མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་རྙིང་མའི་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་དང་རྒྱ་རི་བུ་ཕྲུག་ལགས་རྣམ་གཉིས་ཀྱིས་གནས་ཚུལ་ཁོ་སྤྲོད་བྱས་དོན་ལྟར་ན། སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བཞི་པ་སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཏེ། ད་བར་གནས་དུས་ཀྱི་རྐྱེན་པས་དབུ་འཛིན་གསར་པ་ཐུགས་གཏན་འཁེལ་བ་བྱུང་མེད།

ཉེ་སྔོན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༡ སྐབས། གནས་མཆོག་རྡོ་རྗེ་གནད་དུ་རྙིང་མའི་དགོན་སྡེ་ཆེ་ཁག་གི་བླ་ཆེན་ཁག་དང་བླ་ཆེན་ཁག་གི་སྐུ་ཚབ། རྙིང་མའི་སྤྱི་འཐུས། སྨོན་ལམ་གྱི་འགན་འཛིན་ལྷན་ཚོགས་བཅས་ལྷན་འཛོམས་ཐོག་བཀའ་བསྡུར་ཐག་གཅོད་གནང་བར་རྙིང་མའི་བླ་ཆེན་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་རྣམ་བཞི་རིམ་པས་སྙན་སེང་ཞུ་རྒྱུ་གནང་བ་ལྟར། དང་པོ་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་གསེང་ཞུས་ཀྱང་ཞལ་བཞེས་མ་ཐོབ་པ་དང་། གཉིས་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་གསོལ་འདེབས་ཞུས་པར་ཞལ་བཞེས་ལེགས་པར་ཐོབ་སོང་།  

རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་ཞལ་བཞེས་ལེགས་ཐོབ་ཀྱི་བཀའ་དྲིན་སྤྱི་བསྩལ་བྱུང་བ་ལྟར། སྤྱི་ནོར་༧གོང་ས་མཆོག་དང་རང་གཞུང་ཆོས་རིག་ལས་ཁུངས་བཅས་ལ་སྙན་གསེང་ཡིག་ཆུང་ཕུལ་ཟིན་སྟབས། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་བའི་མཚན་བཞེས་གནང་བར་བཀའ་དྲིན་བླ་མེད་ཆེ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 18

  1. ཆོས་དབྱིངས། says:
    ལོ་ 16 སྔོན།

    ད་རེས་སྔ་འགྱུར་སྨོན་ལམ་ཆེན་མོ་ཐེངས་ཉེར་གཅིག་ ༢༡ པའི་སྐབས་སྔ་འགྱུར་རྙིང་མའི་བླ་ཆེན་ཁག་དང་། བླ་ཆེན་ཁག་གི་སྐུ་ཚབ། སྨོན་ལམ་ཆེན་མོའི་འགན་འཛིན་ལྷན་ཚོགས་བཅས་ཀྱིས་གྲོས་བསྡུར་ཐོག་རྙིང་མིའི་དབུ་འཛིན་བསྐོ་བཞག་བྱེད་སྟངས་ལ་རྗེས་སུ་ཡི་རིང་ཡོད། ལྷག་པར་ཆེས་ཐོག་མར་༸སྐྱབས་རྗེ་བྱ་བྲལ་རིན་པོ་མཆོག་ལ་སྙ་ཞུ་ཕུལ་གནང་བཛད་པ་དེ་སྔ་འགྱུར་རྙིང་མའི་ལོ་རྒྱུས་ཀྱི་ཐོག་མདུན་སྐྱོད་དང་སྔོན་ཐོན་གྱི་རྣམ་པ་གསར་བ་ཞིག་ཆགས་ཡོད། གདུང་བརྒྱུད་དང་སྤྲུལ་སྐུའི་ལམ་ལུགས་གཅིག་པུའི་སྟེང་ནས་མཐའ་གཅིག་ཏུ་བསྟན་པ་འཛིན་སྐྱོང་བྱེད་པའི་རྗེས་ལུས་དང་ཆོས་མིན་གྱི་སྤྱོད་པ་ལས་བརྒལ་ཐུབ་པ་དང་། བསླབ་པ་དང་སློབ་གཉེར་གྱི་གོ་རིམ་ལྟར་མང་པོའི་ནས་ནས་མདུན་དུ་ཐོན་པའི་སྐྱེས་བུ་ཁྱད་པར་ཅན་རྣམས་བསྟན་པའི་བདག་པོ་རུ་མངའ་གསོལ་བ་ནི་སོར་བྱང་སྔགས་གསུམ་གྱི་གཞུང་ལུགས་དང་མཐུན་ཞིང་། ན་ལེནྜའི་མཁན་རབས་དང་དགའ་ལྡན་གསེར་ཁྲིའི་གོ་རིམ་བཞིན་བསྔགས་པའི་འོས་སུ་གྱུར་པ་འོ།

    Reply
  2. ཆོས་དབྱིངས། says:
    ལོ་ 16 སྔོན།

    ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མིའི་དབུ་འཛིན་ཁྲི་ཐོག་ལྔ་པར་ཕེབས་པར་མཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། ཞུ།

    Reply
  3. གངས་སྤྲེལ་ཚ། says:
    ལོ་ 16 སྔོན།

    ཞེ་ཆེན་ཟེར་བས་ཁ་སང་ཡང་བལ་ཡུལ་དུ་ཁོ་རང་གི་རྩ་རྒྱུད་མང་པོ་ཞིག་བསྡུས་ནས་དིལ་འགོ་མཁྱེན་བརྩེ་ཡར་འདེགས་པའི་ཐབས་ཤེས་མང་པོ་བྱེད་སོང་། དེ་བཞིན་ཁོ་དང་ཁོས་བལ་ཡུལ་རྙིང་མའི་སྨོན་ལམ་ཟེར་བ་ཞིག་རྙིང་མ་པ་སུ་ལ་འང་གྲོས་མ་བྱེད་པར་གྲལ་སྒྲིག་བྱེད་ཚུལ་དང་། སྔ་འགྱུར་རྙིང་པ་པའི་ནང་ཁོའི་ལག་པ་རྐྱོང་རྒྱུ་མང་དྲག་ཟེར་གྱི་འདུག ད་ཡང་འཁྲུལ་ཞིག་ལ་མིང་བཏགས་ནས་དོན་གྱི་ཁོའི་དབང་སྒྱུར་གྲབ་འདུག་ལྟོས་དང་་་ངོ་མ་དབུ་འཛིན་ཟེར་བ་དེ་འཇོན་བདག་ཞིག་དང་ཕན་ཐོག་བདག་ཞིག་དགོས་ན་རྣམ་གྲོལ་གླིང་གི་མཁན་སྤྲུལ་ཞིག་ལ་མིང་བཏགས་ན་ཡག་ཚོད་འདུག དེ་བས་ཡོད་ཚོད་མི་འདུག ་

    Reply
  4. ཤར་སྐྱེས་གངས་བུ་ཁྱུང་རྒོད། says:
    ལོ་ 16 སྔོན།

    ད་ཡིན་ན་ཞེ་ཆེན་རབ་འབྱམས་ཀྱིས་ལྐོག་གཡོ་ངན་པ་དག་མངོན་དུ་གྱུར་འདུག་ད། སྔ་འགྱུར་རྙིང་མ་པ་སྔོན་གྱི་ལོ་རྒྱུས་ཡག་པོ་ཡོད་ད། ད་ཆབས་སྲིད་ཀྱི་ཚོགས་པ་ཆེན་པོ་ཞིག་ཆགས་འདུག་ད།
    རྙིང་བསྟན་སྤྱི་ལ་བསམ་བློ་རེ་གཏོང་རྒྱུ་ཁ་དྲོ། མ་དགོན་དྲུག་ལ་གྲོས་བྱོས། བུ་དགོན་འབུམ་ཕྲག་མང་པོའི་བསམ་པ་མ་དཀྲུག་

    Reply
  5. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    གངས་ལྗོངས་བསྟན་པའི་ཆུ་མགོ་དཔལ་སྔ་འགྱུར་རྙིང་མའི་ཁྲིར་འཛིན་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་རིན་པོ་ཆེ་མཆོག་སྐུ་ཚེ་བརྟེན་མཛད་འཕྲིན་རྒྱས་ཐུགས་བཞེད་མཐའ་དག་གེགས་མེད་བདེ་མྱུར་དུ་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ།།

    Reply
  6. མི་རྐང་གླིང་བུ། says:
    ལོ་ 16 སྔོན།

    བླ་མའི་སྐུ་ཚེ་བརྟན་པ་དང་། །
    བསྟན་པ་ཡུན་རིང་འབར་གྱུར་ཅིག །

    Reply
  7. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 16 སྔོན།

    རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་། གུས་པ་སེར་བྱེས་ཏྲེ་གྲ༌བེ་ཕྲུག་ནས་མཚམས་འདྲི་ཞུ་རྒྱུ་དང་མཆོག་ཉིད་ནསསྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རིགས་སྔ་འགྱུར་རྙིང་མའི་བསྟན་འགྲོ་སོགས་ཀྱིས་དོན་དུ་སྐུ་ཚེ་བརྟན་པའི་བཀྲ་ཤིས་སྨོན་འདུད་གྲང་མེ་ཞུཞུཞུཞུཞུཞུ་

    Reply
  8. GYAMTSO says:
    ལོ་ 16 སྔོན།

    རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་མཛད་པ་འཕྲིན་ལས་གོང་ནས་གོང་དུ་འཕེལ་པ་དང་སྐུ་ཚེ་བསྐལ་རྒྱལ་བརྟན་པའི་སྨོན་འདུན་གྲངས་མེད་ཞུ། མ་གཞི་རིན་པོ་ཆེ་ལ་མཇལ་མྱོང་མེད་ནའང་མཚན་ཐོས་པ་ཙམ་གྱིས་ཡིད་ཆེ་དང་དགའ་སྤྲོ་བརྗོད་ལས་འདས།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གི་མཛད་རྣམ་ཞིག་དྲ་གྲོགས་ཚོས་གསུང་ཐུབ་ན་ཡག་པོ་འདུག།

    Reply
  10. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    གོ་གསུམ་ལོའི་ལོ་མཇུག་ལ་ང་རང་ཤར་ཁུམ་པོ་བརྒྱུད་ནས་བཙན་བྱོལ་ལ་ཡོང་། ལམ་བར་ན་དགོན་པ་ཞིག་འདུག་པ་དེར་སོང་བས་དགོན་བདག་བླ་མ་བཞུགས་འདུག་པའི་སྐབས་འཁེལ། ངའི་རོག་པ་གཉིས་དང་ང་ཚོས་བླ་མར་མཇལ་ཁ་ཞུས་བར་ཞབས་ཞུ་བ་ཞིག་གིས་ཁོང་གི་གཟིམ་ཆུང་ནང་ལ་ཐད་ཀར་ཁྲིད་སོང་། ཁ་བཏགས་ཤིག་ལས་ཅི་ཡང་མེད་པའི་མཇལ་བ་གསུམ་ཁོང་གི་མདུན་དུ་བཅར་བས། ཁོང་གིས་ཞལ་འཛུམ་དང་བརྩེ་བ་ཆེན་པོས་ང་ཚོར་འཚམས་འདྲི་བྱས་སོང་། ཁོང་ནི་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་རེད། དེ་དུས་ང་ཚོས་ཨམ་སྐད་མཁྲེགས་པོ་དེ་ལས་ཅི་ཡང་མི་ཤེས་བས་ཁ་བརྡའི་གོ་སྐབས་མེད་ནའང་། ང་ཚོ་རྒྱ་གར་ལ་འགྲོ་གིན་ཡོད། ང་ཚོར་ལམ་ཁྲིད་མེད་ལ་ལམ་རྒྱུས་ཀྱང་མེད་པས། རིན་པོ་ཆེས་ང་ཚོ་ཐུགས་ལ་འཛིན་རོགས་ཞེས་ཞུས་བར། ཁོང་གིས་ཨམ་སྐད་མ་མཁྱེན་པར་མདུན་འདུག་གྲྭ་བ་ཞིག་ལ་དྲིས་བས། གྲྭ་བ་དེས་ཕྱག་མོ་གསུང་ཟེར་གྱིན་ཡོད་ས་རེད་ཅེས་བས། རིན་པོ་ཆེས་འཕྲེང་བ་བླངས་ནས་ཕྱག་མོ་གཟིགས་ནས་ང་ཚོར་འདི་རུ་ལམ་ཁ་གཉིས་ཡོད་མོད། ལམ་གཅིག་ནས་སོང་ན་ཉེན་ཁ་འདུག་པས་དེ་རུ་མ་འགྲོ་འདི་རུ་སོང་ཞེས་ལམ་སྟོན་བྱས་བ་མ་ཟད། ང་ཚོར་ཕྱག་མདུད་རེ་དང་རྩམ་པ་ཁུག་མ་གང་སྤྲད་སོང་། དགོང་མོ་དེར་ང་ཚོར་དགོན་པའི་ནང་དུ་ཟ་མ་བྱིན་པ་མ་ཟད་ཉལ་ཆོས་སྤྲད་པས་རྒྱག་ཚད་འཐུང་ནས་གཉིད་སྐྱིད་པོ་ཞིག་ཉལ་བ་ཡིན། ཕྱི་ཉིན་སྔ་མོར་ལང་ནས་འགྲོ་རྩིས་བྱེད་སྐབས་ངའི་སྐེ་ལ་མདུད་པའི་རིན་པོ་ཆེའི་ཕྱག་མདུད་ཀྱི་མདུད་པ་ཁྲོལ་ནས་བོར་སོང་བས། ངས་ས་བཙལ་རྡོ་བཙལ་བྱས་ཀྱང་མ་བརྙེད། དེ་ནས་ངའི་སེམས་ལ་རྣམ་རྟོག་སྐྱེས་ནས་ཡང་བསྐྱར་བླ་མའི་གཟིམ་ཁང་གི་མདུན་ལ་སོང་ནས་ཁོང་གི་ཞབས་ཞུ་བ་དེ་སྒོར་ཡོང་བར་བསྒུགས། སྟབས་ལེགས་ནས་སྐ་མའ་འགའ་ལས་སྒུག་མ་དགོས་བར་གྲྭ་བ་ཞིག་སྒོར་བུད་པས་ངས་ཁོ་ལ་གུས་ཞབས་དང་བཅས། སྐུ་ཞབས་ལགས། ཁ་སང་རིན་པོ་ཆེས་གནང་བའི་ཕྱག་མདུད་དེ་བོར་ཟིན་པས་ང་ལ་ཡང་བསྐྱར་ཕྱག་མདུད་ཅིག་གི་གནང་སྦྱིན་ཡོང་བ་ཞུ་ཞེས་ཨམ་སྐད་ཀྱིས་ཞུ་བ་བྱས་བས། གྲྭ་དེས་སྐར་མ་འགའི་རྗེས་ནས་རིན་པོ་ཆེའི་ཕྱག་མདུད་ཅིག་ང་ལ་སྤྲད་སོང་། འདི་ནི་ང་རང་སྐྱབས་བཅོལ་ལ་ཡོང་བའི་ལམ་བར་ནས་༧སྐྱབས་རྗེ་འཁྲུལ་ཞིག་རིན་ཆེ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ང་རང་སྐྱབས་འོག་ལ་བཟུང་བའི་ཉིན་དང་པོ་དེ་ཡིན་ལ་ཉིན་མོ་འདི་ངས་ནམ་ཡང་དྲན་གྱིན་ཡོད།

    Reply
  11. karma dorje says:
    ལོ་ 16 སྔོན།

    ༸བླ་མའི་སྐུ་ཚེ་བརྟན་པ་དང་། །
    བསྟན་པ་ཡུན་རིང་འབར་གྱུར་ཅིག །

    Reply
  12. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    དཔལ་ལྡན་བླ་མ་ཞི་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་། ད་ལྟར་ཞལ་བཞུགས་པ་རྣམས་ཀྱི་སྐུ་ཚེ་བརྟན་པ་དང་། ལྷག་པར་དུ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སྐུ་ཚེའི་རྡོ་རྗེའི་རང་ཁམས་སུ་བརྟན་ནས་རླབས་ཆེན་ཐུགས་ཀྱི་གཞེད་དོན་མཐའ་དག་གེག་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་དང་། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན

    Reply
  13. འཆམ་ར་དྲི་མེད་རྒྱལ་མཚན། says:
    ལོ་ 16 སྔོན།

    མཚམས་འདྲི་ཞུ།

    Reply
  14. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག། སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ།

    Reply
  15. དབྱངས་བུ། says:
    ལོ་ 16 སྔོན།

    སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་འགྱུར་ཅིག

    Reply
  16. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    ༧སྐྱབས་རྗེ་འཁྲུལ་ཞིག་རིན་ཆེ་མཆོག་ཤར་ཁུམ་ཁོ་བརྒྱུད་ནས་ཡོང་བའི་གསར་འབྱོར་ཚོར་བཀའ་དྲིན་ཆེན་པོ་ཡིན། བླ་མ་ཐུགས་གཤིས་འཇམ་པོ་དད་པ་རང་ཤུགས་ཀྱིས་སྐྱེས་བ་ཞིག་འདུག ཁོང་གིས་ང་ལའང་ཕྱག་མདུད་ཅིག་གནང་ནས་ལམ་སྟོན་བྱས་བ་མ་ཟད་ཞགས་གཅིག་ལ་དགོན་པར་སྣེ་ལེན་བྱས་ཤིང་ཁ་ལག་རྒྱག་ཚད་གནང་བ་བརྗེད་མེད་ཡིན། སྐུ་ཚེ་བརྟན་པར་ཤོག

    Reply
  17. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཆུ་འགོ་སྔ་འགྱུར་རྙིང་མ་པ་ཆེན་པོའི་དབུ་འཛིན་ལྔ་པར་བསྟན་འགྲོའི་དོན་ཆེན་འགྲུབ་པའི་སྨོན་ལམ་ཞུ།

    Reply
  18. བོད་རང་བཙན says:
    ལོ་ 16 སྔོན།

    རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་མཛད་པ་འཕྲིན་ལས་ཡར་ངོས་ཟླ་བ་ལྟར་རྒྱས་པའི་བཀྲ་ཤེས་སྨོན་འདུད་ཞུ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese