མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་འདུ་མགོ་འཛུགས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

ད་རེབ་གྲོས་ཚོགས་དབུ་འཛུགས་ཀྱི་གཏམ་བཤད་དང་འབྲེལ་ཏེ། མང་ཚོགས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ཡོད། རྙོག་དྲ་བྱུང་བའི་སྐབས་གཅིག་པུར་གྲོས་ཚོགས་ལ་དོ་སྣང་གནང་བ་ཙམ་མ་ཡིན་པར། དུས་རྒྱུན་སོ་སོས་འོས་འདེམས་བྱས་པའི་འཐུས་མི་ཚོས་གྲོས་ཚོགས་ནང་ཆ་ཤས་གང་ལེན་གྱིན་ཡོད་པ་དང་། དགོངས་ཚུལ་གང་འདྲ་ཡིན་མིན་ལ་ཐུགས་ཞིབ་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འབོད་སྐུལ་ཞུས་ཡོད།

 

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་། སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་ནང་ཚོགས་མགོ་བརྩམས་ཡོད་ལ། ཐེངས་འདིའི་གྲོས་ཚོགས་དེ་ཕྱི་ཚེས་ ༨ ནས་ ༢༠ བར་ཉིན་གྲངས་ ༡༢ རིང་ཚོགས་འཆར་ཡོད་པ་དང་། ཚོགས་འདུའི་ནང་དོན་གཙོ་བོ་ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ བར་གྱི་བཙན་བྱོལ་བོད་གཞུང་གི་ལྷན་ཁང་མ་ལག་དང་བཅས་པའི་མ་དངུལ་གཏོང་ཡོང་གི་སྔོན་རྩིས་སྐོར་ལ་བགྲོ་གླེང་དང་བཀའ་འཁྲོལ་གཏན་འབེབས་གནང་རྒྱུ་ཡིན་འདུག སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ནུབ་པ་ཆོས་གྲགས་རྒྱ་མཚོ་མཆོག་དང་བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་ཐད་བསྐོས་སྤྱི་ཟུར་མཁས་བཙུན་བཟང་པོ་རིན་པོ་ཆེ་མཆོག དེ་བཞིན་འཇར་མན་དཔལ་འབྱོར་བཀའ་ཟུར་སྐུ་ཞབས་ Count otto graf lamsdorff མཆོག་བཅས་སྐུ་ཚེ་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཞུས་ཡོད། 

བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་གིས་བཙན་བྱོལ་བོད་གཞུང་གི་ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ བར་གྱི་སྔོན་རྩིས་ཕྱོགས་སྡོམ་གྲོས་ཚོགས་ལ་སྙན་སྒྲོན་ཞུས་དོན་ལྟར་ན། ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི་མ་དངུལ་གནས་སྟངས་ཧིན་སྒོར་ས་ཡ་ ༥༨༦།༨༨ ཙམ་ཡིན་པ་དང་། ད་ཆར་དང་བླང་དཔྱ་དངུལ་ལག་དེབ་བཟོ་མཁན་གྲངས་ ༡༣༦༥༦༢ ཙམ་ཡོད་འདུག ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ བར་ཡོར་འཆར་ཁྱོན་བསྡོམས་ཧིན་སྒོར་ས་ཡ་ ༨༤༦།༨༠ ཡིན་འདུག་ཅིང་། དེ་དག་གི་ཡོང་ཁུངས་ཟུར་བཀོད་ཡོང་འཆར་ས་ཡ་ ༥༩༢།༢༢ དང་། ལས་ཁུངས་ཁག་ནས་ཡོང་འབབ་ས་ཡ་ ༤༡།༡༡ ། འཛིན་སྐྱོང་བསྡུ་འབབ་ས་ཡ་ ༢༠།༢༠ ། དང་བླང་དཔྱ་དངུལ་དང་ཞལ་འདེབས་སོགས་ལས་ས་ཡ་ ༨༠།༨༠ ། བཀའ་ཤག་ནས་ཐབས་འཚོལ་ས་ཡ་ ༤༣།༤༨ ། སྒུ་སྒེར་ཡིག་ཚང་ནས་ས་ཡ་ ༧༠ བཅས་ཡིན་འདུག ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ བར་འགྲོ་འཆར་ཁྱོན་བསྡོམས་ཧིན་སྒོར་ས་ཡ་ ༩༡༣།༨༠ ཡིན་ཞིང་། དེ་དག་གི་འགྲོ་ཡུལ་ཆབ་སྲིད་དང་འབྲེལ་བའི་ཐད་ས་ཡ་ ༢༥༨།༥༠ དང་། ངེས་ཅན་དང་ཁྲིམས་བཟོའི་ཐད་ས་ཡ་ ༢༠།༤༥ ། འཛིན་སྐྱོང་ཐད་ས་ཡ་ ༢༠༣།༢༠ ། འཕྲོད་བསྟེན་ཐད་ས་ཡ་ ༧༩།༥༢ ། ཤེས་ཡོན་ཐད་ས་ཡ་ ༡༥༢།༦༠ ། ཆོས་དང་རིག་གཞུང་ཐད་ས་ཡ་ ༣༦།༢༣ ། འཚོ་ཐབས་དང་སྐྱོབ་གསོའི་ཐད་ས་ཡ་ ༢༦༢།༩༠ བཅས་ཡིན་འདུག

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འཛུགས་གསུང་བཤད་གནང་དོན། ད་ལྟ་གསུམ་བཅུའི་དུས་དྲན་སླེབས་ན་ཉེ་སྟབས། བོད་ནང་ནམ་རྒྱུན་དང་མི་འདྲ་བར་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་དང་། ས་གནས་འགའ་རེ་ནང་ཡང་བསྐྱར་ལས་འགུལ་སྤེལ་ཏེ་གནས་སྟངས་ཛ་དྲག་ངང་གནས་ཡོད་འདི་བློ་ཕམ་གྱི་རང་བཞིན་ཞིག་རེད། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལ་གཞིགས་ཏེ། རྒྱ་གཞུང་གིས་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། ཁོར་ཡུག བདེ་འཇགས་སོགས་གང་ཞིག་ཡིན་རུང་། རྒྱ་ནག་ལ་མི་བསྟུན་ཐབས་མེད་ཡིན་པའི་བསམ་བློའི་འོག་མཁྲེགས་འཛིན་བྱས་ཏེ། ད་བར་ང་ཚོའི་སྐུ་ཚབ་ཐེངས་དགུ་ཕྱིན་ཡང་། དོན་འབྲས་གང་ཡང་མ་སོན་པ་དེ་གཙོ་བོ་རྒྱ་གཞུང་ལ་ཆབ་སྲིད་ཀྱི་འདུན་པ་མེད་པ་དང་། ད་ལྟའི་གནས་སྟངས་འདི་ལ་ཡིད་ཚིམ་པའི་རྣམ་འགྱུར་བཟུང་ཡོད། འོན་ཀྱང་། གཞིས་ལུས་མི་དམངས་ཚོས་དཔའ་མཛངས་སྙིང་སྟོབས་དང་རྣམ་དཔྱོད་རྩལ་དུ་བཏོན་ཏེ། བོད་ནང་གི་དཀའ་ངལ་སེལ་རྒྱུར་འཐབ་རྩོད་ཀྱིས་རྒྱ་གཞུང་གིས་སྣང་མེད་དུ་འཇོག་ཐབས་མེད་པའི་གནས་སྟངས་ཆགས་ཡོད། དེ་དག་གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་དང་གཞིས་ལུས་མི་དམངས་ཀྱི་སྙིང་སྟོབས། བྱེས་བཞུགས་བོད་མིའི་སེམས་ཤུགས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོའི་ནུས་པ་བཅས་ལ་བརྟེན་ཏེ་བྱུང་བ་ཞིག་རེད། འདི་དག་ལ་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་དགོས། ཞེས་དང་།

 

གྲོས་ཚོགས་ལ་མཚོན་ནའང་ལས་དོན་གང་ཞིག་གནང་ཡང་བོད་ནང་གི་གནས་སྟངས་ལ་གཞི་བཅོལ་ཏེ། འཆམ་མཐུན་ཆིག་སྒྲིལ་གྱི་ནུས་པ་འདོན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། སྔར་བཅའ་ཁྲིམས་གཏན་འབེབས་ཟིན་པའི་ཚུན་ལ་སྤྱི་འཐུས་ཀྱི་གྲུབ་ཆའི་ཐད་ལ་འགྱུར་བ་གང་ཡང་ཕྱིན་མེད། ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་ལ་གཞིགས་ཏེ། བྱང་ཨ་རི་ཁུལ་དུ་སྤྱི་འཐུས་གཅིག་དང་། ཨ་རི་དང་ཡུ་རོབ་སོགས་སུ་སྤྱི་འཐུས་གཅིག་བཅས་སྤྱི་འཐུས་གཉིས་ཁ་སྣོན་དགོས་པའི་ཁྲིམས་འཆར་ཞིག་བཏོན་ཡོད། དེ་ལ་ཐུགས་སྣང་གནང་དགོས། གཞན། སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་གནང་བའི་ཚོགས་ཆུང་ཁག་གི་སྙན་ཐོ་དང་། ལྷག་པར་དུ་ཤེས་ཡོན་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོར་བགྲོ་གླེང་ལྷུག་པོ་གནང་དགོས། ༢༠༠༨ ལོའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྒྲིལ་མ་ཐུབ་པའི་རྐྱེན་གྱིས་གྲོས་འཆར་ཁག་ཅིག་དང་བཀའ་ཤག་གི་ལན་འདེབས་ཁག བོད་གཞུང་དམངས་ཀྱི་ཚོགས་ཆེན་གཏན་འབེབས་སོགས་ལྷག་ཡོད་པ་ད་རེབ་འགྲོ་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

 

ཚོགས་གཙོ་མཆོག་གིས་ཐེངས་སྔོན་མའི་གྲོས་ཚོགས་མཇུག་སྐྱོང་མ་ཐུབ་པའི་སྐོར་ལ་གསུངས་དོན། སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཚུལ་ལྡན་ཐོག་མཇུག་སྐྱོང་གནང་མ་ཐུབ་པའི་གནས་ཚུལ་བྱུང་ཡོད། དེ་མ་འགྲིག་པ་ཞིག་ཡིན་པ་ཚང་མར་གསལ་བོ་ཆགས་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དགོངས་ཚུལ་མི་འདྲ་བ་མང་པོ་བྱུང་ཡོད་ལ། བར་སྐབས་ཤིག་ལ་སྤྱི་ཚོགས་ནང་དང་དྲ་རྒྱ་སོགས་བརྒྱུད་ལམ་ཁག་ནང་གླེང་སློང་བྱུང་ཤུགས་ཆེན་བྱུང་ཡོད། སྤྱི་འཐུས་རྒྱུན་ལས་ལ་ཕྱག་འཕྲིན་མང་པོ་འབྱོར་ཡོད། རྒྱ་ནག་གིས་ཀྱང་བེད་སྤྱོད་ལོག་པར་ག་ཚོད་བཏང་ཡོད་པ་བཤད་མ་དགོས་པ་ཞིག་རེད། གནས་ཚུལ་གང་ཞིག་བྱུང་རུང་རྒྱུ་རྐྱེན་མང་པོར་བརྟེན་ནས་འབྱུང་གིན་ཡོད་སྟབས། སུ་འགྲིག་དང་སུ་མ་འགྲིག་གི་སྐོར་ལ་སྐད་ཆ་བཤད་འདོད་མི་འདུག ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་ཏེ་དམངས་གཙོའི་ལམ་སྲོལ་གསར་གཏོད་གནང་བ་རེད། ད་ལོའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་ང་ཚོའི་དམངས་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་གཟབ་རྒྱས་ཤིག་སྲུང་གཙི་ཞུ་འཆར་ཡོད། དུས་སྐབས་འདི་འདྲ་ཞིག་ལ་གནད་དོན་འདི་བྱུང་བ་ནི། ༧གོང་ས་མཆོག་གིས་སྐུ་ངལ་སྐྱོན་པ་དེ་ལ་ང་ཚོའི་བྱ་སྟངས་སྤྱོད་སྟངས་ཀྱི་ཐོག་ནས་ཕམ་ཉེས་ཆེན་པོ་བྱུང་བར་ངོས་འཛིན་བྱ་དགོས། ཞེས་དང་།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། ཐེངས་སྔོན་མའི་གྲོས་ཚོགས་ཀྱི་གནད་དོན་དེ་ཚོགས་ར་འདིར་བཞུགས་པའི་འཐུས་མི་རྣམ་པ་ཚང་མར་འགན་ཡོད་པ་ཞིག་ཡིན། དེ་ལ་གཡོལ་ཐབས་ཡོད་པ་མ་རེད། མ་འོངས་པར་དེ་འདྲ་མི་འབྱུང་རྒྱུར་ཚོགས་གཙོའི་ངོས་ནས་རེ་འདུན་ཞུ་བཞིན་ཡོད། འོན་ཀྱང་། ཚོགས་གཙོའི་མིང་འཁྱེར་བ་ཙམ་ལས་འཇོན་ཐང་དང་ཤེས་ཡོན། ཆ་མཐོང་ཡོད་མཁན་ཞིག་མིན་སྟབས། གྲོས་ཚོགས་ལ་འབོད་སྐུལ་ཅི་ཙམ་ཞུས་ཀྱང་ནུས་པ་ག་ཚོད་ཐོན་མིན་ཐེ་ཚོམ་རེད། ༡༩༦༠ ལོར་གྲོས་ཚོགས་གསར་དུ་བཙུགས་པ་རེད། ༡༩༩༡ ལོ་ནས་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ལྟར། དབང་ཚད་ལྡན་པའི་གྲོས་ཚོགས་ཤིག་ཆགས་ཡོད། དུས་དེ་ནས་ད་ལྟའི་བར་མང་ཚོགས་ཀྱིས་གྲོས་ཚོགས་ལ་ཐུགས་སྣང་དེ་ཙམ་གནང་མཁན་བྱུང་མེད། སྔ་ལོར་གྲོས་ཚོགས་ནང་གནས་ཚུལ་དེ་བྱུང་རྗེས། ཐད་ཀར་གྲོས་ཚོགས་ལ་བཅར་མཁན་འདུག་ལ། བོད་ནས་ཀྱང་ཁ་པར་སླེབས་ཏེ་མ་འོངས་པར་དེ་འདྲ་མི་འབྱུང་རྒྱུར་ཐབས་ཤེས་གནང་རོགས་ཟེར་ནས་འབོད་སྐུལ་ཞུ་བཞིན་འདུག གྲོས་ཚོགས་ཀྱིས་ལས་ཀ་བྱས་ཟིན་པ་དང་གྲུབ་འབྲས་ཐོན་ཡོད་པ་དག་ལ་གོ་བསྡུར་དང་དོ་སྣང་བྱེད་མཁན་དཀོན་པོ་རེད། གནད་དོན་འདི་ལ་བརྟེན་ཏེ་མང་ཚོགས་ཀྱིས་སྔར་ངོ་མི་ཤེས་པའི་སྤྱི་འཐུས་ཚོ་ངོ་ཤེས་པ་དང་། སོ་སོས་བདམས་པའི་འཐུས་མི་ཚོའི་དགོངས་པ་བཞེས་ཕྱོགས་དང་ལྟ་བ་ལངས་ཕྱོགས་གསལ་བོར་རྟོགས་ཏེ་ཁེ་ཕན་ཞིག་ཀྱང་རག་ཡོད། ཅེས་གསུངས་བྱུང་།

 

མཇུག་མཐར་ཚོགས་གཙོ་མཆོག་གིས་མང་ཚོགས་ཀྱིས་དུས་རྒྱུན་གྲོས་ཚོགས་ལ་དོ་སྣང་དང་། སོ་སོས་བདམས་བཞག་པའི་འཐུས་མིའི་ལས་དོན་བྱེད་ཕྱོགས་དང་ལྟ་བ་ལངས་ཕྱོགས་ལ་ཉམས་འཇོག་དགོས་པའི་འབོད་སྐུལ་དང་འབྲེལ་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཀའི་གྲུབ་འབྲས་ཁག་ཅིག་ངོ་སྤྲོད་གནང་དོན། ད་རེབ་གྲོས་ཚོགས་དབུ་འཛུགས་ཀྱི་གཏམ་བཤད་དང་འབྲེལ་ཏེ། མང་ཚོགས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ཡོད། རྙོག་དྲ་བྱུང་བའི་སྐབས་གཅིག་པུར་གྲོས་ཚོགས་ལ་དོ་སྣང་གནང་བ་ཙམ་མ་ཡིན་པར། དུས་རྒྱུན་སོ་སོས་འོས་འདེམས་བྱས་པའི་འཐུས་མི་ཚོས་གྲོས་ཚོགས་ནང་ཆ་ཤས་གང་ལེན་གྱིན་ཡོད་པ་དང་། དགོངས་ཚུལ་གང་འདྲ་ཡིན་མིན་ལ་ཐུགས་ཞིབ་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

 

འདས་པའི་ཟླ་བ་དྲུག་གི་ནང་ལ་མ་འགྲིག་པའི་གནད་དོན་གཅིག་བྱུང་བ་རེད་དེ། སྤྱི་འཐུས་ལྷན་ཚོགས་ཀྱིས་གྲུབ་ཟིན་པའི་ལས་དོན་ཡང་གང་འཚམ་ཡོད། ༢༠༠༨ ཕྱི་ཟླ་ ༡༡ ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་བ་ཨི་ཊ་ལིའི་རྒྱལ་སར་ཚོགས་ཏེ། སྔར་དང་མི་འདྲ་བར་ཚོགས་མིའི་གྲངས་འབོར་དང་། ཁོང་ཅག་གིས་བོད་དོན་ལ་དོན་སྣང་གནང་བའི་ཤུགས་ཚད་སོགས་ནུས་པ་ལྡན་པའི་ལས་དོན་ཞིག་བྱུང་ཡོད། དེ་བཞིན་སྤྱི་འཐུས་རྣམ་པ་ས་གནས་ཁག་ཏུ་ཕྱོགས་སྐྱོད་བྱས་ཏེ། ས་གནས་མི་དམངས་ཀྱི་བདེ་སྡུག་ལེགས་ཉེས་བཀའ་ཤག་ལ་ར་འཕྲོད་ཐུབ་པ་བྱུང་ཡོད། སྤྱི་འཐུས་རྣམ་པ་ཕྱིའི་རྒྱལ་ཁབ་ཁག་ཅིག་ལ་ཕེབས་ཏེ། རྒྱལ་ཁབ་ཁག་གི་དཔོན་རིགས་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་མཇལ་འཕྲད་ཀྱིས་བོད་དོན་རྒྱ་ཁྱབ་ཀྱི་ལས་དོན་གྲུབ་ཡོད། རྒྱ་གར་མངའ་སྡེ་གྲོས་ཚོགས་ཁག་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུར་འབད་བརྩོན་ཞུ་མུས་ཡིན། ཉིན་འགའི་སྔོན་ལ་ཧི་མ་ཅལ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐོར་ཚོགས་པ་བཙུགས་ཡོད་ལ། འབྱུང་འགྱུར་ཁ་ན་ཊ་ཀའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུའི་ལས་དོན་འགྲོ་བཞིན་ཡོད། དཔལ་འབྱོར་འཐབ་འཚོལ་བྱས་ཏེ། ས་གནས་ ༢༡ ཙམ་ནང་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་རྒྱག་རྒྱུ་བྱས་ཡོད། འདི་དག་ངས་ངོམ་སོ་བྱས་པ་མ་རེད། གནད་དོན་གང་ཞིག་ཡིན་རུང་ལེགས་པའི་ཆ་དེ་ངོས་འཛིན་དང་། ཉེས་པའི་ཆ་དེ་ཐེར་འདོན་བྱ་དགོས། ཞེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

སྐར་མ ༢༦ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༢༠ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༢༡ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣

མཆན། 21

  1. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    ཆོལ་ཁ་དངཆོས་ལུགས་ཀྱི་མིང་ཆད་ཁུར་ཏེ་ཕྱོགས་ཞེན་གྱི་སྙོག་གླེང་མང་པོ་མ་བྱས་པར་ཉ་ཕྲ་བའི་བོད་པ་ཚང་གི་བདེ་སྡུག་ལ་བསམ་ནས་ཚང་མས་མཐུན་བསྒྲེལ་གྱི་སྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་མི་རིགས་འདི་ལ་ཕན་པའི་བྱ་བཟང་རེ་བསྒྲུབ་་དང་རྐུབ་སྟེག་ལ་བསྡད་པའི་དོན་གོ་ཅུང་ཞིག་ཡོད་པ་སེམས་་་་་་་་་་་་་་་་་་་་་་་་་གནས་དོན་ཆུང་ཚག་ཞིག་ལམགོ་བོ་མ་འཁོར་་་་་་་་་་་སྤྱི་མཐུན་རྣམས་པ་ལགས་་་་་་་་་་་་་་་་་

    Reply
  2. ཕྱོགས་གླང། says:
    ལོ་ 16 སྔོན།

    རེད། བོད་རྒྱལ་ཁབ་དང་། བོད་མི་རིགས་ལ་སྨན་པའི་དངོས་ཡོད་གནས་ཚུལ་དྲང་བདེན་ཤོད་མཁན་བྱུང་ན་རྒྱབ་སྐྱོར་ལོས་བྱེད། འོན་ཀྱང་ང་ཚོ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ནང་ཁུལ་གྱི་མཐུན་བསྒྲིལ་ལ་གནོད་འགལ་འགྲོ་གཞིའི་དབྱེན་འབྱེད་ཀྱི་སྐད་ཆ་གང་བྱུང་མང་བྱུང་ཤོད་མཁན་དེ་ཚོ་ཡག་པོ་རེད་པས། གཅིག་བྱས་ན་བོད་པའི་ཆབ་སྲིད་པའི་སྐད་ཆ་ངས་གོ་བ་ལེན་ཐུབ་ཀྱི་མེད་པ་ཡིན་གྱི་རེད།

    Reply
  3. karma dorje says:
    ལོ་ 16 སྔོན།

    ད་རེས་ ལ་ ད་རེབ་ཅེས་བྲིས་དགོས་དོན་གང་ཡིན་ནམ། ཁུངས་དག་ཤོད་ཡ་མེད་ན་ཕྱིས་སུ་འབྲི་ཐལ་མེད་པ་ཞུ།

    Reply
  4. གྲྭ་རྒོད says:
    ལོ་ 16 སྔོན།

    སྤྱིར་བཙན་བྱོལ་བོད་གཞུང་གི་སྤྱི་མཐུས་རྣམས་ལ་བཟང་ཕྱོགས་མང་ཡང་དེ་དགོས་པ་རེད་ལ་བཟང་ཕྱོགས་ཇི་འདྲ་ཡོད་ཀྱང་བོད་རང་ལ་ཕན་པ་ལས་གནོད་པ་མེད།སྐྱོན་གང་ཡོད་དང་བྱེད་ཕྱོགས་མ་འགྲིག་པ་དེ་དག་གིས་བོད་མི་རིགས་ནང་ཁུལ་ལ་གནོད་པ་ཡོང་གི་ཡོད་པས་དགག་ཕྱོགས་ནས་སྐྱོན་ཐེར་འདོན་བྱེད་རྒྱུ་དེ་གལ་ཆེན་པོར་མཐུང་།སྤྱི་མཐུས་རྣམས་ནས་ཀྱང་སྤྱི་མཐུས་མི་རེ་ངོ་རེ་ནས་བོད་སྤྱི་པའི་ལས་དོན་ཐོག་མཐུས་ཤོར་འགྲོ་གི་ཡོད་མེད་ཞིབ་འཇུག་་ཡང་དག་ཞིག་བྱས་ནས་དོན་ངོ་བོ་གནས་ཚུལ་ལ་སྐྱོན་ཡོད་ཚེ་སྐྱོན་དེ་སེལ་ཐུབ་བྱས་ཏེ་ཡར་ཐོན་སྤྱི་ཚོགས་ཞིག་བསྐྲུན་རྒྱུ་རེ་བ་ལགས།

    Reply
  5. སྟོབས་ says:
    ལོ་ 16 སྔོན།

    འཇིགས་བྲལ་བསྟན་འཛིན།
    གྲོས་འདེབས་བྱེད་ལུགས་འདི་གླེན་རྟགས་རེད ། འདི་ཁྱེད་དང་མོས་པ་གཅིག་པའི་སྐད་ཆའི་ནང་སྙིང་དང་ཡོད་ཚུད་མདུང་ཁ་ནང་ལ་བསྐོར་བའི་སེམས་གཤིས་དྭངས་མ་རེད །

    Reply
  6. ལྷ་མ་ཡིན། says:
    ལོ་ 16 སྔོན།

    ཚོགས་འདུ་འདི་རྒྱལ་ཁའི་ངང་མཇུག་གྲོལ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  7. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དེ་རིང་ངས་གྲོས་འདེབས་ཤིག་བྱེད། ང་ཨ་མདོ་ཡིན། ང་ཁམས་པ་ཡིན། ང་དབུས་པ་ཡིན། གང་ཡིན་ཟེར་ན་ངའི་བླ་མ་དང་། དགེ་རྒན། གྲོགས་པོ་ཨ་མདོ་བ་ཡིན། ང་ཁམས་པ་ཡིན། གང་ཡིན་ཟེར་ན་ངའི་སྐྱེ་ཁུངས་མདོ་ཁམས་སྨད་ཀྱི་ས་ནས་ཡིན། ང་དབུས་པ་ཡིན་དོན་ནི་ངའི་དགའ་གྲོགས་དབུས་པ་ཡིན། ད་ང་མི་གཅིག་ལུས་སྟེང་ན་ཁྱད་ཆོས་འདི་ཚང་ཡོད་ཀི འདི་ནས་ང་བོད་མི་ཞིག་ཡིན་པའི་གནས་ལུགས་ངོ་མ་ཞིག་རྙེད་ཀྱིན་ཡོད། བོད་མི་དེ་ཡང་ཆོལ་གསུམ་བདག་དབང་གི་གནད་དོན་གླེང་བའི་ཐོབ་ཐང་ཡོད་པའི་བོད་མི་ཞིག་ཡིན་པ་དེ་བསྟན་འདུག་སྙམ།

    བོད་མི་རེ་རེ་ཡི་སྟེང་དུའང་འདི་ལྟར་བོད་མི་གཙང་མ་ཞིག་ཡིན་པས་ཁྱད་ཆོས་ཚང་ཡོད་ངེས་ཡིན་པས་ང་ཚོས་རང་ཉིད་ངོ་མ་ངོས་འཛིན་བྱས་ན་འགྲིག་གི་སྙམ།

    ང་ཚོ་སྐད་ཆ་བཤད་ན་རྒྱུ་མཚན་གྱི་སྟེང་ནས་བཤད་རེས་བྱེད། དེ་མིན་གྱི་བྱབ་མེད་ཀྱི་སྐད་ཆ་དེ་ཚོ་འདི་ནས་ཞོག་ཡ།

    Reply
  8. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ནག་ཉེས་ཡོངས་རྫོགས་ཆོས་བརྒྱུད་སྤྱི་འཐུས་ལ་འགེལ་ན་ཐལ་ཆེ་མིན་འགྲོ།
    ཆོས་བརྒྱུད་སྤྱི་འཐུས་ཚོས་དངོས་ཡོད་གནས་ཚུལ་བཤད་རྒྱུ་ལ་ཞེད་སྣང་མི་འདུག་དེ་ཡག་པོ་མ་རེད་དམ།

    Reply
  9. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    རེད། དྲ་གྲོགས་ཚོ་ངས་ཀྱང་རེ་བ་དེ་དག་ཡོད། འོན་ཀྱང་། བོད་སྤྱིར་བསམ་བློ་བཏོང་མཁན་ཞིག་ཡིན་ན། དང་པོ། བོད་པའི་སྤྱི་ཚོགས་འདི་གང་གི་སྤྱི་ཚོགས་ཞིག་ཡིན་པ་ངོས་ཟེན་དགོས་པ་ཞིག་རེད་མ་ཏོག། ང་ཤི་ཁྱོད་གསོན་གྱི་ཁ་ཐད་གཅོག་ན། མི་མང་ནང་ཁུལ་བཀྲུག་ཤིང་བརྒྱག་པ་ལས་ཕན་ཐོག་གང་ཡང་མེད། བོད་གཞུང་གི་ལང་ཕྱོགས་སུ་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཡིན་ཟེར་བ་ལ་བསམ་ཞིབ་བྱེད་ཡོད་དམ།

    Reply
  10. GYAMTSO says:
    ལོ་ 16 སྔོན།

    ད་ལན་གྱི་གྲོས་ཚོགས་མིང་དོན་མཚུངས་པ་ཞིག་ཡོང་བའི་རེ་བ་ཡོད། ལྷག་པར་དུ་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགེ་བཤེས་རྣམས་པ་ཨ་བུ་མི་ནག་ལས་ལྷག་ཡིན་པ་ད་ལན་གསལ་པོ་ར་སྤྲོད་གནང་ཐུབ་པ་བྱེད་དགོས།

    Reply
  11. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    སྤྱི་ཡི་དབང་ཆས་སྒེར་དོན་སྒྲུབ་བྱེད་ཅིང༌༎
    སྒེར་གྱི་ནད་རྙིང་སྤྱི་པའི་ལས་དང་སྲེས༎
    སྤྱི་སྒེར་གཉིས་ཀ་འཕུང་ལ་སྦྱོར་བྱེད་པས༎
    སྒེར་སྤྱི་སུ་ལའང་མི་ཕན་སྤྱི་འཐུས་མིན༎

    Reply
  12. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    སྤྱི་པའི་ལས་དོན་བསྒྲུབ་ཕྱིར་སྤྱི་ཚོགས་ནང༌༎
    སྤྱི་སེམས་ཆེ་བར་མཐོང་རྣམས་སྤྱི་པས་བདམས༎
    འཐུས་མིའི་མཚན་ཅན་རྣམས་ཀྱིས་འཐུས་པའི་ལས༎
    འཐུས་སྒོ་ཚང་བར་བསྒྲུབ་ན་འཐུས་མི་དངོས༎

    Reply
  13. བུ་སྨྱོན་པ། says:
    ལོ་ 16 སྔོན།

    གལ་ཏེ་སྤྱི་འཐུས་ཀྱི་ནོར་འཁྲུལ་ཡོད་པ་ཤེས་ན་སླད་ཕྱིན་སྤྱི་འཐུས་གསར་བསྐོ་སྐབས་གང་གཟབ་བྱ་རྒྱུ་ལས་ཁ་སང་འཁྲུག་པ་རེད་དེ་རིང་ཡང་ཉེན་ཁ་ཆེ་ཟེར་བ་སོགས་ཕྱ་སྨོད་མ་བྱས་ན་བཟང་། གལ་ཏེ་དེ་ལྟར་འདོད་ན་ནོར་འཀྲུལ་ཡོད་མཁན་དེར་ཐེར་འདོན་གནང་ཏེ་དགོངས་ཚུལ་འདྲ་བྲིས་ན།

    Reply
  14. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    བོད་མ་མང་སྤྱི་མཐུས་གྲོས་ཚོགས་ཀྱི་ཚོགས་འདུ་དེ་རྒྱལ་ཁའི་ངང་གྲོལ་ཐུབ་པའི་རེ་ཡིན་

    Reply
  15. ཨ་མྱེ says:
    ལོ་ 16 སྔོན།

    སྤྱི་འཐུས་གྲོས་ཚོགས་ལ་གཟི་བརྗིད་ལྡན་པའི་སྨོན་ལམ་ཡོད། བོད་པ ། འགྲོ་བ་བོད་ཀྱི་སྤྱི་འཐུས་མཁྱེན །

    Reply
  16. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    གཟི་བརྗིད་ལྡན་པའི་གྲོས་ཚོགས་འདི་བཞིན་རྒྱལ་ཁ་ངང་ལེགས་སྒྲུབས་ཡོང་བའི་སྨོན་ལམ་ཡོད།

    Reply
  17. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    མི་རྙིང་པ། ཀླད་པ་རྙིང་པ། རྙོག་འཛིང་དང་ཕྱོགས་ཞེན་གསར་པ། ཧཧཧ་་་་་་་་་་།

    Reply
  18. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    སང་ཉིན་ནས་བཟུང་རང་ཉིད་ཀྱང་ཟུར་ཉན་ལ་འགྲོ་གི་ཡིན་ལ། སྐབས་དེའི་གནས་ཚུལ་རེ་དྲ་གྲོགས་ཚོ་ལ་འབུལ་ཨེ་ཐུབ་བལྟ་ངེས་ཡིན། ལྷག་པར་གཟབ་དགོས་པ་ཞིག་ལ་་ང་ཚོས་དྲ་ཐོག་ནས་སྤྱི་འཐུས་ཚོ་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་གནས་སྐབས་མཚམས་འཇོག་དགོས་པ་འདྲ། རྒྱ་ནག་གིས་ཀྱང་དྲ་ཚིགས་སུ་བཀོད་པའི་མཆན་རྣམས་བེད་སྤྱོད་གཏོང་མི་ཟད་པ་མ་རེད། དེའི་ཕྱིར་དང་པོ་ནས་དྲ་གྲོགས་ཚང་མས་ཐུགས་བསམ་བཞེས་ཏེ་དོན་མེད་སྐྱོན་བརྗོད་མ་བྱས་ན་བཟང་སྙམ། ལྷག་པར་ལན་རེ་༧གོང་ས་མཆོག་གིས་ཀྱང་དུས་བབ་དྲ་ཚིགས་ལ་གཟིགས་ཀྱིན་འདུག་ཅེས་གོ་བྱུང་བས་དེ་དོན་དགོངས་འཇགས་འཚལ།

    Reply
  19. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ད་ཐེངས་ཀི་འཚོགས་འདུ་ལ་མི་མང་གིས་སྐྲག་སྣང་དང་བཅས་ཉན་ཡོད་པ་རེད། དེའི་ཕྱིར་སྤྱི་འཐུས་ཚོས་ཀྱང་མི་མང་གི་རེ་བ་སྟོང་ཟད་དུ་མི་གཏོང་རྒྱུ་ཐུགས་ལ་འཛིན་རོགས། ལྷག་པར་གྲོས་ཚོགས་ཀྱི་ཉོག་དྲ་དེ་ཉིན་མཐའ་མའི་ཉིན་གླེང་ན་དགེ་མཚན་ཆེ་བར་མཐོང་བྱུང་། ད་ཐེངས་ཚོགས་གཙོ་མཆོག་གིས་གཏམ་བཤད་ཡག་པོ་གནང་འདུག དཔེར་ན། གོང་དུ་༼ རྙོག་དྲ་བྱུང་བའི་སྐབས་གཅིག་པུར་གྲོས་ཚོགས་ལ་དོ་སྣང་གནང་བ་ཙམ་མ་ཡིན་པར། དུས་རྒྱུན་སོ་སོས་འོས་འདེམས་བྱས་པའི་འཐུས་མི་ཚོས་གྲོས་ཚོགས་ནང་ཆ་ཤས་གང་ལེན་གྱིན་ཡོད་པ་དང་། དགོངས་ཚུལ་གང་འདྲ་ཡིན་མིན་ལ་ཐུགས་ཞིབ་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེདཅེས་གསུངས་འདུག་པ་དེ་རེད།

    ༡༩༩༡ ལོ་ནས་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ལྟར། དབང་ཚད་ལྡན་པའི་གྲོས་ཚོགས་ཤིག་ཆགས་ཡོད། དུས་དེ་ནས་ད་ལྟའི་བར་མང་ཚོགས་ཀྱིས་གྲོས་ཚོགས་ལ་ཐུགས་སྣང་དེ་ཙམ་གནང་མཁན་བྱུང་མེད། སྔ་ལོར་གྲོས་ཚོགས་ནང་གནས་ཚུལ་དེ་བྱུང་རྗེས། ཐད་ཀར་གྲོས་ཚོགས་ལ་བཅར་མཁན་འདུག་ལ། བོད་ནས་ཀྱང་ཁ་པར་སླེབས་ཏེ་མ་འོངས་པར་དེ་འདྲ་མི་འབྱུང་རྒྱུར་ཐབས་ཤེས་གནང་རོགས་ཟེར་ནས་འབོད་སྐུལ་ཞུ་བཞིན་འདུག གྲོས་ཚོགས་ཀྱིས་ལས་ཀ་བྱས་ཟིན་པ་དང་གྲུབ་འབྲས་ཐོན་ཡོད་པ་དག་ལ་གོ་བསྡུར་དང་དོ་སྣང་བྱེད་མཁན་དཀོན་པོ་རེད། གནད་དོན་འདི་ལ་བརྟེན་ཏེ་མང་ཚོགས་ཀྱིས་སྔར་ངོ་མི་ཤེས་པའི་སྤྱི་འཐུས་ཚོ་ངོ་ཤེས་པ་དང་། སོ་སོས་བདམས་པའི་འཐུས་མི་ཚོའི་དགོངས་པ་བཞེས་ཕྱོགས་དང་ལྟ་བ་ལངས་ཕྱོགས་གསལ་བོར་རྟོགས་ཏེ་ཁེ་ཕན་ཞིག་ཀྱང་རག་ཡོད། ཅེས་གསུངས་བྱུང་།

    འདིའི་དོན་ལ་དཔྱད་རྒྱུ་གལ་ཆེན་རེད་སྙམ།

    Reply
  20. སྟོབས་ says:
    ལོ་ 16 སྔོན།

    སྤྱི་འཐུས་ཚོའི་རྐུབ་སྟེག་སྔོན་གྱི་ཕྱོགས་སུ་ཁྱེར་པའི་རྙོག་སློང་ཀི་སྐབས་ཀྱི་རྐུབ་སྟེག་རང་འཇག་རེད ། དཀོན་མཆོག་མཁྱེན་སྔོན་གྱི་རྙོག་དྲ་ནང་བཞིན་མི་ཡོང་པར་གསོལ་འདེབས་ཞུ །

    Reply
  21. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྤྱི་འཐུས་རྣམ་པའི་སྤྱི་དོན་བཤད་སྐབས་སུ་རང་ཉིད་མི་སུ་དང་མཐུན་མིན་དང་ཕ་ཡུལ་གཅིག་པ་ཡིན་མིན་ལ་མ་ལྟས་པར་དངོས་སྟོབས་རིག་པའི་སྒྲུབ་བྱེད་དང་དངོས་ཡོད་ཚུལ་ལ་བསམ་གཞི་བྱས་ནས་སྐད་ཆ་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese