མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོར་བོད་འདི་སྔར་དང་མི་འདྲ་བ་ཞིག་སྐྱོང་གི་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཟླ་འགའ་ནི་རྒྱ་ནག་གིས་ཚ་ཚ་འུར་འུར་གྱིས་བོད་གསར་པ་འཛུགས་སྐྲུན་གྱི་སྐོར་གླེང་ཞིང་། གང་མགྱོགས་སྒོས་བོད་འདི་སྔར་དང་གཏན་ནས་མི་གཅིག་པའི་འཕེལ་རྒྱས་དང་དེང་རབས་ཅན་ལ་བསྒྱུར་ཏེ། བོད་རིགས་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་གསར་བ་ཞིག་རོལ་དུ་འགྱུར་འཇུག་རྒྱུ་དང་བོད་སྤྱི་ཚོགས་བརྟན་ལྷིང་ངང་གནས་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཟེར།

ཕྱི་ཚེས་ ༡༥ ཉིན་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་པདྨ་འཕྲིན་ལས་ལ་གསར་འགོད་པའི་བཅར་འདྲི་ཞིག་གི་སྐབས་སུ་ཁོས་འདི་ལོ་ནི་ ༼ ལོ་ལྔ་ཚན་བཅུ་གཅིག་པའི་ ༽ འཆར་འགོད་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་པའི་ཐག་གཅོད་ལོ་ཞིག་ཡིན་པས། དམིགས་ཚད་ཁག་ལེགས་སྒྲུབ་བྱེད་པའི་ལས་འགན་ལ་དཀའ་ཚེགས་ཆེ་བ་དང་དོན་སྙིང་འགངས་ཆེན་ལྡན་ཡོད། ༼ ལོ་ལྔ་ཚན་བཅུ་གཅིག་པའི་ ༽ འཆར་འགོད་ལས་འགན་ལེགས་སྒྲུབ་བྱེད་པར་གཞི་ཚུགས་པ་དང་། ༼ ལོ་ལྔ་ཚན་བཅུ་གཉིས་པའི་ ༽ འཕེལ་རྒྱས་འཆར་འགོད་བྱེད་པར་དམིགས་ནས་བདེ་སྡོད་ལས་བརྩོན་ཚད་བརྒལ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་དང་། མ་འཇོག་གི་འཛད་སྤྱོད་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད། སྒྲིག་སྲོལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པའི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཙོ་གནད་དུ་བྱེད་པའི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཅས་གཏོང་གང་ཐུབ་བྱས་ཐོག་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བོའི་བོད་ལྗོངས་བཅས་ཧུར་ཐག་བསྐྲུན་དགོས་ཞེས་བརྗོད་འདུག

ཁོས་ད་དུང་ ༢༠༠༩ ལོར་རང་སྐྱོང་ལྗོངས་ཀྱི་དམངས་གཙོའི་ཐད་མ་དངུལ་གཏོང་ཚད་རྒྱ་སྒོར་དུང་ཕྱུར་ ༡༡༠ ལས་བརྒལ་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་བསྐྲུན་རྒྱུའི་ལས་འགན་ལོ་གཅིག་སྔ་སྣུར་ཐུབ་པ་དང་སྲིད་འཛིན་གྲོང་ཚོ་བརྒྱ་ཆ་ ༨༠ ལ་གཞུང་ལམ་ཤར་གཏོང་ཐུབ་པའི་དམིགས་ཚད་ལོ་གཅིག་སྔ་སྣུར་དུ་མངོན་འགྱུར་བྱུང་ནས་མི་དམངས་མང་ཚོགས་ལ་མིག་མཐོང་ལག་ཟིན་ཐུབ་པའི་དངོས་ཕན་ཐོབ་ཡོད། འདི་ནི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་གྱི་འཆར་འགོད་ལས་འགན་ལོ་གཅིག་སྔ་སྣུར་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་ང་ཚོས་སླར་ཡང་ལོ་གཅིག་འབད་བརྩོན་བྱེད་པ་བརྒྱུད། སྡོད་ཁང་དཀའ་ངལ་ཡོད་པའི་ཞིང་འབྲོག་པ་ཡོངས་ཀྱི་བདེ་སྡོད་གནད་དོན་ཐག་གཅོད་བྱེད་དགོས། དུས་མཚུངས་སུ་ས་ཡོམ་རྒྱག་མང་བའི་ས་ཁུལ་གྱི་ཞིང་འབྲོག་པའི་སྡོད་ཁང་ཐད་ཡོམ་འགོག་བརྟན་གཏོང་དང་གསར་སྐྲུན་བྱས་པའི་སྡོད་ཁང་དུས་མཚུངས་སུ་བརྟན་གཏོང་བྱེད་དགོས། གཏོང་ཆ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་བྱ་བཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཐོག གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་སྐུལ་འདེད་གཏོང་དགོས། ༼ གཞི་རྩའི་ཆ་གཉིས་ ༽ ཀྱི་འགག་སྒྲོལ་ཕན་འབྲས་སུ་བརྟན་དུ་བཏང་ནས་འོས་འགན་སློབ་གསོ་ཁྱབ་བརྡལ་གཏོང་བའི་ཆུ་ཚད་གོང་མཐོར་གཏོང་དགོས། ཞིང་འབྲོག་པའི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྫོང་རིམ་པའི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ཞིང་གྲོང་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་ཞིང་འབྲོག་པའི་སྨན་རིན་མི་དགོས་པའི་སྨན་བཅོས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་དགོས། གྲོང་གསེབ་ཀྱི་སྨན་པ་གསོ་སྦྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས་སྒྲིག་གཞི་ཚང་བའི་གྲོང་ཚོ་རེར་གྲོང་ཚོའི་སྨན་པ་གཉིས་རེ་བཀོད་སྒྲིག་ཐུབ་པའི་བརྩོན་ལེན་བྱེད་དགོས། རྫོང་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་དང་རྫོང་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གྲྭ ཞིང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས། ཞིང་པའི་བདེ་ཁང་བཅས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་རིག་གནས་ཐད་ཀྱི་སྒྲིག་ཆས་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་དགོས། བརྒྱ་ཆ་ ༢༠ ཡི་གྲོང་གསེབ་གསར་བའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་ཚོད་ལྟའི་ལས་འགན་ལེགས་གྲུབ་ཟིན་ནས་ ༢༠༡༠ ལོར་སླེབས་སྐབས་ཁྱོན་ཡོངས་ཀྱི་ཁྱབ་རྒྱ་རྩ་བའི་ཆ་ནས་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་བརྗོད་འདུག

དེ་བཞིན་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། བོད་དུ་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་ལོ་ལྔར་བསྟུད་མར་བཏང་མྱོང་བའི་ཧྲུའུ་ཅི་ཀྲང་ཆིང་ལིས། མྱོང་ཚོར་ཟབ་མོའི་ངང་བོད་དུ་མ་བསླེབ་ན་བོད་ཀྱི་མི་སེར་ཚོ་ཇི་འདྲའི་བབ་ཆགས་པ་དང་གཅེས་སུ་འོས་པ་ཞིག་ཡོད་པ་ཤེས་མི་ཐུབ། ད་ཕན་ལོ་ཤས་རིང་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་དུ་ཤུགས་ཆེན་བསྟར་བ་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚང་མ་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་ཡོད། ཁང་པ་གསར་པར་བསྡད་པའི་མེ་སེར་ཡིན་ཕྱིན་ཚད་ཚང་མས་རང་རྟོགས་ངང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གཅིག་ཉོས་ཏེ་རང་ཁྱིམ་གྱི་ཐོག་ཁར་བཙུགས་ནས་བོད་རིགས་སྤུན་ཟླ་ཚོས་ཏང་དང་ང་ཚོའི་སྐྱེས་མ་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་དམིགས་བསལ་གྱི་བརྩེ་སེམས་ཟབ་མོ་དེ་མཚོན་པར་བྱེད་པའི་གནས་ཚུལ་འདི་འདྲའི་ཐོག་ནས་ང་ཚོའི་ཏང་གི་མི་རིགས་སྲིད་ཇུས་ནི་འཛམ་གླིང་ཐོག་ཡག་ཤོས་ཡིན་ལ་ལེགས་གྲུབ་བྱུང་ཆེ་ཤོས་ཡིན་པ་མཐོང་ཐུབ་ཅེས་གསུངས་པ་རེད། ཁོས་ད་དུང་བོད་ཀྱི་རང་བྱུང་ཆ་རྐྱེན་ཞན་པ་དང་འཕེལ་རྒྱས་འགྲོ་ཕྱི་རུང་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་སྟོང་ལས་ལྷག་པ་བྱུང་བ་དང་འཕེལ་རྒྱས་དང་འགྱུར་ལྡོག་མགྱོགས་པོ་འདི་འདྲ་བྱུང་བ་ནི་ང་ཚོས་སྲིད་ཇུས་མི་སེམས་ལ་གཏིང་ཟབ་ཟུག་པའི་དབང་གིས་ཡིན་པའི་ནང་གལ་ཆེ་ཤོས་ནི་ཏང་གི་མི་རིགས་སྲིད་ཇུས་བཟང་པོ་དེ་རེད་ཅེས་བརྗོད་འདུག
གསར་འགྱུར་དེའི་ནང་མུ་མཐུད་བཀོད་དོན། ༢༠༠༩ ལོར་བོད་དུ་ཡུལ་སྐོར་དུ་ཡོང་མཁན་མི་ཁྲི་ ༥༦༡ ཟིན་ནས་ལོ་རྒྱུས་ཐོག་གི་མི་གྲངས་མང་ཤོས་བཏོད་ཡོད། མི་མང་བོ་སླེབས་པའི་ཐོག་ནས་དར་རྒྱས་ཆེན་པོ་མཚོན་ཐུབ་པ་དང་། དེའི་ཐོག་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་། སྤྱི་ཚོགས་བརྟན་ལྷིང་བྱུང་བ། མི་དམངས་ལ་བདེ་འཇགས་ཀྱི་ཚོར་བ་དེ་བས་བྱུང་བ། འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་པ། ༼ ཟ་སྡོད་སྐྱོད་གསུམ་དང་ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད། ༽ བཅས་རྒྱུ་རྐྱེན་ཆེན་པོ་དྲུག་ཚང་མ་འཛོམས་པའི་གསལ་བཤད་བྱུང་བ་དེ་ནི་བོད་ཀྱི་ཕྱོགས་བསྡུས་དར་རྒྱས་རྣམ་པའི་བསྡུར་གྲངས་མཚོན་པ་ཞིག་རང་རེད། དེ་ལས་གལ་ཆེ་བ་ནི་ཡུལ་སྐོར་ལས་རིགས་མྱུར་དུ་གོང་འཕེལ་སོང་བའི་དབང་གིས་ཞིང་འབྲོག་མང་ཚོགས་སྔར་བས་ལས་མང་བ་ཞིག་གིས་ཡུལ་སྐོར་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་རྒྱུ་ནོར་འཕེལ་ཐུབ་པ་བྱུང་ཡོད་ཅེས་བརྗོད་འདུག

