མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མའི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཞོན་ཧྭ་བོད་ཡིག་སློབ་འབྲིང་གི་སློབ་མ་ཁག་ཅིག་གིས་འདས་སོང་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གྱི་མཆོད་མེ་སྒྲོན་ཏེ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་འདུག

དེ་རིང་ཞོགས་པར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་བསམ་བློ་ཁང་ཚན་གྱི་གྲྭ་བཟོད་པ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོ་བོད་མིའི་ཞི་བའི་སྒེར་ལངས་ཀྱི་དུས་དྲན་ཐེངས་ ༥༡ པའི་ཡར་སྔོན་སྟེ། ཕྱི་ཚེས་ ༩ ཉིན་མཚོ་སྔོན་ཞིང་ཆེན་ཞོན་ཧྭ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ ༡༠༠ ལྷག་བིས་མདོ་དགོན་ཆེན་དུ་ཕྱིན་ཏེ། དགོན་པའི་གཉེར་བར་ཁོང་ཚོར་མཆོད་སྐོང་ཆིག་སྟོང་གཡར་དགོས་པའི་རེ་སྐུལ་ཞུས་ཡོད་འདུག་ལ། དགོན་པའི་གཉེར་བས་མཆོད་མེས་ཅི་བྱ་ཡི་གནས་ཚུལ་དྲིས་ཏེ་མཐའ་མཇུག་དོགས་ཟོན་འོག་སློབ་མ་ཚོར་གཡར་མི་འདུག་ཟེར། རྗེས་སུ་སློབ་མ་ཚོས་བིས་མདོ་དགོན་པའི་ཉེ་འགྲམ་གྱི་ལྷ་སྡེ་སྡེ་བ་དང་འདབས་མ་སྡེ་བ་བཅས་སྡེ་བ་ཁག་ཅིག་གི་ནང་ཕྱིན་ཏེ་མཆོད་སྐོང་ཆིག་སྟོང་ལྷག་གཡར་རྗེས་བིས་མདོ་དགོན་པའི་ཉེ་འདབས་ཀྱི་མཆོད་རྟེན་ཆེན་མོའི་གམ་དུ་མཆོད་མེ་སྒྲོན་ཡོད་འདུག  རྗེས་སུ་སློབ་མ་ཚོས་དགོན་པའི་གྲྭ་བ་ཁག་ཅིག་ལ་ལས་འགུལ་སྤེལ་དོན་ཐད་བརྗོད་དོན་ལྟར་ན། ཁོང་ཚོས་ཐེངས་འདིའི་ལས་འགུལ་དེ་ནི་རྒྱ་གཞུང་གིས། ༢༠༠༨ ལོར་བོད་ཆོལ་གསུམ་ཁྱོན་ཡོངས་སུ་ཞི་བའི་ངོ་རྒོལ་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་དམར་གསོད་བཏང་ཡོད་སྟབས། ང་ཚོས་ཁོང་རྣམ་ལ་རྗེས་དྲན་དང་མྱ་ངན་གུས་འདུད་མཚོན་ཆེད་ལས་འགུལ་འདི་སྤེལ་བ་ཡིན་ཚུལ་བརྗོད་ཡོད་འདུག   ཕྱིས་སུ་ཞོན་ཧྭ་རྫོང་དང་བིས་མདོ་ཞང་གི་ས་གནས་ཉེན་རྟོག་མི་སྣས་ཤེས་རྟོགས་བྱུང་སྟེ། ད་ལྟའི་ཆར་སློབ་མ་ཚོར་ཐེངས་འདིའི་ལས་འགུལ་གྱི་སྣེ་འཁྲིད་པ་སུ་ཡིན་དང་ལས་འགུལ་སྤེལ་དོན་གྱི་དམིགས་ཡུལ་བཅས་ཀྱི་ཐད་སློབ་མ་རེ་རེ་བཞིན་འདྲི་བརྩད་བྱེད་ཀྱིན་ཡོད་སྐོར་བརྗོད་བྱུང་ལ། འཛིན་བཟུང་གི་གནས་ཚུལ་གསལ་ཁ་མེད་ནའང་། སློབ་མ་དེ་དག་དམ་དྲག་དང་འདྲི་བརྩད་ཁྲོད་ལྷག་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་བྱུང་།

ཞོན་ཧྭ་བོད་ཡིག་སློབ་འབྲིང་ནི། ཕྱི་ལོ་ ༡༩༨༥ ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཞོན་ཧྭ་རྫོང་དང་སྤྱི་ལེ་ ༡༩ མཚམས་ཀྱི་བིས་མདོ་ཞང་ཐོག་ཏུ་གསར་འཛུགས་གནང་ཡོད་འདུག་ལ། ད་ལྟའི་ཆར་རྡོ་སྤིས་དང་བིས་མདོ། ཀ་རིང་། རྐང་ཚ་བཅས་ཞོན་ཧྭ་ཡུལ་གྱི་བོད་རིགས་ཞང་བཞིའི་སློབ་མ་གཙོས་པའི་མཚོན་སྔོན་གྱི་ས་ཁུལ་གཞན་ནས་ཕེབས་པའི་སློབ་མ་བསྡོམས་༧༡༨ དང་། དགེ་རྒན་ ༧༨ ལྷག་ཡོད་པ་དང་། ད་ལྟའི་བར་བོད་ཡིག་གཙོས་པའི་སྐད་གཉིས་སློབ་སྦྱོང་གི་བསྟི་གནས་ཤིག་ཆགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

སྐར་མ ༤༨ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 8

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཁྱོད་རྣམ་པའི་ལ་རྒྱ་ལ་བསྟོད་དོ།

    Reply
  2. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    གཞི་ལུས་དཔའ་བོའི་སྙིང་སྟོབས་ཇེ་ཆེར་རེད། གཞི་བྱེས་སྡེར་མའི་སྙིང་རྩ་ཇེ་འདར་རེད།

    Reply
  3. ལི་ཐང་ངག་དབང་དབྱིག་གཉེན། says:
    ལོ་ 16 སྔོན།

    བློ་གྲོས་རྒྱལ་འདི་ངོ་རྒྱུ་མི་འདུག་

    Reply
  4. ཕུན་ཚོགས ། says:
    ལོ་ 16 སྔོན།

    རྒྱ་ནག་གི་ཞིན་ཧ་དྲ་ཚིགས་སུ་བཀོད་དོན། དེ་རིང་སྔ་དྲོ་པེ་ཅིན་ཆུ་ཚོད་༡༠ དང་སྐར་ཆ༦སྟེང་བོད་ཀྱི་ནག་ཆུ་ས་ཁུལ་གཉན་རོང་རྫོང་དུ་ཚད་རིམ་༥༧ ཅན་གྱི་ས་ཡོམ་ཞིག་བྱུང་ཡོད་པ་དང༌། ས་ཡོམ་ཀྱི་ཁྱབ་ཚད་ནི་མིའི༨༠༠༠ཡིན་འདུག ས་ཡོམ་ཁྲོད་མི་ཕྱུགས་ལ་གོད་ཆག་བྱུང་བའི་གནས་ཚུལ་བྱུང་མི་འདུག་ཅེས་བཀོད་འདུག

    Reply
  5. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    新华网北京3月23日电 国务院新闻办公室网络局负责人今天凌晨就谷歌公司宣布停止按照中国法律规定的对有害信息过滤,将搜索服务由中国内地转至香港发表谈话。

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    བོད་རྒྱལ་གྱུར་ཅིག
    བོད་རྒྱལ་གྱུར་ཅིག
    བོད་རྒྱལ་གྱུར་ཅིག
    བོད་རྒྱལ་གྱུར་ཅིག

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཞོན་ཧྭ་རུ་པཎ་ཆེན་རིན་པོ་ཆེའི་ཆེད་དུ་བཙུགས་པའི་བོད་ཡིག་སློབ་འབྲིང་གཅིག་པུ་དང་ཐོག་མ་དེ་ཡིན་པས་ན། ཞི་བའི་ངོ་རྒོལ་དེ་དགོས་ངེས་ཅན་ཞིག་ལོས་ཡིན། ཞོན་ཧྭ་སློབ་འབྲིང་གི་སློམ་བ་ཚོ་རྒྱལ་གྱུར་ཅིག

    Reply
  8. ཨརྱ། says:
    ལོ་ 16 སྔོན།

    ད་ལོའི་ཞུ་རྒོལ་གྱི་མེ་དཔུང་སློབ་མའི་ཁྲོད་ནས་ལངས་ཡོང་གིན་འདུག འདི་ནི་བོད་མི་རིགས་ཀྱི་ཐབས་རྩོད་རྒྱུན་རིང་དུ་གནས་པའི་རྟགས་རེད། ང་ཚོས་ཀྱང་འདི་དག་ལ་གདུང་སེམས་མཉམ་སྐྱེད་ཟེར་བ་ཙམ་མིན་པར་གསར་འགྱུར་དུས་ཐོག་ཏུ་སྒྲོགས་རྒྱུ་དང་། དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་སེམས་ཤུགས་གོང་སྤེལ་གཏོང་རྒྱུ་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese