མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གཅུན་ཅུའུ་ཡི་སློབ་གསོའི་འོག་གི་བཙོན་པ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་བསྟན་པ་རྒྱ་མཚོ་གཞིས་རྩེ་བཙོན་ཁང་གིས་གཅར་རྡུང་མནར་གཅོད་བཏང་མཐར་ད་ལྟ་དབང་བོ་སྐྱོན་ཅན་དུ་གྱུར་ཡོད་འདུག་ཟེར།

ཟླ་འདིའི་ཚེས་ ༧ ཉིན་འདི་གའི་གསར་འགོད་པར་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༠༥ ལོར་བོད་ནས་རྒྱ་གར་ནང་བཙན་བྱོལ་ཏུ་འབྱོར་ཞིང་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་ཀླུ་འབུམ་ཁང་ཚན་དུ་སློབ་གཉེར་གནང་བའི་གྲྭ་བསྟན་པ་ལགས། ཕྱི་ལོ་ ༢༠༠༦ ལོའི་༧གོང་ས་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དུས་དབང་དང་ལོ་གསར་སྐབས་ཀྱི་གསུང་ཆོས་གྲུབ་རྗེས་ཕྱིར་རང་ཡུལ་དུ་ལོག་ཡོད་པ་དང་།  བལ་ཡུལ་མཐའ་མཚམས་བརྒལ་ཏེ་ལྷ་རྩེ་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་ལོག་འགྲོ་སྐབས་རྒྱ་ནག་གི་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་འདུག  སྐབས་དེར་ཁོང་གི་ལག་ཏུ་དཔལ་དུས་ཀྱི་འཁོར་ལོའི་དུས་དབང་གི་འོད་སྡེར་དང་གསུང་ཆོས་སྐོར་གྱི་འོད་སྡེར། དེ་བཞིན་༧གོང་ས་མཆོག་གི་བཀའ་སློབ་དང་དཔེ་དེབ་ཁག་ཅིག་ཡོད་པ་ཉེན་རྟོག་མི་སྣས་ཤེས་རྟོགས་བྱུང་སྟེ། ཁོང་ལ་ཁྲིམས་ཆད་ཀྱི་བརྡ་ལན་ཅི་ཡང་མེད་པའི་ཐོག་ལྷ་རྩེ་བཙོན་ཁང་དུ་ལོ་གཅིག་དང་ཟླ་ལྔའི་རིང་བཀག་ཉར་བྱས་པ་རེད་ཅེས་བརྗོད་བྱུང། ཡང་འབྲེལ་ཡོད་མི་སྣས་མུ་མཐུད་བརྗོད་དོན།  ཕྱིས་སུ་ཁོང་ལ་འབྲེལ་བ་ཡོད་པའི་མི་སྣ་ཁག་ཅིག་ལྷ་སར་མཇལ་སྐོར་ལ་འགྲོ་བའི་གོ་སྐབས་དང་བསྟུན་ཏེ་ཁོང་ལ་ཐེངས་དང་པོར་བལྟ་རུ་ཕྱིན་པ་རེད། སྐབས་དེར་ཉེན་རྟོག་མི་སྣས་ཁོང་ཚོར་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་ཡོད་པ་དང་ཆབས་ཅིག་ཁོང་གི་ནང་མིར་བརྗོད་དོན། ཐེངས་འདིར་ཁོང་བཀག་ཉར་བྱས་དོན་འོད་སྡེར་དང་དཔེ་དེབ་ཁོ་ན་མིན་པར། ཁོང་གིས་བཙོན་ཁང་ནང་ཁུལ་གྱི་སློབ་གཅུན་ཅུའུ་ཟེར་བའི་སྡེ་ཚན་དེས་སློབ་གསོ་དང་ལེན་མ་བྱས་པ་དང་རྣམ་འགྱུར་མི་ལེགས་པ་བསྟན་པའི་རྐྱེན་གྱིས་ལོ་གཅིག་དང་ཟླ་ལྔའི་རིང་སློབ་གསོ་སྤྲོད་ཀྱིན་ཡོད་པ་དང་། གནས་འདི་བཙོན་ཁང་མིན་པར་སློབ་གསོ་སྤྲོད་སའི་ཁོར་ཡུག་ཡིན་པའི་གནས་ལུགས་སོགས་བཤད་དེ་མི་དེ་དག་ཕྱིར་ལོག་ཏུ་བཅུག་ཡོད་འདུག  རྗེས་སུ་ཁོང་ལྷ་རྩེ་བཙོན་ཁང་ནས་གཞིས་རྩེ་བཙོན་ཁང་དུ་གནས་སྤོར་བྱས་ཡོད་སྐབས་ཁོང་གི་ནང་མི་ཐེངས་གཉིས་པར་བལྟ་རུ་ཕྱིན་ཡོད་འདུག  སྐབས་དེར་ཁོང་ལ་སྔར་གྱི་ཁྲིམས་ཆད་ལས་ཟླ་ལྔ་རིང་དུ་བཏང་སྟེ་ལོ་གཉིས་ལ་བཏང་ཡོད་འདུག་ལ། ཁོང་གི་ནང་མིས་བཙོན་ཁང་གི་གནད་ཡོད་མི་སྣར་ཅི་ཡིན་གྱི་གནས་ཚུལ་དྲིས་སྐད། ཁོང་གི་རྣམ་འགྱུར་མི་ལེགས་ཚུལ་དང་བཙོན་ཁང་གི་སློབ་གསོ་དང་ལེན་མ་བྱས་པ་དང་བཙོན་ཁང་གི་ཁས་ལེན་ཡི་གེ་ལ་ས་ཡིག་མ་བཀོད་པའི་དབང་གིས་ཡིན་ཚུལ་བརྗོད་པ་དང་ལྷན་དུ། ནང་མིར་བརྗོད་དོན།  གལ་སྲིད་ཁྱེད་ཅག་ནང་མི་ཚོས་ང་ཚོའི་སྒྲིག་གཞི་ལྟར་བསླབ་བྱ་བཏང་སྟེ་ཁོང་གིས་ངོས་ལེན་བྱས་པ་ཡིན་ན་དེ་རིང་འཁྲིད་ཆོག་ལ། དེ་ལྟར་མིན་ཚེ་ཁོང་ལ་ཉེན་ཁ་ཡོད་པའི་འཇིགས་སྐུལ་བཏང་རྗེས་ནང་མིར་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་ཡོད་འདུག  སྐབས་དེར་ཁོང་གི་གཟུགས་པོའི་གནས་སྟངས་སྐྱོ་རུ་ཕྱིན་ཡོད་སྟབས་ནང་མི་ཚོས་སེམས་ཀྱིས་མ་བཟོད་ཀྱང་ཉེན་རྟོག་མི་སྣས་བཤད་པ་བདེན་པར་འདོད་དེ་བསླབ་བྱ་བརྒྱབ་པར། གྲྭ་བསྟན་པ་རྒྱ་མཚོས་མིག་ཆུ་ཤམ་ཤམ་དུ་བཞུར་གྱིན་བརྗོད་དོན། ནམ་རྒྱུན་ཁོང་ཚོས་ང་ལ་བསླབ་བྱ་འདྲ་མིན་རྒྱག་གིན་འདུག  ཡིན་ནའང། ང་ལ་འགྱུར་བ་མེད་པའི་དམ་བཅའ་དང་ངོས་ལེན་བྱེད་མི་ཐུབ་པ་ཞིག་ཡོད་པ་ནི། སྐྱབས་མགོན་རིན་པོ་ཆེ་མེས་རྒྱལ་ཁ་བྲལ་གཏོང་མཁན་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་གཏོང་མཁན་ཡིན་པའི་སྐོར་གྱི་དོན་ཚན་ཁག་ལ་ངོས་ལེན་དང་མིང་རྟགས་འགོད་དགོས་པ་དེ་རེད་ལ། དེར་ང་རང་གིས་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག་ཅེས་དང་། དོན་ཚན་དེ་དག་ལ་ངོས་ལེན་བྱས་ཏེ་གློད་གྲོལ་ཐོབ་པ་ལས་ང་མི་ཚེ་གང་བོར་བཙོན་འོག་ཏུ་འདུག་དགོས་པ་དང་། ཁོང་ཚོས་ང་བསད་རུང་འགྱོད་པ་སྤུ་ཙམ་ཡང་མེད། གལ་སྲིད་སྐྱབས་མགོན་རིན་པོ་ཆེས་དེ་ལྟ་བུའི་ལས་ཞིག་བསྒྲུབ་ཀྱིན་ཡོད་ན་ངས་ངོས་ལེན་བྱེད་ཆོག་གི་རེད་ཅེས་མིག་ཆུ་ཤམ་ཤམ་དུ་བཞུར་གྱིན་ནང་མིར་བརྗོད་སྟབས། ནང་མི་ཚོར་ཡང་ཐབས་ཤེས་ཅི་ཡང་མེད་པར་ཕྱིར་ལོག་དགོས་བྱུང་འདུག་ལ། ཁོང་ཉིད་བཙོན་ཁང་དུ་མནར་གཅོད་དང་བཙོན་འཇུག་བྱས་དོན་གྱི་རྒྱུ་རྐྱེན་གཙོ་བོའང་སློབ་གཅུན་ཅུའུ་ཡི་དོན་ཚན་དེ་དག་ལ་ཁས་མ་བླངས་བའི་དབང་གིས་ཡིན་པ་ཤེས་རྟོགས་བྱུང་ཡོད་འདུག  དེ་ལྟ་ནའང་།  ཕྱིས་སུ་གཞིས་རྩེ་བཙོན་ཁང་གིས་ཁོང་ལ་ཡང་བསྐྱར་ཟླ་དྲུག་གི་བཙོན་འཇུག་གི་དུས་ཡུན་རིང་དུ་བཏང་འདུག་ལ། དེ་ལྟར་བྱས་དོོན་ནི། སྐབས་དེར་རང་ལོ་དྲུག་ཅུར་བརྒལ་བའི་རྒན་པོ་ཞིག་གིས་རྒྱ་གར་ནས་ཕྱིར་ལོག་སྐབས་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་བའི་སྐབས་ཀྱི་སྐུ་པར་ཞིག་འཁུར་ཡོད་པར་ཉེན་རྟོག་མི་སྣས་འཛིན་བཟུང་གིས་ཁོང་ཚོའི་བཙོན་ཁང་དེ་རུ་འཁྲིད་འོང་སྟེ་ཁོང་ཚོ་བཙོན་པ་དག་གི་རིག་ས་ནས་གཅར་རྡུང་བྱེད་ཀྱིན་པར། ཁོ་བོའི་སེམས་ཀྱི་སམ་བཟོད་པར་ཉེན་རྟོག་མི་སྣར་ཁ་གཏད་དང་ངོ་རྒོལ་བྱས་ཏེ་རྒན་པོར་གཅར་རྡུང་བྱས་པར་བཀག་འགོག་བྱས་རྐྱེན་ཟླ་དྲུག་གི་བཙོན་འཇུག་གི་དུས་ཡིན་རིང་དུ་བཏང་བ་དང་། དུས་དེ་ནས་བཟུང་ཁོང་ལ་མནར་གཅོད་གཏོང་མགོ་བརྩམས་འདུག་ལ། བདུན་ཕྲག་གཅིག་རིང་སྐར་ཁུང་སོགས་ཅི་ཡང་མེད་པའི་ཁང་ཆུང་ཞིག་ཏུ་བཙོག་པ་ཕྱི་རོལ་ཏུ་གཏོང་བའི་དབང་ཚད་ཀྱང་མེད་པར་བཅུག་ཡོད་པ་མ་ཟད། ཆུ་གཤོང་ཆེན་པོ་ཞིག་གི་ནང་དུ་བཙན་གྱིས་འདུག་ཏུ་བཅུག་རྗེས་གློག་དྲངས་ཏེ་བཟོད་ཐབས་བྲལ་བའི་ན་ཟུག་འོག་ཁོང་དྲན་པ་བརྒྱལ་བ་ཡང་བྱུང་ཡོད་འདུག དེ་བཞིན་སྐབས་དེར་བྱེད་ཐབས་འདྲ་མིན་དང་ལག་ཆ་འདྲ་མིན་བེད་སྤྱོད་ཀྱིས་བཟོད་ཐབས་བྲལ་བའི་མནར་གཅོད་ཚད་ལས་བརྒལ་བ་བཏང་མཐར་ ༢༠༠༩ ལོའི་ཟླ་ ༤ པའི་ཚེས་ ༢༠ ཡས་མས་སུ་གཞིས་རྩེ་བཙོན་ཁང་ནས་ནང་མིར་གཉེན་འབྲེལ་སོགས་སུའང་བརྡ་ལན་ཅི་ཡང་མེད་པའི་ཐོག་གློད་གྲོལ་བཏང་ཡོད་འདུག ཅེས་བརྗོད་བྱུང་།

མཐའ་མར་འབྲེལ་ཡོད་མི་སྣས་ཁོང་གི་ད་ལྟའི་གནས་སྟངས་སྐོར་བརྗོད་དོན། སྐབས་དེར་ཁོང་གིས་རང་གི་གཟུགས་པོར་ནག་ཉེས་ཅི་འབྱུང་གི་ཚོར་བ་སོགས་ཅི་ཡང་གསལ་བོར་ཤེས་རྟོགས་བྱུང་མེད་ནའང་། ཕྱིར་ཕ་ཡུལ་དུ་ལོག་རྗེས་གྲོགས་པོ་ཚོར་སྐབས་དེའི་གནས་སྟངས་འགྲེལ་བརྗོད་བྱས་སྐབས་དྲན་པ་བརྒྱལ་བ་དང་དངས་སྐྲག་སྐྱེས་པ་སོགས་སྙིང་མི་བདེ་བའི་ན་ཚ་ཞིག་བྱུང་འདུག་ལ། དུས་ད་ལྟ་འང་མི་སྣ་འདུ་འཛོམས་དང་ཟང་ཟིང་གི་སྐབས། དེ་བཞིན་མི་ཕན་ཚུན་འཁྲུག་པ་རྒྱག་པའི་སྣང་ཚུལ་སོགས་མཐོང་སྐབས་གློ་བུར་སྙིང་འཕར་བ་དང་སྐྲག་སྣང་ངང་དྲན་པ་བརྒྱལ་ཏེ་འགྱེལ་འགྲོ་བའི་གནས་ཚུལ་ཐེངས་མང་བྱུང་འདུག་ལ། ད་ལྟའང་མི་སྣ་འདུ་འཛོམས་སོགས་སུ་འགྲོ་གི་མེད་པ་དང་དུས་ནམ་ཡིན་ཡང་གཟབ་ནན་གྱི་འོག་ཏུ་གནས་དགོས་པར་ལྷག་འདུག་ཅེས་བརྗོད་བྱུང།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༧ སྔོན་ལ།
Mobile App

རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་བརླག་ཏུ་གཏོང་ཐབས་ཀྱི་སྲིད་ཇུས་ལ་འགེབ་སྲུང་གི་ཚོགས་འདུ་བསྡུས།

ཆུ་ཚོད་ ༨ སྔོན་ལ།
Front Slider

ཀརྨ་པདྨ་རྡོ་རྗེ་ལགས་དང་ལྷན་དུ་བོད་ཡིག་བོད་སྐད་ག་འདྲ་སྦྱོང་བཞིན་ཡོད་པའི་སྐོར་ལ་གླེང་མོལ།

༢༠༢༥/༡༡/༠༢
Mobile App

ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་སྟེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་འོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ།

༢༠༢༥/༡༡/༠༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོག་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།
Mobile App

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོགས།

༢༠༢༥/༡༡/༠༡

མཆན། 6

  1. karma dorje says:
    ལོ་ 16 སྔོན།

    ད་ལྟ་འདིར། སློབ་གཅུན་ཅུའུ་ཡི་སློབ་གསོའི་འོག་གི་་་་་། ཞེས་འགོ་བརྗོད་དུ་ཡོད་པ་བཞིན་ལས་ཁུངས་འདི་ཡི་འགོ་བྱེད་ཀྱི་མིང་དང་། རྡུང་རྡེག་བྱེད་མཁན་གྱི་མིའི་མིང་སོགས་བཀོད་ཐུབ་ན་དགེ་མཚན་ཆེ་བ་མཐོང་།

    Reply
  2. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ལས་རྒྱུ་འབྲས་འདི་ཡང་འདི་ཡང་འགའ་ཞིག་ལ་སྐྲག་གིན་ཡོད་པ་འདྲ།།

    Reply
  3. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    གསར་འགོད་པ་ཚོ། ཁྱེད་རང་ཚོས་འདི་ལྟར་བྲིས་འདུག༼ རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་བསྟན་པ་རྒྱ་མཚོ་གཞིས་རྩེ་བཙོན་ཁང་གིས་གཅར་རྡུང་མནར་གཅོད་བཏང་མཐར་ད་ལྟ་དབང་བོ་སྐྱོན་ཅན་དུ་གྱུར་ཡོད་འདུག་ཟེར།༽
    གཞིས་རྩེ་བཙོན་ཁང་ནི་ཁང་ཞེས་པ་དེ་ཁང་པ་རེད། ཁང་པས་མི་གཅར་རྡུང་མནར་གཅོད་བཏང་ཅི་འདྲ་བྱེད་ཚུལ་ཡོད།
    སྤྱིར་བོད་མི་རྣམས་ཀུན་མནར་བཏང་ཆོག་ཆོག་ཡོད་པ་འདྲ་ཡིནའང་ཁང་པས་གཅར་རྡུང་མནར་གཅོད་བཏང་རྒྱུ་མ་རེད།
    གཞིས་རྩེ་བཙོན་ཁང་ཞིག་གི་ནང་དུ་གཅར་རྡུང་མནར་གཅོད་བཏང་མཐར་ད་ལྟ་དབང་བོ་སྐྱོན་ཅན་དུ་གྱུར་ཡོད་འདུག
    འདིའི་མཚོན་ཁྱེད་ཚོ་གསར་འགོད་ཐུང་ཐུང་འདིའི་ནང་དུ་ནོར་འཁྲུལ་ཧ་ཅིང་མང་པོ་ཡོད་ཕྱིར་བཅོས་རོགས་ཞུ།

    Reply
  4. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཐོག་ཕེབས་པའི་གསུང་འཕྲིན་ལ་ཁྱེད་ཀྱི་གང་འདྲ་གཟིགས་བྱུང་། ངས་གནད་དོན་འདི་མཐོང་བྱུང་། ངའི་ཟིན་བྲིས་སུ་གཟིགས་རོགས།

    Reply
  5. lobsang says:
    ལོ་ 16 སྔོན།

    རང་གི་ཕ་ཡུལ་དུ་ལོག་ནའང་ཉེས་ཆད་བཅད་པ་དང་འཛམ་གླིང་ཞི་བདེ་དད་དཔོན་ཆེན་པོའི་སྐུ་པར་སོགས་གཉེར་ན་བཙོན་ཁང་དུ་ལོ་མང་འདུག་དགོས་པ་ནི་ཀླ་ཀློར་གྱི་བྱས་སྟངས་རང་རེད་ སྐུ་ཞབས་ཁོང་གི་སྙིང་སྟོབས་ལ་རྗེས་སུ་ཡིད་རང་དང་ཁོང་བདེ་ཐང་ཡོང་བར་སྨོན་ལམ་ཤུགས་དྲག་ཞུ

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཚེ་ལྷག་དོན་ལྡན་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་སྨོན་འདུན་ཤུགས་དྲག་དང་བཅས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese