཀའ་དྲིན་ཆེ་ཟེར་བཞིན་རྐང་ཁ་ཤས་ཤིག་ལས་མ་བླངས་པ་རེད། སྐབས་དེ་ཡི་ངང་ཚུལ། བློ་བཟང་གི་འགྲམ་གྱི་རྒྱ་གར་བ་དེས་མཐོང་ནས། བློ་བཟང་ལ་ཁྱེད་གཉིས་མི་རིགས་གཅིག་པ་རེད། ལམ་བར་དུ་ཁ་བརྡ་འདྲ་བྱས་དེ་སོང་ན་ཡང་སྟབས་བདེ་བོ་ཡོད་ངེས་རེད། ཁོ་མོ་འཐད་པ་ཡིན་ན་ངས་ཁོ་མོའི་འདུག་ས་བརྗེ་བོ་བརྒྱབ་ཆོག་ཞེས་བཤད་པ་རེད།

བློ་བཟང་གིས་རང་གི་མདུན་སྟེགས་སྟེང་གི་བུད་མེད་དེར་དེ་ལྟར་བཤད་དུས། བུད་མེད་དེ་དགའ་སྣང་དང་བཅས་དེ། ཡིན་དང་ཡིན། དེ་འདྲའི་སྟབས་ལེགས་པ་ཞིག་ལ། ང་རང་རླངས་འཁོར་མི་འཕྲོད་པའི་སྒང་ལ་འདུག་རོགས་བོད་མི་ཞིག་ཡིན་ན་ལོས་དགའ་ཟེར་ནས་བློ་བཟང་གི་འགྲམ་ནས་སྒེའུ་ཁུང་འགྲམ་དུ་བཙོག་པ་རེད།

བློ་བཟང་གིས་རང་གི་འགྲམ་དུ་སླེབས་མ་ཐག་པའི་བུད་མེད་དེ་ལ། རྒྱབ་ལོག་གི་ཕོ་གསར་དེ་དང་ཁྱེད་གཉིས་མིང་སྲིང་ཡིན་ཟེར་ནས་དེ་སྔོན་ཕྱི་ལོག་ནས་ཁ་བརྡ་བྱེད་སྐབས་སུ་བཤད་སོང་མོད། འོན་ཀྱང་། ཁྱེད་གཉིས་ཀྱི་འདུག་སྟེགས་ལ་བར་ཐག་དེ་འདྲ་ཞིག་ཆད་དོན་གང་རེད་ཅེས་དྲིས་པ་དེར། ཁོ་མོས་དེ་ནི་སྐབས་དེར་འཛིན་བྱང་ཉོ་སྐབས་སུ། འཛིན་བྱང་བཙོང་མཁན་གྱིས་དེ་རིང་འགྲོ་མཁན་ཡིན་ན་འདུག་སྟེགས་ལྷན་དུ་ཡོད་པ་རེག་གི་མི་འདུག་ཟེར་ནས་བཤད་ཀྱང་། ངའི་ཕུ་བོ་ཨ་རི་ནས་ཆེད་དུ་ང་རང་རྒྱ་གར་དུ་བསྐྱེལ་དུ་ཡོང་བ་ཡིན་དུས། ཁོ་རང་ལ་དུས་ཚོད་ཀྱང་མང་བོ་མེད་སྟབས། ངེད་གཉིས་ཀྱིས་རླངས་འཁོར་འཛིན་བྱང་དེ་ལྟར་ཆགས་པ་རེད་ཅེས་བཤད་པ་རེད།

ཁོ་གཉིས་དུས་ཚོད་གཅིག་ལྷག་གི་རིང་དུ་ཕན་ཚུན་ལ་ཁ་བརྡ་བྱས་པའི་ཕན་ཚུན་ལ་རྒྱུས་མངའ་གང་ཙམ་ཞིག་བླངས་ཟིན་པ་དང་། བློ་བཟང་གིས་ད་ནི་བུད་མེད་དེ་ནི་ལམ་བར་ནས་ངས་བདག་སྐྱོང་མི་བྱེད་ཐབས་མེད་ཆགས་འདུག་སྙམ་ནས། ཁོ་མོ་ལ་ཁྱེད་རང་གི་འདུག་སྟེགས་ཕྱི་ལོག་གི་ཕུ་བོ་དང་ལྷན་དུ་བརྗེ་བོ་རྒྱག་དགོས་པ་ཡིན་ན་ངས་བརྗེ་བོ་བརྒྱབ་ཆོག ཁྱེད་རང་ངས་ལྷན་དུ་བདེ་བོ་འདྲ་མེད་ན་ཞེས་འཁང་ཆུང་དང་བཅས་པ་བཤད་པ་རེད།

བུད་མེད་དེ་ཡི་མིང་ལ་མཚམས་སྐྱིད་ཟེར་གྱི་ཡོད་པ་དང་། ཕུ་བོའི་མིང་ལ་ཟླ་བ་ཟེར་གྱི་ཡོད་པ་རེད། བུད་མེད་མཚམས་སྐྱིད་ཀྱིས་བློ་བཟང་ལ། ཕུ་བོ་རྒྱབ་ལོག་དུ་ཨ་ཁུ་ངོ་ཤེས་དེ་དང་ལྷན་དུ་སྐྱིད་པོ་བྱས་དེ་བསྡད་འདུག ང་རང་ཁྱེད་རང་དང་ལྷན་དུ་བསྡད་ན་མི་བདེ་གང་ཡང་མི་འདུག ངས་ཁྱེད་རང་ལ་ལམ་བར་དུ་དཀའ་ལས་གཏོད་ན་ཐང་། ང་རང་གཏན་ནས་རླངས་འཁོར་མི་འཕྲོད་ཅེས་བཤད་དུས། བློ་བཟང་གིས་ནུ་མོ་མཚོ་མོ་སྐྱིད་དྲན་ཞོར་དུ། མི་སྐྱོན་མི་སྐྱོན། ངས་རང་གི་གང་ཐུབ་ཞིག་ཁྱེད་རང་ལ་རོགས་ལོས་བྱེད་ཅེས་ལན་བཏབ་པ་རེད།

ལམ་བར་ཞིག་ནས་ཟ་མ་ཟོས་རྗེས་སུ་མཚན་བཀང་བོར་བློ་བཟང་གིས་བུད་མེད་མཚམས་སྐྱིད་སྐྱོར་ནས་རང་ཉིད་འགུལ་བསྐྱོད་ཡག་པོ་ཞིག་ཀྱང་རྒྱག་རོགས་མ་གཅོད་པར་ནམ་འཕུད་པ་རེད། ཕྱིར་ཉིན་ཞོགས་པ་སྔ་བོ་ཁོང་ཚོ་ཟ་མ་ཟ་ས་ཞིག་དུ་འབྱོར་དུས་སུ། བློ་བཟང་གིས་རྐང་བ་སྤྲུད་ཡོད་ཀྱང་། གང་ཡང་མ་བཤད་པར་ག་ལེར་ཁོང་ཚོ་ལྷན་དུ་ཞོགས་ཟས་ཟ་རུ་སོང་བ་རེད།

ཉིན་ཞག་གསུམ་བཞི་ཞིག་གི་ལམ་བར་ནས་བློ་བཟང་གིས་བུད་མེད་མཚམས་སྐྱིད་སྐྱོར་ནས་རྒྱ་གར་རྒྱལ་ས་ལྡི་ལུ་རུ་འབྱོར་ནས། ཁོང་ཚོ་གསུམ་ལྷན་དུ་རྒྱ་གར་བོད་ཀྱི་གཞིས་གྲོང་མན་ཅང་ཀྲེ་ལར་རུ་སོང་བ་དང་། དེ་ནས་བློ་བཟང་གིས་ཁོ་རང་ལ་དོན་དག་གཞན་ཞིག་ཀྱང་ཡོད་པ་དང་། སང་ཉིན་མ་གཏོགས་མི་འགྲོ ཁྱེད་གཉིས་འགྲོ་འདོད་ཡོད་ན་རླངས་འཁོར་རེག་མིན་ལྟོས་པ་ཡིན་ན་འགྲིག་གི་རེད། ང་རང་གི་མགྲོན་ཁང་ཞིག་གླས་འདོད་འདུག ཁྱེད་གཉིས་དེ་རུ་ཡོང་ནས་གཟུགས་པོ་རེ་དཀྲུས་དེ་ངལ་གསོ་བརྒྱབ་ནས་སོང་བ་ཡིན་ན་འགྲིག་གི་རེད་ཅེས་བཤད་པ་རེད།

བུད་མེད་མཚམས་སྐྱིད་དངོས་ནས་ལམ་བར་ནས་སྐྱུག་པ་སྐྱུག་ནས་ཟ་མ་ཡང་ཟ་མ་ཐུབ་པར་ཉིན་ཞག་ཁ་ཤས་ཤིག་སོང་ཡོད་སྟབས། དངོས་ནས་གཟུགས་པོ་ཡང་སྐྱོ་རུ་སོང་ཡོད་པ་དང་། དངོས་ནས་ལྡི་ལུ་རུ་ངལ་གསོ་ཞིག་བྱེད་འདོད་ཡོད་པ་དེ་བློ་བཟང་ལ་བཤད་ཀྱང་། མཚམས་སྐྱིད་ཀྱི་ཕུ་བོ་ཟླ་བ་ལ་དུས་ཚོད་ཀྱི་འདང་གི་མེད་རབས་བཤད་དེ་དགོང་མོ་དེར་ཁོ་གཉིས་ལམ་ལ་ཆས་པ་རེད།

བློ་བཟང་གིས། བུད་མེད་མཚམས་སྐྱིད་ལ་བདེ་མོ་བྱོས། ང་ཚོ་རྡ་ས་ནས་ཐུག་གི་རེད། ང་རང་ཉིན་གཉིས་ཀྱི་རྗེས་སུ་རྡ་སར་འབྱོར་ངེས་ཡིན། དེ་དུས་ང་རང་ཁྱེད་དང་ཐུག་འཕྲད་བྱེད་དུ་ཡོང་ཆོག་ཞེས་བཤད་དེ་ལམ་འཇུག་བྱས་པ་རེད། བུད་མེད་མཚམས་སྐྱིད་ཀྱིས་བློ་བཟང་ལ་ངས་རྡ་ས་ནས་ཁྱེད་རང་ལ་སྒུག་འདུག་ཟེར་ནས་བཤད་དེ་ཁོ་མོའི་ཕུ་བོ་ཟླ་བ་དང་འགྲོགས་ནས་ཕྱིན་པ་རེད།

བློ་བཟང་གིས་ཁོ་གཉིས་ཕྱིན་རྗེས་སུ། གོན་པ་ཚང་མ་ག་ལེར་འཕུད་དེ་རང་གི་གཟུགས་པོ་ཞིག་དཀྲུ་དགོས་བསམ་ནས་རྐང་ལམ་འཕུད་དུས་སུ། ཁོ་རང་གི་རྐང་པ་སྐྲངས་དེ་ཡོད་པ་གཞི་ནས་ཤེས་པ་དང་ཁོ་རང་གིས་རང་གི་རང་ལ་ལྟ་ཞོར་ཁེར་དགོད་ཅིག་བྱེད་ཞོར་དུ་དཀྲུས་ཁང་ནང་དུ་སོང་ནས་ཆུ་སྒོ་ཕྱེ་བ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 5

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་ཅག་ཚང་མ་འདི་རུ་ཕེབས་ནས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་དགའ་ཡོད། རྗེས་ཕྱོགས་ཀྱང་བལྟས་དེ་འདུག ཕེབས་རྐྱང་བྱོས།

    Reply
  2. beri Palden Namgyal says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་མ་མཇལ་ཡིན་རིང་། ད་ཅི་བྱ་རྩིས་ཡོད་
    དེང་སང་གོ་རྒྱུ་ཚོ་རྒྱུ་མི་འདུག་ཨ་ཧཧཧཧཧཧཧ

    Reply
  3. chokri nyima says:
    ལོ་ 16 སྔོན།

    བློ་བཟང་གིས་སྔོན་མ་བན་སྡེ་མཚོ་ཡང་མེ་འཁོར་ནང་དུ་ཡག་མདོག་དང་བཟང་མདོག་བྱས་ནས་སླུ་ཁྲིད་བྱས་པ་རེད།
    ད་ཡང་མཚམས་སྐྱིད་ལགས་ཡང་ཕྱེ་ཁ་འགུག་ཚར་སོང་།
    བློ་བཟང་འདི་ནི་སྟུ་ཡི་དོན་དུ་རྐང་པ་སྐྲངས་ན་འང་ཧ་མི་གོ་བ་འདི་འདྲ་འདོད་སྨྱོ་རང་རེད་ད།ཧཧཧཧཧཧཧཧ

    Reply
  4. rigdhen says:
    ལོ་ 16 སྔོན།

    ཨོ་་་་་ད་ཁོང་ཚོ་མི་རིང་བར་རྡ་སར་འབྱོར་རྒྱུ་རེད་ལ། ཡ ཡ ངས་སྒུག་ནས་བསྡད་ཡོད། ཟ་མ་རེ་བཟའ་ཡ། ཧ ཧ ཧ

    Reply
  5. rongpo says:
    ལོ་ 16 སྔོན།

    སྐུ་ཞབས་ལགས། བོད་ཡིག་ཞུ་དག་བྱེད་པའི་སྐོར་ནས་ཁྱེད་ལ་ལན་སྐུར་ཡོད། འཕྲོད་སོང་ངམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese