མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱེ་ཐང་གི་དགོན་གསར།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

གསེར་ཐང་བླ་བྲང་ནང་བསྟན་སློབ་གླིང་གི་མཁན་ཆེན་བསོད་ནམས་རྣམ་རྒྱལ་མཆོག་གི་སྦྱིན་བདག་འོག ན་གོར་མོ་གྲོང་ཁྱེར་གྱི་ཉེ་འདབས་སུ་༼ གསང་ཆེན་བཤད་སྒྲུབ་བཀྲ་ཤིས་གླིང ༽ཞེས་པའི་དགོན་པ་ཞིག་གསར་འདེབས་ལེགས་འགྲུབ་བྱུང་སྟེ། སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་སྒོ་འབྱེད་མཛད་སྒོ་བསྡུས་ཡོད། མཛད་སྒོ་དེར་མཁན་ཆེན་མཆོག་གཙོས་པའི་ན་གོར་མོ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད། ན་གོར་མོ་ས་ཁུལ་གྱི་སོག་རིག་དང་ཧོར་རིགས་སོགས་མི་རིགས་ཁག་གི་སྐུ་ཚབ་དང་ས་གནས་དད་ལྡན་མང་ཚོགས་བཅས་སྐུ་མགྲོན་ ༥༠༠ ཙམ་ཕེབས་ཡོད་འདུག དགོན་པ་འདིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༨༡༩ ཡོད་པ་དང་། འགྲོ་གྲོན་རྒྱ་སྒོར་ས་ཡ་གཅིག་དང་འབུམ་བདུན་ ༡༧༥༠༠༠༠ ལྷག་བཏང་ཡོད་འདུག

ན་གོར་མ་ས་ཁུལ་དུ་སྔར་བོད་རིགས་མང་པོ་མེད་ནའང་རྒྱ་རིགས་དང་སོག་རིགས་བཅས་ནང་པའི་མི་རིགས་མང་པོ་ཡོད་ཅིང་། རྒྱ་གཞུང་གི་ནུབ་རྒྱུད་གསར་གཏོད་ཆེན་མོ་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་སོགས་ཀྱི་སྲིད་བྱུས་འོག ཕྱི་ལོ་ ༡༩༩༥ ཡས་མས་ནས་མཚོ་སྔོན་ཡུལ་ཤུལ་ཁུལ་གཙོས་པའི་རྨ་འབྲུ་རྫ་གསུམ་འབྱུང་ཡུལ་གྱི་བོད་རིགས་འབྲོག་སྡེ་མང་པོ་ཞིག་ན་གོར་མོའི་བྱེ་ཐང་ལ་གཞིས་སྤོར་བྱེད་དུ་བཅུག་ཡོད་སྟབས། ད་ཆར་བོད་རིགས་གང་འཚམ་ཞིག་ན་གོར་མོའི་བྱེ་ཐང་ཁུལ་དུ་གཞིས་སྡོད་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༡ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༥ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 12

  1. རྒྱ་རགས། says:
    ལོ་ 16 སྔོན།

    སྐུ་མཁྱེན། གསར་འགྱུར་འགོད་སྐབས་དོ་སྣང་ལེགས་པོ་བྱེད་རོགས། དགོན་པ་དེའི་རྒྱ་ཁྱོན་ལ་༼སྤྱི་ལེ་གྲུ་བཞི་མ༨༡༩ཡོད༽ཅེས་བྲིས་པ་དེར་ནོར་ཚབ་ཆེན་པོ་ཤོར་ཡོད་པ་འདྲ། བསྐྱར་བཅོས་བྱེད་རོགས།

    Reply
  2. སྙིང་རྩིད་ཅན། says:
    ལོ་ 16 སྔོན།

    ས་སྟོང་ཞིག་ནས་དགོན་པ་བརྒྱབ་པ་ས་ལམ་ངོ་སྤྲོད་བྱེད་ཆེད་རེད། །
    ས་ཆ་འདི་ཡི་ཐག་ཉེ་དག་ན་ཧོར་སོག་མི་མང་ཉི་ལི་ལི། །
    ས་བཅུའི་སེམས་དཔའ་ཨ་ཏི་ཤས་ཀྱང་སྙེ་ཐང་བྱེ་མར་ཆོས་འཁོར་བསྐོར། །
    ས་སྟོང་མ་ཟེར་ས་ཆ་འདི་ན་གཤིན་པོ་འབུམ་གྱི་རྣམ་ཤེས་ཡོད། །

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    རྟེན་འབྲེལ་ཞུ། དགོན་པ་ཡག་པོ་ཞིག་རྒྱབ་འདུག འགྲོ་སོང་ཆེན་པོ་བཏང་འདུག བསྟན་པ་རྒྱས་ཐབས་ཀྱི་དགོངས་པ་རླབས་ཆེན་ཡོད་རྒྱུ་རེད། དེ་བས་བོད་ཀྱི་རིག་གཞུང་གི་མ་ལག་འཕེལ་རྒྱས་བྱུང་བར་གཏོར་བརླག་གི་བཀའ་མོལ་མ་གསུངས་ན་ཡག་གི་རེད།

    སློབ་གྲྭ་རྒྱག་འདོད་ཡོད་ན་སོ་སོས་རྒྱོབ་ཨང་།

    Reply
  4. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།

    Reply
  5. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས་
    གསེར་ཐང་བླ་༼བྲང༽་ནང་བསྟན་སློབ་གླིང་
    གསེར་ཐང་བླ་རུང་ནང་ལྔ་རིག་བསྟན་སློབ་གླིང་།

    Reply
  6. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཆུ་ཐིགས་སྔོན་མོ།
    ངས་བསྟས་ན་ས་སྟོང་བྱང་སྟོང་དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་མི་གྲགས་པའི་ས་གནས་འདིར་བོད་ཀྱི་ནང་བསྟན་དགོན་པ་ཞིག རྒྱ་བོད་སོག་གསུམ་གྱི་ནང་པ་རྣམས་ཀྱི་ཆེད་དུ་གསར་འཛུགས་བྱས་པ་འདི་ནི་མཛད་རྗེས་རྨད་དུ་བྱུང་བ་ཞིག་རེད། མ་ཟད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིགས་གཞུང་གང་སར་སྤེལ་བ་འདི་ནི་ཆོས་སྲིད་གཉིས་ཀྱི་སྲོག་རྩ་རེད།
    ས་གནང་དེར་མགྲིམ་འགྲུལ་སྟབས་བདེ་བཟོས་ཟིན་པ་རེད། འགྲོ་བ་མིའི་བྱེ་མ་ཟོས་རབ་གོ་མ་མྱོང་། གལ་སྲིད་བྱེ་མ་ཟ་འདོད་ན་ཁྱེད་ཀྱི་ཟོས་དང་རིན་ཚོད་རེད།
    སྤྱིར་ཁྱེད་རང་ལྟ་བུའི་བླང་དོར་གོ་ལྡོག་དུ་སོང་ཞིང་། ཕན་གནོད་གང་ཡིན་ངོས་མི་ཟིན་པའི་རིགས་ལ་བསླབ་བྱ་རྒྱབ་དཀའ།

    Reply
  7. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    འོ་ཡ་་་་གྲྭ་བ་ཚོ་ཕྱེ་མ་ཟ་རྒྱུ་ཡིན་ནམ་་་་ས་སྟོང་ཞིག་ལ་འདི་ལྟར་འགྲོ་གྲོན་གཏོང་བ་ལས་་་་་་བོད་པ་མང་ས་ཞིག་ལ་སློབ་གྲྭ་ཞིག་བརྒྱབ་ན་ཕན་ཐོགས་ཡོད་པ་དེ་དེ་རེད་་་་ཁྱད་མཚར་རང་ཉིད་སྐད་གྲགས་ཁོ་ནའི་ཆེད་ཡིན་ནའང་དགོན་པ་ལས་སློབ་གྲྭ་ཡག་པོ་མི་འདུག་གམ་་་་་གང་ཤེས

    Reply
  8. karma dorje says:
    ལོ་ 16 སྔོན།

    སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །

    Reply
  9. གཤེད་མ། says:
    ལོ་ 16 སྔོན།

    གཞན་འུ་ཚོའི་སྤྱི་ཐོས་ཚོ་ལྟ་བུའི་རིག་གནས་མེད་པའི་གླང་རྒན་དང་གཅིག་སྒྲིལ་མེད་པའི་མི་ནག་གི་བ་གླང་ལྟ་བུ་རེར་དགོན་གནས་དེ་ནས་འཚར་སྐྱེད་བྱས་ན་ཕན་ལས་གནོད་འཚབ་ཆེ་བའི་ཉེན་ཁ་འདུག
    མ་གཞི་སྤྱི་ཚོགས་ལ་གོ་རྟོགས་ཅི་ཙམ་བྱུང་བ་དེ་ཙམ་དུ་ཡག་པོ་འབྱུང་བས་མི་མང་གི་གཞི་རྩའི་ཤེས་ཡོན་དང་བཟང་སྤྱོད་གོང་འཕེལ་གཏོང་ཡུལ་གོང་གི་དགོན་སྡེ་ལྟ་བུ་གསལ་འཛུགས་དང་དེ་ཙམ་མ་ཟད་ནང་གི་ཡར་རྒྱས་ཐད་ནས་ཕུགས་རྒྱང་རིང་པོའི་གོ་རིམ་བསྒྲིགས་ཕྱིན་ཕུན་སུམ་ཚོགས་ཤོས་སུ་གྱུར་པ་མ་རེད་སུས་བརྗོད་ཐུབ། མི་སྲིད་དོ།།

    Reply
  10. གཤེད་མ། says:
    ལོ་ 16 སྔོན།

    ཡག་ཤ བཀྲ་ཤིས་བདེ་ལེགས།
    མི་ལོ་བརྒྱ་ཕྲག་ནས་དགོན་སྡེ་ཚོས་འདི་ལྟར་སྤྱི་ཚོགས་ཀྱི་དགོས་མཁོ་བསྐངས་ནས་ཡོང་བ་རེད་ལ་བོད་ཀྱི་རིག་གཞུང་ལབ་ན་མ་ལབ་ན་མདོ་དོན་ཁོང་ཚོས་གཙོར་མཛད་ནས་ཡོང་བ་རེད། གནད་འགགས་རེད། ཡག་ཤ
    འོན་ཀྱང་དེར་བཞུགས་གྲྭ་བ་ཚོས་རང་དོན་ཡིན་པ་ངོས་བཟུང་། གདམས་ངག་ཡིན་པ་དོན་རྟོགས་ནས་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་ཤོག
    མ་གཞི་སློབ་གཉེར་བྱས་ཏེ་བདག་དང་མང་ཚོགས་ལ་མགོ་སྐོར་གཏོང་མཁན་ཞིག་ཏུ་མི་འགྱུར་རྒྱུ་གལ་ཆེན་པོ་རེད།

    Reply
  11. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    བཀྲིས་པར་ཤོག
    བཀྲིས་པར་ཤོག
    བཀྲིས་པར་ཤོག
    བཀྲིས་པར་ཤོག

    Reply
  12. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    མཁས་མཆོག་དབྱིག་གཉེན་གྱིས།

    སྟོན་པའི་ཆོས་ནི་རྣམ་གཉིས་ཏེ།།
           ལུང་དང་རྟོག་པའི་བདག་ཉིད་དོ།།
    དེ་འཛིན་བྱེད་དང་སྨྲ་བྱེད་པ།།
    སྒྲུབ་པ་བྱེད་པ་ཁོ་ན་འོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese