གྲོས་མོལ།
གྲང་རླུང་རྒྱུན་པར་ལྡང་བའི་དགུན་དུས་དང་དཔྱིད་དཔལ་གསར་དུ་འཆར་ལ་ཉེ་བའི་མཚམས་འདིར་དུས་ཡུན་བགྲང་བྱ་གཅིག་དང་ཕྱེད་ལྷག་གཉིད་དུ་ཡུར་བའི་གྲོས་མོལ་གྱི་ཤོག་བྱང་དེ་སླར་ཡང་སྨུག་སྤྲིན་འཐིབ་པའི་གྲོང་ཁྱེར་ནས་འཁྲོལ་ཡོང་དུས།
ཁ་བས་དབེན་པའི་ཁ་བའི་ལྗོངས་སུ་རེ་ཐག་ཆད་པའི་མིག་ཟུང་དག་ཅི་ལྟར་ཆེ་རུ་བགྲད་ཀྱང་ན་བུན་ལྟ་བུའི་ཤེལ་མིག་གི་ངོག་ནས་ཁྱོད་ཀྱི་དྭངས་གཙང་ལྷད་མེད་ཀྱི་ངོ་གདོང་དེ་ཡེ་ནས་མཐོང་ཐབས་བྲལ།
གྲོས་མོལ་ཡ། ཁྱོད་ལ་ལན་གྲངས་དགུ་ཡི་བརྒྱུད་རིམ་ཡོད་ཀྱང་སྤྱི་མཐུན་གྱི་དམིགས་འབེན་ཞིག་མེད་ཁར་ཧམ་སེམས་ཀྱིས་ཁེངས་པའི་ཕ་རོལ་པོས་ཡ་མེད་རང་འདོད་ཀྱི་སྨྲ་བརྗོད་ལས་དྲངས་པའི་ཆིག་དོན་རེ་རེར་མཚོན་ཆ་ཡི་རྣོ་ངར་ལྡན་པས་ཞི་མཐུན་གྱི་འབྲེལ་ ལམ་ཡོང་མི་སྲིད།
ངས་གྲོས་མོལ་ཞེས་པའི་ཐ་སྙད་དེ་སྙིང་ལ་དམ་དུ་སྦྱར་བ་དང་ནམ་ཞིག་ཁྱོད་ལ་འདྲ་མཉམ་གྱི་ཆོ་ལོ་ཞིག་སྤྲད་ཚེ། ད་བཟོད་བསམ་གཞིག་གི་གྲོལ་ལམ་ཞིག་དང་ཁ་བའི་དྲོད་ཁོལ་སྙེག་པའི་གནས་མལ་ཞིག་རྙིད་རྒྱུར་རེ་བ་བྱེད།།
༢༠༡༠།༢།༣ཉིན། ལྷ་ས་ནས་གཡུ་རལ་གྱིས།།
ནོར་བཅོས། བདེན་པའི་གོ་མཚོན།
གཡུ་རལ་ལགས། ཁྱེད་སེམས་ཤུགས་མ་ཆགས་ཨ། ངེད་ཚོ་ལ་ཡོད་པ་ནི་བདེན་པའི་གོ་མཚོན་ཡིན་ལ། ངེད་ཚོ་ལ་ཡོད་པ་ནི་ཞི་བདེའི་དམག་དཔོན་ཡིན་། ངེད་ཚོ་ནམ་ཞིག་ཞི་བདེའི་དམག་དཔོན་དེ་དང་བདེའི་གོ་མཚོན་དེ་འཕྱར་བཞིན་རྒྱལ་ཁ་ཞིག་བྱུང་བར་སྨོས་མི་དགོས། དེ་བས་ཁྱེད་ཀྱི་ད་དུང་ཡང་རེ་བའི་མིག་ཟུང་དེ་བཞིན་སླར་ཡང་གྲོས་མོལ་གྱི་ཕྱོགས་ཟུ་གཅེར་དང།
གཡུ་རལ་ལགས། བློ་བདེ་མོ་བྱོས། གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་འདི་བཞིན་འཆར་ལ་ཉེ་བ་ཡིན། མཇལ་ཡོང། མི་རིང་བར་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་ན།
ཤར་སྐྱེས་གངས་བུ་ཁྱུང་རྒོད་ཅེས་པའི་ཕ་སྐད་བོར་ནས་དགྲ་སྐད་ཐོག་ལ་གོ་རྒྱུ་མེད་པའི་ཡིག་ནོར་དང་། བརྗོད་བྱ་སྟོན་མི་ཐུབ་ཚིག་གྲུབ་ཁ་ཤེས་འབྲི་ཁུལ་བྱས་རྗེས།
ཅོར་ཆུང་ཚེར་མ་ཁ་འུར་ལང་དེ་མགྱོགས་མྱུར་ངང་དེ་དབྱིན་སྐད་ཐོག་ལ་མགོ་མེད་སྔ་མེད་ཅིག་བསྒྱུར་ཁུས་བྱས་འདུག
གས་སྲིད་རང་གི་བསམ་ཚུལ་གང་ཞིག་འབྲི་འདོད་ན། དང་པོ་དྲ་ངོས་གང་ཞིག་ལ་འབྲི་དགོས་ཞིབ་བཤེར་བྱས་དེ་ད་གཟོད་འབྲི་དགོས། ཨེ་གོ་ཐ།
དྲ་གྲོགས་ཚེར་མ་ལགས་་་བསྒྱུར་ཐུབ་ན་བོད་ཡིག་ཐོག་ཏུ་བསྒྱུར་དགོས་པ་ལས་གཞན་ཡིག་ཐོག་ཏུ་བསྒྱུར་ནས་ཅི་ཞིག་བྱ་དགོས་པ་རེད།
ཤར་སྐྱེས་གངས་བུ་ལགས་ཁྱེད་ཀྱིས་རྒྱ་ཡིག་མ་གཏོགས་ཤེས་ཀྱི་མེད་འདིར་མ་ཕེབས་རོགས་་་་རྒྱ་ཡིག་དྲ་ཚིགས་མང་པོ་ཡོད་པས་དེར་ཕེབས་རོགས་་་འདི་བོད་ཀྱི་དུས་བབ་ལས་རྒྱའི་དུས་བབ་མ་རེད། མཁས་མདོག་བསྟན་བསམ་ན་བོད་ཡིག་ཐོག་ནས་སྟོན་དང་ང་ཚོས་ལྟད་མོར་བལྟ་ཆོག་ནི་རེད་ལོ།
ཤར་སྐྱེས་གངས་བུ་ཁྱུང་རྒོད་ལགས་ཀྱི་མཆན།
Loans to that you can attack;, Futian South; chest Mandun active mining in France are not smart enough parents have advised women not to buy white sleeper subject to a number of Te Senming old saying that sentence, the phrase earth Taiwanese? “Ale Ken has been accepted you will never confused Yamen. Entertain the guests, oh, eight glasses of fen men and women in rural areas of commemorative coins outside the horizon Oh, by the National
d贷款给你们能进攻; ,福田南;胸满囤能动 开采法国境内不够聪明不把父母们叫妇女, 买卧铺课题 某几个特森明白那句古话,把那句土语吗?“阿勒肯被你们采纳绝不糊涂衙门。宾客们哦,农村八杯汾酒男女纪念币噢地平线门口被国家
གྲོས་མོལ་འདི་གོམ་སྟབས་ཤིག་ཡིན་པའི་དབང་དུ་བཏང་ན།
ནམ་ཡང་དམིགས་ས་ལ་འབྱོར་ཐབས་མེད་པའི་གོམ་སྟབས་ཤིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག
རྩོམ་ཡིག་སྣང་འགྲོ་ཞིག་འདུག འོན་ཀྱང་གཏགས་ནོར་རེ་ཟུང་ཨེ་ཡིན་ནམ་སྙམ། ཆིག་དོན་ཞེས་པ་ཚིག་དོན་ཨེ་ཡིན་ནམ་སྙམ། རྙིད་རྒྱུར་རེ་བ་བྱེད་ཟེར་བ་རྙེད་རྒྱུར་རེ་བ་བྱེད་པ་ཡིན་ནམ་སྙམ།
ད་གྲོས་མོལ་ལ་ཡིད་ཆེས་བྲལ་བའི་རྣམ་པ་སྟོན་འདུག་གཱ