ཀྲང་ཆིས་ལིས་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་མི་དམངས་ལ་ཐུགས་ཁུར་ཆེན་པོ་གནང་སྟེ་ད་ལོའི་ལོ་མགོར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ་རེད། ད་རེབ་ཀྱི་ཚོགས་འདུ་ནི་གལ་འགངས་ཤིན་ཏུ་ཆེ་བས་བོད་འཕེལ་རྒྱས་དང་ཡར་རྒྱས་འགྲོ་བའི་འཕེལ་རིམ་ནང་གལ་ཆེའི་ལོ་རྒྱུས་རང་བཞིན་ནུས་པ་ཐོན་ངེས་ཡིན་པ་དང་། དེ་ནི་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་གལ་ཆེའི་ལམ་ཚད་རྡོ་རིང་གཞན་ཞིག་རེད། དེང་སྐབས་བོད་འདི་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པར་གནས་པ་དང་ཐོབ་པར་དཀའ་བའི་རྩ་ཆེའི་གོ་སྐབས་འཕྲད་ཡོད་པས་ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་གོ་སྐབས་ལ་བརྩིས་ཏེ། རྩ་ཆེའི་གོ་སྐབས་དམ་པོར་བཟུང་ནས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་འགན་ལེན་བྱེད་པ། དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་མགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་བཅས་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་གི་དོན་ཆེན་གཉིས་པོ་དེ་དམ་བཟུང་གིས་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུ་འགན་ལེན་ཏན་ཏིག་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ཏན་ཏིག མི་རིགས་ཁག་གི་མི་དམངས་ཚོའི་དངོས་པོ་དང་རིག་གནས་འཚོ་བ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུ་འགན་ལེན་ཏན་ཏིག སྣོད་བཅུད་ཁོར་ཡུག་བཟང་པོ་ཡོང་རྒྱུ་འགན་ལེན་ཏན་ཏིག་བཅས་བྱས་ཏེ་གཙོ་གནད་དུ་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལེགས་ཆེ་དང་ཁྱད་ཆོས་ལྡན་པའི་ཐོན་ལས་སྐྱེད་སྲིང་། དམངས་འཚོ་ལེགས་བཅོས། སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ། ཏང་འཛུགས་སྐྱོང་སོགས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱས་ཏེ་ལྗོངས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༧ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 5

  1. ལུང་རྟོགས། says:
    ལོ་ 16 སྔོན།

    སྐད་ཆ་བསྙན་མོ་ཙམ་ལས། དོན་ལ་རྒྱ་ནག་གཞུང་གིས་དངུལ་ག་ཚོད་གཏོང་རུང་རྒྱ་གཞུང་གི་མགོ་ཁྲིད་ཚོའི་ལག་ཏུ་འགྲོ་རྒྱུ་ལས་གཤམ་གྱི་མི་མང་ཚོར་ཕན་ཐོག་མེད་པ་ངས་ཉམ་མྱོང་གི་ཐོག་ནས་བཤད་ཐུབ།

    Reply
  2. མིའུ་ཕྲུག says:
    ལོ་ 16 སྔོན།

    ཁོ་ཚོ་ངོ་མ་བདེན་པ་རེད། ད་ལོ་ན་ནིང་བོད་འདི་གཞན་མི་འདྲ་བའི་དྲག་གནོན་དང་གདུག་རྩུབ་ཀྱིས་སྐྱོང་གིན་འདུག།

    Reply
  3. མིའུ་ཕྲུག says:
    ལོ་ 16 སྔོན།

    ཁོ་ཚོ་ངོ་མ་བདེན་པ་རེད། ད་ལོ་ན་ནིང་བོད་འདི་གཞན་མི་འདྲ་བའི་དྲག་གནོན་དང་གདུག་རྩུབ་ཀྱིས་སྐྱོང་གིན་འདུག།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཡང་ཁ་སྙན་མོ་ཞིག་བཤད་ཀྱིན་འདུག་ག་་་་ཁོ་ཚོའི་བཟོ་གྲྭ་དང་མི་རིགས་དང་ཡང་ཁོ་ཚོ་ངོ་དགའ་བྱེད་མཁན་སོགས་ཡར་རྒྱས་གཏོང་རྒྱུ་ལས་བོད་པ་དངོས་གནས་པ་ཞིག་གི་ལག་ཏུ་འབབ་རྒྱུ་ཁག་པོ་རེད་་་་་དེ་ལས་ཅི་ཡང་མེད་ན་ཡག་ཤོས་རེད་ཡ

    Reply
  5. karma dorje says:
    ལོ་ 16 སྔོན།

    ད་རེས་ལ་དརེབ་འབྲི་རྒྱུ་དེ་ཡང་ཏང་གི་བཙན་འཛུལ་ཡིན་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese