སྤོབས་པ་མཐའ་ཡས།
ཆོས་ལུགས་སྤྱི་འཐུས་ནི་ཆོས་ཀྱི་ཤུགས་རྐྱེན་ཆེས་ཆེར་ཟབ་པའི་སྤྱི་ཚོགས་ཤིག་ལ་ངེས་པར་དགོས་པ་ཞིག་ཡིན། བོད་མི་བརྒྱ་ཆ་ཕལ་མོ་ཆེའི་ཕྱི་ནང་གསང་གསུམ་ལ་ཆོས་ཀྱི་ཤུགས་རྐྱེན་ཆེ་འབྲིང་ཆུང་གསུམ་ཐེབས་ཡོད་ཅིང་། མདོར་ན་བོད་ཀྱི་མང་ཚོགས་ཆོས་ལུགས་དང་ཁ་འབྲལ་ཐུབ་མེད། བོད་མི་ཆོས་དད་པ་སུ་ཡིན་ཡང་རང་ཉིད་གང་དུ་སྐྱེས་པའི་ཆོས་རྒྱུད་དེ་གང་ལས་ཀྱང་གལ་ཆེན་དུ་བརྩི། བོད་ཀྱི་ལོ་རྒྱུས་སྟེང་དུ་བོད་མི་མང་གིས་ནང་པའི་བསྟན་པ་སྤྱི་དང་ཁྱད་པར་དུ་རང་གི་ཆོས་རྒྱུད་དེའི་ཆེད་དུ་བློས་བཏང་ཆེ་འབྲིང་ཆུང་གསུམ་བྱས་ནས་ལས་དཀར་ནག་ཁྲ་གསུམ་བསགས་པའི་ལོ་རྒྱུས་ལ་གྲངས་ཀ་མེད། ཆོས་དང་མཐུན་པ་དང་མི་མཐུན་པ། སྲིད་ལ་ཕན་པ་དང་མི་ཕན་པ། མི་རིགས་ཀྱི་འཕེལ་རྒྱས་ལ་ལེགས་པ་དང་མི་ལེགས་པའི་ལས་གང་དང་གང་ཡིན་ཡང་ཆོས་ལུགས་དེའི་ཆེད་དུ་བྱས་ཡོད་ལ་ཆོས་རྒྱུད་འདིའི་ཆེད་དུ་བསགས་ཡོད། དེར་བརྟེན་ང་ཚོས་རྒྱ་ནག་ལ་ངོ་རྒོལ་གྱི་རྦ་རླབས་ཀྱང་ཐོག་མར་བྱུང་སྟངས། བར་དུ་མཆེད་ལུགས། ཐ་མའི་འབར་གས་ཚང་མ་ལ་ཡང་ཆོས་ལུགས་ཀྱི་རྒྱབ་རྟེན་ཡོད་ལ་ཆོས་རྒྱུད་ཀྱི་སྲོག་རྩ་ཡོད། རྒྱ་ནག་གིས་ཀྱང་ང་ཚོའི་ལག་ན་ཡོད་ཚད་འཕྲོག་ཡོད། ང་ཚོའི་ཕ་ཡུལ་འཕྲོག་ཡོད། ང་ཚོའི་ཁྱིམ་གཞིས་འཕྲོག་ཡོད། ང་ཚོའི་རང་དབང་འཕྲོག་ཡོད། ང་ཚོའི་བླ་མ་འཕྲོག་ཡོད། ཡིན་ན་ཡང་ང་ཚོའི་ལག་ནས་དངོས་པོ་གཅིག་རང་འཕྲོག་ཐུབ་མེད། དེ་ནི་ང་ཚོའི་བློ་གཅིག་སེམས་གཅིག་གི་དད་པ་འདི་ཡིན། དད་པས་བོད་མི་རིགས་སྲུང་སྐྱོབ་བྱས་ཡོད་ལ་དད་པས་བོད་མི་རིགས་ལ་སྙིང་སྟོབས་བསྩལ་ཡོད། མདོར་ན་ཆོས་ཀྱི་ཤུགས་རྐྱེན་དང་། ཆོས་ཀྱི་སྟོབས་ཤུགས། ཆོས་ཀྱི་རྒྱབ་རྟེན་འདི་ང་ཚོའི་ཕྱི་ཡི་ལྕགས་རི་ཡིན་ལ་ནང་གི་ནོར་བུ་ཡིན།
ཆོས་རྒྱུད་ཀྱི་སྟོབས་ཤུགས་འདི་ཡང་ཆོས་ལུགས་ཆོས་རྒྱུད་རིས་མེད་ཅིག་ཡོང་དགོས་པ་གལ་ཆེན་ཡིན། འདས་པའི་ལོ་རྒྱུས་ཀྱི་སྟེང་དུ་ཆོས་རྒྱུད་སྟོབས་ཤུགས་ཀྱིས་བོད་ཀྱི་སྲིད་དབང་སྐྱོང་བའི་སྐབས་དང་རིམ་པ་ཕལ་མོ་ཆེར་གཞུང་དེར་ཆོས་རྒྱུད་གཅིག་གི་སྐུ་ཚབ་ཀྱིས་སྲིད་དབང་འཛིན་པའི་སྲོལ་དེས་བོད་ཀྱི་བསྟན་སྲིད་ལ་གནོད་སྐྱོན་ཆེན་པོ་བཏང་མྱོང་། ང་ཚོའི་གཞུང་འདིས་ཆོས་རྒྱུད་ཡོངས་སུ་རྫོགས་པའི་སྐུ་ཚབ་མཚོན་མི་ནུས་པའི་ཉིན་མོ་ནས་བོད་ཅེས་པ་འདི་ཡང་དུམ་བུར་འཐོར་ཟིན་པ་སྔོན་གྱི་ལོ་རྒྱུས་ལས་ཤེས་ནུས། བོད་ཀྱི་སྲིད་དོན་ཐད་ནས་ཀྱང་ཆོས་རྒྱུད་ཁག་མཉམ་འབྲེལ་གྱིས་མང་ཚོགས་ཀྱི་ལམ་སྣེ་ཁྲིད་རྒྱུ་དེ་གལ་ཆེན་ཡིན། འདས་པའི་དུས་སུ་ང་ཚོའི་གཞུང་ལ་ཆོས་རྒྱུད་ཁག་གི་སྐུ་ཚབ་མེད་སྟབས་ཆོས་རྒྱུད་མཉམ་འབྲེལ་མ་བྱུང་བ་དང་། ཆོས་རྒྱུད་མཉམ་འབྲེལ་མ་བྱུང་བས་ཆོས་རྒྱུད་རིས་མེད་མ་བྱུང་བ། ཆོས་རྒྱུད་རིས་མེད་མ་བྱུང་བས་བོད་མི་ཆིག་སྒྲིལ་མ་བྱུང་། བོད་མི་ཆིག་སྒྲིལ་མ་བྱུང་བས་གཞུང་དང་སྤྱི་ཚོགས་ཀྱི་བར་ཐག་རིང་པོར་གྱུར་ནས་ཐ་མར་བོད་འདི་ཆག་ཆེ་ཉམ་ངའི་འོབ་ཏུ་ལྷུང་བ་རེད། ད་ལྟ་ང་ཚོའི་གཞུང་འདི་སྔོན་གྱི་སྲིད་གཞུང་ཁག་དང་མི་མཚུངས་པར་བོད་མི་མང་གི་སྐུ་ཚབ་ཅིག་ཡིན་པའི་སྤོབས་པ་དང་ངོམ་སོ་བྱེད་བཞིན་པ་འདི་ཡང་ང་ཚོའི་གཞུང་འདི་སྔོན་དུས་ཀྱི་དགའ་ལྡན་ཕོ་བྲང་ལྟར་སྐུ་དྲགས་དང་བླ་བྲང་མཉམ་འབྲེལ་གྱིས་བཟུང་བ་ཙམ་མ་ཡིན་པར་དམངས་གཙོའི་ལམ་ལུགས་ཅན་དུ་བསྒྱུར་བ་དང་། ས་ཁུལ་གྱི་ཆ་ནས་ཀྱང་དབུས་གཙང་མངའ་རིས་ཆ་ཚང་དང་མདོ་སྟོད་སུམ་ཆ་ཙམ་མིན་པར་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་སྐུ་ཚབ་ཡོད་པ་དང་། ཆོས་རྒྱུད་ཀྱི་ཆ་ནས་ཀྱང་སྔོན་ཆད་ལྟར་དགེ་ལྡན་པའི་གདན་སའི་འཐུས་ཚབ་ཙམ་དུ་མ་ཟད་པར་ཆོས་རྒྱུད་ཡོངས་སུ་རྫོགས་པའི་སྐུ་ཚབ་ཡོད་པའི་ངེས་པ་དོན་གྱི་ཆོས་སྲིད་ཟུང་འབྲེལ་གྲོས་ཚོགས་ཤིག་ཡོད་པ་དེ་རེད། ཆོས་རྒྱུད་ཀྱི་སྤྱི་འཐུས་ལ་བྱས་རྗེས་མེད་ཚུལ་གླེང་བ་དེ་དོན་དང་མི་མཐུན། ང་ཚོར་ཆོས་ལུགས་ཡོངས་སུ་རྫོགས་པའི་སྐུ་ཚབ་ཡོད་པའི་གྲོས་ཚོགས་ཤིག་བྱུང་བའི་ཉིན་ནས་ཆོས་རྒྱུད་ཕན་ཚུན་བར་ལ་བསམ་ཤེས་དང་། གོ་རྟོགས། བཟོད་སྒོམ། མཉམ་ལས། མཐུན་ལམ་བཅས་འཕེལ་རྒྱས་ལམ་ལྷོངས་ཀྱི་ཚད་དེ་ཧ་ལས་དགོས་པ་ཞིག་ཡིན། ཐ་ན་མཚན་ཉིད་གྲྭ་ཚང་དང་སྒྲོལ་མ་གླིང་ལྟ་བུའི་རབ་བྱུང་ཕོ་མོའི་དགོན་སྡེ་ཁག་ཁ་ཤས་རེས་ཆོས་རྒྱུད་རིས་མེད་ཀྱི་དགེ་རྒན་གདན་ཞུ་བྱུས་བྱས། ཆོས་རྒྱུད་རིས་མེད་ཀྱི་གཞུང་ལ་སློབ་གཉེར་བྱེད་མགོ་ཚུགས་པ་སོགས་གནའ་སྔ་མོའི་བླ་རྒན་དྲེགས་པ་ཅན་ཕལ་མོ་ཆེའི་རྨི་ལམ་ལ་ཡང་འཁོར་མི་སྲིད་པའི་བྱ་བ་རླབས་ཆེན་འདི་འདྲའི་མགོ་ཡང་ཚུགས་ཡོད། གནད་དོན་འདི་ལ་བརྟེན་ནས་ཆོས་རྒྱུད་དང་ས་ཁུལ་གྱི་དབྱེ་བ་མེད་པར་རྒྱལ་བ་རིན་པོ་ཆེའི་ཡང་དག་པའི་ལམ་སྟོན་འོག་ཏུ་ཆིག་སྒྲིལ་ཤར་བསྐྱོད་ཡོང་བ་འདི་འདྲ་བ་ཞིག་འདས་པའི་ལོ་རྒྱུས་ནང་དུ་ཡང་མཐོང་དཀོན་པོ་ཡིན། འདི་དག་ནི་ང་ཚོ་ལ་ཆོས་རྒྱུད་རིས་མེད་ཀྱི་གྲོས་ཚོགས་ཅན་གྱི་སྲིད་གཞུང་ཞིག་ཡོད་པའི་བྱས་རྗེས་མ་རེད་ཟེར་མི་ཐུབ། ཉེ་སྔོན་འདིར་ཆོས་འཐུས་མི་དགོས་པའི་སྐོར་གླེང་མཁན་མང་པོ་བྱུང་ལ་མི་དགོས་པའི་རྒྱུ་མཚན་ཡང་མང་དུ་བགྲངས་ཁུལ་བྱས། སྤྱིར་བཏང་དམང་གཙོའི་སྤྱི་ཚོགས་ནི་མི་མང་གིས་སྲིད་གཞུང་སྐྱོང་བའི་ལམ་ལུགས་ཤིག་ཡིན་སྟབས་སྤྱི་ཚོགས་དེའི་ལྟ་བ་དང་། ལངས་ཕྱོགས། རེ་འདུན་བཅས་མཚོན་ནུས་མཁན་སུ་ཞིག་ཡིན་ཡང་མང་ཚོགས་ཀྱི་སྐུ་ཚབ་ཡིན་སྟབས་ཆོས་ལུགས་སྤྱི་འཐུས་དམངས་གཙོའི་ལམ་སྲོལ་དང་མི་མཐུན་ཚུལ་གླེང་ནུས་མཁན་ག་ལ་ཡོད།
འདིར་ཆོས་འཐུས་མི་དགོས་ཚུལ་གླེང་མཁན་ཚང་མ་ཡང་ཀུན་སློང་ཡང་དག་དང་ལྟ་གྲུབ་གཙང་མ་ལས་བྱུང་བ་ཞིག་མེད། དེ ་ཡང་དབྱེ་ན་རིགས་གསུམ་དུ་འདུ། རིགས་གཅིག་ནི་ས་ཁུལ་གྱི་ཕྱོགས་ཞེན་ལས་བྱུང་བ་ཡིན། དེ་ཡང་སྟབས་སྟེས་དབང་ཞིག་གིས་ད་ཡོད་ཀྱི་ཆོས་འཐུས་ཕལ་ཆེར་ཞིག་མདོ་སྟོད་ཁོངས་ནས་སླེབས་ཡོད་སྟབས་དགོས་མེད་ཀྱི་ཕྱོགས་ཞེན་དང་དོན་མེད་ཀྱི་ཕྲག་དོག་ལ་དགའ་མཁན་སྐོར་ཞིག་གིས་དེའི་སྡུག་ནད་མ་ཐེག་པར་དམངས་གཙོའི་ལམ་ལུགས་ལ་གནོད་འཚེ་དང་དམང་གཙོའི་གཞུང་མགོ་སྟེང་སློག་པའི་གྲ་སྒྲིག་བྱེད་པ་ཙམ་ཡིན། ད་དུང་འདི་དང་འདྲ་བར་གྲྭ་ཚང་ནང་ཁུལ་གྱི་ཕྱོགས་ཞེན་ལས་བྱུང་བ་ཡང་ཉུང་ཤས་ཡོད་ཚོད་རེད། ཉེ་སྔོན་ཆོས་འཐུས་མི་དགོས་ཟེར་མཁན་གཅིག་གིས་ཆོས་རྒྱུད་སྤྱི་འཐུས་ནི་དགེ་ལུགས་བློ་གསལ་གླིང་དང་སེར་བྱེས་ཁོ་ན་དང་། རྙིང་མའི་རྣམ་གྲོལ་གླིང་ཁོ་ན་ནས་བྱུང་བས་མ་འགྲིགས་ཚུལ་གླེང་བ་ལྟ་བུ་རེད། མིའི་སྤྱི་ཚོགས་ཤིག་ཡིན་སྟབས་མང་གཙོ་ཡིན་ཡང་འདི་ལྟ་བུའི་སྐྱོན་ཆ་ཕྲ་མོ་རེ་མི་འབྱུང་བ་ཁག་པོ་ཡིན། དེ་ནི་རང་རེའི་ཆོས་འཐུས་ཆོལ་འཐུས་ཙམ་དུ་མ་ཟད་མང་གཙོའི་ཡུལ་ལུང་གཞན་དུ་དཀའ་ངལ་དེ་རིགས་སྐབས་སྐབས་སུ་འཕྲད་ཀྱིན་ཡོད།
རིགས་གཅིག་ནི་ཆོས་ལུགས་ཕྱོགས་ཞེན་ལས་བྱུང་བ་ཡིན། དེ་ཡང་འདས་པའི་མི་ལོ་བཞི་བརྒྱར་ཉེ་བའི་རིང་ཆོས་རྒྱུད་གཅིག་གིས་སྟོབས་ཤུགས་ཀྱིས་སྲིད་དབང་བཟུང་བའི་ཉེར་ལེན་ལས་བསམ་བློའི་སྲན་ནད་རྙིང་ཧྲུལ་སངས་དྲག་ཏུ་མ་ཕྱིན་པར་གྱ་ནོམ་པའི་དམངས་གཙོའི་བཟའ་བཏུང་ཡང་ཡི་གར་འཇུ་མི་ཐུབ་པའི་ལས་མ་དག་པ་ཁག་གཅིག་རེད། དེ་དང་མཚུངས་པར་མན་ཇུ་གཞུང་གི་ཆོ་ལོ་དང་རྟ་ལྕག་རྩུབ་མོའི་ལག་ཆ་ཅན་གྱི་ས་གནས་སྐྱབས་མགོན་དྲག་ཤུགས་ཅན་ཚོའི་རྗེས་འབྲངས་པ་རེའམ་ཁྱིམ་རྒྱུད་ས་དབང་གི་རྒྱུགས་ཁྱི་རྙིང་པ་རེ་ཡང་ཡིན་སྲིད།
རིགས་གཅིག་ནི་ཆོས་ལ་དུག་ཏུ་ལྟ་བའི་གུང་ཁྲན་གྱི་སློབ་གསོ་ཅན་ཁག་གཅིག་ཡིན། དེ་ཡང་འགྲོ་བ་མིའི་དད་མོས་བརྩེ་དུང་རང་དབང་གིས་མཚོན་པའི་ལྟ་གྲུབ་དང་ཡིད་ཆེས་མི་འདྲ་བ་མཐའ་དག་རང་ཉིད་གཅིག་པུའི་རྐུབ་འོག་ཏུ་ཆུད་པར་འདོད་པའི་སྙིང་ཁམས་ཅན་སི་ཏྲ་ལིན་དང་མའོ་ཙེ་ཏུང་གི་ལྟ་གྲུབ་མི་གཙང་བའི་ཉེར་ལེན་གྱིས་བསྐྱེད་པའི་སྐྱག་འབུ་ཁག་གཅིག་གིས་ནམ་ཡང་གུང་ཁྲན་གྱི་མིག་ཤེལ་དམར་པོ་བརྒྱུད་ནས་མཐོང་བའི་འཇིག་རྟེན་གྱི་ཁ་དོག་ལ་སྡོམ་ཚིག་འཇོག་སྟངས་ཙམ་རེད། མ་འགྲིགས་མ་འཐུས་པའི་སྐྱོན་ཡོད་ཚད་ཆོས་ལུགས་དང་ཆོས་དད་པའི་སྟེང་དུ་འགེལ་རྐྱང་བྱེད་པ་དང་གང་ན་ཆོས་ལུགས་དང་ཆོས་ལུགས་པའི་ཤུགས་རྐྱེན་མེ་སྟག་ཙམ་ཞིག་མཐོང་བ་ཙམ་གྱིས་དོག་པ་དང་འཇིགས་སྣང་གིས་སྡོད་མི་བཟོད་པ་འདི་གུང་ཁྲན་དམར་ཤོག་པའི་སློབ་གསོ་ཅན་ཚོའི་གཤིས་ཀར་གྲུབ་ཡོད། འདི་དང་འདྲ་བར་ལ་ལ་ཞིག་གིས་གྲྭ་བཙུན་གྱིས་སྤྱི་ཚོགས་ཆབ་སྲིད་ལ་ཇུས་གཏོགས་བྱེད་མི་ཆོག་ཟེར་བ་དེ་ཡང་རྒྱ་དམར་གཞུང་གི་བརྗོད་སྟངས་ཤིག་ཡིན། གྲྭ་བཙུན་ཡང་སྤྱི་འབངས་ཤིག་ཡིན་སྟབས་དེས་སྤྱི་ཚོགས་ལ་ཇུས་གཏོགས་བྱེད་མི་ཆོག་ན་སུས་ཆོག་གི་རེད། སྤྱིར་བཏང་ང་ཚོས་གྲྭ་བཙུན་ཚོར་ཡར་ཆོས་ཀྱི་སློབ་གསོ་རྒྱག་ཁུལ་བྱེད་པ་དེ་འོས་བབ་དེ་ཙམ་མེད་པ་ཞིག་ཀྱང་རེད།
ལ་ལས་ད་ཡོད་ཆོས་དོན་ལས་ཁུངས་བརྒྱུད་ནས་ཆོས་ལུགས་དང་འབྲེལ་བའི་བྱ་བ་བསྒྲུབ་ན་མ་ཆོག་པ་མེད་ཟེར་བ་དེ་ལ་སྙིང་པོ་མི་འདུག རྒྱ་དམར་གཞུང་ལ་ཡང་ཆོས་ལུགས་ཅུས་དང་ནང་བསྟན་མཐུན་ཚོགས་སོགས་ཡོད་མོད་དེ་དག་ནི་སྲིད་གཞུང་གིས་མར་ཆོས་ལུགས་དང་འབྲེལ་བའི་ལས་དོན་སྒྲུབ་བྱེད་ཅིག་ལས་ཆོས་དད་མང་ཚོགས་ཀྱིས་ཡར་རང་གི་སྲིད་གཞུང་ལ་སྟངས་འཛིན་བྱེད་པའི་བརྒྱུད་ལམ་ཞིག་མ་རེད།
དེ་བཞིན་གྲྭ་བཙུན་སྔགས་གསུམ་གྱིས་ཆོལ་ཆོས་སྤྱི་འཐུས་གཉིས་འདེམས་པའི་ཐོབ་ཐང་དེ་དམངས་གཙོའི་ཐོབ་ཐང་ལམ་ལུགས་དང་འགལ་བ་ཡིན་པས་ཆོས་འཐུས་མི་དགོས་ཟེར་བ་དེ་ཡང་ཚིག་པ་ཤིག་ལ་ཟོས་ནས་སློག་ཧྲུལ་མེ་ལ་བསྲེགས་པའི་དཔེར་སོང་བ་ཡིན། སྤྱིར་ན་ཆོས་འཐུས་ནི་ཆོལ་འཐུས་དང་མི་འདྲ་བའི་དགོས་པ་དང་དམིགས་ཡུལ་མི་འདྲ་གཞན་ཞིག་ལ་བརྟེན་ནས་འདེམས་པ་ཡིན་སྟབས་མི་གཅིག་གིས་འོས་ཤོག་གཉིས་འཕངས་པའི་སྐྱོན་འགེལ་ཆོག་ཆོག་ཡིན་མིན་མི་ཤེས། གལ་སྲིད་ལམ་ལུགས་དེ་ཡང་དག་པའི་དམངས་གཙོའི་ལམ་ལུགས་དང་འགལ་བ་ཡིན་པར་ཐག་ཆོད་ཚེ་གནད་དོན་དེ་ཐག་གཅོད་བྱེད་པ་ཧ་ཅང་སྟབས་བདེ་ཡིན་ཡིན། ཆོས་འཐུས་ཀྱི་འོས་ཤོག་འཕེན་མཁན་ཚོས་ཆོལ་འཐུས་ཀྱི་འོས་འཕེན་མི་ཆོག་པ་བྱས་ན་འཐུས། གནད་དོན་འདི་ཙམ་ལ་ཡང་བསམ་གཞིག་དང་གདམ་ཀ་གཞན་འཚོལ་བའི་ཐབས་ཤེས་མི་བྱེད་པར་མཐའ་གཅིག་ཏུ་ཆོས་འཐུས་མེད་པར་བཟོས་དགོས་ཞེས་འབྲོག་པའི་ཁྱི་ཚོགས་བཞིན་རིགས་མཐུན་ཁག་གཅིག་ཁྱུར་བསྡེབས་པའི་ཀུ་ཅོ་ཇི་་ལྟར་ཤུགས་ཆེར་བསྒྲགས་ཀྱང་ཤེས་ལྡན་དག་གིས་ངོས་ལེན་བྱེད་མི་སྲིད། མདོར་བསྡུས་ན་ཆོས་འཐུས་ནི་ཆོས་དད་མི་མང་གི་སྐུ་ཚབ་དང་མགྲིན་ཚབ་པ་ཡིན་སྟབས་མང་གཙོའི་གཞུང་གི་རྒྱན་དུ་སོང་བ་མ་གཏོགས་ཁུར་དུ་སོང་བའི་རྒྱུ་མཚན་གང་ཡང་མི་རྙེད་དོ༎
ཧཧཧཧཧཧཧཧཧཧཧཧཧཧཧཧཧོ།
དངོས་སྟོབས་རིག་པས་བདེན་པར་ངོ་སྤྲོད་ཀྱང།
གནས་ལུགས་ལྡན་པའི་སྒྲུབ་བྱ་མ་རྟོགས་པར།
མདོ་ན་ཕྱོགས་ཞེན་ཅན་གྱི་མཆན་འདེབས་པའི།
དགའ་བའི་རང་དོན་ཆོས་འཐུས་དགག་པར་ཉིད།
ཡ་གཅིག་སླེབ་འདུག འོན་ཀྱང་རྩོད་རྙོག་འདུམ་འགྲིག་ལ་གྲོས་ཚོགས་ཀྱི་ཞབས་སྟེགས་བེད་སྤྱོད་དགོས་པའི་ངེས་པ་མི་འདུག མ་མཐར་ཡང་དེས་འདུམ་འགྲིག་བྱས་པའི་སྣང་ཚུལ་གང་བྱུང་མེད་ཟེར།
དེའི་སྐོར་ངས་ཚར་བརྒྱ་ཐམ་པ་བཤད་པ་ཡིན། གཞན་གྱིས་ཀྱང་བཤད་འདུག ད་དུང་མ་གོ་མ་ཤེས་ན་དེ་མ་ཤེས་དགོས་པའི་རྒྱུ་མཚན་གཞན་ཞིག་ཡོད་པ་རེད། འོ་ཀྱང་སྐུ་ཉིད་ནས། ཆོལ་ཁ་ཆོས་རྒྱུད་གང་ཡིན་ཡང་ལོ་རྒྱུས་ཐོག་གི་རྩོད་རྙོག་མེད་པ་གང་ཡང་མིན།ཞེས་དང༌། རྩ་དོན་དང་ཆབ་སྲིད་ལངས་ཕྱོགས་ཀྱི་ཐད་ནས་ད་ལྟའི་ཆར་གལ་ཆེན་ཡིན་མིན་ཡང་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་རེད། ཞེས་པ་དེ་ཕལ་ཆེར་རང་གི་དྲི་བ་དེའི་ལན་ཆོག་པ་འདུག
རིག་པ་སྤུངས་མཁན་ཚོའི་ནང་ནས་ཆོས་རྒྱུད་སྤྱི་འཐུས་མེད་དུ་མི་རུང་བ་གསུངས་མཁན་མང་ནའང་གནད་དུ་འཁེལ་བའི་གླེང་སློང་མཁན་གཅིག་ཀྱང་བྱུང་མི་འདུག ཚང་མས་རྩ་བ་བོར་ནས་ཡལ་ག་གླེང་བ་འདྲ་བོ་འདུག་
དེང་སང་རང་གི་ལན་མ་ཐེབས་པའི་སྐབས་གོ་རྒྱུ་མི་འདུག བྲི་ཤེས་ཀྱི་མི་འདུག་ཟེར་ནས་གཡོལ་འགྲོ་མཁན་མང་པོ་འདུག ཁྱེད་དེ་འདྲ་ཞིག་མིན་པར་ཤོག
དམངས་གཙོ་འོས་བསྡུའི་ནང་ས་གནས་ཀྱི་འོས་བསྡུ་འགྲོ་སྟངས་དེ་སྤྱི་འགྲོས་དང་ཁྲིམས་ལུགས་ལ་མཐུན་པ་ཞིག་རེད།ཟེར།
ཨ་རི་ལྟ་བུ་ལོ་ཉིས་བརྒྱ་ལྷག་མང་གཙོ་འགྲོ་ནང་འགྲོ་ཚར་མཁན་ཚོས་ཀྱང་མི་འབོར་ལ་མི་ལྟ་བར་ཞིང་ཆེན་རེ་ནས། ད་དེ་ཚོས་སྔོན་མ་ནང་བྲིས་ཡོད་ལྟོས།
འོན་ཀྱང་ས་གནས་གཅིག་ནས་སྤྱི་འཐུས་འདེམས་སྐབས་འགྲོ་ལུགས་གཉིས་དང་འདེམས་ལུགས་གཉིས་དགོས་དོན་གང་ཡིན་ནམ། གནད་དེ་ད་དུང་སེལ་ཐུབ་མེད།ཟེར།
འོས་གཅིག་དང་གཅིག་ཀྱི་རྪོག་དྲ་ཡོང་བ་ཡིན་ཙང་རེད།
དམངས་གཙོའི་འོས་བསྡུ་སྐབས་གཙོ་བོ་འོས་བསྡུའི་གནས་ལུགས་གཙོ་བོར་བཟུང་རྒྱུ་ལས་གནས་སྟངས་གཙོ་བོར་བཟུང་ནས་འོས་བསྡུའི་གནས་ལུགས་ལ་འགྱུར་བ་གཏོང་བ་དེ་གནས་ལུགས་ཤིག་ཡིན་མིན་མི་ཤེས།ཟེར།
དེའི་དོན་ཡག་པོ་ཞིག་ཤེས་མ་སོང༌། དགོངས་དག
ཆོས་རྒྱུད་ལ་དམིགས་བསལ་ཀྱི་ཞབས་སྟེགས་ཟུར་འདོན་གནང་དགོས་དོན་གང་ཡིན་ནམ།ཟེར།
རྡོག་རྡོག་བཤད་མ། ལོ་རྒྱུས་ཐོག་ཆོས་ལུགས་གཅིག་གིས་གཞུང་བཟུང་པའི་ལོ་རྒྱུས་དེ་མེད་པ་བཟོ་ཆེད་རེད། ཆོས་ལུགས་གཞན་ཡི་མ་རང་བ་དང་འཁོན་དུ་འཛིན་དེ་མེད་པ་བཟོས་ནས་རང་གཞུང་ལ་ཤ་གཞེན་དང་དགའ་ཞེན་ཡོང་ཆེད་རེད།
འོ། སྤོབས་པ་ལགས་ལ་བཤད་རྒྱུ་ཞིག་བརྗེད་འདུག ང་རང་ཆོས་རྒྱུད་སྤྱི་འཐུས་མི་དགོས་པར་འདོད་མཁན་མིན། ངས་ད་བར་དུ་ཆོས་རྒྱུད་སྤྱི་འཐུས་ཀྱི་དགོས་གལ་གང་ཡང་མཐོང་མ་སོང་། འདི་གཙོ་བོ་དམངས་གཙོའི་གནས་དོན་གྱི་སྟེང་ནས་ཡིན།
ད་ང་གཅིག་པུས་བཤད་ན་ལན་པོ་རང་མི་འདུག འགྲོ་ཡི་ཡིན།
ཚང་མ་དགོངས་པ་མ་ཚོམ། ང་ཚོ་ཚང་མས་བོད་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འབྱུང་འགྱུར་བཤད་ཀྱི་ཡོད་པ་རེད་བསམ།
ཆོལ་ཁ་ཆོས་རྒྱུད་གང་ཡིན་ཡང་ལོ་རྒྱུས་ཐོག་གི་རྩོད་རྙོག་མེད་པ་གང་ཡང་མིན། འོན་ཀྱང་རྩོད་རྙོག་འདུམ་འགྲིག་ལ་གྲོས་ཚོགས་ཀྱི་ཞབས་སྟེགས་བེད་སྤྱོད་དགོས་པའི་ངེས་པ་མི་འདུག མ་མཐར་ཡང་དེས་འདུམ་འགྲིག་བྱས་པའི་སྣང་ཚུལ་གང་བྱུང་མེད། རྩ་དོན་དང་ཆབ་སྲིད་ལངས་ཕྱོགས་ཀྱི་ཐད་ནས་ད་ལྟའི་ཆར་གལ་ཆེན་ཡིན་མིན་ཡང་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་རེད། རིག་པ་སྤུངས་མཁན་ཚོའི་ནང་ནས་ཆོས་རྒྱུད་སྤྱི་འཐུས་མེད་དུ་མི་རུང་བ་གསུངས་མཁན་མང་ནའང་གནད་དུ་འཁེལ་བའི་གླེང་སློང་མཁན་གཅིག་ཀྱང་བྱུང་མི་འདུག ཚང་མས་རྩ་བ་བོར་ནས་ཡལ་ག་གླེང་བ་འདྲ་བོ་འདུག
ཆོས་རྒྱུད་སྤྱི་འཐུས་དགོས་པར་འདོད་མཁན་ཚོས་འོས་ཤོག་ཐད་ནས་གསུང་གླེང་འགའ་འདུག འོས་ཤོག་དང་འོས་མི་ལ་འཕྲི་སྣོན་བྱེད་རྒྱུ་གཙོ་བོར་དམིགས་འདུག འདི་རིག་པ་གསར་པ་འདྲ་ཞིག་ཏུ་མཐོང་སོང་། རེད་དེ། དམངས་གཙོ་འོས་བསྡུའི་ནང་ས་གནས་ཀྱི་འོས་བསྡུ་འགྲོ་སྟངས་དེ་སྤྱི་འགྲོས་དང་ཁྲིམས་ལུགས་ལ་མཐུན་པ་ཞིག་རེད། འོན་ཀྱང་ས་གནས་གཅིག་ནས་སྤྱི་འཐུས་འདེམས་སྐབས་འགྲོ་ལུགས་གཉིས་དང་འདེམས་ལུགས་གཉིས་དགོས་དོན་གང་ཡིན་ནམ། གནད་དེ་ད་དུང་སེལ་ཐུབ་མེད། འདི་འོས་བསྡུའི་འགྲོ་སྟངས་ཤིག་ཡིན་མིན་ཡང་བཤད་དཀའ། དམངས་གཙོའི་འོས་བསྡུ་སྐབས་གཙོ་བོ་འོས་བསྡུའི་གནས་ལུགས་གཙོ་བོར་བཟུང་རྒྱུ་ལས་གནས་སྟངས་གཙོ་བོར་བཟུང་ནས་འོས་བསྡུའི་གནས་ལུགས་ལ་འགྱུར་བ་གཏོང་བ་དེ་གནས་ལུགས་ཤིག་ཡིན་མིན་མི་ཤེས།
ཆོལ་ཁ་དང་ས་གནས་ཀྱི་སྤྱི་འཐུས་འདི་རྩ་དོན་དང་གནས་སྟངས་དང་མཐུན་པ་ཞིག་རེད། འོན་ཀྱང་ཆོས་རྒྱུད་ལ་དམིགས་བསལ་ཀྱི་ཞབས་སྟེགས་ཟུར་འདོན་གནང་དགོས་དོན་གང་ཡིན་ནམ། འདི་གནད་དུ་བཟུང་ནས་གླེང་རོགས།
ཐུགས་རྗེ་ཆེ།
ད་དུང་བཤད་རྒྱུ་ཡོད།
གྲོས་ཚོགས་ནང་རྩོད་པ་བྱེད་པ་དེ་རྒྱུ་མཚན་ཡིན་ན། ཁྱོད་ཚོས་ཆབ་སྲིད་ཚོགས་པའི་ངོས་ནས་འཐུས་མི་ཡོང་དགོས་པ་ཟེར་བ་དེ་ཡང་གཅིག་མཚུངས་རེད། རྒྱ་གར་ཆབ་སྲིད་ཚོགས་པ་དེ་ཚོ་རྩོད་བརྒྱབ་ནས་ཁ་སང་རང་གྲོས་ཚོགས་ནང་མགོ་ལ་རྐུབ་བཀྱག་ཀྱང་གཞུ་རེས་བྱས་སོང༌། འོ་ན་རྒྱ་གར་ནང་ཆབ་སྲིད་ཚོགས་པའི་གཞུང་བཟུང་བ་དང་འཐུས་མི་ལངས་པ་དེ་མེད་པར་བཟོ་དགོས་སམ། ཐེ་དབན་དང་སིང་ག་པུར་གྲོས་ཚོགས་ཡིན་ན་ལོ་རེ་ཉུང་མཐར་འཁྲུག་པ་ཐེངས་གཅིག་རེ་མ་ཤོར་བ་མེད་ཟེར། དེ་ཚོ་རྒྱ་རིགས་རེད། རྒྱ་ནག་དམར་པོ་ནང་བཞིན་བྱེད་དགོས་པ་ཡིན་ནམ། རྒྱ་ནག་གཞུང་གིས་ཀྱང་མི་མང་ལ་དེ་ཚོ་བསྟན་ནས་གུན་བྲན་ཡག་ལུགས་བཤད་ཀྱི་ཡོད་པ་རེད།
གུང་བྲན་གྲོས་ཚོགས་ནང་འཁྲུག་པ་ཤོར་མྱོང་མེད། ཁོང་ཁྲོ་བྱས་པ་ཡང་མཐོང་རྒྱུ་མེད། འཐུས་མི་མང་ཆེ་བ་གཉིད་ཁུག་ནས་སྡོད་བཞིན་ཡོད། འོ་ན་དེ་འདྲ་ཞིག་དགོས་པ་རེད་དམ།
ད་དུང་བཤད་རྒྱུ་ཡོད། དེང་སྐབས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས། དབྱི་རག་ནང་རིགས་རྒྱུད་དང་ཆོས་ལུགས་མཉམ་འབྲེལ་གྱི་གཞུང་འཛུགས་རྒྱུའི་རེ་བ་བྱེད་བཞིན་ཡོད། དབྱི་རག་ནང་ཁ་ཆེ་ཤི་ཡ་དང་སོ་ནི་གཉིས་བར་མི་གསོད་ཁྲག་སྦྱོར་དང༌། ལྷོ་བྱང་མི་རིགས་བར་འགའ་ཟླ་ཤུགས་ཆེན་པོ་ཡོད་ཙང༌། ཚང་མའི་འཐུས་ཚབ་ཡོད་པའི་གཞུང་ཞིག་འཛུགས་ཐབས་བྱེད་པ་རེད། དེ་མ་བྱུང་ན་སྔོན་ས་དམ་སྐབས་ལྟར་རིགས་གཅིག་གིས་དབང་སྒྱུར་བྱས་ན་ཆོས་ལུགས་དང་རིགས་རྒྱུད་གཞན་ཚོས་ངོ་རྒོལ་དང༌། དེ་ལ་གཞུང་ནས་དྲག་གནོན་དམར་གསོད་བྱེད་རྒྱུ་ལས་གཞན་བསྡད་མེད་པ་རེད།
དེ་ག་ནང་བཞིན་ཨ་ཕི་ཧན་ནང་རེད། ཏ་ནི་བང་ཆོས་བརྒྱུད་ཅིག་དང་རིགས་རྒྱུད་གཅིག་གི་དབང་བསྒྱུར་ནས་ག་འདྲ་ཆགས་ཡོད་རེད། དང་པོ་གཞན་ལ་དྲག་གནོན་དང་འགྲོ་བ་ཉམས་ཆུང་མང་པོ་བསད་བཟུང་སྡུག་སྦྱོང་བཏང༌། མཐའ་མ་དེ་ལ་རང་ཡང་མེད་པ་ཆགས་པ་རེད། ལུང་པ་དེར་ད་སྐབས་ཡང་དེ་འདྲ་མི་འབྱུང་བའི་ཆེད་ཆོས་རྒྱུད་དང་རིགས་རྒྱུད་ཚང་མ་ཡོད་པའི་གཞུང་ཞིག་འཛུགས་བཞིན་ཡོད།
འོན་ཀྱང་མི་ཁ་ཤས་ཀྱིས་ཆོས་ལུགས་དང་ཆོལ་ཁའི་འཐུས་ཚབ་མེད་ན་ཨེ་ནས་ཞི་བདེ་ལྷིང་འཇག་ཡོང་གི་རེད་ཟེར། ཁོང་ཚོ་ལ་རྒྱུ་མཚན་དང་དཔེ་མཚོན་ག་རེ་ཡོད་པ་ཡིན་ནམ། རྒྱ་ནག་སྲིད་གཞུང་ལ་དཔེར་བྱས་པ་ཡིན་ནམ། བསམ་བློ་ག་རེ་འཁོར་བ་ཡིན་ནམ། ང་ལ་ཤེས་འདོད་ཆེན་པོ་ཡོད།
ད་དུང་བཤད་རྒྱུ་ཡོད། འོས་ཤོག་གཅིག་དང་གཉིས་ཟེར་བ་རང་ནས་མི་དེ་ཧར་ཚ་པོ་ཞིག་ལས་ཞིབ་ཚགས་པོ་ཡག་པོ་ཞིག་ཤེས་ཀྱི་མེད་པར་མཐོང་ཐུབ། འོས་གཅིག་དང་གཉིས་མ་རེད། ཐེངས་གཅིག་དང་གཉིས་རེད། གྲ་པ་ཨ་ནེ་ཚོས་འོས་ཐེངས་གཉིས་བླུག་པ་དང་སྐྱ་བོ་ཚོས་ཐེངས་གཅིག་བླུག་པ་རེད། འོན་ཀྱང་འོས་གཞི་ལ་གྲ་པ་ཚོས་མི་གཅུ་གཉིས་གདམ་ཆོག་པ་དང༌། སྐྱ་བོ་ཚོས་མི་བཅུ་བདམས་པ་རེད། དེར་བརྟེན་ཆོས་འཐུས་འོས་བླུག་མཁན་ཚོས་ཆོལ་འཐུས་འོས་མ་བླུག་ན་གྲ་པ་རྣམས་ལ་གྱོང་ཆེན་པོ་རག་གི་ཡོད་རེད། སྐྱ་བོ་ཚོས་རང་གི་འཐུས་ཚབ་མི་བཅུ་བདམ་ཆོག་པ་གྲ་པ་ཚོས་མི་གཉིས་ལ་བདམ་མི་ཆོག་པ་ཆགས་ཀྱི་རེད། དེ་ལས་གྲ་པ་དང་ཨ་ནེ་ཚོས་ཆོལ་འཐུས་བརྒྱད་ལས་བདམ་མི་ཆོག་པ་བཟོས་ན་ལས་སླ་ཤོས་དེ་རེད། དེ་ནས་ཁེ་ཕམ་གཅིག་ཀྱང་ཐུག་གི་མ་རེད།
མ་གཞི་ནས་འོས་མང་ཉུང་གི་སྐོ་བཤད་དགོས་ན་རྒྱ་བལ་བོད་མིས་རང་གི་འཐུས་ཚབ་མི་བཅུ་བདམ་ཆོག་པ་ལ་ཨ་རི་བོད་མི་ཚོས་མི་གཅིག་ལས་བདམ་ཆོག་གི་མེད། དེ་བཞིན་ཨོ་སི་ཀྲོ་ལི་ཡ་དང་ཐེ་དབན་བོད་མི་ཚོས་མི་གཅིག་ཀྱང་གདམ་ཆོག་གི་མེད་པ་དེ་ཚོ་ཚིག་གཅིག་མ་བཤད་པ་ག་རེ་ཡིན་ན། ཕྱི་སྡོད་བོད་མི་རང་དབང་ལག་དེབ་ཡོད་མཁན། འོས་གཅིག་ཀྱང་བླུག་མི་ཆོག་གི་གྲངས་འབོར་དེ་བཙན་བྱོལ་ནང་གི་གྲ་པའི་སྡོམ་འབོར་ལས་མང་བ་ཡོད།
ཁྲ་གླག་སྤྱང་གསུམ་ལགས་ཀྱིས་གོ་རིམ་ཡོད་པའི་སྒོ་ནས་གླེང་མོལ་གནང་བ་དེ་ཡག་པོ་བྱུང་སོང་།
གསལ་བཤད་ཕྲན་བུ་བྱེད་རྒྱུར། ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་གསུང་མཁན་ཚོས་གོང་དུ་བཤད་པའི་ཉེན་ཁའི་རང་བཞིན་(མཆན་སྔོན་མའི་ནང་ཆོལ་ཁ་དང་ཆོས་ལུགས་སྤྱི་འཐུས་མེད་པ་བཟོས་ན་དེའི་སང་ཉིན་དང་ལོ་རྗེས་མ་འཕྲད་སྲིད་པའི་ཉེན་ཁ་)དེ་ཚོ་ལ་ལན་རེ་རྒྱོབ་དང༌། གཅིག་བྱས་ན་ང་རང་གི་ལྟ་ཚུལ་དེ་ནོར་ཡོད་སྲིད། གདེང་ཚོད་ཡོད་པའི་གནས་ལུགས་དང་རྒྱུ་མཚན་བཤད་རྒྱུ་འདུག་ན་ང་ཡང་ཁྱོད་ཀྱི་རྗེས་སུ་ཡིན།
དེ་མིན་ཆོས་ལུགས་ཀྱི་སྤྱི་འཐུས་ག་གེ་མོས་གཅིག་བྱས་སོང། གཅིག་ལབ་སོང་ཟེར་བ་དེ་རྒྱུ་མཚན་རྣམ་དག་མ་རེད། ཆོས་ལུགས་དང་ཆོལ་ཁའི་འཐུས་ཚབ་ཡོད་པ་དེ་ག་རང་ཆབ་སྲིད་ཀྱི་ཐོག་ནས་གལ་ཆེན་པོ་ཡིན་པ་ལས། མི་དེས་ག་རེ་བྱས་མིན་དེ་དེ་ཙམ་གལ་ཆེན་པོ་མ་རེད། མི་གཅིག་གཉིས་ཀྱིས་གང་ཡང་བྱེད་ཐུབ་ཀྱི་མ་རེད། དེ་ལས་སྤྱི་འཐུས་ཚང་མ་སངས་རྒྱས་པ་ཡིན་ན་ཡང༌། བོད་ཀྱི་ཆབ་སྲིད་ལ་ཕན་ཐོགས་མིན་སུས་ཤེས།
འོན་ཀྱང་སྤྱི་འཐུས་གང་འདྲ་ཞིག་ཡིན་ཀྱང་ཡག་པོ་ཞིག་དགོས་པ་དེར་ངོ་རྒོལ་བྱེད་ཀྱིན་མེད། ཡིན་དང་ཡིན། འོན་ཀྱང་མིའི་རིགས་ཀྱི་རྩོད་རྙོག་ལ་འཐབ་རྩོད་བྱེད་མཁན་དེ་འདོད་ཆགས་ཞེ་སྡང་ཡོད་མཁན་ཀྱི་མི་ཞིག་ཡིན་དགོས་པ་ལས། ཁྲོ་ཆགས་དགའ་སྡུག་མེད་པའི་བྱང་ཆུབ་སེམས་པ་ཞིག་གིས་ལས་ཀ་དེ་ཕལ་ཆེར་གནང་མདོག་ཁ་པོ་མ་རེད།
དེ་ལས་ཀྱང་ཆོས་ལུགས་ཀྱི་སྤྱི་འཐུས་དེ་ཚོ་གསོད་དགོས་ཕུད་དགོས། རྡུང་དགོས་གསུང་མཁན་དེ་ཚོའི་གྲས་སྤྱི་འཐུས་ནང་སླེབས་པ་ཡིན་ན། ཨི་ནས་རྙོག་དྲ་ལུང་པ་གང་སློང་རྒྱུ་ཡིན་པ་གཏན་ཁེལ་བ་རེད།
གྲགས་པ་རྒྱ་མཚོ་ལགས། ཁྱེད་ཀྱིས་འབྲས་ལྗོངས་ཀྱི་གྲྭ་བ་ཚོར་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་སྐོར་ཞིག་གསུངས་པ་དེ་ཅུང་རྒྱས་ཙམ་ཞིག་གསུངས་ཐུབ་ན་ཡག་པོ་འདུག
ཤཀྱྰ་མི་བོ་ལགས། མ་གཞི་ངས་སྔོན་ནས་འདིའི་སྐོར་ལ་བསམ་གཞིག་མང་པོ་བྱེད་མ་མྱོང་། ཉེ་ཆར་ཞིག་ནས་མང་པོ་ཞིག་གིས་ཆག་ཆེ་ཉམས་ང་ཚང་མ་ཆོས་ལུགས་སྤྱི་འཐུས་ཀྱི་སྟེང་དུ་འགེལ་བའི་ཚ་རླབས་འདྲ་ཞིག་འཕྱུར་སོང་། ངས་ཐོག་མར་ཁོང་ཚོས་བཤད་བཞིན་པ་དེ་ལ་རྒྱུ་མཚན་ཞིག་ཡོད་རྒྱུ་རེད་བསམ་ནས་རང་ཉིད་དེའི་ནང་དུ་འཚུལ་ཞུགས་བྱེད་པ་ཉུང་དུ་བཏང་། ཁོང་ཚོས་བཤད་ཀྱིན་བཤད་ཀྱིན་སྐད་ཆ་དྲང་པོ་མ་ཡིན་པ་ལྟ་བུ་དང་། མཚམས་རེར་བོད་མི་རིགས་ཀྱི་སེམས་ཁམས་ལ་ཆ་རྒྱུས་མེད་པ་ལྟ་བུ། ལྷག་པར་ཡང་མང་པོ་ཞིག་གིས་ཆོས་རྒྱུད་འདི་ཚོའི་བར་ན་བསམ་བློ་མི་མཐུན་པ་ཡོད་པས་འདི་ཚོ་གྲོས་ཚོགས་ནང་དུ་མེད་ན་ལེགས་ཟེར་བ་ལྟ་བུའི་མང་གཙོའི་ནང་དོན་དང་། ནུས་པ། རིན་ཐང་སོགས་ཀྱང་ཡག་པོ་ཞིག་ཤེས་ཀྱིན་མེད་པ་ལྟ་བུ། རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་བོད་མི་རིགས་རྡོག་རྩ་གཅིག་སྒྲིལ་ལ་དེ་ཙམ་བསམ་གཞིག་མེད་པའི་སྐད་ཆ་མང་པོ་ཞིག་ཐོས་བྱུང་བས་ངས་འདི་འབྲི་ཁུལ་བྱས་པ་ཡིན། སྤྱིར་བཏང་ང་ལ་མཚོན་ན་རང་གི་སྐབས་བབ་ཀྱི་འདོད་དོན་ལ་རྒྱབ་སྐྱོར་དུ་འགྲོ་བའི་རྒྱལ་བ་རིན་པོ་ཆེའི་གསུང་ཚིག་དུམ་བུ་རེ་རྒྱབ་རྩར་དྲངས་ནས་རང་དང་བསམ་ཚུལ་མི་མཐུན་པ་ཚོའི་མགོར་ནག་ཉེས་གནམ་སར་མི་ཤོང་བ་རེ་འགེལ་འདོད་ངོ་མ་མེད། ཡིན་ན་ཡང་ཆོལ་ཁ་དང་ཆོས་ལུགས་ཡོངས་སུ་རྫོགས་པའི་སྐུ་ཚབ་ཡོད་པའི་གྲོས་ཚོགས་ཤིག་བཙུགས་པ་དེ་ནི་རྒྱལ་རིན་པོ་ཆེའི་ཐུགས་རྗེ་ཐབས་མཁས་ཀྱི་ཕྱག་རྗེས་ཡོད་ན་མེད་ན་གཅིག་ཡིན་པས་དེ་ལ་རྒྱབ་སྐྱོར་དུ་འགྲོ་བའི་ཚིག་གཅིག་ལས་ཤོད་མ་ཐུབ་རུང་ཤོད་དགོས་པ་འདུག་སྙམ་པ་འདི་ཡང་ངས་རྩོམ་ངན་འདི་འབྲི་ཁུལ་བྱས་པའི་དམིགས་ཡུལ་གཅིག་ཡིན།
མང་པོ་ཞིག་གིས་སྤྱི་འཐུས་སྒེར་ངོས་ནས་འཇོན་ཐང་མེད་པ་དང་། རང་ཚུགས་མེད་པ། ཡོན་ཏན་མེད་པ། སྤྱོད་པ་མི་ལེགས་པའི་རྒྱུ་མཚན་ཙམ་དྲངས་ཡོང་གིན་འདུག་མོད་དེ་གང་ཟག་གི་སྐྱོན་ཡིན་པ་ལས་ལམ་ལུགས་ཀྱི་སྐྱོན་ཞིག་མ་རེད།
གསར་བརྗེ་སྐྱབས་ལགས། ཁྱེད་ཀྱིས་གནད་འགག་ཅན་གྱི་དྲི་བ་གཅིག་པོ་དེ་ལ་ངས་ལན་གསལ་པོ་ཞིག་འདེབས་ཤེས་མ་སོང་། དེ་ག་ཙམ་གྱི་གཞན་ཁ་འགོག་བྱེད་ཀྱི་ལན་ཞིག་ནི་འདེབས་འདོད་མ་བྱུང་། རྗེས་སུ་ཁྱེད་ཀྱིས་ཀྱང་བསམ་གཞིག་གནོང་། ངས་ཀྱང་བསམ་གཞིག་བྱེད་ཁུལ་བྱེད། སྤྱིར་ན་དགོན་པའི་སྒྲིག་འཛུགས་འོག་གི་མི་ཚོར་འོས་ཤོག་གཉིས་ཀྱི་ཐོབ་ཐང་དེ་མང་གཙོ་དང་མི་མཐུན་པ་དངོས་གནས་ཡིན་ན་ཡང་ཆོས་འཐུས་མེད་པར་བཟོ་དགོས་པ་ཞིག་མ་རེད། ཆོས་འཐུས་འདེམས་མཁན་ཆོལ་ཁའི་སྤྱི་འཐུས་འདེམས་མི་ཆོག་པ་བཟོས་ན་དེ་གས་འགྲིགས་ཡོད་པ་རེད་བསམ།
ཧཧཧཧཧཧ། གང་ཟག་རེ་ཟུང་གིས་གྲྭ་པ་རྣམས་ལ་འོས་ཤོས་ཐོབ་ཐང་གཉིས་རེ་ཡོད་པ་དེ་དག་དམངས་གཙོའི་གཞུང་གི་ཁྲིམས་དང་འགལ་བ་རེད་ཟེར། དེ་ནི་དམངས་གཙོའི་བཅའ་ཁྲིམས་མ་ཤེས་པའི་སྐྱོན་རེད། རྒྱ་གར་གཞུང་འདི་དམངས་གཙོ་ཡིན་ནམ་མིན། ཡིན་ན་རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་སུ་གྲྭ་པ་རྣམས་ལ་འོས་ཤོག་གཉིས་རེ་ཐོབ་ཐང་ཡོད་པ་དེ་རྒྱ་གར་གཞུང་སྲིད་ཇུས་ནོར་བ་ཡིན་ནམ། མིན་ན་རྒྱ་གར་དམངས་གཙོའི་རྒྱལ་ཁབ་ཇི་ལྟར་འཇོག་གམ།
ད་ལམ་ཧོར་ཁྲ་དང་། སྤྱང་ཁུ། གླག་རྒོད་གསུམ་གྱིས་སྤྱན་དཀྱུས་རིང་བའི་དགོངས་འཆར་གསུངས་འདུག་པས། དངོས་ཡོད་དུ་མཐོང་ནས་རྒྱབ་སྐྱོར་ཞུ་བཞིན་ཡོད།
ལྷག་པར་དུ་”ལོ་རྗེས་མ་ལ་དེ་ལ་ལུང་ཚན་དང་ཆོས་ལུགས་གང་ཞིག་མེད་པ་དེའི་མི་མང་ནས། ང་ཚོའི་འཐུས་ཚབ་སུ་ཡང་མེད་པའི་གཞུང་ཞིག་ངོས་ལེན་གྱི་མིན་ཟེར་ན། སྐབས་དེར་ལན་ག་རེ་རྒྱག་གམ། དེ་ལྟར་མི་ཡོང་བའི་གདེང་ཚོད་ཇི་ལྟར་ཡོད་དམ། ལོ་རྒྱུས་ཐོག་བྱུང་མ་མྱོང་བ་རེད་ཟེར་རམ། ག་རེ་བྱས་ན་བྱས་ཟེར་རྒྱུ་ཡིན་ནམ།” ཞེས་གསུངས་པ་དེ་དངོས་གནས་བསམ་ཤེས་མཛད་དེ་གསུངས་འདུག་ལ། དངོས་ཡོད་དུ་དེ་ལྟར་མ་བྱུང་བ་ཡང་མིན་ཏེ། ཚོགས་པ་བཅུ་གསུམ་ཟེར་བ་དེ་གནད་དོན་དེ་ལ་ཐུག་ནས་བྱུང་བ་ཡིན་ཞིང་། ༦༠ནང་དུ་སྐྱབས་བཅོལ་གཞུང་འདི་ཆོས་བརྒྱུད་གཅིག་སྟེ་དགེ་ལུགས་དང་། ཆོལ་ཁ་གཅིག་སྟེ་དབུས་གཙང་དུ་བྱུང་བས་དེའི་ཁ་ཐད་དུ་ཚོགས་པ་བཅུ་གསུམ་ཟེར་བ་དེ་ལངས་པ་མིན་ནམ། འདིར་དོན་མེད་ཀྱི་ཅ་ཅོ་སྒྲོག་པའི་གསར་བུ་ཅོལ་ཆུང་ཚོས་འདི་ཡི་སྐོར་ལ་སློབ་སྦྱོང་བྱོས་ལ། དེ་ནས་མ་འོངས་པའི་སྐོར་གྱི་སྐད་ཆ་ཤོད། ངས་སྔ་ས་ནས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་རབས་འདི་གྲུབ་མཐའ་གཅིག་ཁོ་ནས་སྐབས་འཚོལ་བྱས་ནས་གླེང་རྒྱུ་ཞིག་མ་རེད་ཅེས་བཤད་ཡོད། དངོས་གནས་མི་མཁོ་བར་ཐུག་ན་ཆོས་བརྒྱུད་ཚང་མས་ནང་གྲོས་ཀྱིས་འགོག་རྒྱུ་ཞིག་ལས་གྲུབ་མཐའ་ཡན་འགར་བས་ཁེ་ལ་དམིགས་ནས་འུར་ཟིང་རྒྱག་རྒྱུ་ཞིག་མིན་ཏེ། སོ་སོ་དང་གྲུབ་མཐའ་གཅིག་པའི་དོལ་ཚོགས་དེ་ཚོ་གླགས་མི་འཁེལ་ན་ཤིན་ཏུ་ཐ་དད་ཅིང་སྔོན་ནས་ནད་རྙིང་གིས་ཟིན་པའི་གྲུབ་མཐའ་གཞན་རྣམས་ཧ་ཧ་ཧ་ཧ། ད་དེ་ཚོ་མ་གླེང་།
འདིར་སྤོབས་པ་མཐའ་ཡས་ཁྱོད་ཀྱིས་གང་ཡང་ཤེས་ཀྱི་མི་འདུག་ཟེར་ནས་བུད་འགྲོ་མཁན་དེ་ཚོས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ལབ་ན་ང་ཚོའི་གྲུབ་མཐའ་ལ་ཁེ་བཟང་ཡོད་པས་ཁྱོད་ཀྱིས་ཤེས་ཀྱི་མི་འདུག་ཟེར་གྱི་ཡོད་པ་འདྲ། དེ་མིན་གནས་ལུགས་བཤད་ཀྱང་ད་དུང་ཁྱོད་ཀྱིས་ཤེས་ཀྱི་མི་འདུག་ཟེར་དོན་ཅི།
ངས་མཆན་འདི་ཚོ་ཚང་མ་ཀློག་གིན་ཡོད་ཀྱང་མཚར་སྣང་སྐྱེས་དགོས་པ་ཞིག་ནི་འདིར་ཆོས་བརྒྱུད་སྤྱི་འཐུས་མི་དགོས་རབས་གླེང་མཁན་ཕལ་ཆེ་བས་ཆོལ་ཁའི་སྤྱི་འཐུས་མི་དགོས་རབས་གླེང་དུས་ཁོ་ཚོ་གཟབ་ནན་གྱིས་སྡོད་ཅིང་། ད་དུང་གོ་སྐབས་བྱུང་ན་ཇོ་ནང་གླེང་གིན་འདུག་པས། འདི་ལ་ངེས་པར་དུ་བསམ་བློ་གཏང་དགོས་འདུག་པ་ད་དུང་ཡང་བཤད་ཀྱིན་ཡོད། འདི་ཚོ་ལ་སྐྱོན་ཞིག་ལྷག་འདུག དམིགས་ཡུལ་ཡག་ག་ཞིག་ཁྱོན་ནས་མ་རེད། ཡང་ཡང་ཁ་སང་གི་གྲོས་ཚོགས་ཞེས་གླེང་དོན་ནི་གཅིག་བྱས་ན་སྐབས་འཚོལ་བྱ་འདོད་པ་དང་། དེ་མིན་ན་ཁ་སང་གི་གྲོས་ཚོགས་ལས་ན་ཚ་ཞིག་ལྷག་འདུག་པ་གསལ་པོ་རེད།
སྤོབས་པ་ལགས། ཁྱོད་ནི་ཕུགས་རྒྱང་རིང་པོའི་གཟིགས་ཐུབ་མཁན་ཞིག་རེད་འདུག
ད་ལྟ་ང་ཚོར་ཆོས་ལུགས་དང་ཆོལ་ཁའི་སྤྱི་འཐུས་ཡོད་པ་དང༌། དེ་ཡང་འདྲ་མཉམ་ཡོད་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་ཆགས་ཡོད། ཐབས་ལམ་འདི་བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་ཡོང་བའི་སྟོབས་ཤུགས་གལ་ཆེ་ཞིག་ཡིན་པ་དང༌། འདི་ལ་རྒྱ་ནག་གཞུང་ཡང་དངངས་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད།
ང་ཚོའི་ལོ་རྒྱུས་ཀྱི་ཐོག་ལ་ཁམས་པ་དང་དབུས་པ། དབུས་པ་དང་གཙང་པ་ཟེར་ནས་རིས་སུ་བཅད་པ་དང༌། བཀར་རྙིང་བོན་བཅས་ནས་བོད་གཞུང་ཟེར་ན་ཆོས་ཀྱི་ཆ་ནས་དགེ་ལུགས་ཡིན་པ་དང༌། དེ་ཡང་ཆོས་བརྒྱུད་གཞན་ལ་འདྲ་མཉམ་ཀྱི་ལྟ་ཚུལ་མེད་པའི་ལོ་རྒྱུས་ཀྱི་བག་ཆགས་མཐུག་པོ་ཡོད་ཅིང༌། དེས་ང་ཚོའི་ཆིག་སྒྲིག་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད།
ལོ་རྒྱུས་ཐོག་ཡོད་པའི་བག་ཆགས་དེ་མེད་པར་བཟོ་དགོས་ན་ད་ལྟའི་ཐབས་ལམ་འདི་ནི་ཡག་ཤོས་ཡིན་པ་སྟེ། གལ་ཏེ་རྐྱེན་ཕྲན་བུ་ཞིག་དང་འཕྲད་ན་མངོན་དུ་གྱུར་ཆོག་ཆོག་ཡིན་པའི་བག་ཆགས་དེའི་སྟེང༌། ལོ་རྒྱུས་ཀྱི་འཁོན་རྩོད་ཀྱི་མེ་འབར་བའི་སྟེང་དགྲ་ཕྱོགས་ནས་ཀྱང་དབྱེན་སྦྱོར་གྱི་ཤིང་གཤག་པ་བསྣན་ཏེ། ང་ཚོའི་སྤྱི་ཚོགས་འདི་ཐེར་ཚར་སྦར་ཚར་ཆགས་ངེས་རེད།
རྒྱུ་མཚན་དེ་དགལ་བརྟེན་ནས་༧་གོང་མཆོག་གིས་སྟབས་ཉེས་པའི་ཚོད་ལ་ཡག་པོ་ཞིག་ཀྱང་བྱུང་ཡོད་པ་ནི། ལོ་རྒྱུས་ཐོག་དུས་ཡུན་རིང་པོར་ཁ་འཐོར་བའི་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་བྱེད་པ་དེ་ཡིིན་ཞེས་ཡང་ཡང་གསུངས་པ་ལྟར། རྨད་བྱུང་གི་ཐབས་ལམ་འདི་འདྲ་ཞིག་སྤྱོད་གནང་བ་རེད། དེས་ན་ད་ལྟའི་ལམ་ལུགས་འདི་མི་དགོས་ཟེར་མཁན་འགའ་ནས་༧གོང་ས་མཆོག་གིས་ཆབ་སྲིད་དགོངས་ཀྱི་མ་རེད་མདོག་མདོག་བྱེད་སྐབས། ཁ་མ་དགོས་རྐུབ་ནས་གད་མོ་ཤོར་གས།
ད་ང་ཚོས་རྒྱ་ནག་ལ་དཔེ་ལྟོས་དང༌། ཨུ་ཡོན་ནམ་སྤྱི་འཐུས་དེ་ཚོ་ས་གནས་ཀྱི་མི་འབོར་ལ་གཞིགས་ནས་བསྐོ་བཞག་བྱེད་ཀྱིན་ཡོད། འོན་ཀྱང་གྲངས་ཉུང་མི་རིགས་ལ་དམིགས་བསལ་ཨུ་ཡོན་བཅུ་དྲུག་ལས་མ་ཉུང་བ་ཞེས་གཏན་འབེབས་བྱས་ཡོད། དེས་ག་རེ་མཚོན་པ་རེད། གྲངས་ཉུང་མི་རིགས་དེ་ཚོ་རྒྱ་ནག་རྒྱལ་ཁབ་ལ་དགའ་ཞེན་དང་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་རེད།
ད་བཞིན་ཨ་རི་ལ་ལྟོས། མི་འབོར་མང་ཉུང་ལ་མ་ལྟོས་པར་ཞིང་ཆེན་ལྔ་བཅུ་ཡོད་པ་ནས་སེན་ན་ཊའམ་གྲོས་ཚོགས་གོང་མའི་སྤྱི་འཐུས་གཉིས་རེ་འདྲ་མཉམ་གྱིས་བརྒྱ་ཐམ་པ་ཡོང་གི་ཡོད། དེ་ཡང་ཞིང་ཆེན་ལྔ་བཅུ་དེ་ཆིག་སྒྲིལ་ཡག་པོ་ཞིག་ཡོང་ཐབས་བྱས་པ་རེད། ཆིག་སྒྲིལ་ཡག་པོ་ཞིག་དགོས་ན། ཐོག་མར་མང་ཉུང་དང་སྟོབས་ཆེ་ཆུང་མེད་པར་འདྲ་མཉམ་ཀྱི་གནས་སྟངས་ཞིག་དགོས་པ་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ནས་ཀྱང་འདྲ་མཉམ་ནི་ཆིག་སྒྲིལ་གྱི་རྨང་གཞི་ཡིན་གསུང་འདུག་ག
རྩ་བའི་གནས་ལུགས་ལ་ལྟོས། ང་ཚོ་ལ་ག་རེ་དགོས་ཀྱི་ཡོད་རེད། མང་གཙོ་དགོས་ཀྱི་ཡོད་རེད་ཅེས་ལབ་སྲིད། དེ་བདེན་པ་རེད། འོན་ཀྱང་མང་གཙོ་དེ་མཐའ་ཐུག་གི་འབྲས་བུ་རེད་དམ། དེ་མ་རེད། མང་གཙོ་དེ་བདེ་སྐྱིད་འབྱུང་ཐབས་ཤིག་རེད། མཐའ་ཐུག་གི་བསྒྲུབ་བྱ་དེ་བདེ་སྐྱིད་རེད། མི་ཚོས་བདེ་སྐྱིད་ཀྱི་ཆེད་དུ་ལམ་སྲོལ་དེ་དག་དང་ཁྲིམས་ལུགས་སོགས་བཟོས་པ་རེད། ཐབས་ལམ་དེ་ནང་འཁྲུག་དང་འཐོར་ཞིག་གི་རྒྱུར་སོང་བ་ཡིན་ན་བདེ་སྐྱིད་ཐོབ་ཐུབ་བམ།
འོ་ན་ང་ཚོས་ཆོས་ལུགས་དང་ཆོལ་ཁའི་སྤྱི་འཐུས་མེད་པར་བཟོས་པ་ཡིན་ན། དེའི་སང་ཉིན་དེར་ག་རེ་ཆགས་ཀྱི་རེད། ལོ་རྗེས་མ་དེར་ག་རེ་ཆགས་ཀྱི་རེད། དེའི་སང་ཉིན་དེར་སྤྱི་འཐུས་ནང་མདོ་སྟོད་སྨད་ཀྱི་མི་གཅིག་ཀྱང་མ་སླེབས་པ་ཡིན་ན། ཡང་ན་གྲངས་ཉུང་ཆགས་པ་ཡིན་ན། བོན་པོ་དང་རྙིང་མའི་མི་གཅིག་ཀྱང་མ་བྱུང་བ་ཡིན་ན། བོད་རྒྱ་ཆེ་མི་མང་ལ་འགྲེལ་བཤད་ག་རེ་རྒྱག་གམ། ང་ཚོས་གཞིས་ཀྱི་སྐུ་ཚབ་ག་འདྲ་བྱེད་ཀྱི་རེད། དགྲ་ཕྱོགས་ནས་ག་རེ་བྱེད་ཀྱི་རེད། ག་རེ་ལབ་ཀྱི་རེད།
ལོ་རྗེས་མ་ལ་དེ་ལ་ལུང་ཚན་དང་ཆོས་ལུགས་གང་ཞིག་མེད་པ་དེའི་མི་མང་ནས། ང་ཚོའི་འཐུས་ཚབ་སུ་ཡང་མེད་པའི་གཞུང་ཞིག་ངོས་ལེན་གྱི་མིན་ཟེར་ན། སྐབས་དེར་ལན་ག་རེ་རྒྱག་གམ། དེ་ལྟར་མི་ཡོང་བའི་གདེང་ཚོད་ཇི་ལྟར་ཡོད་དམ། ལོ་རྒྱུས་ཐོག་བྱུང་མ་མྱོང་བ་རེད་ཟེར་རམ། ག་རེ་བྱས་ན་བྱས་ཟེར་རྒྱུ་ཡིན་ནམ།
མཐར་དོན། འདིར་མཆན་འདེབས་མཁན་ཚང་མ་ལ་གནད་དོན་འདིར་དོ་སྣང་བྱེད་པ་དགའ་བསུ་དང་སྦྲགས། ཞུ་ཡ་གཅིག་ལ། མཚན་བསམ་བློ་ཡག་པོ་མཐོང༌། འདས་པའི་ལོ་རྒྱུས་ནས་ད་ལྟ་དང་མ་འོངས་པ་ཚུན་ཆད་སོམས། རྒྱལ་ཁབ་གཞན་གྱི་ཆིག་སྒྲིལ་ཡོང་ཐབས་ག་རེ་བྱས་ཡོད་མེད་དང༌། སྤྱིར་འགྲོ་བ་མི་ཡི་རང་གཤིས་དང་ཡང་སྒོས་བོད་པ་འདི་ཚང་ལ་ག་རེ་དགོས་པ། བོད་ཀྱི་རྩ་དོན་ག་རེ་ཡིན་པ། རྩ་དོན་སྒྲུབ་པ་ལ་ག་རེ་གལ་ཆེན་པོ་ཡིན་པ་དེ་ཚོ་བསམ་བློ་གཏོང་རོགས་ཞུ༎
སྤོབས་པ་ལགས་ཀྱི་རྩོམ་ཡིག་འདི་ཞིབ་ཚགས་པོའི་ཐོག་ནས་བཀླགས་པ་ཡིན། བསམ་བློ་ཡང་ནས་བསྐྱར་དུ་བཏང་བ་ཡིན། འོན་ཀྱང་དྲ་གྲོགས་འགས་གསུངས་པ་བཞིན་བོད་མི་དང་ཆོས་ལུགས་ཀྱི་འབྲེལ་བ། བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ཀྱི་འབྲེལ་བ། བོད་ཀྱི་རིག་གཞུང་དང་ཆོས་ལུགས་ཀྱི་འབྲེལ་བ། སྤྱི་ཚོགས་སམ་མི་སྒེར་དང་ཆོས་ལུགས་ཀྱི་འབྲེལ་བའི་གནད་གསལ་བོར་གསུངས་པ་ལས། ཆོས་རྒྱུད་སྤྱི་འཐུས་ཚོའི་དགོས་གལ་གནད་དུ་འཁེལ་བ་གང་ཡང་གསུངས་མི་འདུག མ་གཞི་གནད་དོན་འདི་རིགས་གླེང་སྐབས་ཆོས་ཀྱི་ཆེ་བ་དང་དེའི་ཁྱབ་ཚད་ལས་སྤྱི་འཐུས་ཀྱི་ངོ་བ་དང་ལས་འགན་གཙོ་བོར་བཞག་ནས་གླེང་དགོས་པར་འདོད།
འཛམ་གླིང་ནང་གྲོས་ཚོགས་སུ་ཆོས་ལུགས་མི་སྣ་ཕེབས་པ་མང་པོ་རེད། འོན་ཀྱང་དེ་དག་ཕེབས་སྟངས་སོ་སོའི་ཆོས་ལུགས་དང་གྲུབ་མཐའ། ཆོས་རྒྱུད་ཀྱི་ངོ་བོ་ཐོག་ནས་མ་ཡིན་པར་དམངས་གཙོའི་དགོས་མཁོ་དང་མི་སྒེར་གྱི་འཇོན་ནུས་ཀྱི་ཐོག་ནས་ཕེབས་པ་ཤ་སྟག་རེད། བོད་དང་ཆོས་ལུགས་ཀྱི་འབྲེལ་བ་གཏིང་ཟབ་པོ་རེད། ལྷག་པར་དུ་མི་འབོར་གྱི་ཆ་ནས་གྲྭ་བཙུན་གྱིས་བརྒྱ་ཆའི་གང་འཚམ་ཟིན་ཡོད། དགོས་མཁོ་དང་འཇོན་ནུས་ལྡན་ན་གྲོས་ཚོགས་སུ་ཆོས་ལུགས་མི་སྣ་ཕེབས་པར་ལམ་ཁ་རྒྱ་ཆེན་པོ་རེད། ཟམ་གདོང་རིན་པོ་ཆེ་འདི་ལྟར་གྲོས་ཚོགས་དང་བཀའ་ཁྲིར་ཕེབས་པ་མ་ཡིན་ནམ།
གྲོས་ཚོགས་ཀྱི་གྲུབ་ཆ་ལ་ཆོས་རྒྱུད་བཞག་ཡོད་པ་འདིའི་གནད་ད་དུང་ཤེས་མ་སོང་། ལྷག་པར་དུ་ཆོས་རྒྱུད་ཁག་གི་གྲྭ་བཙུན་ཚོར་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་འདིའི་གནད་ཡང་གསལ་བོར་ཤེས་མ་སོང་། དམངས་གཙོའི་གྲོས་ཚོགས་དང་། དམངས་གཙོའི་འོས་བསྡུའི་ཐོབ་ཐང་ནང་འདི་འདྲ་དཀོན་པོ་རེད། སྤོབས་པ་ལགས་ཀྱིས་གནད་དུ་འཁེལ་བའི་གསུང་ཞིག་འབྱོན་པར་ཡིད་ཆེས་ཡོད།
ཐུགས་རྗེ་ཆེ།
མ་གཞི་ཁོང་ལའང་སྐད་ཆ་དེ་འདྲ་མ་ལབ་རང་ལབ་ཁེལ་བ་ཡིན་རྒྱུ་རེད། དཔེར་ན་པུ་གུ་ཆུང་ཆུང་ཁ་ཤས་ཀྱིས་ཚོང་བདག་གི་མདུན་ནས་ཨ་མ་ལ་ང་ལ་བྱེ་རིལ་དགོས་ཞེས་ངུད་མོ་བྱེད་པའི་སྐབས་ཨ་མས་ཉོ་འདོད་མེད་ཀྱང་ཚོང་བདག་གི་མདུན་ནས་ངོ་ཚ་ཉོ་མ་འདོད་པ་བུ་གུའི་རེ་བ་སྐོང་བ་ལྟ་བུ་རེད། ཧཧཧཧ་དཔེ་དེ་དེ་ཙམ་ལེགས་པོ་བྱུང་མ་སོང༌།
སྤོབས་པ་མཐའ་ཡས་ཀྱིས་བཤད་པ་རྒྱུ་མཚན་ཨོ་ཙམ་འདུག ཀུ་རེ་ཡིན། ངོ་མ་བདེན་པ་རེད་འདུག ངས་སྔ་མོ་ནས་ཁོ་ཚོའི་འདོད་དོན་མི་འགྲུབ་པ་ཤེས་ཡོད་པས་བགག་སྒྲུབ་འདྲ་བྱེད་ཁུལ་བྱས་མེད། ཁོ་ཚོ་འགའ་ཞིག་གིས་ནི་བེ་རི་འཇིགས་མེད་ཀྱིས་”ང་ལ་རྐུབ་བཀྱག་འདི་མེད་ཀྱང་ཁྱད་མེད” ལབ་རབས་ཀྱི་ལུང་ཞིག་དྲངས་ནས་ཆོས་མཐུས་མི་དགོས་ཚུལ་འཆད་བཞིན་འདུག་མོད། ང་རྒན་བེ་རི་ལགས་ལ་མི་དགའ་དོན་མེད་ཀྱང་དེ་ལྟར་ནི་གདེང་འཇོག་བྱས་པ་མཐོ་དྲགས་སོང་བ་རེད། རྒན་ཁོང་ག་ཚོད་མཐོ་ཡང་ཆོས་བརྒྱུད་གཅིག་གི་མཐུས་མི་རེད་ལ་དུས་ཡུན་སྐབས་གཅིག་གི་སྤྱི་མཐུས་རེད། ཁོང་ལ་ཆོས་མཐུས་དགོས་མི་དགོས་ཀྱི་ཐག་བཅད་པའི་དབང་ཆ་ག་བར་ཡོད།
ཕྱོགས་ཞེན་ཅན་རྣམས་ལ་ངས་སྐད་ཆ་བཤད་མི་འདོད་ཀི། ང་ཚོས་བགྲོ་མང་པོ་མི་དགོས། ཆོས་རྒྱུད་སྤྱི་འཐུས་དགོས་མིན་ནི་ཆོས་སྲིས་ཟུང་འབྲེལ་དགོས་མིན་ལ་ཐུག་འདུག གལ་ཏེ་སེར་མོ་བས་སྲིས་ལ་ཐཐུས་གཏོགས་གཏནནས་མ་བྱེད་ན་སྐྱ་བོས་རྐྱང་པས་བོད་དེ་ཡར་བསླངས་ཐུབ་ན་དགའ་བསུ་ཡོད། འོན་ཀྱང་ན་མ་སོན་པའི་སྤྱི་ཚོགས་དེ་ལྟར་ནི་ཧ་ཅང་ཁག
སྤོབས་པ་ལགས། ཆོས་རིག་ལས་ཁུངས་འདིས་གཞུང་གི་ཚབ་བྱེད་པ་ལས་མི་མང་གི་ཚབ་བྱེད་ཐུབ་ཀི་མ་རེད་སོགས་ཀྱི་ཐད་ལ། ཆོས་འཐུས་འདི་ཚོས་དགོན་པ་གྲྭ་ཚང་གི་གྲྭ་མང་ཚོའི་ཚབ་བྱེད་དགོས་པ་བདེན་པ་རེད་མོད། འོན་ཀྱང་ཁོ་ཚོས་བརྩད་དང་རྩོད་བཞིན་པ། དགོན་པ་གྲྭ་ཚང་གི་བསླབ་པ་སློབ་གཉེར་ཕྱོགས་ལ་གཞུང་གི་འདི་དང་དེ་ཡིས་རྒྱབ་སྐྱོར་དགོས་ལུགས་དང་། ཆོས་འཆད་ཉན་གྱི་ཕྱོགས་ལ་འདི་འདྲ་དང་དེ་འདྲའི་རོགས་ལམ་དགོས་ལུགས་སོགས་ཅི་ཡང་བཤད་མ་མྱོང་ལ་འཆད་ཀིན་ཡང་མི་འདུག་གཱ
ཡང་ང་ཚོར་ཆོས་ལུགས་འདྲ་མཉམ་ངོ་མ་ཞིག་དང་རིས་སུ་མ་ཆད་པའི་ཆོས་ལུགས་པས་ཆབ་སྲིད་ལ་ཇུས་གཏོགས་བྱེད་དུ་འཇུག་རྒྱུ་ཡིན་ཚེ་ཆོས་འཐུས་འདི་མེད་ཐབས་མེད་པ་ཞིག་རེད་ཅེས་པ་ནི་ངའི་བསམ་པ་དང་ལྡོག་ཟླ་རེད། ངས་བཤད་བཞིན་པ་ནི་གོང་མཚུངས་བཞིན་ཆོས་འཐུས་དེ་ཚོས་དགོན་པའི་དགོས་མཁོ་དང་ཆོས་འཆད་ཉན་སོགས་ཀྱི་ཐད་ནས་བརྩད་དང་རྩོད་མི་རྒྱག་པར་གཞི་ཆགས་ཅིག་མ་མིག་དང་བོད་ཀྱི་ས་ཁུལ་ཅིག་མ་མིག་སོགས་ཞིབ་འཇུག་མེད་པའི་འོབ་ཚོད་རྐྱང་བཤད་བསྡད་འདུག་ཟེ་རགི་ཡོད་ལ། དེ་བས་ན། དམིགས་གསལ་གྱི་ཆོས་རྒྱུད་རེར་ཆོས་འཐུས་གཉིས་རེ་ཡོད་པའི་ལམ་ལུགས་འདི་ཡང་མི་དགོས་པར་བཤད་ཀིན་ཡོད། འོན་ཀྱང་སྤྱི་འཐུས་གདམས་པར་མི་མང་དང་གཅིག་མཚུངས་ཀྱི་ཐོབ་ཐང་གི་ལམ་ནས་འོས་འཕེན་རྒྱུ་དང་། དེ་ཡང་སྐྱ་སེར་དབྱེར་གྱིས་ཆོལ་འཏུས་སུ་འོང་ཆོག་རྒྱུ་ལས། དམིགས་གསལ་གྱིས་ཆོས་འཐུས་གཉིས་རེ་འདི་དགོས་དོན་མི་འདུག་ལ། དམངས་གཙོའི་ལུགས་དང་ཡང་མི་མཐུན་པར་འདོད། གལ་སྲིད་འདི་ལྟར་ཆོས་འཐུས་གཉིས་རེ་མུ་མཐུད་ཡོང་ན། འབྱུར་འགྱུར་ཇོ་ནང་དང་བོ་དོང་། ད་དུང་བོད་པ་ཁ་ཆེ་དང་དེ་ནས་བོད་པའི་ཡེ་ཤུ་སོགས་ཀྱིས་ཀྱང་ཆོས་འཐུས་ཀྱི་ཐོབ་ཐང་དགོས་པར་རྩོད་ལེན་བྱ་ངེས་ཡིན་ལ། གལ་སྲིད་ཆོས་འཐུས་འདི་ངེས་པར་དུ་དགོས་ན། ཇོ་ནང་དང་བོ་དོང་གཉིས་ལའང་ཆོས་འཐུས་གཉིས་མེད་ཀྱང་གཅིག་ཅི་ལ་མི་དགོས་པའམ་མི་སྟེར་བ་ཡིན་ནམ། དེང་གི་ཆོས་འཐུས་གཉིས་རེ་ཡོད་པའི་ལམ་ལུགས་འདི་ཇི་ལྟར་བྱུང་བ་དང་། ཆོས་ཁུངས་ཀྱི་མི་གྲངས་མང་ཉུང་གིས་ཀྱང་མིན་པ་གསལ་བོ་ཡིན་ན། ཆོས་འཐུས་ཤེས་དམིགས་གསལ་གྱིས་དགོས་བ་གལ་ཆེན་དུ་མ་མཐོང་བ་དེ་ཡིན།
ཡང་དེ་རིང་གི་ཆོས་རིག་ལས་ཁུངས་འདི་རྒྱ་དམར་གཞུང་གི་ནང་བསྟན་མཐུན་ཚོགས་དང་ཁྱད་པར་ཆེན་པོ་ཡོད་མེད་གང་ལྟར་ཀྱང་། ངས་བཤད་བཞིན་པ་ནི། དེ་རིང་གི་ཆོས་རིག་ལས་ཁུངས་འདིས་འབྱུར་འགྱུར་གང་འདྲ་བྱེད་དགོས་པའི་སྐོར་གྱི་རྨོངས་འཆར་མཆན་གོང་མའི་ནང་ཅུང་ཙམ་ཞུས་ཚར་ཡོད་པས་དེར་བསྐྱར་གཟིགས་ཤིག་གནང་རྒྱུ་མཁྱེན།
སྤོབས་པ་མཐའ་ཡས་ལགས་ཀྱིས་བོད་མི་རིགས་འདིའི་སྲོག་རྩ་ཆོས་ལུགས་ཡིན་པའི་འདུ་ཤེས་ཐོག་ཆོས་ལུགས་སྤྱི་འཐུས་དགོས་གལ་ཆེ་བར་གསུང་བ་དེ་མི་རིགས་དང་ཆོས་ལུགས་ལ་ཤ་ཞེན་གཏིང་ཟབ་ཡོད་པའི་མངོན་རྟགས་སུ་མཐོང། འོན་ཀྱང་མང་ཚོགས་ནང་ཆོས་ལུགས་སྤྱི་འཐུས་དགོས་མིན་གྱི་གླེང་སློང་གི་ཁ་ཕྱོགས་དངོས་ནི། སྐྱ་སེར་གྱི་ཐོབ་ཐང་འདྲ་མཉམ་མིན་པ་དང། ཆོས་སྤྱི་རྣམ་པས་དེང་བར་ཆོས་ཕྱོགས་ལ་ཕན་གནོད་གང་བྱུང་དེ་ཡིན་པ་འདྲ། དོན་གནད་དེ་གཉིས་ལ་དོན་དངོས་ཞིབ་དཔྱོད་ཅིག་བྱེད་དགོས་ངེས་ཡིན་པར་སྙམ
སྤོབས་པ་ལགས་བཀག་ནས་ཁོག་གི་མེད་པ་རིག་ན་སེམས་ནས་དགའ་སོང༌།
བདེན་དོན་སྲོག་ཏུ་བྱས་ཤིང་དྲང་ཚུགས་གཞི་ལ་བཞག་པ། ལོ་རྒྱུས་ཀྱི་རང་བཞིན་ལྷག་ཏུ་ལྡན་པའི་ལེགས་རྩོམ་འདི་ཉིད་གཟབ་ནན་ཆེན་པོས་ཐེངས་གཅིག་བཀླགས་པ་ཡིན། དཔེ་མི་སྲིད་པའི་ཡག་པོ་འདུག དཔེ་མི་སྲིད་པའི་དགའ་བོ་བྱུང༌།
འཇང་གཡུ་ལྷ་ཐོག་འགྱུར་ལགས། ཁྱེད་ཀྱིས་ངོས་སྦྱོར་བྱས་པའི་གློག་བརྙན་དེར་ངས་བལྟས་པ་ཡིན། བདེན་པ་ཡིན་ས་རེད། ལྟས་ངན།
གཅན་བཟོད་རྒྱམ་ལགས། ཆོས་རིག་ལས་ཁུངས་ཟེར་བ་དེ་རྒྱ་དམར་གཞུང་གི་ནང་བསྟན་མཐུན་ཚོགས་དང་ཁྱད་པར་ཆེན་པོ་མེད་པ་ཞིག་རེད། འདིའི་གཞུང་གི་ཚབ་བྱེད་ཐུབ་པ་ལས་མི་མང་གི་ཚབ་བྱེད་ཐུབ་ཀྱི་མ་རེད། འདི་གཞུང་གིས་བསྐོ་བཞག་བྱས་པ་ལས་མི་མང་གིས་ཡར་བསྐོ་བཞག་བྱས་པ་ཞིག་མ་རེད། གང་ཡིན་ཞེ་ན་འདི་གཞུང་གིས་ཆོས་ལུགས་དང་འབྲེལ་བའི་ལས་དོན་སྒྲུབ་པའི་བརྒྱུད་ལམ་ཞིག་ཡིན་པ་ལས་ཆོས་ལུགས་པས་གཞུང་ལ་སྟངས་འཛིན་བྱེད་པའི་བརྒྱུད་ལམ་ཞིག་མ་རེད། ང་ཚོར་ཆོས་ལུགས་འདྲ་མཉམ་ངོ་མ་ཞིག་དང་རིས་སུ་མ་ཆད་པའི་ཆོས་ལུགས་པས་ཆབ་སྲིད་ལ་ཇུས་གཏོགས་བྱེད་དུ་འཇུག་རྒྱུ་ཡིན་ཚེ་ཆོས་འཐུས་འདི་མེད་ཐབས་མེད་པ་ཞིག་རེད། ངས་བསམ་ཚུལ་འདི་དྲྭ་ངོས་སུ་བཏང་བ་ནས་བཟུང་འདིའི་སྟེང་ནས་དོག་སློང་རྒོལ་རྩོད་བྱེད་མཁན་སུ་ཞིག་བྱུང་ཡང་རང་གི་ཤེས་ཚོད་ཀྱི་ལན་འདེབས་དང་དོག་སེལ། ད་དུང་རང་གི་བསམ་ཚུལ་སྟེང་ན་ནོར་འཁྲུལ་ཅི་ཡོད་ངོས་ལེན་གཙང་མ་བྱེད་འཆར་གྱིས་འདིར་བསྒུགས་ནས་བསྡད་ཡོད། གྲོགས་པོ་ཚོའི་ཁྲོད་ན་ལ་ལ་ཞིག་གིས་ངས་གངགཡང་ཤེས་མི་འདུག་ཙམ་བརྗོད་ནས་བུད་སོང་ན་ནི་ངོས་ལེན་ག་འདྲ་བྱེད་དགོས་པ་དང་ལན་ག་འདྲ་འདེབས་དགོས་པ་ཡང་ཤེས་ཀྱིན་མི་འདུག
སྤོབས་མཐའ་ཡས་ལགས། ཁྱེད་རང་གིས་བཤད་པ་བདེན་པ་རེད། ཆོས་བརྒྱུད་སྤྱི་མཐུས་མི་དགོས་ཟེར་བ་དེ་རྒྱུ་མཚན་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཐབས་མི འདུག
འགའ་ཤས་ཀྱིས་ཆོསབརྒྱུད་སྤྱི་མཐུས་མི་དགོས་པའི་རྒྱུ་མཚན་དུ། ཆོས་བརྒྱུད་སྤྱི་མཐུས་དེ་སྡེ་ཚན་གཅིག་གམ་ཡང་ན་གྲྭ་ཚང་གཅིག་གཉིས་ལས་ཐོན་ཡོང་གི་འདུག ཞེས་གསུང་སོང་། མངས་གཙོའི་འགྲོ་སྟངས་བྱས་པ་ཡིན་ན། མི་མང་གིས་གང་གདམས་པ་དེ་ངོས་ལེན་བྱེད་དགོས་མ་གཏོགས། དེ་ལ་ཚོགས་པ་དང་། མཐོ་དམན་གྲགས་གསུམ་གྱི་དབྱེ་བ་ཕྱེ་རིགས་པ་ཞིག་མ་རེད་བསམ་གྱི་འདུག
གྲོགཚོ་ས་པོ་དུས་ཚོད་ཡོད་ན་འདི་ལ་གཅིག་གཟིགས་
http://www.youtube.com/watch?v=cSw1WCGttYM
ཆོས་རྒྱུད་བར་མཐུན་དང་མི་མཐུན་ཡོད་མེད་དང་ཡོང་མིན་ལ་སོགས་པའི་གནད་དོན་དེ་ཆོས་རིག་ལས་འགན་འདྲ་བོ་བཞག ཡང་ན་ཆོས་རིག་ལས་ཁུངས་ཀྱིས་དེའི་ཕྱོགས་ནས་ཆོས་ཚོགས་ཚོགས་དང་ཚོགས་བཞིན་པ་དེའི་ཐད་ནས། ད་དུང་ཡང་གོང་འཕེལ་དུ་གཏང་དགོས་རྒྱུ་གང་ཡོད་དང་། ཆོས་ཚོགས་ཚོགས་དུས་ཡུན་ཇེ་རིང་དང་ཚོགས་ཐེངས་ཇེ་མང་དུ་བཏང་སྟེ། ཆོས་ལུགས་དང་ཆོས་རྒྱུད་སོ་སོའི་ཐད་ནས་ཡར་རྒྱས་གོང་འཕེལ་དང་མཐུན་སྒྲིལ་གཅིག་རྒྱུན་འཁྱོངས་སོགས་ཀྱི་སྐོར་ནས་འགན་རྐང་ལེན་བྱས་ན་བཟང་སྙམ། དེ་མིན་ཆོས་རྒྱུད་སོ་སོ་ནས་ཆོས་རྒྱུད་སྤྱི་འཐུས་གཉིས་རེ་གྲོས་ཚོགས་སུ་ཞུགས་ནས་སྲིད་དོན་གླེང་བ་དང་། ལྷག་པར་དུ་དེང་གི་བྱེད་སྟངས་འདིས་ནི་ཆོས་རྒྱུད་སྤྱི་འཐུས་ཚོས་བཟང་ལས་གནོད་ཆེ་བའི་རྟགས་མཚན་ལས་ཅང་མ་མཐོང་། འདི་ནི་རང་སོ་སོའི་མཐོང་རྒྱ་ཙམ་རེད་པས། ཆོས་རྒྱུད་སྤྱི་འཐུས་ཚོ་གྲོས་ཚོགས་སུ་ཞུགས་ཏེ་ཆོས་རྒྱུད་སོ་སོའི་ཐོབ་ཐང་དང་གོ་གནས། དགོས་མཁོ་སོགས་གང་གླེང་རྒྱུ་དང་རྩོད་རྒྱུ་མེད་ཁར། ད་བར་དུ་བཤད་བསྡད་པ་ཚང་མ་མི་དགོས་པའི་ཕྱོགས་ལྷུང་རང་བཞིན་ཀྱི་སྐད་ཆ་གཙོ་བོ་དང་། དེ་ནས་དོན་མེད་ཀྱི་ཁ་རྩོད་དང་ལྷག་པར་དུ་མི་དགོས་པའི་ཚིག་འཕྲུལ་ཁྲལ་ཁྲུལ་རེས་སྨྲས་ཏེ་ཕ་རོལ་པོ་ལ་རྒོལ་ལན་ཁོ་ན་སློག་པ་ཙམ་ལས། གཞན་དོན་གང་ཡང་མེད་པའི་བཤད་དུས་སྐྱེལ་བ་འདི་འདྲ་གྲོས་ཚོགས་ཀྱི་བརྙན་འཕྲིན་ལ་བལྟས་ན་གསལ་ངེས་ཡིན། ད་དུང་བུད་མེད་ཀྱི་ཐོབ་ཐང་སོགས་ལ་ཁ་གཡར་ནས་བུད་མེད་ཚོར་གོ་གནས་གུ་ཡངས་སུ་གཏོང་བ་དེའང་། གྲོས་ཚོགས་ནང་གི་བུད་མེད་དེ་ཚོའི་འཇོན་ཐང་དང་སྐད་ཆ་བཤད་པའི་རྒྱུད་རིམ་ལས་གསལ་ཞིང་གསལ་བར་ཧ་གོ་ངེས་ན། འབྱུང་འགྱུར་གྱི་སྤྱི་འཐུས་གང་འདྲ་དགོས་མིན་ཡང་བསམ་བློ་རེ་མི་གཏོང་རང་གཏོང་རེད་སྙམ།
རེད་། རེད། སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པ་བདེན་པ་རེད། ཕྱོགས་གཞན་ཞིག་ཞུ་ན། སྔར་ཁ་ཤས་ཀྱིས་བཙན་བྱོལ་གཞུང་དེ་དགེ་ལུགས་པའི་གཞུང་རེད། ཅེས་རྙོག་གླེང་བྱེད་མཁན་བྱུང་མྱོང་བ་རེད། དེར་བརྟེན་ནང་བསྟན་ཆོས་བརྒྱུད་བཞི་དང་བོན་པོའི་ཆོས་ལུགས་ཀྱི་སྤྱི་འཐུས་ལྔ་ཡོད་ན། སྔར་ལྟར་ཆོས་བརྒྱུད་གཅིག་གིས་གཞུང་འཛིན་མི་ཐུབ་པ་དང་། གཞུང་འདི་ཆོས་བརྒྱུད་གཅིག་གི་གཞུང་རེད་ཅེས་ཁ་འདོགས་བྱེད་ས་མེད་པ་ཆགས་ཐུབ་བགྱིད་ཡོད་རེད།
ངས་ངོ་མ་མཚམས་རེར་ཁྱེད་ཚོས་མང་གཙོ་ཟེར་བ་དེ་ངོ་ཤེས་ཀྱིན་མི་འདུག་སྙམ། ཆོས་ལུགས་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་ནི་ཆོས་ལུགས་བར་ན་བསམ་བློ་མི་མཐུན་པ་ཡོད་སྟབས་འཐབ་འཁྲུགས་ཡོང་བའི་ཉེན་ཁ་ཡོད་ཅེས་པ་དེ་རེད། ཆོས་ལུགས་བར་ན་བསམ་བློ་མི་མཐུན་ཡོད་པའི་རྒྱུ་མཚན་དེས་ཆོས་ལུགས་ཆོས་རྒྱུད་སོ་སོའི་འཐུས་མི་གྲོས་ཚོགས་ནང་ལ་སླེབས་དགོས་ཀྱིན་ཡོད་པ་རེད། ལྟ་བ་དང་བསམ་བློ་མཐུན་གྱི་མི་འདུག་ཟེར་ནས་ཕར་ཕུད་བསྡད་ན་ཐ་མ་སྟོབས་ཤུགས་ཡོད་ན་སྲིད་དབང་སྒེར་འཛིན་པ་དང་སྟོབས་ཤུགས་མེད་ན་གྲོགས་མེད་ཁེར་རྐྱང་དུ་ལུས་རྒྱུ་རེད་མ་གཏོགས་དམངས་གཙོའི་གཞུང་ཞིག་ལྷག་མེད་པ་རེད། ལྷག་པར་ཡང་བོད་ནི་ཆོས་རྒྱུད་རེ་རེས་སྲིད་བསྐྱངས་བའི་ལོ་རྒྱུས་རིང་བའི་རྒྱལ་ཁབ་ཆིག་ཡིན་སྟབས་ད་ལྟ་ཆོས་རྒྱུད་སོ་སོའི་སྤྱི་འཐུས་མེད་ན་ཡང་བསྐྱར་ང་ཚོའི་གཞུང་འདི་ཆོས་རྒྱུད་གཅིག་གི་སྒེར་འཛིན་བྱེད་པའི་ཉེན་ཁ་དང་དོགས་གཞི་སླེབས་ཆོག་ཆོག་ཡིན། ཆོས་ལུགས་བར་གྱི་འཐབ་འཁྲུགས་དེ་ཚོེ་ཆོས་ལུགས་ཚང་མར་ཐོབ་ཐང་འདྲ་མཉམ་མེད། སྲིད་གཞུང་གི་ནང་དུ་ཆོས་རྒྱུད་གཅིག་གི་སྐུ་ཚབ་མ་གཏོགས་མེད་སྟབས་ཆོས་རྒྱུད་གཞན་ལ་དྲག་གནོན་དང་གཞུང་ལ་ངོ་རྒོལ་དང་ནང་ཁུལ་དུ་འཐབ་འཁྲུགས་ཡོང་གིན་ཡོད་པ་རེད། ཆོས་ལུགས་སོ་སོར་དབང་ཆ་གཅིག་མཚུངས་ཡོད་ན་འཐབ་འཁྲུགས་ཡོང་བའི་ཉེན་ཁ་ཆུང་དུ་འགྲོ་བ་ལས་ཆེ་རུ་འགྲོ་དོན་མེད།
ངས་འདིར་ལན་འདེབས་དགོས་ས་ཁ་ཤས་ཤིག་འདུག ཐོག་མར་ཁང་གསར་རྡོ་རྗེ་ལགས་ཀྱིས་རྒྱ་གར་ལ་ཆོས་ལུགས་སྤྱི་འཐུས་མེད་ན་འགྲིགས་ས་ནས་བོད་ལ་དགོས་དོན་ག་རེ་རེད་ཟེར་དེར་བསམ་བློ་གཏང་དགོས། རྒྱ་གར་ལ་ཆོས་ལུགས་དར་ཤུགས་ཆེན་པོ་ཡིན་པ་དང་ཆོས་ལུགས་ཀྱི་འཐུས་མི་མེད་ན་ཡང་འགྲིགས་འདུག་ཟེར་བ་དེ་འགྲིགས་མི་འདུག རྒྱ་གར་འགྲིགས་མེད། རྒྱ་གར་ནི་ཆོས་ལུགས་བར་གྱི་འཐབ་འཁྲུགས་དང་རྩོད་རྙོགས་ཆེ་ཤོས་ཀྱི་ཡུལ་ཞིག་ཡིན རྒྱ་གར་གཞུང་འདིས་ཆོས་ལུགས་ཡོངས་སུ་རྫོགས་པའི་ཚབ་བྱེད་ཐུབ་གྱིན་ཡོད་ན་ཁ་ཆེའི་དྲག་སྤྱོད་པའི་དམིགས་འབེན་དུ་འགྱུར་དོན་ཡང་ག་ལ་ཡོད། སིག་གི་ངོ་རྒོལ་དྲག་གནོན་བྱེད་དགོས་ཡང་ག་ལ་ཡོད། ཆོས་ལུགས་བར་གྱི་འཐབ་འཁྲུགས་དང་དྲག་སྤྱོད་ཡོང་དགོས་དོན་དེ་ཡང་ཡུལ་དེའི་སྲིད་གཞུང་གི་འཛིན་སྐྱོང་ལ་སྐྱོན་ཡོད་ན་ཡོད་གསལ་པོ་ཡིན། མདོར་ན་སྲིད་གཞུང་འདིས་ཆོས་ལུགས་ཚང་མའི་སྐུ་ཚབ་བྱེད་ཐུབ་ཀྱིན་མེད་པའི་མཐོང་ཕྱོགས་ཡོད་ནས་སྐྱོན་དེ་རིགས་ལྷགས་ཀྱིན་ཡོད་པ་རེད།
སྤོབས་པས་བཤད་པ་དེ་ཆོས་ལུགས་ཀྱིས་བོད་པའི་སྤྱི་ཚོགས་ལ་ཕན་མིན་ཙམ་ལས་ཆོས་འཐུས་ཀྱིས་བོད་ལ་ཕན་མིན་ཅི་ཡང་ཤོད་མི་འདུག རྒྱུ་མཚན་འགའ་དྲངས་བ་དེའང་འཐད་ཕྱོགས་ཙམ་བཟུང་ནས་ཤུགས་བརྒྱབས་པ་ཞིག་ལས་གནས་ལུགས་ཀྱི་སྟེང་ནས་ཅབ་ཤོད་མི་འདུག གནས་ལུགས་དང་རྒྱུ་མཚན་འདི་ཙམ་ལས་མེད་ན་ཡིག་འབྲུ་སུམ་བརྒྱ་གཏགས་རྒྱུར་སུན་སྣང་སྐྱེས་ས་རེད།
སྤོབས་པ་མཐའ་ཡས་ལགས། དངོས་གནས་རྒྱུ་མཚན་ལྡན་པ་གང་འཚམས་བྲིས་འདུག ཡིན་ནའང་དྲ་ཚིགས་འདིར་ཁྱེད་ལ་བདེན་ཁ་སྟེར་མཁན་ཉུང་ཉུང་ཡིན་རྒྱུ་རེད།
ཡིན་ནའང་བདེན་པ་ལ་འཇིགས་པ་མེད།
བདེན་པ་ལ་ཉམས་པ་མེད།
རྒྱུ་སྟོབས་ཆེ་བའི་རྒྱ་ནག་བོད་ཀྱི་བདེན་པ་ལ་འཇིགས་པར་ལྟོས་དང་།
སྤོབས་པ་མཐའ་ཡས་འདིས་གནས་ལུགས་ཕྱེད་ཙམ་རྟོགས་འདུག་སྙམ། མ་གཞི་ཆོས་བརྒྱུད་སྤྱི་འཐུས་མི་དགོས་རབས་གླེང་མཁན་དེ་ཚོ་ངས་སྔ་ས་ནས་ཞུས་པ་བཞིན་ཕལ་ཆེ་བ་ནི་ཆོས་བརྒྱུད་གཅིག་ཁོ་ནར་གཏོགས་ཀྱིན་འདུག་ལ། ལྷག་པར་སྐྱོན་དེ་ཡང་ཉེ་ཆར་གྱི་གྲོས་ཚོགས་སུ་བྱུང་བ་ལ་ཁག་འགེལ་བྱེད་ཀྱིན་འདུག་མོད། དེ་དུས་ཀྱི་རྩོད་གཞི་གཙོ་བོ་དེ་ཆོལ་ཁའི་སྤྱི་འཐུས་ལས་སླེབས་རུང་། འོན་ཀྱང་། སྐབས་འཚོལ་བ་དེ་ཚོས་ཆོལ་ཁའི་སྤྱི་འཐུས་མི་དགོས་རབས་གླེང་བར་དེ་ཙམ་ཕོད་ནུས་བྲལ་དོན་གང་ཡིན་ལའང་དཔྱོད་ཅིག
གཉིས་པ་དེར་ཆོས་བརྒྱུད་སྤྱི་འཐུས་དགོས་དང་མི་དགོས་དེ་ཆོས་བརྒྱུད་གཅིག་པོ་དེའི་ཤུགས་རྐྱེན་ལ་རག་མ་ལས་པར་གཙོ་ཆེ་ཤོས་ནི་ལྷག་མའི་ཆོས་བརྒྱུད་བཞི་པོ་དེ་དག་ལ་རག་ལས་པར་གསལ་པོར་མཁྱེན་དགོས། དེ་ཚོའི་ཨ་ལན་ཅི་ཡང་མེད་སར་ཆོས་བརྒྱུད་གཅིག་པོ་དེས་སྐབས་འཚོལ་བྱས་ནས་ཁྱི་ཁ་སྐར་ཟུག་བྱས་ཀྱང་ཕན་པ་ཅི། ནམ་ཞིག་ཟམ་གདོང་བླ་མ་བཞིན་འདོད་དོན་དངོས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་མཁན་གཙོ་བོ་ཡིན་མོད་ཀྱང་། ལག་པ་སྐྱོང་དུས་དགོས་ཞེས་མི་སྐྱོང་རང་སྐྱོང་ཐུག་པ་ལྟར་བྱུང་ཡོང་།
མདོ་རྩ་ནི་ཆོས་བརྒྱུད་གཞན་པའི་བླ་ཆེན་དང་མི་ཆེན་སོགས་ལ་ནང་ཁུལ་གྲོས་མོལ་བྱ་རྒྱུ་ཞིག་ལས་ཆོས་བརྒྱུད་གཅིག་ཁོ་ནས་དམིགས་ཡུལ་བཟུང་ནས་སྡུག་སྐད་རྒྱག་རྒྱུ་ནི་དགྲ་བོ་ལ་ལག་ཆ་སྤྲད་པ་རེད། འདི་ནས་མེད་པར་བཏང་ན་རྒྱ་ནག་ནས་ཡོད་པར་བཟོ་ཐག་ཆོད་རེད། དེ་དུས་འགྱོད་ཉེན་ཡོད།
ཡ་ ད་ངོ་ཚོ་ལ་ཆོས་ལུགས་གི་གྲོས་ཚོགས་ཞིག་དགོས་ན་ ཆོས་ལུགས་བཀའ་ཤགས་ནི་ཡོད་གི་ ད་ཆོས་ལུགས་གི་ཁྲིམས་ཁང་ཞིག་དགོས་ དེ་ནས་ང་ཚོའི་ ཆོས་ལུགས་གི་དམང་གཙོ་ཀ་བ་གསུམ་ཟེར་བ་ཞིག་ཛམ་གླིང་གི་མིག་མདུན་ལ་བསྟོན་ཐུབ་པ་ཞིག་དགོས་
ད་ལྟའི་དུས་འདིར་ཆོས་བརྒྱུད་སྤྱི་འཐུས་འདི་ཚོ་དགོས་གལ་མི་འདུག
གྲ་བཙུན་རེ་ཡིས་འོས་ཤོག་གཉིས་ཀྱི་ཐོབ་ཐང་དེ་དམངས་གཙོའི་འོས་འདེམས་ཀྱི་ལམ་ལུགས་དང་འགལ་བ་ཆགས་ཡོད། དམངས་གཙོ་ཚད་ལྡན་ཅན་གྱི་རྒྱལ་ཁབ་ཞིག་དགོས་ན་ང་ཚོས་ངེས་པར་དུ་དམངས་གཙོ་ཚད་ལྡན་ཡོད་པའི་རྒྱལ་ཁབ་ཚོར་མིག་དཔེ་བལྟ་དགོས། དམངས་གཙོ་ཚད་ལྡན་ཅན་གྱི་རྒྱལ་ཁབ་སུ་ལའང་ཆོས་ལུགས་ཆོས་བརྒྱུད་སོགས་ཀྱི་སྤྱི་འཐུས་འོས་གཞི་ཞིག་གཏན་ནས་འདེམས་སྲོལ་མེད་ན་ང་ཚོས་ལྐུག་པས་འུ་ཚུགས་བྱེད་དགོས་དོན་མི་འདུག ང་ཚོའི་བོད་ཀྱི་ལོ་རྒྱུས་ནང་ཕྱིར་མིག་ལྟོས་པ་ཡིན་ནའང་ཆབ་སྲིད་པ་ཚོས་ཆོས་ལུགས་ཆོས་བརྒྱུད་པ་རྣམས་བེད་སྥྱད་ནས་བོད་གཞུང་ལ་སེར་དམག་ལངས་བའི་ལོ་རྒྱུས་ཡོད་པས། ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་འདི་ཚོའི་བྱ་སྤྱོད་ལ་ལྟོས་པ་ཡིན་ན་མ་འོངས་པ་དེ་འདྲ་མི་ཡོངས་བས་ངེས་པ་མེད་དོ། ད་དུང་བོད་མི་དམངས་ཀྱིས་དམངས་གཙོའི་གོ་རྟོག་གོང་མཐོར་དང་ཆབ་སྲིད་ཀྱི་ཚོགས་པ་འདྲ་མིནསྲ་བརྟན་བྱུང་ན་ག་ལེར་ཆོལ་ཁའི་སྤྱི་འཐུས་དེ་ཚོར་ཡང་རང་བཞིན་གྱིས་མེད་པ་ཆགས་དགོས་ངེས་ཞིག་རེད། དེ་དུས་ཆོས་འཐུས་ཆོལ་འཐུས་ལ་ཤུ་འཐམ་རོ་འཐམ་བྱེད་མཁན་ཚོར་ལྟ་རྒྱུ་ཡོེད།
ཁང་གསར་གྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད།
དབྱངས་བུ་ལགས་ནས། དྲང་མོ་རྩ་བ་ནས་གསུང་མི་འདུག ཆོས་བརྒྱུད་སྤྱི་འཐུས་ཚང་མ་ཆོལ་ཁ་གཅིག་པ་མ་རེད། ཆོལ་ཁ་ཚང་མར་ཡོད། གཞན་ཡང་རྒྱལ་ཁབ་གཅིག་གི་འོག་ཏུ་གྲྭ་པ་རྣམས་ནས་འོས་ཤོག་གཉིས་བླུག་ཆོག་གི་ཡོད། རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་སུ་ཆོས་ལུགས་ཀྱི་འོས་ཤོག་དང་། སྤྱི་འཐུས་ཀྱི་འོས་ཤོག་གཉིས་ཀ་བླུག་བཞིན་པ་ཡིན། གཟིགས་དང་མཁྱེན་ངེས།
ཁར་གསར་རྡོ་རྗེ་དང་ང་གཉིས་བསམ་ཚུལ་འདྲ་བོ་འདུག་པས།
དབྱངས་བུ་ལགས།
1.ཁྱེད་ཀྱིས་མ་མཐོང་ཕྱིར་ན་མེད་མི་དགོས། འདི་ཡང་རྟོག་གེ་སྨྲ་བའི་སྤྱི་སྐད་ཙམ་མོ།
2.ཆོས་སྡེ་སྤྱི་འཐུས་ཆོས་ཅན། ཆོས་འཐུས་མེད་ན་ལོ་སྔོན་མའི་སྤྱི་འཐུས་གྲོས་ཚོགས་ནང་དུ་ཉོག་གླེང་མི་ཡོང་བ་ཐལ། འདོད་ན། ཆོས་འཐུས་མེད་ན་སྤྱི་འཐུས་བཅུ་བཞིའི་ས་ཡིག་རྒྱག་པའི་གྲོས་ཆོད་གྲོས་འཆར་དེ་སྒྲོལ་མ་མཚོ་མོས་ཁུར་ནས་མི་ཡོང་བ་ཐལ།
ཞེས་ཐལ་བ་འཕེན་ཚེ་ཅི་ཞིག་ལན་འདེབས་བྱེད་ཀྱིན་ཡིན་ནམ།
3.ཆོས་འཐུས་ཆོས་ཅན་། སྤྱི་འཐུས་གྲོས་ཚོགས་ནང་དུ་ཆོས་འཐུས་མེད་ན་ཡང་ལོ་སྔོན་མའི་ཉོག་གླེང་འདི་ཡོང་བ་ཐལ། སྤྱི་འཐུས་བཅུ་བཞི་གྱི་ས་ཡིག་རྒྱག་པའི་གྲོས་ཆོད་གྲོས་འཆར་གྱི་ཡིག་ཆ་སྒྲོལ་མ་མཚོ་མོས་ངེས་པ་དུ་ཁུར་ནས་ཡོང་བའི་ཕྱིར།
ཞེས་གཀོད་ཚེ་དབྱངས་བུ་ལགས་ཁ་བཙམ་ནས་སྡོད་ཀྱིན་ཡིན་ནམ། འོ་ན་རིག་པའི་འགྲོ་ལུགས་མེད་པའི་གྲོང་གསེབ་པའི་སྐད་ཆ་འདྲ་ཅིག་བཤད་རྩིས་ཡོད་དམ།
དེ་རིང་སྤོབས་པ་མཐའ་ཡས་དང་ཁ་སང་ཐུབ་བསྟན་རྒྱལ་མཚན་གཉིས་ལ་སེམས་གཏིང་ནས་རྒྱབ་སྐྱོར་ཡོད་ད་དུང་མུ་མཐུད་ཡོང་བས་རེ་བ་ཡོད།
དྲྭ་གྲོགས་དབྱངས་བུ་ལགས་ཁྱེད་ཀྱིས་ན་ནིང་ཚོགས་དུས་བརྒྱད་པའི་སྐབས་ཆོས་བརྒྱུད་སྤྱི་འཐུས་དེ་ཚོ་ཆོལ་ཁ་གྱི་ཕྱོགས་སུ་ལྷུང་ཡོད་རབས་བཤད་འདུག་པས་ཁྱེད་ཀྱི་སྐད་ཆ་དྲང་པོ་གཏན་ནས་བཤད་མི་འདུག་གང་ཡིན་ཞེ་ན་ཆོས་བརྒྱུད་སྤྱི་འཐུས་ཚོས་བདེན་པའི་རྒྱབ་ལ་ལངས་པ་དེ་ཁྱེད་ཀྱི་མི་གི་སྤྱོད་ཡུལ་དུ་གྱུར་མི་འདུག་དཔེར་ན་མི་དམངས་ཀྱི་ཆེད་དུ་བསྐོས་པའི་སྤྱི་འཐུས་ཤིག་མི་དམངས་ཀྱི་ཆེད་དུ་ཚོགས་བཅར་ཡོང་བ་ལ་ལམ་གྲོན་མི་དགོས་པའི་ཁུངས་སྐྱེལ་སུས་་བྱེད་དེས་ན་དེའི་སྐབས་གྲོས་ཆོད་སྟོན་མཁན་དང་མཚན་རྟགས་འགོད་མཁན་རྣམས་ཀྱི་འདས་པའི་ལོ་རྒྱུས་ཡོད་རབས་མི་དམངས་ལ་བསམ་བློ་གཏང་རབསབཤད་ནའང་དོན་ངོ་མ་ལ་བསོད་ནམས་སྟོབས་རྒྱལ་གྲོས་ཚོགས་འདིའི་ར་བ་ནང་ནས་ཕུད་ཐུབ་ན་ཁོང་ཚོས་འཛུབ་མོ་གར་སྟན་ཤ་ཡིན་པས་རེ་བ་བྱསཔ་་རེད་དེ་མཁྱེན་པར་མཛོད།
སྐུ་ཉིད་ཀྱི་དགོངས་འཆར་ལ་གུས་བརྩི་ཡོད།
འགོ་འཛུགས་ཀྱི་དུམ་བུ་དེ་ཡག་པོ་བྲིས་འདུག བར་དང་མཇུག་སྡོམ་དེ་ཚོ་འཐད་ལྡན་དུ་མ་མཐོང་། ཆོས་རྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་ཚོ། ལྟ་ལོག་དང་གུང་ཁྲན་གྱི་རྒྱུག་ཁྱི། ཡང་ན་མཐོང་རྒྱུ་ཆུང་ཆུང་རེད་མདོག་མདོག་བཤད་པ་དེ་ཚོས། རྩོམ་གྱི་སྙིང་པོ་གཞན་གྱི་ཡིད་ལ་འཇུག་པར་སྐྱོན་མ་གཏོགས་ཕན་ཐོགས་མེད། བཤད་སྟངས་དེ་ཀ་ད་ལྟའི་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོའི་བཤད་སྟངས་རེད།
དངོས་ཡོད་ཀྱི་གནད་འགག་ནི། ཆོས་རྒྱུད་སྤྱི་འཐུས་མེད་པ་བཟོས་ན། བོད་ཀྱི་ཆོས་རྒྱུད་རྣམས་མེད་པར་འགྲོ་ས་རེད་རང་འཇགས་གནས་ས་རེད། ཆོས་ལུགས་རྣམས་འདྲ་མཉམ་ཞི་མཐུན་ཡོང་ས་རེད་མཉམ་མེད་ནང་འཁྲུག་ཡོང་ས་རེད། བོད་ཀྱི་ཆབ་སྲིད་ལ་ཕན་ས་རེད་གནོད་ས་རེད། དེ་དག་བཤད་ཐུབ་ན་ལེགས།
ད་དུང་བོད་ལས་ཀྱང་ཆོས་དད་ཆེ་ཞིང་ཆོས་དར་ཤུགས་ཆེ་བའི་རྒྱ་གར་ནང་དུ་ཆོས་ལུགས་སྤྱི་འཐུས་མེད་ཀྱང་འགྲིག་པ་འདི་ཅི་རེད། འདི་ཚོར་ཡང་བསམས་དགོས།
ངས་ནང་ཆོས་ཀྱིས་བོད་མིའི་སྤྱི་ཚོགས་སུ་ནུས་པ་ངེས་ཅན་ཐོན་དང་འདོན་བཞིན་ཡོད་པར་ངོས་ལེན་བྱེད་བཞིན་ཡོད། འོན་ཀྱང་དེ་དང་ཆོས་ལུགས་ཀྱི་སྤྱི་འཐུས་དབར་འབྲེལ་བ་ཡོད་པ་ཞིག་མཐོང་གི་མེད།
དེ་བཞིན་ཆོས་རྒྱུད་སྤྱི་འཐུས་ཡོད་པ་དེར་དགེ་མཚན་ཡང་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་དེའི་སྐྱོན་ཆ་ཡང་མཐོང་གི་འདུག མ་འོངས་ཕུགས་རྒྱང་རིང་པོར་བསམས་ན། དེ་བས་ཀྱང་ཉེན་ཁར་མཐོང་གི་འདུག
མང་གཙོའི་ལམ་དུ་འགྲོ་བར་འབྱུང་འགྱུར་འདིས་སྐྱོན་ཆེ་ཤོས་བྱེད་ངེས་རེད་ལ། ༸རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་སུ་འདི་ནི་ཁང་པའི་ནང་འབར་རྫས་བཞག་པ་ལྟ་བུ་རེད་སྙམ།
སྲིད་དོན་པ་ཚོས་འདས་པའི་ལོ་ ༥༠ ནང་ཆོས་ལུགས་ཀྱི་སྤྱི་འཐུས་བེད་སྤྱོད་བཏང་ཡོད། མ་འོངས་པར་དེ་བས་ཀྱང་རང་རང་གི་འདོད་པ་སྒྲབ་སྤྱད་དུ་བཀོལ་གྱི་རེད།
རྩོམ་ཡིག་གི་མིང་ཙམ་ལས་ཚིག་གཅིག་ཀྱང་ཀློག་མེད། མ་ཀློག་ན་ག་རེ་བཤད་སྲིད་པ་མ་ཤེས་པ་མི་འདུག འདིར་ཆོས་ལུགས་སྤྱི་འཐུས་དགོས་ན། གྲྭ་བཙུན་ཚོར་ཆོས་འཐུས་ལས་ཆོལ་ཁའི་སྤྱི་འཐུས་ལ་འོས་ཤོག་འཐེན་རྒྱུ་ཐོབ་ཐང་ཡོད་མི་རུང་སྙམ། ཆོས་འཐུས་སུ་འདྲ་འདེམས་མིན་གྲྭ་བཙུན་ཚོས་ཐག་ཆོད། དེ་ནས་ཆོལ་ཁའི་སྤྱི་འཐུས་ལ་གྲྭ་བཙན་ཚོས་ཇུས་གཏོགས་མ་བྱས་ན་ཡོང་གི་འདུག་གམ།
མདོ་དོན་གྲྭ་བཙུན་ལ་ཐོབ་ཐང་གཉིས་དགོས་ཟེར་གྱི་ཡོད་མ་རེད་དམ། ཆོས་འཐུས་དགོས་མིན་མ་གླེང་སྔོན་ལ་མི་སྐྱ་ཚོར་གྲྭ་བཙུན་གྱི་ཐོབ་ཐང་གི་ཕྱེད་ཀ་མ་གཏོགས་མེད་པ་འདི་ག་འདྲ་བྱས་ནས་ཐག་གཅོད་དམ། མི་སྐྱ་ཚོའི་སྡུག་གྱོང་རེད་ཟེར་གྱི་ཡིན་ནམ། ཡང་ན་གྲྭ་བཙུན་ཚོའི་ཁེ་བཟང་དང་བསོད་ནམས་རེད་ཟེར་རྒྱུ་ཡིན་ནམ།
གཙོ་བོ་མི་གཅིག་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་འདི་དང་པོ་ཐག་གཅོད་མི་འདུག་གམ།
རྩོམ་ཡིག་གི་མིང་ཙམ་ལས་ཚིག་གཅིག་ཀྱང་ཀློག་མེད། མ་ཀློག་ན་ག་རེ་བཤད་སྲིད་པ་མ་ཤེས་པ་མི་འདུག འདིར་ཆོས་ལུགས་སྤྱི་འཐུས་དགོས་ན། གྲྭ་བཙུན་ཚོར་ཆོས་འཐུས་ལས་ཆོལ་ཁའི་སྤྱི་འཐུས་ལ་འོས་ཤོག་འཐེན་རྒྱུ་ཐོབ་ཐང་ཡོད་མི་རུང་སྙམ། ཆོས་འཐུས་སུ་འདྲ་འདེམས་མིན་གྲྭ་བཙུན་ཚོས་ཐག་ཆོད། དེ་ནས་ཆོལ་ཁའི་སྤྱི་འཐུས་ལ་གྲྭ་བཙན་ཚོས་ཇུས་གཏོགས་མ་བྱས་ན་ཡོང་གི་འདུག་གམ།
མདོ་དོན་གྲྭ་བཙུན་ལ་ཐོབ་ཐང་གཉིས་དགོས་ཟེར་གྱི་ཡོད་མ་རེད་དམ། ཆོས་འཐུས་དགོས་མིན་མ་གླེང་སྔོན་ལ་མི་སྐྱ་ཚོར་གྲྭ་བཙུན་གྱི་ཐོབ་ཐང་གི་ཕྱེད་ཀ་མ་གཏོགས་མེད་པ་འདི་ག་འདྲ་བྱས་ནས་ཐག་གཅོད་དམ། མི་སྐྱ་ཚོའི་སྡུག་གྱོང་རེད་ཟེར་གྱི་ཡིན་ནམ། ཡང་ན་གྲྭ་བཙུན་ཚོའི་ཁེ་བཟང་དང་བསོད་ནམས་རེད་ཟེར་རྒྱུ་ཡིན་ནམ།
གཙོ་བོ་མི་གཅིག་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་འདི་དང་པོ་ཐག་གཅོད་མི་འདུག་གམ།
མཉམ་མ་བཞག་བར་གོ་བ།
ངས་མཉམ་མ་བཞག་པར་གོ་སྟངས་ལྟར་ན། ཁོང་གིས་འདི་འདྲ་ཞིག་བཤད་ཀྱི་མེད་དམ་སྙམ། བོད་མི་ཕལ་ཆེ་བས་རང་རང་གི་འཕྲོད་བསྟེན་གྱི་ཆེད་དུ་ཉིན་རྟག་པར་བོད་སྨན་ཟ་གི་ཡོད། རིན་ཆེན་གྲང་སྦྱོར་ཆེན་མོ་དང་བཙོ་བཀྲུ་ཟླ་ཤེལ་སོགས་ཟ་གི་ཡོད། དེ་བཞིན་དུ་སྨན་གཅིག སྨན་གཉིས། སྨན་གསུམ་སོགས་ཀྱང་རྒྱུན་འཐུང་རྒྱུན་བཟའ་ཡིན་སྟབས། གྲོས་ཚོགས་སུ་སྨན་པའི་སྐུ་ཚབ་ཀྱང་དགོས་ཀྱི་འདུག་ཅེས་བཤད་པར་གོ་སོང་།
ནང་དོན་རིག་པ་དང་གསོ་བ་རིག་པ་སོགས་བོད་ཀྱི་རིག་གནས་ཆེ་ཆུང་ཚང་མའི་ནང་ཕྱག་ལས་གནང་མཁན་གྱི་སྐུ་ཚབ་སོ་སོ་གྲོས་ཚོགས་ནང་བསླེབ་དགོས་ཀྱི་འདུག་ཟེར་བ་འདྲ་ཞིག་གོ་སོང་།
དད་པ་ཁོ་ནས་བོད་མི་རིགས་སྲུང་སྐྱོབ་བྱས་ཡོད་ཟེར་བ་དེ་ཡང་། རིན་ཆེན་རིལ་བུ་ཁོ་ནས་བོད་པ་ཚོ་སྐྱབས་ཡོད་ཅེས་སྒྲུབ་བྱེད་འགོད་རོགས་ཟེར་གྱི་མེད་འགྲོ། དེ་མ་གཏོགས་རྒྱུ་མཚན་ཆེན་པོ་ཞིག་མཐོང་མ་སོང་།
དབྱངས་བུ་ལགས།
རྩོད་འདོད་ཡོད་ན་་་་རིམ་བཞིན་ཡིན་ད་་་་་་་་་་་་སྤོབས་པ་མཐའ་ཡས་ལགས་ཀྱི་བསམ་ཚུལ་ཀློག་ནས་ལོ་དང་ཟླ་བ་འགྲོ་ཡོད་པར་ལས་དེ་རིང་གཞི་ནས་མཐོང་བ་མིན།
དེ་ལུགས་ཤེས་པ་གྱིས།
ཅོ་རི་ཉི་མ་ལགས། རྩོམ་ཡིག་མ་ཀློག་གོང་ནས་རྩོམ་ཡིག་ལ་རིན་ཐང་འཇོག་པ་དེས་ཁྱེད་ཀྱི་གནས་ཚད་གསལ་སྟོན་བྱེད་ཀྱི་ཡོད་པས། ཐུགས་བསམ་བཞེས་དགོས་སྙམ།
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས་ཀྱིས་རྩོམ་ཡིག་ཅིག་སྦེལ་དགའ་པོ་བྱུང་བ་མ་ཟད་རྒྱུ་མཚན་ཡང་དག་ཅིག་ཡོད་ངེས་སྙམ།
དུས་ཚོད་ཀྱིས་རྐྱེན་པའི་ཞིབ་ཀློག་ཐུབ་མ་སོང་་་་་་་་ཞིབ་ཀློག་ཚར་དུས་སྒྲུབ་བྱེད་ཀྱིན་ཡིན། སྤོབས་པ་ལ་རྟེན་འབྲེལ་ཞུ།
སྤོབས་པ་མཐའ་ཡས་ལགས། རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན་ཀྱང། རྒྱུ་མཚན་
ཡང་དག་ཞིག་མཐོང་མ་སོང། དཔེར་ན། ཆོས་བརྒྱུད་ཀྱི་སྤྱི་འཐུས་དེ་སྔ་མེད་པ་ལ་
བརྟེན་ནས་ཆོས་བརྒྱུད་ཕན་ཚུན་དབར་མི་མཐུན་བྱུང་བས་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་པར་གསལ་འདུག འོ་ན། ལོ་སྔོན་མ་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམས་
ཆོལ་ཁའི་ཁོངས་སུ་བཞུགས་ནས་ན་ནིང་གྲོས་ཚོགས་འཇུག་བསྡོམས་མི་ཐུབ་པའི་བལྟས་མོ་དེ་ཁྱེད་ཀྱི་མཐོང་མ་བྱུང་ངམ། ཡང་ན་མཐོང་ཀྱང་མི་མཐོང་ཁུལ་བྱེད་ཀྱི་ཡོད།
ཆོས་ལུགས་ཀྱི་ལས་དོན་ཆོས་དོན་ལས་ཁུངས་ནས་བྱེད་ན་མ་འགྲིག་ཚུལ་བཤད་ནས་རྒྱུ་མཚན་རྒྱ་ནག་གཞུང་གི་བྱེད་སྟངས་ལུང་འདྲེན་གནང་འདུག ཁྱེད་ཀྱིས་རྒྱ་ནག་གཞུང་གི་ལས་སྟངས་རྒྱུ་མཚན་དུ་བྱས་ནས་རང་གཞུང་གི་ཆོས་དོན་ལས་ཁུངས་ཀྱིས་མི་འབྱོན་ཚུལ་བཤད་ཐུབ་བམ། རྒྱུ་མཚན་ཁུངས་ལྡན་ཡོད་ན་ཤོད་དགོས་པ་ལས།་སྣང་བ་གང་དྲན་བཤད་ན་སྨྱོན་པར་བརྩི་ངེས་སོ།།
ཚར་གཅིག་ཞིབ་ཏུ་བཀླགས་པ་ཡིན།