མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བརྒྱ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་། ང་རང་རྒྱ་གར་དུ་ངའི་ནུ་མོ་མཚམས་སྐྱིད་ལེན་དུ་ཡོང་ནས་ཁོ་མོ་ཁྲིད་དེ་ཕྱིར་བོད་དུ་འགྲོ་རྩིས་བཞིན། ཁོ་མོ་ཁྲིད་དེ་ལྡི་ལུར་འབྱོར་ན་ཡང་། འདང་ནུབ་ཁོ་མོ་ང་རང་ཕྱི་ལོག་ཞིག་དུ་སོང་ཤུལ་ནས་བྲོས་བུད་སོང་བ་དང་། ཤུལ་དུ་ཁོ་མོའི་ཡི་གེ་ཞིག་བྲིས་དེ་བཞག་འདུག ཡི་གེ་དེ་ཡི་སྟེང་དུ་འདི་འདྲ་ཞིག་བྲིས་འདུག

ཕུ་བོ་ཟླ་བ་ལགས།
ང་རང་གཏན་ཁྱེད་རང་དང་ལྷན་དུ་བོད་ལ་མི་འགྲོ ཁྱེད་རང་གིས་ངའི་ཆེད་དུ་སེམས་ཁྲལ་བྱེད་མི་དགོས། ང་རང་ལ་མངལ་སྤྲུམ་ཡོད། དེ་ཡི་ཕ་རྒན་ནི་ཁྱེད་རང་གི་ཤེས་པ་རེད། ང་ཚོ་བལ་ཡུལ་ནས་ཡར་ཡོང་དུས་ལམ་སྐབས་སུ་ཐུག་པའི་བློ་བཟང་ཟེར་བའི་ཕོ་གསར་དེ་རེད། ཁོ་རང་ནི་བྱིས་པ་འདིས་ཕ་རྒན་ཡིན། ད་ལྟ་ཁྱེད་རང་གི་ཁོ་ལ་འབྲེལ་བ་བྱེད་འདོད་ཡོད་ན། ཁ་པར་ཨང་གྲངས་འདི་རེད། དེང་སྐབས་ཁོ་རང་ལ་དྭགས་སུ་གློག་བརྙན་ཞིག་འཁྲབ་བཞིན་ཡོད་པ་རེད། ངས་ཁོ་རང་ལ་སྒུག་ནས་འདུག་རྒྱུ་ཡིན། ཁྱེད་རང་ཕྱིར་འགྲོ་རོགས་ཞུ།

ཁྱེད་རང་གི་ནུ་མོ་མཚམས་སྐྱིད་ནས།

བློ་བཟང་གིས། ཟླ་བ་ལགས། ངས་ཁྱེད་རང་ལ་སྐད་ཆ་མང་བོ་ཞིག་བཤད་རྒྱུ་མེད། ཁྱེད་རང་གི་ནུ་མོ་དང་ངེད་གཉིས་སྔ་ས་ནས་འབྲེལ་བ་གང་ཡང་མེད། དེ་ནི་ཁོ་མོ་སློབ་གྲྭ་ནས་བུད་དེ་རྡེ་ར་སྒྲོང་དུ་སོང་བའི་ཕྱིར་ཉིན་དེ་ནས་ངེད་གཉིས་གཏན་ཐུག་འཕྲད་ཀྱང་བྱས་མྱོང་མེད། གལ་སྲིད་བྱིས་པ་འདྲ་ཡོད་ན་དེ་ནི་ང་རང་གི་བྱིས་པ་མིན་པ་ངས་ཁས་ལེན་བྱེད་ཐུབ་ཀྱི་ཡོད།

ཟླ་བས། ཁྱེད་རང་གི་དངོས་ནས་ཐག་རིང་ས་ནས་སྐད་ཆ་བརྫིག་པོ་ཞིག་བཤད་ཀྱི་འདུག ཐག་ཉེ་འདི་ཞིག་ན་ཡོད་ན་་དེ་འདྲ་ཞིག་ཨེ་ཡིན་ན།

བློ་བཟང་གིས་སྐད་ཆ་དེ་ལྟར་བཤད་པ་ཐོས་མ་ཐག རེད། ཁྱེད་རང་གིས་དེ་འདྲ་བསམ་གྱི་ཡོད་ན་འགྲིག་གི་རེད། ང་རང་ཐག་རིང་ཐུང་གང་དུ་ཡོད་ཀྱང་སྐད་ཆ་གཅིག་ལས་གཉིས་མེད། ཁྱེད་རང་གི་ནུ་མོ་དེ་ནི་ཁྱེད་རང་ལྟ་བུ་ཁ་ཚིག་བརྟན་པོ་ཅན་ཞིག་ཡིན་རྒྱུ་ན་དངོས་ནས་རེ་བ་ཞིག་ཡོད་ངེས་ཡིན། ཁྱེད་རང་གི་ནུ་མོ་ལ་ང་ལས་ཀྱང་ཁྱེད་རང་ལ་རྒྱུས་མངའ་ཡོད་ངེས་ཡིན།

ཟླ་བས། ངས་དྲང་མོ་བཤད་པ་ཡིན་ན། ང་རང་གི་ནུ་མོ་འདི་ལ་བྱིས་པ་འདྲ་འཁོར་ཡོད་པ་བདེན་པ་ཡིན་ན། བྱིས་པ་དེ་ཡི་ཕ་རྒན་དང་ལྷན་དུ་བཟའ་ཚང་ཞིག་ཆགས་སོང་བ་ཡིན་ན་ཡག་པོ་ཡོད་པ་རེད་་བསམ་གྱི་ཡོད། དེ་མ་གཏོགས་ང་རང་ངོས་བཤད་ན་ད་དུང་ངའི་ནུ་མོ་འདི་བཟའ་ཚང་བྱེད་དུ་འཇུག་རྩིས་མེད།

བློ་བཟང་གིས། དེས་ན་ཁྱེད་རང་གི་ནུ་མོ་ང་དང་ལྷན་དུ་བསྡད་ཉིན་ནས་ཁྱེད་རང་གི་འགན་ཨེ་ཆགས། སྔོན་ཆད་ལྟར་མི་བྱེད་པར། བབ་ཆགས་པོ་ཞིག་དང་མི་ཚེ་ལ་འགན་ཡོད་པ་ཞིག་ཡོང་རྒྱུར། ངས་ཁྱེད་རང་ལ་མཐའ་གཅིག་དུ་ཐག་བཅད་ནས་བཤད་ཐུབ་པ་ཞིག་ནི། གལ་སྲིད་ཁོ་མོ་མངལ་སྤྲུམ་ཡོད་སྲིད་ཀྱང་། དེ་ཡི་ཕ་རྒན་ནི་ང་རང་གཏན་ནས་མིན། རྒྱུ་མཚན་ནི་ཁོ་མོ་དང་བྲལ་ནས་འགྲོ་བའི་སྐབས་དེར་ངེད་གཉིས་ཀྱིས་བརྟག་དཔྱད་བྱས་པ་ཡིན།

ཟླ་བས། དེ་འདྲ་ཞིག་ཡིན་ན་ནི་དངོས་ནས་ཡག་པོ་རེད། ངས་བསམ་ན་ཁྱེད་རང་ལ་ཁ་པར་གཏོང་ངེས་ཡིན། དེ་ཡིན་ན་ཁོ་མོ་གང་དུ་ཡོད་མེད་གསལ་བོ་ཞིག་འདྲི་རོགས། ང་རང་ཕར་མི་འགྲོ་རང་འགྲོ་ཡིན། དུས་ཚོད་ཀྱི་འདང་གི་མེད། ཕར་སླེབས་ནས་ཁྱེད་རང་ལ་འབྲེལ་བ་བྱེད་ཆོག

བློ་བཟང་གིས། ངས་བལྟས་པ་ཡིན་ན། ཁོ་མོས་ད་ནི་ང་རང་ལ་གཏན་ནས་ཁ་པར་གཏོང་གི་མ་རེད། རྒྱུ་མཚན་ནི་ཉེ་སྔོན་ངས་ཁོ་མོ་ལ་ང་རང་ལ་ཁ་པར་མ་གཏོང་ཟེར་ནས་སེམས་ཐག་བཅད་པ་ཡིན། དེ་ནས་བཟུང་ཁོ་མོས་ང་རང་ལ་ཁ་པར་གཏན་ནས་སླེབས་མ་སོང་། གལ་སྲིད་སླེབས་སོང་བ་འདྲ་ཡིན་ན་ངས་འདྲི་ངེས་ཡིན།

མཚན་མོ་དེར་བློ་བཟང་གི་སྤི་རེག་འཐུང་བཞིན་ཡོད་ལ། མཚན་ཚོགས་དེ་ནི་འཁྲབ་སྟོན་མ་གཙོ་བོའི་སྐྱེ་སྐར་ལ་ཚོགས་པ་ཞིག་ཡིན་ཡང་། བློ་བཟང་ལ་མཚོན་ན་སྤི་རེག་འཐུང་བའི་སྐོ་སྐབས་ཡག་པོ་ཞིག་སྤྲད་པ་ལྟ་བུ་ཆགས་ནས་ག་ལེར་ཟུར་ཞིག་ནས་འཐུང་བཞིན་པའི་སྐབས་སུ། བདེ་འཚོ་ཁོ་རང་གི་ཟུར་དུ་ཡོང་ནས། ཁྱེད་རང་གི་འདི་ན་ཁེར་འཐུང་བྱས་དེ་བསྡད་ཡོད་དམ། སེམས་པ་མི་སྐྱིད་ནི་མིན་ན།

བློ་བཟང་གིས། སེམས་པ་མི་སྐྱིད་ཀྱང་ཐབས་ཤེས་འདྲ་གང་ཡོད། དེ་ལས་སྤི་རེག་ཞིག་འཐུང་ན་དེ་སྐྱིད་པོ་རེད། ར་བཟི་སོང་། དོན་དག་ཚང་མ་བརྗེད་འགྲོ་བ་རེད།

བདེ་འཚོས། དེ་ལས་ང་དང་ལྷན་དུ་ཞབས་བྲོ་ཞིག་འཁྲབ་དུ་འགྲོ ལྟོས་དང་ཕར་ཕྱོགས་དེ་རུ་བོད་པའི་བུ་མོ་ཚོ་དང་བོད་པའི་ཕོ་གསར་ཚོ་མི་འདུག་གམ། འགྲོ་ཟེར་ནས་བློ་བཟང་གི་ལག་མགོ་ནས་འཐེན།

བར་སྐབས་ཤིག་ལ་བདེ་འཚོས། བློ་བཟང་ལ་ད་བདེ་མོ་བྱོས། ང་རང་ཉལ་དུ་འགྲོ་རྒྱུ་ཡིན། སང་ཞོགས་སྔ་བོ་ནས་བླངས་དགོས་ཀྱི་ཡོད་པ་རེད། ཁྱེད་རང་ཡང་ཕར་ནང་དུ་སོང་བ་ཡིན་ན་ཡག་ས་རེད།

བློ་བཟང་གིས་ཁྱེད་རང་གི་ཉལ་ས་གང་དུ་ཡོད་ང་སོང་ནས་གཅིག་བལྟས་པ་ཡིན་ན་འགྲིག་གི་རེད་དམ་ཟེར་ནས་ཁོ་མོའི་རྗེས་སུ་སྙེགས་ནས་ཁོང་ཚོའི་རས་གུར་ཆུང་ཆུང་དེ་ཡི་འགྲམ་དུ་ཕྱིན། འདི་རེད་དམ། ཡ་ཡ་་ ད་ཤེས་སོང་བདེ་མོ་བྱོས། ང་འགྲོ་རྒྱུ་ཡིན་ཟེར་ཞོར་གཙང་འགྲམ་ཕྱོགས་སུ་འགྲོ་མགོ་བཙུགས་པ་རེད།

བདེ་འཚོས། ཁྱེད་རང་གཙང་འགྲམ་ཕྱོགས་སུ་གང་ལ་འགྲོ་བཞིན་ཡོད། དེ་ཕྱོགས་ནས་སོང་ན་དངོས་ནས་ཉེན་ཁ་ཆེན་པོ་རེད། མུན་ནག་པའི་སྒང་ལ་བརྩིགས་པ་བརྒལ་བའི་སྐབས་སུ་གཙང་བོའི་ནང་དུ་ཟེགས་པ་ཡིན་ན་ཤི་རྒྱུའི་ཉེན་ཁ་ཡོད། གཙང་བོ་དེ་ཡི་ནང་དུ་ལྷུང་བ་ཡིན་ན། ཁྱེད་སྔོན་ཆད་ཆུ་རྐའི་ནང་དུ་ལྷུང་བ་དང་གཏན་ནས་མི་འདྲ། ཁྱེད་རང་དེ་ནས་མ་འགྲོ ངས་ཁྱེད་རང་ལ་ཞུ་བ་བྱེད།

བློ་བཟང་གིས་བདེ་འཚོས་ཁ་ལ་ཉན་ནས། ཁོ་མོས་སྤྲད་པའི་གློག་སྒྲོན་ཆུང་ཆུང་དེ་ཁུར་ནས་ག་ལེར་ལམ་ཆེན་ཕྱོགས་སུ་ཕྱིན་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 4

  1. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་ཅག་ཕེབས་པ་དགའ་ནས་ཡོད། ག་ལེར་ཁོམ་པ་ཡོད་དུས་སུ་ཕེབས་རྐྱང་བྱོས། བལྟས་དེ་འདུག

    Reply
  2. ajamyang says:
    ལོ་ 16 སྔོན།

    ཁྱེད་ཀྱི་དངོས་སྒྲུང་འདི་ངོ་མ་ཞིག་རིང་གི་        ཆུ་ཚོད་ཁོམ་པ་ཡོད་དུས་ཅིག་ལ་དལ་ལྷོད་བྱས་ནས་ལྟ་གི་ཡིན་

    Reply
  3. wanderer1958 says:
    ལོ་ 16 སྔོན།

    ད་ནི་བློ་བཟང་འདི་མི་ཇི་འདྲ་ཞིག་ཡིན་དངོས་གནས་བཤད་མི་ཤེས་པ་ཞིག་ཆགས་ཡོད་ཚོད་རེད། ཕལ་ཆེར་མི་ངན་འདྲེ་འདྲ་འདྲ་ཞིག་ཡིན་ཁ་རེད།

    Reply
  4. nyingtobchan says:
    ལོ་ 16 སྔོན།

    སྒྲུང་གཏམ་ལེའུ་བརྒྱ་མར་བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese