མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་ནང་གློ་ནད་ཅན་མི་ཆིག་སྟོང་ཙམ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གློ་ནད་ཀྱི་ཉིན་མོ་དང་སྟབས་བསྟུན་བོད་གཞུང་བདེ་ལེགས་སྨན་ཁང་གིས་གློ་ནད་སྡེ་ཁག་གི་ནད་པའི་ཉལ་ཁང་བསྐྱར་བཟོ་ལེགས་འགྲུབ་བྱུང་བ་དབུ་འབྱེད་དང་། སྔར་བས་ཀྱང་མཐུན་རྐྱེན་བཟང་དུ་བཏང་སྟེ་ནད་པ་རྣམས་གུ་ཡངས་པོ་དང་ནད་གསོ་བཟང་བོ་འཐོབ་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་ཟེར།

ཕྱི་ཚེས་ ༢༤ ཉིན་ཏེའཛམ་གླིང་གློ་ནད་ཉིན་མོར་བོད་གཞུང་བདེ་ལེགས་སྨན་ཁང་གིས་ཉིན་མོ་དེ་སྲུང་གཙི་བྱས་ཡོད་ཅིང་། ཉིན་དེར་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གིས་བདེ་ལེགས་སྨན་ཁང་གི་གློ་ནད་ཚན་ཁག་གི་ནད་པའི་ཉལ་ཁང་བསྐྱར་གསོ་ལེགས་འགྲུབ་བྱུང་བར་དབུ་འབྱེད་གནང་ཡོད། ཁོང་གིས་གློ་ནད་ཀྱི་ནད་གཞིའི་ཐོག་བོད་མིའི་སྤྱི་ཚོགས་ནང་དུས་ཡུན་རིང་བོའི་ནང་དཀའ་ཉོག་ཆེན་པོ་ཆགས་བསྡད་ཀྱིན་ཡོད། དཔེར་ན་ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་སྨད་དང་བདུན་ཅུའི་སྟོད་ཙམ་ལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་ཉི་ཤུ་ནས་སུམ་ཅུ་ལྷག་ལ་གློ་ནད་ཕོག་ཡོད་པ་རེད། ཡིན་ནའང་། ད་ལྟའི་ཆར་བདེ་ལེགས་སྨན་ཁང་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཡོད་པའི་སྨན་ཁང་ཁག་གིས་ནུས་པ་འདོན་ཤུགས་སྔར་བས་ཆེ་རུ་བཏང་བ་བརྒྱུད། ད་ལྟའི་ཆར་ནད་གཞི་འདི་སྔོན་འགོག་གི་ནུས་པ་ཧ་ཅང་ཆེན་པོར་སླེབས་ཡོད་ལ། དེང་སྐབས་བཙན་བྱོལ་ནང་གློ་ནད་ཅན་མི་ཆིག་སྟོང་མན་ལས་མེད་ཅེས་གསུངས་ཡོད། 

དེ་བཞིན་བདེ་ལེགས་སྨན་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ང་ཚོས་ ༡༩༨༠ ལོ་སྟོད་ཙམ་ནས་གློ་ནད་ཐོག་ལས་གཞི་ཞིག་བརྩམས་པ་དང་། སྐབས་དེ་དུས་དང་བསྡུར་ན་ཁ་སང་དེ་རིང་གློ་ནད་ཕོག་པའི་ནད་པ་ཧ་ཅང་ཉུང་དུ་ཕྱིན་ཡོད། ཡིན་ནའང་། ད་དུང་ཡང་སྤྱི་ཚོགས་འཕྲོད་བསྟེན་གྱི་དཀའ་ངལ་ཆེ་ཤོས་ཤིག་དང་སྤྱི་ཚོགས་ནང་ནད་ཚ་འདིའི་རིགས་མཚམས་མ་ཆད་པར་འབྱུང་བཞིན་པ་རེད། བདེ་ལེགས་སྨན་ཁང་གི་ངོས་ནས་འདིའི་ཆེད་དུ་གློ་ནད་སྔོན་འགོག་ཆེད་ནུས་ཤུགས་གང་ཡོད་འདོན་གྱིན་པ་དང་། དེ་སྔོན་གློ་ནད་ཚན་ཁག་གི་ཉལ་ཁང་ནང་ཆ་རྐྱེན་དེ་ཙམ་བཟང་རྒྱུ་མེད་སྟབས་ད་ལྟ་ང་ཚོས་ཆ་རྐྱེན་བཟང་དུ་བཏང་སྟེ། ཉལ་ཁང་ལ་བཟོ་བཅོས་བརྒྱབ་པ་དང་ཁྲུས་ཁང་གསང་སྤྱོད་རང་འགྲིགས་སུ་ཡོད་པ། ཆུ་ཚ་བོ་ཡོད་པ་སོགས་འཛིན་སྐྱོང་གི་དཔལ་འབྱོར་ཡག་ཏུ་སོང་བ་དང་བསྟུན་ནས་ནད་པ་ཚོར་ཡང་། འདུག་ས་བཟང་བོ་དང་མཐུན་རྐྱེན་འཛོམས་པོ། གུ་ཡངས་པོ་ཡོང་བའི་མཐུན་རྐྱེན་བསྐྲུན་ཡོད་ཅེས་གསུངས།
དེ་བཞིན་དེ་རིང་ནི་འཛམ་གླིང་གི་གློད་ནད་ཉིན་མོ་རེད། ང་ཚོས་ཉིན་མོ་འདི་སྲུང་གཙི་ཞུ་ཕྱོགས་ཐད་འདིར་ཉལ་ཁང་དབུ་འབྱེད་དང་མེག་གྷན་དུ་རིན་མེད་ཐོག་གློ་ནད་བརྟག་དཔྱད་བྱས་པ་མ་ཟད། ཁྲོམ་ལམ་ཐོག་མི་མང་ལ་གོ་རྟོགས་སྤེལ་ཆེད་ཡིག་ཆ་འགྲེམ། དོ་དགོང་ངྷ་སྟེང་བོད་ཁྱིམ་དུ་སློབ་ཕྲུག་རྒན་པ་དང་དགེ་རྒན་ཚོར་གཏམ་བཤད་བྱེད་རྒྱུ་བཅས་ཡིན་གསུངས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་དཔོན་པོ་གཉིས་ལ་ཞིབ་བཤེར་དང་ཕྱིར་ཕུད།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ། 

ཆུ་ཚོད་ ༤ སྔོན་ལ།
བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

༢༠༢༥/༡༠/༢༡
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༥/༡༠/༢༡
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨

མཆན། 6

  1. གྱི་ན་པ། says:
    ལོ་ 16 སྔོན།

    བོད་མི་རིགས་ཆགས་འཇིགས་སྐབས་འདི་འདྲ་ཞིག་ལ་ད་དུང་རྐྱེན་ངན་འདི་ཞིག་ཡོངས་དགོས་དོན་གང་ཡིན་ནམ། དཀོན་མཆོག་མཁྱེན། ལས་མ་དག་པ་རང་རེད། བོད་རིགས་སྤུན་ཟླ་རྣམས་པ་ཚོ། ཚོགས་བསགས་སྒྲུབ་སྦྱང་ལ་འབེད་པར་མཚལ།

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བཙན་གཤོལ་བོད་མིའི་སྤྱི་ཚོགས་ནང་ལ་འདི་འདྲའི་མི་་མང་པོ་ཞིག་ལ་གློ་ནད་དང་སྙིང་ནད་ཀྱི་ཟིན་པའི་རྒྱུ་སྐྱེན་ནི་ཁོང་ཚོའི་ཕ་ཡུལ་ཤོར་ནས་རྒྱ་གར་ཡུལ་ལ་འཁྱམས་སྐབས། རྒྱ་གར་པ་རྣམས་ཀྱིས་བརྙས་བཅོས་དང་འཕྱ་སྨོད་འོག་སེམས་སྡུག་རྣ་ཚོགས་མྱང་བའི་སྐྱེན་གྱིས་ཡིན་རྒྱུ་རེད། སྙིང་རྗེ།

    Reply
  3. karma dorje says:
    ལོ་ 16 སྔོན།

    སངས་རྒྱས་སྨན་ཀྱི་ལྷ་ལ་ཕྱག་འཚལ་ལོ།

    Reply
  4. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    གློ་ནད་ནི་ཕྱི་གླིང་སོགས་མི་རིགས་མང་དག་ཅིག་གིས་ནད་འདི་འགོས་ནད་དུ་རྩི།
    འོན་ཀྱང་བོད་མི་རྣམས་ཀྱིས་དེ་ལ་དོགས་གཟོམ་གང་ཡང་མི་བྱེད་པར་གློ་ནད་ཅན་དང་འབྲེལ་རྐྱང་བྱེད་ཀྱི་ཡོད་ལ།
    ད་དུང་བཟང་ཡར་འགྲན་མེད་པར་
    ངན་ཐུར་འཇུག་ཟེར་བ་ནི་ལོས་བདེན་སྟེ་་་
    བོད་ནང་གི་བོད་མི་ཁག་ཅིག་གིས
    རྒྱ་ནག་གི་གློག་བརྙན་མང་པོ་བལྟས་ནས་
    དེ་དག་ཐ་མག་སྤྱོད་སྟངས་ཡ་མཚན་ཅན་དུ་ངོས་ཞུ་ཞིང་
    དེ་དག་གི་རྗེས་འབྲང་བཞིན་ཡོད་པ་མང་པོ་མཐོང་མྱོང་་་
    འཕྲོད་རྟེན་ཅན་ཡོད་ན་བགྲོ་གླིང་ཕེབས་དགོས་ཚོད་རེད་
    དགོང་དྲོ་བདེ་ལེགས་ཡོད་

    Reply
  5. རྒྱ་མིའི་སོ་བ། says:
    ལོ་ 16 སྔོན།

    གློ་ནད་འདིས་ང་ཚོ་བོད་པ་སྐྱབས་བཅོལ་བ་ལྷག་པར་ན་མྱོང་ཡོད། ང་ཡང་སྔོན་མ་གློ་ནད་ཀྱིས་ན་མྱོང་ལ་མྱངས་མྱོང་། བདེ་ལེགས་སྨན་ཁང་གི་ལས་བྱེད་ལྷན་རྒྱས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    མི་བཟང་གི་ཡ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese