མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨང་གསུམ་པ་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

ནོར་ཝེ་རུ་སློབ་སྦྱོང་གནང་བཞིན་པའི་བོད་རིགས་སློབ་མ་དཔལ་ལྡན་རྒྱལ་ལ་རྒྱལ་སྤྱིའི་སྙན་ངག་འགྲན་བསྡུར་ཞིག་གི་སྐབས་སུ་ཨང་གསུམ་པའི་བྱ་དགའ་ཐོབ་འདུག

ཨེ་ཊ་ལིའི་གྲོང་ཁྱེར་ཌོས་ཡ་ནོའི་ Duino ནང་ཐེངས་དྲུག་པའི་རྒྱལ་སྤྱིའི་སྙན་ངག་འགྲན་བསྡུར་ཞིག་སྐོང་འཚོགས་བྱས་པའི་ནང་། ནོར་ཝེ་འཛམ་གླིང་མཉམ་འབྲེལ་མཐོ་སློབ་ཁང་དུ་རྒྱལ་སྤྱིའི་མཐོ་སློབ་ International Baccalaureate programme ཐོག་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་མ་དཔལ་ལྡན་རྒྱལ་གྱིས་ཨང་གསུམ་པ་བླངས་འདུག ཁོའི་སྙན་ངག་གི་ཁ་བྱང་ལ་རང་བཙན་ཞེས་བཏགས་ཡོད་པ་དང་རྒྱལ་ཁབ་མི་འདྲ་བ་ ༩༠ ལྷག་གི་འགྲན་ཞུགས་པ་ ༡༠༠༠ ཙམ་གྱི་ཁྲོད་ནས་འདེམས་ཐོན་བྱུང་ཡོད་འདུག འགྲན་བསྡུར་དེའི་ཁྲོད་ཨང་དང་པོའི་བྱ་དགའ་ཁེ་མ་རོན་རྒྱལ་ཁབ་ཀྱི་སློབ་ཕྲུག་ཅིག་གིས་བླངས་པ་དང་ཨང་གཉིས་པ་ཨེ་ཊ་ལིའི་རྒྱལ་ཁབ་ཀྱི་སློབ་ཕྲུག་ཅིག་གིས་བླངས་ཡོད་འདུག

སྙན་ངག་འགྲན་བསྡུར་འདི་ཕྱི་ཚེས་ ༡༩ ནས་ ༢༡ བར་ཨེ་ཊ་ལིའི་གྲོང་ཁྱེར་ཌོས་ཡ་ནོའི་ Duino ནང་དུ་སྐོང་འཚོགས་བྱས་ཡོད་པ་དང་། རྒྱལ་ཁབ་མི་འདྲ་བ་ ༡༥ ཙམ་གྱི་སྐུ་མགྲོན་ཁག་ཅིག་མཉམ་ཞུགས་བྱས་ཡོད་འདུག འགྲན་བསྡུར་སྐབས་ཀྱི་སྙན་ངག་བཟང་ཤོས་དང་སྙན་ངག་འགྲེལ་བཤད་ The best poems and the poetry sessions སོགས་འདི་ལོའི་ཕྱི་ཟླ་དགུ་བའི་ནང་དེབ་དང་ DVD འོད་སྡེར་དུ་ཕྱོགས་སྒྲིག་བྱ་རྒྱུ་ཡིན་འདུག་ལ། སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐབས་སུ་ཐེངས་འདིར་བྱ་དགའ་ཐོབ་མཁན་རྣམས་ཀྱང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

སྙན་ངག་དང་གདུང་སེམས་མཉམ་སྐྱེད་ཅེས་པའི་ཚོགས་པ་འདིའི་ཚོགས་གཙོ་ Gabriella Valera Gruber ལགས་ཀྱིས་སྙན་ངག་འགྲན་བསྡུར་འདི་ནི་འཛམ་གླིང་གི་ན་གཞོན་རྣམས་ལ་ཧ་ཅང་གིས་གལ་ཆེན་ཆགས་ཡོད་ཅིང་། ང་ཚོར་རྒྱལ་ཁབ་མི་འདྲ་བ་ ༩༠ ལྷག་ནས་སྙན་ངག་འབྱོར་བ་དང་སྙན་ངག་གི་འགྲེལ་བཤད་རང་རང་གི་མི་རིགས་ཀྱི་སྐད་ཡིག་ནང་བརྒྱབ་ཡོད། དཔལ་ལྡན་རྒྱལ་གྱི་སྙན་ངག་དེ་སྙན་ངག་ཆིག་སྟོང་ལས་བདམས་ཐོན་བྱུང་བ་རེད་ཅེས་གསུངས་ཡོད། 

སྙན་ངག་དང་གདུང་སེམས་མཉམ་སྐྱེད་ཅེས་པ་ནི་ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༦ ཚེས་ ༥ ཉིན་དབུ་བརྙེས་པ་དང་། ལོ་ལྟར་རྒྱལ་སྤྱིའི་སྙན་ངག་འགྲན་ཚོགས་ཤིག་ལ་སྲུང་གཙི་བྱས་ཏེ་རྒྱལ་ཁབ་མི་འདྲ་བ་ཁག་གི་གསར་སྐྱེས་སྙན་ངག་པ་དག་འདེམས་སྒྲུག་བྱེད་ཀྱིན་ཡོད་འདུག

དཔལ་ལྡན་རྒྱལ་བོད་ནས་སྐྱེས་ཤིང་བཙན་བྱོལ་དུ་འབྱོར་རྗེས་ངྷ་ས་བོད་ཕྲུག་ཁྱིམ་སྡེར་སློབ་གཉེར་གནང་བ་དང་། འཛིན་གྲྭ་བཅུ་བ་ཐོན་རྗེས་ནོར་ཝེའི་ནང་ཡོད་པའི་ Red Cross  Nordic United World College ཞེས་པའི་ནང་རྒྱལ་སྤྱིའི་མཐོ་སློབ་ཐོག་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་ཐོབ་སྟེ། ནོར་ཝེར་བསྐྱོད་དེ་སློབ་སྦྱོང་གནང་བཞིན་པ་དང་། སློབ་གྲྭ་དེ་ནི་ནོར་ཝེ་གཞུང་དང་སི་ཝེ་ཌན། ཌེན་མག ཧྥིན་ལན་ཌི། ཨེ་སི་ལན་ཌི་བཅས་ཀྱིས་ཐུན་མོང་ཐོག་རོགས་སྐྱོར་འཛིན་སྐྱོང་བྱེད་ཀྱིན་པའི་མཐོ་སློབ་ཁང་ཞིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༩ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 22

  1. སྐྱེས་སར་ཀླུ་སྒྲུབ། says:
    ལོ་ 16 སྔོན།

    སྙན་ངག་པ་དཔལ་ལྡན་རྒྱལ་ལགས།

    སྤྲོ་སེམས་རབ་ཏུ་ཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུ་ཞུ།

    Reply
  2. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    དཔལ་ལྡན་རྒྱལ་ལ་རྒྱལ་སྤྱིའི་སྙན་ངག་འགྲན་བསྡུར་གྱི་སྐབས་སུ་བྱ་དགའ་ཨང་གསུམ་པ་ཐོབ་པར་དགའ་བསུ་ཞུ། སློབ་སྦྱོང་ཡག་པོ་བྱས་པའི་འབྲས་རྟགས་རེད།
    མི་མཐུད་ནས་ཤུགས་རྒྱོབ་་་་་་་་་་་་་་་་་་་་་་་་་་གངས་ཅན་པ་ཞིག་ཡིན་པའི་ཆ་ནས་དགའ་པོ་བྱུང་།

    Reply
  3. མིག་གསུམ་པ། says:
    ལོ་ 16 སྔོན།

    ཁོང་གི་སློབ་སྦྱོང་འབྲས་བུ་དབྱར་མཚོ་བཞིན་རྒྱས་པར་ཤོག

    Reply
  4. རྨོངས་བུ་སྨྱུག་འཛིན། says:
    ལོ་ 16 སྔོན།

    དཔལ་ལྡན་རྒྱལ་ལྟ་བུའི་ཤེས་ཡོན་པ་ནི་ང་ཚོ་གངས་ཅན་བོད་མིས་བསྔགས་བརྗོད་དང་ཡི་རང་གི་གནས་སུ་འཁུམས།

    Reply
  5. lobsngk says:
    ལོ་ 16 སྔོན།

    ངས་ཕ་ཡུལ་རྔ་བ་མི་མང་གི་ཚབ་བྱས་ནས་ཁྱེད་ལ་རྟེན་འབྲེལ་ཞུས་པ་ཡིན། ང་ཚོ་རྔ་བ་ས་ཁུལ་ནས་འདི་ལྟ་བུའི་མི་བུ་སྐོར་ཞིག་ཡར་ལངས་བཞིན་ཡོད་པ་ངོ་མ་དགའ་ལེ་ཞིག་རེད།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དགུ་ཚིགས་སྐྱ་མོ།
    དྲ་གྲོགས་སེམས་བཟང་གིས་གསུངས་པ་བཞིན་ཕལ་ཆེར་ཁྱེད་གཞན་གྱི་ངན་བྱུས་འོག་ཏུ་ཚུད་ནས་རབ་རིབ་ཀྱིས་མིག་སླད་པ་འདྲ།
    ང་ཚོ་བོད་པས་སོ་སོ་རང་རིག་གི་མི་རིགས་ལ་རྒྱ་དང་། ཆོས་དང་རིག་གཞུང་གི་ཆེད་དུ་ཐ་ན་སོ་སོར་དབང་བའི་རྩ་ཆེའི་སྲོགས་ཀྱང་འཕང་མེད་བཏང་དང་གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྣམ་ཤེས་ལ་ཁྱོད་ཀྱིས་སྐད་ཆ་འདི་ལྟབུ་བཤད་ཐུབ་པ་ནི་ངོ་ཚ་འཁྲེལ་མེད་ཀྱི་སོ་སོ་སྐྱེ་པོའི་རང་མདངས་ཡོངས་སུ་བསྟན་པ་རེད།
    གཅིག་བྱས་ན་ཁྱེད་ཀྱིས་བཤད་པ་བཞིན་བོད་རིགས་ཁ་ཤས་ཡོད་ཤས་ཆེ། འདི་ནི་འགྲོ་བ་མིའི་སྤྱི་ཚོགས་ཚང་མར་ཡོད་པ་ཞིག་རེད་མ་གཏོགས་ང་ཚོ་བོད་པར་དམིགས་ཀྱིས་བྱུང་བ་ཞིག་མ་རེད། གཉིས་ནས་ངས་བསམ་ཚོད་བྱས་ན་ཁྱེད་རང་མི་ངན་དེ་ཚོའི་རིགས་དང་གྲོགས་འདྲིས་མང་ཙམ་བྱས་པའི་རྐྱེན་གྱིས་མཐོང་ཚུལ་ངན་པ་དེ་དག་བྱུང་བ་རེད།
    ལྷག་དོན་གཞིས་བཞུགས་བོད་མི་སྤྱི་དང་ཡང་སྒོས་དགེ་འདུན་པ་རྣམས་དང་། སློབ་གྲྭ་ཁག་གི་སློབ་མ་ཚོས་གཞུམ་པ་མེད་པའི་ལྷག་བསམ་དང་སྙིང་སྟོབས་ལ་མིག་ལེགས་པར་ཕྱེ་སྟེ་ལྟོས་དང་། དེ་རིང་ཤི་དང་སང་ཉིན་ཤི་ལ་མ་བལྟོས་པར་སོ་སོའི་མི་རིགས་ཆེད་དུ་རང་སྲོགས་བློས་གཏོང་བྱེད་ཀྱི་མི་འདུག་གམ།
    བསམ་བློ་ཡག་ཡག་པོ་བཏང་་་་་་མིག་རྒྱང་བསྲིངས་་་་་་་ཕྱོགས་ཐམས་ཅད་ལ་གཞིགས་ཏེ་སྐད་ཆ་བཤད་ན་མི་མཛེས་སམ།།

    Reply
  7. སེམས་བཟང་། says:
    ལོ་ 16 སྔོན།

    དྲྭ་གྲོགས་དགུ་ཚིགས་སྐྱ་མོ་ལགས། བདེ་སྡུག་གི་ཚོར་བ་ཡོད་པ་ནི་སེམས་ཀྱི་ཆོས་ཉིད་ལས་བོད་པ་གཅིག་པུའི་ཁྱད་ཆོས་མ་རེད་ལ། ཚན་རིག་པས་འཛམ་གླིང་གི་མི་རྣམས་སྤྲེའུ་ལས་གྱུར་པར་བཤད་པས་བོད་པ་གཅིག་པུའི་ངན་མཚང་ཞིག་ག་ལ་ཡིན། ནོར་ཝེ་ནས་བོད་ཕྲུག་ཅིག་ལ་བྱ་དགའ་ཐོབ་པར་སེམས་དགའ་བ་རེད་མ་གཏོགས་ཧང་སངས་པ་མ་རེད། བྱ་དགའ་ཕྲན་བུ་ཞིག་ཡིན་མིན་ནི་འགྲན་བསྡུར་ནང་རྒྱལ་ཁབ་མི་འདྲ་བ་ ༩༠ ལྷག་གི་འགྲན་ཞུགས་པ་ ༡༠༠༠ ཙམ་ཞུགས་པ་ལས་འདེམས་ཐོན་བྱུང་བས་གསལ་ཡོད། མི་གཅིག་ལ་རྟགས་མ་ཆེན་པོ་དང་མང་པོ་འཐོབ་མཁན་བོད་རིགས་ལས་ལྷག་པ་སུ་འདུག་རྒྱལ་སྤྱིའི་ཐོག་ལྟོས་དང་། དེས་ན་ཁྱོད་ཀྱི་བཤད་སྟངས་འདིར་བལྟས་ན་རྒྱ་གཞུང་གིས་བཤད་པའི་རྫུན་གཏམ་རྣམས་ཡིད་ལ་ཡག་པོ་འཇགས་ཡོད་མདོག་འདུག །

    Reply
  8. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    དཀར་བློ་བཟང་། བདག་ནི་བོད་པ་ཚང་ལ་ཡོན་ཏན་ཅི་མང་ཞི་འཛོམ་དགའ་མཁན་ཞིག་ཡིན་མ་གཏོགས། མཐོང་ཆུང་དང་བརྙས་བཅོས་བྱེད་མཁན་ཞིག་གཞི་ནས་མིན་ལགས།
    འོན་ཀྱང་བོད་པ་ཚང་གི་འདས་པའི་མི་རབས་མང་པོ་ལོ་རྒྱུས་ལྡན་པའི་མི་རིགས་
    འདྲ་འདྲའི་ནང་ནས་མི་འདྲ་བ་གཤིས་རྒྱུད་བཟང་ལ་རང་བཞིན་དྲང་པ་དང་། བྱམས་དང་སྙིང་རྗེ་ཆེ་ལ་བཟོད་བསྲན་ལྡན་པ། ལས་རྒྱུ་འབྲས་དཔང་པོར་འཛིན་ཅིང་དཀར་ཕྱོགས་ལ་བརྩོན་པའི་མི་རབས་དེ་ནུབ་རིའི་རྩེ་གི་ཉི་ཟེར་བཞིན་ནུབ་ལ་ཉེ་ཞིང་། དེ་ལས་ལྡོག་པའི་རྫུན་དང་གཡོ་རྒྱུའི་གང་བ། རྒྱུ་འབྲས་གོ་ལོག་དུ་ལེན་མཁན། རང་དོན་ནང་གི་ཚེ་འདི་དོན་གཅིག་པུ་ལ་བརྩོན་མཁན། རང་རིགས་དང་རྒྱལ་ཞེན་མེད་པར་ཁྱི་གུ་ནང་བཞིན་ཁ་ཟས་ཞིག་གང་ནས་རག་ན་དེ་མ་གཏོགས་བསམ་བློ་གཞན་པ་བཏང་མི་ཐུབ་མཁན་ཞིག་ཆགས་བཞིན་ཡོན་ན་སེམས་པ་སྐྱོ་བའི་གནས་ཞིག་རེད། དེས་ན་ང་རྒྱལ་དང་སྟོང་གཏམ་མ་བཤད་བོད་མིའི་སྤྱི་ཚོགས་ལ་ཞིག་འཇུགས་དང་རྗེས་ལོན་གྱིས།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཚིགས་སྐྱ་མོ།
    ང་ཚོ་དྲ་གྲོགས་ཚོ་ཁྱེད་ཀྱིས་བཤད་པ་ལྟར་གྱི་མགོ་བོ་སླ་པོ་ཞིག་གཏན་ནས་མ་རེད། ད་རེས་ཀྱི་བྱ་དགའ་དེ་ཆེ་ཆུང་ག་ཚོད་ཡིན་མིན་ཁྱེད་ཀྱིས་གསར་འགྱུར་གྱི་ནང་དོན་ལ་ཡག་པོ་བལྟས་ན་ཤེས་ངེས་རེད། ད་དུང་ཁྱེད་ཀྱིས་ང་ཚོའི་མི་རྒྱུད་ལ་སྤྲེའུ་རྒྱུད་པ་ཡིན་པའི་རྟགས་ཞིག་རེད། ཅེས་མཐོང་ཆུང་བྱེད་རྩིས་བྱས་འདུག ང་ཚོ་བོད་པ་ཚང་གི་མི་རྒྱུད་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་ལས་རྒྱུད་པའི་ལོ་རྒྱུས་ལྡན་པའི་མི་རིགས་ཞིག་ཡིན་པས་མི་རིགས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད། དཔེར་ན་ང་ཚོ་བོད་པ་གཤིས་རྒྱུད་བཟང་ལ་རང་བཞིན་དྲང་པ་དང་། བྱམས་དང་སྙིང་རྗེ་ཆེ་ལ་བཟོད་བསྲན་ལྡན་པ། ལས་རྒྱུ་འབྲས་དཔང་པོར་འཛིན་ཅིང་དཀར་ཕྱོགས་ལ་བརྩོན་པའི་མི་རིགས་ཤིག་ཡིན་པས་སུ་འདྲ་ཞིག་ལའང་ངོ་གནོང་དགོས་དོན་མེད།
    ཁྱེད་ཀྱིས་སྤྱིར་བྱ་དགའ་སོགས་ཐོབ་མ་མྱོང་བའི་ནང་རྟགས་ཕྱི་ལ་བུད་པ་རེད། ཅེས་བཤད་འདུག འོ་ན་བཀའ་དྲི་ཞུ་རྒྱུར། ཁྱོད་ཀྱིས་བཤད་པ་ལྟར་གྱི་བྱ་དགའ་ཕྲན་བུ་དེ་ལས་ལྷག་པའི་བྱ་དགའ་ཆེན་པོ་ཁྱེད་ལ་་ག་ཚོད་ཐོབ་མྱོང་ཡོད་དྲ་གྲོགས་ཚོར་གསུངས་དང་།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དཔལ་ལྡན་རྒྱལ་ལགས་ལ་སྙན་ངག་འགྲན་བསྡུར་གྱི་བྱ་དགའ་ཐོབ་པར་སྙིང་ནས་དགའ་སྤྲི་དང་ཡི་རངས་བྱེད། མུ་མཐུད་ནས་ཤུགས་རོགས་ཞེས་ཀྱང་སྐུལ་ལོ།།

    Reply
  11. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    གཟིགས་དང་བོད་པ་འདི་ཚོ་འུར་ལང་ཁ་ཅི་འདྲའི་སླ་བ་ལ། དགའ་ཁ་སྐྱེན་ལ་སྡུག་སླ་བ་འདི་ནི་དངོས་གནས་སྤྲེའུ་རྒྱུད་པ་ཡིན་པའི་རྟགས་ཞིག་རེད། ནོར་ཝེ་ནས་བོད་ཕྲུག་ཅིག་ལ་བྱ་དགའ་ཕྲན་བུ་ཞིག་ཐོབ་པ་ལ་ཧང་སངས་རྒྱུ་ཅི་ཡོད། སྤྱིར་བྱ་དགའ་སོགས་ཐོབ་མ་མྱོང་བའི་ནང་རྟགས་ཕྱི་ལ་བུད་པ་རེད།

    Reply
  12. བྱམས་རྒྱལ། says:
    ལོ་ 16 སྔོན།

    བུ་ཁྱེད་ལ་སྙིང་ནས་སྨཽན་་།

    Reply
  13. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    ནོར་ཝེ་རུ་སློབ་སྦྱོང་གནང་བཞེན་པའི་དཔལ་ལྡན་རྒྱལ་དེ་སུ་ཡིན་ན། ངའི་བསྡོད་གནས་ནོར་ཝེ་ན་ཡིན། འདིར་བོད་རིགས་སློབ་མ་མང་པོ་ཡོད་ཀྱང་དཔལ་ལྡན་རྒྱལ་ཟེར་མཁན་ཞིག་རྩ་ན་མིན་པ་བརྟེན་ཁེས་རེད། དེ་འདྲ་ཡིན་ཙམ་སྙན་ངག་བྱ་དགའ་རེགས་མཁན་དེ་སུ་ཡིན་ནམ།

    Reply
  14. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    རྟེན་འབྲེལ་ཞུ་་་་ཕོ་རྒོད་ལགས།།
    ངེད་བོད་པ་ཚང་གི་རྒྱན་རེད་ཡ

    Reply
  15. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    དཔལ་ལྡན་ལགས་ཀྱིས་ཐེངས་དེར་བྱ་དགའ་ཐོབ་པ་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ། ད་དུང་མུ་མཐུད་ནས་བརྟུན་པ་བསྐྱེད་དེ་ཡབ་མེས་ཀྱི་ཆོས་དང་རིག་གཞུང་ལ་ཞབས་ཞུ་གནང་བའི་འདུན་པ་སྙིང་དབུས་ལ་འཆང་པར་ཞུ།

    Reply
  16. ལི་ཐང་ངག་དབང་དབྱིག་གཉེན། says:
    ལོ་ 16 སྔོན།

    ཨ་ལ་ལ་ ཕོ་རྒོད་པོ་དཔལ་ལྡན་ལགས་ཀྱིས་ཞབས་རྗེས་བཞག་འདུག
    འབྱུང་འགྱུར་འདི་དང་འདི་ལྟ་བུ་མང་བ་ཤོག་ཨ་

    Reply
  17. ནམ་མཁའ། says:
    ལོ་ 16 སྔོན།

    དཔལ་ལྡན་རྒྱལ་ལ་རྒྱལ་སྤྱིའི་སྙན་ངག་འགྲན་བསྡུར་གྱི་སྐབས་སུ་བྱ་དགའ་ཨང་གསུམ་པ་ཐོབ་པར་དགའ་བསུ་ཞུ། སློབ་སྦྱོང་ཡག་པོ་བྱས་པའི་འབྲས་རྟགས་རེད།
    དྲྭ་གྲོགས་ཕུན་ཚོགས་ཟེར་བ་འདི་ལ་སེམས་པ་ཐང་པོ་རང་གདའ་མེད་པ་འདྲ། དགོས་པ་དཔལ་ལྡན་རྒྱལ་གྱི་སྐོར་ལ་གང་འབྲི་རྒྱུ་མེད་པར་མི་དགོས་པ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་དྲ་ཚིགས་སུ་རྒྱལ་བ་རིན་པོ་ཆེར་སྐྱོན་འཛུགས་བྱས་པ་ཞིག་དཔེ་བཤུས་ཀྱིས་བཀོད་བཞག །

    Reply
  18. ནམ་མཁའ། says:
    ལོ་ 16 སྔོན།

    དཔལ་ལྡན་རྒྱལ་ལ་རྒྱལ་སྤྱིའི་སྙན་ངག་འགྲན་བསྡུར་གྱི་སྐབས་སུ་བྱ་དགའ་ཨང་གསུམ་པ་ཐོབ་པར་དགའ་བསུ་ཞུ། སློབ་སྦྱོང་ཡག་པོ་བྱས་པའི་འབྲས་རྟགས་རེད།
    དྲྭ་གྲོགས་ཕུན་ཚོགས་ཟེར་བ་འདི་ལ་སེམས་པ་ཐང་པོ་རང་གདའ་མེད་པ་འདྲ། དགོས་པ་དཔལ་ལྡན་རྒྱལ་གྱི་སྐོར་ལ་གང་འབྲི་རྒྱུ་མེད་པར་མི་དགོས་པ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་དྲ་ཚིགས་སུ་རྒྱལ་བ་རིན་པོ་ཆེར་སྐྱོན་འཛུགས་བྱས་པ་ཞིག་དཔེ་བཤུས་ཀྱིས་བཀོད་བཞག །

    Reply
  19. ཕུན་ཚོགས ། says:
    ལོ་ 16 སྔོན།

    ཀྲུང་གོའི་ཆེད་མཁས་པས་ཏཱ་ལའི་ཡིས་བཏོན་པའི་བོད་ཁུལ་ཆེན་མོ་ཞེས་པ་དེ་རྩ་ ཁྲིམས་དང་འགལ་ནས་འདུག་ཅེས་བརྗོད་པ།

    ད་ལྟ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་དྲ་ཚིགས་སུ་བཀོད་དོན།

    ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་།ཀྲུང་གོའི་མི་རིགས་རིག་པའི་སློབ་ ཚོགས་ཀྱི་ཚོགས་གཙོ་ཧའོ་ཧྲི་ཡོན་གྱིས་ཚེས་༢༤ཉིན་པེ་ཅིང་ནས་འདི་སྐད།ཏཱ་ལའི་ཡིས་བཏོན་པའི་བོད་ཁུལ་ཆེན་ མོ་ཞེས་པ་དེ་སྤྱི་ཁོག་ནས་བལྟས་ན་མི་རིགས་རང་སྐྱོང་ལྟར་དུ་སྣང་ཡང་།ངོ་བོའི་སྟེང་ནས་བཤད་ན་རང་བཙན་ བྱེད་འདོད་ཀྱི་རེ་ངན་བཅངས་ཡོད་པ་རེད།དེ་བས་ཀྲུང་གོའི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དང་འགལ་ནས་འདུག་ཅེས་བརྗོད།ཏཱ་ལའི་ཡིས་བཏོན་པའི་བོད་ཁུལ་ཆེན་མོ་ཞེས་པའི་ལྟ་བ་དེས་བོད་ལྗོངས་དང་ཟི་ཁྲོན།མཚོ་སྔོན།ཀན་སུའུ་ཞིང་ཆེན་སོགས་ཀྱི་བོད་པ་འདུས་སྡོད་ཁུལ་དུ་རང་སྐྱོང་གཙང་མ་བྱེད་རྒྱུ་དེ་ཡིན། ཀྲུང་གོའི་བཅའ་ཁྲིམས་དང་མི་འགལ་བའི་སྒོ་ནས་རང་སྐྱོང་ལག་བསྟར་བྱེད་པ་ཞེས་པའི་བརྗོད་སྟངས་འདིའི་ཐད།ཧའོ་ཧྲི་ཡོན་གྱིས་ཉིན་དེར་ཚོགས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་བསམ་བློ་བརྗེ་རེས་བྱེད་སྒོའི་སྟེང་འདི་ལྟར།ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་གཉིས་ཟུང་དུ་འབྲེལ་བའི་ལུགས་ཤིག་ཡིན་པ་ལས།མི་རིགས་རང་སྐྱོང་མ་ཡིན་ཞེས་དང་།ཏཱ་ལའི་ཡིས་བཏོན་པའི་བོད་ཁུལ་ཆེན་མོ་ཞེས་པ་ནི་ངོ་བོའི་སྟེང་རང་བཙན་བྱེད་པའི་རེ་ངན་བཅངས་ཡོད་པས།ཀྲུང་གོའི་བཅའ་ཁྲིམས་དང་འགལ་ནས་ འདུག་ཅེས་སོགས་བརྗོད་པ་རེད།
    ཁོང་གིས་ད་དུང་། ཀྲུང་གོར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པར་ལོ་རྒྱུས་ཀྱི་ རྨང་གཞི་བརྟན་པོ་ཡོད་ཅིང་།ལམ་ལུགས་འདི་ལག་བསྟར་བྱས་ནས་ལོ་༦༠འཁོར་བའི་རིང་མི་རིགས་སོ་སོའི་འདྲ་མཉམ་ཁེ་དབང་ལ་སྲུང་སྐྱོབ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་གོང་དུ་སྤེལ་བའི་ཐད་བྱེད་ནུས་གལ་ཆེན་ཐོན་ཡོད་པའི་སྐོར་བརྗོད་པ་རེད།
    ཁོང་གིས།བོད་ལྗོངས་དང་ཞིན་ཅང་སོགས་ཀྱི་ས་ཆར་གནད་དོན་རེ་འགའ་ཡོད་མོད།འོན་ཀྱང་དེ་དག་ནི་ཀྲུང་གོའི་མི་རིགས་གནད་དོན་གྱི་ཕྱོགས་གཙོ་བོར་འགྱུར་མི་སྲིད་ལ།གནད་དོན་དེ་དག་ནི་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཆེ་ན་ཡང་། ཀྲུང་གོའི་མི་རིགས་གནད་དོན་གྱི་བརྗོད་བྱ་གཙོ་བོར་འགྱུར་མི་སྲིད་ཅེས་ དང་། ཡང་ཅིག་བརྗོད་ན། ཀྲུང་གོའི་མི་རིགས་ཀྱི་གནད་དོན་གཙོ་བོ་ནི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་དོན་ཡིན་པ་ལས་ཁ་བྲལ་བའི་གནད་དོན་མིན་ཞེས་བཤད་པ་རེད།
    ཁོང་གིས་མི་རིགས་ས་ཁུལ་གོམ་གང་མདུན་སྤོས་ཀྱིས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་བཏོན་ནས།སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་དེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དངོས་པོའི་འགན་སྲུང་དུ་འགྱུར་བ་བྱེད་ དགོས་པའི་བསམ་འཆར་བཏོན་པ་རེད། ཞེས་བཀོད་འདུག

    Reply
  20. གླང་དར་མ། says:
    ལོ་ 16 སྔོན།

    འདི་ཡང་གངས་ཕྲུག་ཞིག་གི་བརྩོན་ཤུགས་ལགས་པས་ངས་རབ་ཏུ་དགའ་བའི་ཐེ་བོང་སྒྲིང་བཞིན་ཡོད། ཡིན་ན་ཡང་བྱ་དགའ་འདི་ཁྱེད་ཀྱིས་འཛམ་གླིང་ལ་བོས་པའི་འབོད་སྒྲ་དང་པོ་དེ་ཡིན་པས་དེ་ལས་ཆེ་བའི་འབོད་སྒྲ་ཞིག་ལ་ངས་ངང་སྒུག་བྱས་ནས་ཡོད་དོ།།

    Reply
  21. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དཔལ་ལྡན་རྒྱལ་ལགས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ང་ཚོ་བོད་རིགས་ན་གཞོན་ཚང་མས་ཁོང་ལྟ་བུར་ཁ་མིག་ཡར་ལྟ་བྱེད་རྒྱུ་གལ་ཆེར་མངོན།

    ཨ་མའི་བུ་ལ་ཡོན་ཏན་ཡོད་ན།
    དགའ་ལྡན་འཁྲི་ལ་བདག་པོ་མེད།

    Reply
  22. མེ་འོད། says:
    ལོ་ 16 སྔོན།

    བུ་རྒྱོད་པ་དཔལ་ལྡན་རྒྱལ་ལགས་ཀྱིས་སྙན་ནང་འགྲན་བསྡུར་གྱི་ཨང་གསུམ་པ་ཐོབ་པར་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese