མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གོ་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


མི་ཚེ་ནི་རྨི་ལམ་ལྟ་བུ་ཞིག་ཡིན་ཟེར་བ་ནི་དངོས་ནས་བློ་བཟང་ལ་མཚོན་ན་ཅི་མ་བདེན་སྙམ་ཞོར་དུ། རང་གིས་སེམས་ནང་དུ་སྔོན་ཆད་གཏན་ནས་དྲན་མྱོང་མེད་པའི་རྨི་ལམ་ལྟ་བུའི་རི་གྲོང་འདིའི་ཞིང་ཁམས་ནས་རྟ་ཕོ་མང་བོ་ཞིག་ལ་སྤྱང་བརྡར་སྤྲད་པ་དང་། ཉིན་མོ་ཁ་ཤས་ཀྱི་རང་དུ་དབྱིན་ཡུལ་ནས་ཕེབས་པའི་གློག་བརྙན་འཁྲབ་སྟོན་པར་སློབ་ཁྲིད་བྱེད་མཁན་ཞིག་གམ་ནས་སློབ་ཁྲིད་ལ་ཉན་པ་དང་། རྒྱ་གར་བ་རླུང་བསྒོམ་སྒྱུ་རྩལ་བ་ཞིག་འགྲམ་ནས་ཞོགས་པ་དུས་རྒྱུན་དུ་ལུས་རྩལ་སྤྱོང་བ། ད་དུང་ས་ཁུལ་དེ་ཡི་མགྲོན་ཁང་ནང་ནས་སྔོན་ཆད་མི་ཤེས་པའི་བོད་པའི་ཕོ་གསར་མོ་གསར་མང་བོ་ཞིག་ཀྱང་རང་བཞིན་གྱིས་ངོ་ཤེས་དེ་འོང་གི་ཡོད་པ་རེད།

བློ་བཟང་ལ་ལ་དྭགས་སུ་འབྱོར་ནས་ཉིན་གྲངས་ཉི་ཤུ་ཙམ་ཞིག་འགྲོ་བཞིན་ཡོད་ལ། གློག་བརྙན་འཁྲབ་སའི་མི་ཡང་མི་ཉུང་བ་ཞིག་གསར་དུ་ངོ་ཤེས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་ཁོ་རང་གི་ཉིན་ཉི་ཤུའི་རིང་དུ་མགྲོན་ཁང་གི་ནང་དུ་ཁང་མིག་གཅིག་གི་ནང་དུ་མི་གཉིས་རེ་བསྡོད་ཀྱི་ཡོད་པ་ལྟར། ཁོ་རང་གི་ཉིན་མ་ཉི་ཤུའི་རིང་གི་བསྡོད་རོགས་ནི་རྡོར་རྗེ་སྐྱབས་ཡིན་པ་རེད། ཁོ་རང་ནི་དངོས་ནས་མི་གཤིས་ཧ་ཅང་བབ་ཆགས་དང་བློ་བཟང་ལ་སེམས་འཁུར་དང་རོགས་རམ། དུས་རྒྱུན་དུ་བློ་བཟང་གི་སེམས་ཁོང་གི་ན་ཟུག་ལ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་ཞིག་ཆགས་ཡོད་པ་རེད།

བློ་བཟང་ཁོ་རང་རྡ་ས་ནས་འདེམ་ཐོན་བྱུང་དུས་སུ། གློག་བརྙན་ནང་གི་འཁྲབ་མཁན་མི་སྣ་གཙོ་བའི་གྲངས་དུ་ཡོད་རབས་བཤད་ཡོད་ཀྱང་། ལ་དྭགས་སུ་སླེབས་ནས་གློག་བརྙན་འཁྲབ་ཁྲིད་འགན་འཛིན་གྱིས་བསམ་བློ་མི་གཞན་ཞིག་གིས་རང་གི་གྲོགས་པོའི་ཆེད་དུ་འགྱུར་བ་སོང་བ་འམ། ཡང་ན། ཁོང་ཚོས་ངོ་ཤེས་གསར་བུ་ཞིག་ཕྱི་རྒྱལ་ནས་གློག་བརྙན་འདིའི་ནང་དུ་འཛུལ་ཞུགས་བྱེད་རྒྱུར་ཐོ་འགོད་བྱས་ཡོད་པ་དེ་ཡི་སྟབས་ཀྱི་གང་ཡིན་མི་ཤེས་ཀྱང་། ཁོ་རང་ནི་གློག་བརྙན་འཁྲབ་ཁྲིད་པས་བོས་དེ། ཁྱེད་རང་ནི་གློག་བརྙན་འདིའི་ནང་གི་ཚབ་མཚོན་མི་སྣ་རེ་ཟུང་ཞིག་གི་འཁྲབ་ཚན་ཁྱེད་རང་ལ་འཁྲབ་རྒྱུ་ཡོད་པ་མ་ཟད། ཁྱེད་རང་གི་གླ་ཆ་ཁོང་ཚོ་དང་གཅིག་པ་ཡིན་ལ། ཁྱེད་རང་གི་བསྡོད་ཡུན་ཡང་ཁོང་ཚོ་དང་གཅིག་མཚུངས་ཡིན།

བློ་བཟང་གིས་འཁྲབ་ཁྲིད་འགན་འཛིན་གྱིས་སྐད་ཆ་དེ་དག་གོ་བ་དང་རང་ཉིད་ནི་རྡ་ས་ནས་འདེམ་ཐོན་བྱུང་བའི་སྐད་ཆ་དེ་དང་འགྱུར་བ་སོང་ཡོད་པ་དེར་ཅུང་བློ་ཕམ་བྱུང་ན་ཡང་། དུས་ཐོག་དེར་རང་གིས་བློ་ཕམ་དེ་ནི་རྒྱལ་ཁའི་ངོ་བོ་རུ་སྒྱུར་ནས། འགྲིག་གི་རེད། ང་རང་ལ་འཁྲབ་ཚན་གང་ཞིག་འཚམ་པོ་ཡོད་ན་དེ་གོ་སྒྲིག་བྱས་པ་ཡིན་ན་འགྲིག་གི་རེད། སྤྱིར་བཏང་བྱས་ན་ང་རང་འཁྲབ་སྟོན་པ་གཙོ་བའི་གྲངས་སུ་འགྲོ་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། དེ་གསལ་བཤད་ཅིག་བྱས་པ་ཡིན་ན་འགྲིག་གི་རེད་དམ།

འཁྲབ་ཁྲིད་འགན་འཛིན་ན་ལེན་གྱིས། དེ་ནི་ཁྱེད་རང་གི་ངོ་གདོང་དཀར་དྲགས་པ་དང་ལོ་ན་ཆུང་བ། ད་རེབས་ཀྱི་གློག་བརྙན་འདིའི་ནང་གི་ལོ་རྒྱུས་ནི་མི་ལོ་ཉིས་བརྒྱའི་གོང་གི་ལོ་རྒྱུས་དང་འབྲེལ་བའི་ཇག་སྒྲུང་ཞིག་ཡིན་དུས། ཁྱེད་རང་གི་གདོང་བ་དེ་ཡང་ཇག་པ་དང་དེ་ཙམ་འཚམ་པོ་མི་འདུག་པ་ང་ཚོ་འཁྲབ་ཁྲིད་པ་ཚང་མས་གྲོས་ཁ་བྱུང་བ་ལྟར་ཐག་གཅོད་བྱས་པ་དང་། ཁྱེད་རང་ས་ཐག་རིང་དེ་འདྲ་ཞིག་ནས་ང་ཚོས་ཁྲིད་ཡོང་བ་ཡིན་དུས། ཁྱེད་རང་ལ་འཁྲབ་ཚན་གཞན་ཞིག་ལ་གོ་སྒྲིག་བྱེད་རྒྱུར་ཡང་ང་ཚོ་མོས་མཐུན་བྱུང་བ་དེ་ཡི་སྐོར་སྔོན་ལ་ཁྱེད་རང་བཤད་པ་ལྟར་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

སྐར་མ ༡༥ སྔོན་ལ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

སྐར་མ ༣༢ སྔོན་ལ།
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

སྐར་མ ༥༧ སྔོན་ལ།
Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

༢༠༢༦/༠༦/༡༥
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese