མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁམས་སྐད་བརྙན་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་སི་ཁྲོན་ཁམས་སྐད་བརྙན་འཕྲིན་ཁང་གི་ཡན་ལག་ཁང་ཐོག་མ་དེ་དཀར་མཛེས་ཁུལ་དུ་བཙུགས་ཡོད་འདུག་ལ། ད་དུང་མུ་མཐུད་དུ་དཀར་མཛེས་ཁུལ་འོག་གི་རྫོང་ ༡༨ ཙམ་ལ་གསར་འགོད་པའི་ས་ཚིགས་གསར་འཛུགས་བྱ་རྒྱུ་ཡིན་པ་མ་ཟད། ཁམས་སྐད་བརྙན་འཕྲིན་ཁང་གིས་གློག་བརྙན་དང་། བརྙན་འཕྲིན་རིགས་བོད་སྐད་ནང་ཕབ་སྒྱུར་གྱི་རྟེན་གཞི་བཙུགས་ཏེ། སྐད་སྒྱུར་བ་དང་གློག་བརྙན་སྒྱུར་སྐྲུན་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་འཆར་ཡོད་འདུག  

སི་ཁྲོན་ཁམས་སྐད་བརྙན་འཕྲིན་ཁང་དེ་ནི། སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་སི་ཁྲོན་ཁྲིན་ཏུའུ་རུ་ཐོག་མར་ཚོད་ལྟའི་ཚུལ་དུ་བཏང་ཡོད་པ་དང་། ཉིན་རེའི་ཆུ་ཚོད་ ༡༨ རིང་བརྒྱུད་གཏོང་བྱེད་ཀྱིན་ཡོད་པ་ལས་བོད་སྐད་ཀྱིས་བརྒྱ་ཆ་ ༨༠ ཙམ་ཟིན་ཡོད་འདུག བརྙན་འཕྲིན་ཁང་དེའི་ལེ་ཚན་གཙོ་བོ་ཀྲུང་དབྱིང་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག་དང་། སི་ཁྲོན་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག ཁམས་སྐད་ཀྱི་གསར་འགྱུར་རིགས་གཙོ་བོར་བཟུང་སྟེ། གླུ་གར་ཞབས་བྲོ་སོགས་ཀྱི་རྩེད་རིགས་དང་ས་གནས་ཀྱི་རིག་གནས་ངོ་སྤྲོད། གློག་བརྙན་དང་མུ་འབྲེལ་བརྙན་འཕྲིན་ཟློས་གར་སོགས་གཏོང་རྒྱུ་ཡིན་འདུག

ཁམས་སྐད་བརྙན་འཕྲིན་ཁང་ཐོག་མར་སྒོ་འབྱེད་སྐབས། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལམ་རྒྱ་ཡིག་དྲི་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཁམས་སྐད་བརྙན་འཕྲིན་དེ་ནི་བོད་ལྗོངས་དང་མཚོ་སྔོན། ཡུན་ནན། ཀན་སུའུ་བཅས་ནང་གི་ཁམས་སྐད་བཤད་མཁན་གྱི་ས་ཁུལ་དག་ལ་གཏོང་རྒྱུ་ཡིན་པ་དང་། རང་རྒྱལ་དུ་ད་ལྟ་བོད་རིགས་ས་ཡ་ལྔ་ ༥༠༠༠༠༠༠ ཡོད་པའི་ཁྲོད། ཁམས་སྐད་བཤད་མཁན་ས་ཡ་གཉིས་དང་འབུམ་བཞི་ ༢༤༠༠༠༠༠ ཙམ་ཟིན་ཡོད་སྟབས། དེ་དག་གིས་སོ་སོའི་ཕལ་སྐད་ཐོག་ནས་བརྙན་འཕྲིན་ལེ་ཚན་ལ་བལྟ་ཐུབ་པ་བྱུང་ཡོད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

ཆུ་ཚོད་ ༡༡ སྔོན་ལ།
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦
Front Slider

བོད་སྐོར་གློག་བརྙན་གྲགས་ཅན་བོད་ནང་ལོ་བདུན་གྱི་ནང་འཁྲབ་སྟོན་གནང་མྱོང་བའི་ཁྱོ་ཤུག་གཉིས།

༢༠༢༥/༠༦/༠༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད། བོད་ཀྱི་དུས་བབ་ཀྱིས་སྐུ་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༥
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༠༥

མཆན། 64

  1. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སེམས་འཁྱམ་ལགས།་་་་ཅིའི་ཕྱིར།

    Reply
  2. སེམས་འཁྱམས says:
    ལོ་ 15 སྔོན།

    བོད་ཀྱི་སྤྱི་སྐད་ནི་སྤྱི་སྐད་རང་ཡིན། རང་སྣང་གང་དྲན་གྱི་སྤྱི་སྐད་འདི་རིགས་དང་འདི་མི་རིགས་ཟེར་ནས་ཐག་ཆོད་མི་ཐུབ་ལ།
    བོད་སྤྱི་སྐད་ནི་བོད་མ་ིརིགས་ཆགས་པ་ནས་དར་ཡོད་ལ། མགོ་བདེ་དྲན་འཕྲུལ་རེ་ཟུང་ཞིག་གིས་སྤྱི་སྐད་གསར་པར་ཞིག་གཏན་ནས་བཟོ་ཐབས་མེད།
    འབྲོག་སྐད་དང་ཨམ་སྐད་དེ་བཞིན་ཁམས་སྐད་གང་ཡིན་ཡང་་བོད་ཀྱི་སྐད་བྱེ་བྲག་པ་ཞིག་ཡིན་པ་ལས་སྤྱི་སྐད་དུ་ནམ་ཡང་བསྒྱུར་ཐབས་མེད། ཡུལ་ལུང་གང་དང་གང་ཡིན་ཡང་དེ་དང་དེའི་སྤྱི་སྐད་ནི་ཡུལ་དབུས་ཀྱི་སྐད་ལ་ངོས་མ་འཛིན་ཐབས་མེད་ཡིན།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དེང་སང་ཚང་མས་ཕ་སྐད་གཙང་མ་རྒྱག་གི་ཡིན་ཟེར་ནས་ཤོར་ཤོར་རེད། ཡིན་ཡང་ཕ་སྐད་གཙང་མ་ཞེས་པ་འདིར་ཐུན་མོང་སམ་བྷོ་ཊས་བཟོས་པའི་བོད་ཀྱི་སྐད་ཡིག་ལ་གོ་དགོས་པ་མ་གཏོགས་རང་རང་གི་ཨ་ཕའི་སྐད་དེར་བོད་ཀྱི་ཕ་སྐད་གཙང་མ་གོ་བ་ལེན་ན་འགྲིག་གིན་མེད།
    བོད་ཀྱི་སྐད་ཡིག་སྲུང་སྐྱོབས་བྱེད་མདོག་བྱས་ནས་རང་གི་ཨ་ཕའི་ལུང་ཆུང་ནང་གི་སྐད་ཆུང་དེ་རང་གི་བེད་སྤྱོད་བྱེད་པ་འདི་ནི། བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་པ་མ་ཡིན་པར་རྩ་གཏོར་གཏོང་བ་ཡིན།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ།
    ཁམས་སྐད་བརྙན་འཕྲིན་ལས་ཁུངས་ཀྱི་ཕལ་སྐད་གཙོ་བོ་སྡེ་དགེའི་ཕལ་སྐད་ཡིན་གྱིན་རེད། ཡིན་ནའང་གོང་གི་གསར་འགྱུར་ནང་དུ་བོད་མི་བརྒྱ་ཆ་ལྔ་བཅུ་ཡི་ཁམས་སྐད་གོ་ཐུབ་ཀྱིན་ཡོད་ཞེས་པའི་ཁམས་སྐད་དེར་ངོ་འཛིན་བྱེད་ཀྱིན་ཡོད་དམ།
    གལ་སྲིད་སྡེ་དགེའི་ཡིག་སྐད་དེ་སི་ཁྲོན་ཁམས་སྐད་བརྙན་འཕྲིན་ལས་ཁུངས་ཀྱིས་བེད་སྤྱོད་བྱེད་ཀྱིན་ཡོད་ན་ཁམས་པ་ཚང་མའི་སྡེ་དགེའི་སྐད་གོ་ཐུབ་ཀྱིན་མེད་པས་འདིར་དཀལ་ངལ་གཅིག་རེད།
    གཉིས་ནས་མདོ་ཁམས་སྒང་དྲུག་ཡུལ་དུ་སྐད་ཁྱབ་ཆེ་ཤོས་ནི་འབྲོག་སྐད་རེད། ཁམས་ཀྱི་འབྲོག་སྐད་དང་ཨ་མདོའི་འབྲོག་སྐད་བར་ཁྱད་ཆེན་པོ་དེ་ཙམ་མེད་པ་དང་ཕར་ཚུར་གོ་བརྡ་འཕྲོད་ཐུབ་ཀྱིན་ཡོད། དཔེར་ན་ང་རང་ཁམས་པ་ཞིག་ཡིན་ཀྱང་ཁམས་སྐད་ལ་ཕྱོགས་ཞེན་གྱིས་བུ་རབས་ཚ་རྒྱུད་ལ་ཁམས་སྐད་གཙང་མ་སློབ་ཀྱིན་མེད། བོད་ལ་ཡོད་པའི་ངའི་ཚ་བོ་ཚ་མོ་ཚོ་ལ་འབྲོག་སྐད་རྒྱག་ས་སློབ་གྲྭ་ནང་དུ་འབྲོག་སྐད་སློབ་སྦྱོང་བྱེད་བཞིན་ཡོད། གང་ཡིན་ཞེ་ན་རི་བོ་སྒང་དྲུག་ཡུལ་གྱི་སྐད་ཁྱབ་ཆེ་ཤོས་དེ་འབྲོག་སྐད་རེད། འདི་ནི་བོད་སྤྱིའི་སྐད་འཇོག་ན་ཡང་མ་འགྲིག་པ་ཨེ་ཡོད་སྙམ། གལ་སྲིད་བོད་མི་རིགས་འདིར་རྡོག་རྩ་ཆིག་སྒྲིལ་དང་རྟག་ཏུ་མཉམ་གནས་དགོས་ན་ཚང་མའི་མཉམ་དུ་གོ་བརྡ་འཕྲད་ཐུབ་པའི་ཁྱབ་ཆེ་བའི་སྐད་བེད་སྤྱོད་བྱ་དགོས་ཀྱིན་རེད་དྲན།

    Reply
  5. karma dorje says:
    ལོ་ 15 སྔོན།

    འདྲི་བ་ཅིག་ཡོད་པ་དེ་ནི། ཡུལ་ལུང་སོ་སོའི་ཡུལ་སྐད་བརྙན་འཕྲིན་གྱིས་བོད་རིགས་སྤྱི་སྐད་ཀྱི་ཡར་རྒྱས་ལ་ཕན་པ་ཆེའམ་གནོད་ཆེ། ཤེས་མཁན་ཅིག་ལ་ཕན་པ་ཆེ་བ་ཡོད་རེད། མི་ཤེས་མཁན་ཅིག་ལ་གནོད་ཆེ་བ་ཡོད་རེད། འོ་ན། ཤེས་མཁན་མང་བ་ཡོད་དམ། མི་ཤེས་མཁན་མང་བ་ཡོད་རེད། དེ་ལ་གཟིགས་ནས་སོམས་དང་།

    Reply
  6. Dhawa says:
    ལོ་ 15 སྔོན།

    དོན་འགྲུབ་བཀྲ་ཤིས་ཞུ་བ་ཁོང་གིས་སྐད་ཆ་ཡག་པོ་ཞེ་དྲགས་བཤད་འདུག མིག་རྒྱ་བསྐྱེད་སོང་་་་་་་་་་་

    Reply
  7. ཀླུ་ཞོལ་རྟོགས་ལྡན། says:
    ལོ་ 15 སྔོན།

    གོང་གི་གསར་འགྱུར་དེའི་གཤལ་ལ། མཆན་ ༤༤ ཙམ་བཏབས་འདུག་པ་དག་ནས་དོན་ལ་གནས་ཤིང་གནད་དུ་འཁེལ་བ། ཕྱོགས་ལྷུང་བྲལ་ཞིང་དྲང་ཚུགས་ཐུབ་པ་ནི། དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་དཔྱད་གཏམ་དེ་རེད།

    Reply
  8. གངས་དགའ says:
    ལོ་ 15 སྔོན།

    ཁམས་སྐད་ལེ་ཚན་དང་དེ་བཞིན་དབུས་སྐད་ཨམ་སྐད་སོགས་རིགས་ཕྱེ་བའི་སྲིད་རྒྱུད་འདི་མི་རིགས་ཁ་བྲལ་གཏོང་བའི་གོམ་པ་དང་པོའང་ཡང་ན་རྩ་བ་ལྟ་བུ་ཡིན་ཟེར་ན་མི་འགྲིག་པ་མེད། རྒྱ་ནག་གཞུང་གི་དུས་རྟག་ཏུ་བོད་མི་རིགས་འདི་ཁ་བྲལ་གཏོང་ཐབས་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་དང་སྤེལ་མུས་རེད། དཔེ་ན་བོད་མི་རིགས་ཀྱི་ནང་གསེས་ལ་ཧོར་རིགས་ལྷོ་པའི་རིགས་ཅེས་དབྱེ་བཞིན་ཡོད།
    ད་ལན་ཡང་སྐད་ཡིག་གིས་ཐོག་ཁམས་དང་ཨ་མདོ་དབུས་ཞེས་མི་འབོར་གྲངས་ཚད་མི་མཐུན་འགལ་ཟླ་བཟོས་ནས་མ་འོངས་བོད་རིགས་ནང་ཁུལ་ལ་རྒྱ་གར་རྦ་གེར་སི་ཐན་ལྟ་བུའི་ཁྱོད་ཤི་ང་གསོན་གྱིས་རྩོད་གླེང་གི་ས་བོན་འདེབས་བཞིན་ཡོད་མེད་བརྟགས་དགོས་སོ།

    Reply
  9. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    ་དོན་འགྲུབ་བཀྲ་ཤིས་ལགས་ནས་གསུང་པ་ལྟ་ཁམས་སྐད་བརྙན་འཕྲིན་གསར་འཛུགས་སྤེལ་གནང་བར་འདི་དགའ་སུ་ཡོད་་་་་་བོད་སྤྱིའི་སྐད་ཡིག་གཅིག་གྱུར་ཡོང་དགོས་ན་ཡོང་ཁམས་སྐད་ཀྱི་ལས་རིགས་འདི་གསར་འཛུགས་བྱེད་འོས་པ་ཡིན་གང་ཡིན་ལབ་ན་སྟག་ཆེན་རྒྱ་ཁབ་རྒྱ་གར་ལ་དམིགས་སྤེལ་ལྟར་ན་བཟང་་་ཁམས་སྐད་བརྙན་འཕྲིན་གསར་འཛུགས་བྱེད་པ་འདི་ཡག་པོ་མ་རེད་ལབ་ངན་འདི་བོད་མའི་ཡུལ་ལུང་སོ་སོའི་སྐད་རིགས་རྣམས་རྩ་མེད་བྱེད་འདོད་ཡོད་པ་ཞིག་མ་ཡིན་ནམ་་་་་་་

    Reply
  10. རས་པ། says:
    ལོ་ 15 སྔོན།

    གྲོགས་རེ་བ་ཅན་དོན་འགྲུབ་བཀྲ་ཤིས་ལགས་ནས་འཁོར་སྐར་གསར་ལམ་ཁམས་སྐད་བརྙན་འཕྲིན་འཕྲིན་ལམ་གསར་སྤེལ་ཐད་སྤེལ་བའི་དཔྱད་གཏམ་འདི་ཉིད་ཡང་དག་པར་མཐོང་སོང་།
    ཁམས་སྐད་བརྙན་འཕྲིན་གསར་སྤེལ་གནང་བར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་། འདི་ཉིད་ཀྱིས་བོད་ནང་གི་གྲོགས་པོ་མང་དག་ཅིག་ལ་བོད་ཆ་ཚང་ངོ་སྤྲོད་བར་ཕན་རྒྱུ་ཡིན་པ་རེད་ཅེས་ཞུ་གི་ཡིན།

    Reply
  11. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ལས་མཐུན་གྱི་དྲ་གྲོགས་རྣམ་པས། གནད་དོན་རང་སྟེང་ལ་བགྲོ་གླེང་འོས་འཚམ་གནང་སོང་། ཐེངས་འདིར་ཁམས་སྐད་བརྙན་འཕྲིན་གསར་དུ་འཁྲུངས་པ་དེར་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ངོས་ནས་གླེང་སོང་། བཟང་ཕྱོགས་གླེང་མཁན་ཚོས་ཁམས་པ་མི་མང་གིས་སོ་སོའི་ཕལ་སྐད་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་ལ་ལྟ་ཉན་ཐུབ་པ་དང་། བོད་པའི་ཆོས་ལུགས་རིག་གནས་སྲུང་སྐྱོབ་ཐུབ་པ་སོགས་ལ་ངོས་འཛིན་བྱེད་ཀྱིན་འདུག་ཅིང་། ངན་ཕྱོགས་གླེང་མཁན་ཚོས་ཆོལ་ཁ་རེ་རེའི་ཁ་སྐད་སྟེང་ནས་བརྙན་འཕྲིན་བརྒྱུད་གཏོང་བྱས་ན། བོད་པའི་སྐད་ཡིག་གཅིག་གྱུར་དང་སྤྱི་སྐད་ལ་འགོག་རྐྱེན་ཡོད་རབས་དང་། ཆོལ་ཁ་གཅིག་ལའང་ལུང་པ་རེ་རེར་ཕལ་སྐད་མ་འདྲ་བ་ཡོད་སྟབས། དེ་ལ་རྡོག་རོལ་དང་མཐུན་ལམ་འབྲེལ་འདྲེས་ཐད་གནོད་རབས་བཤད་སོང་།

    འོན་ཀྱང་། གླེང་གཞིའི་སྟེང་ནས་ཐལ་གྱིན་མེད་ཀྱང་། དེ་ཙམ་གནད་དུ་འཁེལ་བ་ཞིག་མ་རེད་སྙམ། དེར་བརྟེན། ངས་ཀྱང་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ཐད་ནས་ལྟ་ཚུལ་ཞིག་གླེང་འདོད་བྱུང་། ངན་ཕྱོགས་ནས་ཁམས་སྐད་བརྙན་འཕྲིན་སྤེལ་གཏོང་བྱས་པ་དེས། རྒྱ་ནག་གཞུང་གི་གཡོན་ཐལ་ཆེ་བའི་ཆབ་སྲིད་དྲིལ་བསྒྲགས་དང་། བོད་ཕྱི་ནང་ཁ་བྲལ་དབྱིན་དཀྲུགས་ཀྱི་ལག་ཆར་བེད་སྤྱོད་གཏོང་རྒྱུར་གྲ་སྒྲིག་ཡོད་པ་དེ་རེད། འོན་ཀྱང་། དེ་ལ་གཡོལ་ཐབས་ཡོད་པ་མ་རེད། དབུས་སྐད་དང་ཨམ་སྐད་གཉིས་སྔ་མོ་ནས་གཏོང་མུས་རེད། བཟང་ཕྱོགས་ནས་བཤད་ན་དགེ་མཚན་མང་པོ་ཡོད་པ་རེད་སྙམ། བོད་སྤྱིའི་སྐད་ཡིག་རིག་གནས་སྲུང་འཛིན་དང་། བྱེ་བྲག་ས་གནས་ཀྱི་རིག་གནས་ཁྱབ་སྤེལ། ཚོང་འཕྲིན་དང་ཡུལ་སྐོར་ལྗོང་རྒྱུའི་ལས་རིག་དར་རྒྱས། རྒྱ་ཆེའི་མང་ཚོགས་ཚོས་རང་གི་ཕལ་སྐད་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་མང་པོར་གསན་གཟིགས་ཐུབ་པ། བྱིས་པ་ཚོར་ཆུང་ངུའི་དུས་ནས་དེང་རབས་རང་བཞན་གྱི་སད་རྟོགས་དང་། གསར་གཏོད་རང་བཞིན་གྱི་སྤོབས་པ། གུ་ཡངས་རང་བཞིན་གྱི་བསམ་བློའི་རྨིང་གཞི་ཆགས་ཐུབ་པ་སོགས་ལ་ངོས་འཛིན་བྱེད་ཀྱིན་ཡོད།

    ལྷག་པར་དུ་གོང་ནས་བོད་པའི་སྤྱི་སྐད་སྐོར་ལ་མང་པོ་ཞིག་བཤད་འདུག སྤྱིར་འཛམ་གླིང་སྐད་བརྡ་རིག་པའི་གཞུང་ལུགས་ལྟར་ན། མི་རིགས་མང་པོ་འདུས་སྡོད་ཀྱི་རྒྱལ་ཁབ་དང་། སྐད་རིགས་མང་པོ་མཉམ་སྤྱོད་ཀྱི་རྒྱལ་ཁབ། ཡང་ན། ཕལ་སྐད་མང་པོ་ལས་གྲུབ་པའི་མི་རིགས་སམ་སྤྱི་ཚོགས་གང་ཞིག་ཡིན་རུང་། དེ་ལ་སྤྱི་སྐད་ཅིག་གྲུབ་པར་བྱེད་པ་ལ། མི་རིགས་བྱེ་བྲག་པ་དག་གི་ཕལ་སྐད་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་བཙིར་སྤྲད་དེ་ཉམ་དམས་སུ་གཏོང་བ་དང་། ཆབ་སྲིད་དང་སྒྲིག་གཞི། བཀའ་ལུང་རང་བཞིན་གྱི་ཐོག་ནས་བཀག་བསྡོམས་བྱེད་པ། སྒྲིག་འཛུགས་དང་འཆར་གཞི་ལྡན་པའི་ཐོག་ནས་སྐད་ཡིག་གསར་བཟོ་བྱས་ཏེ། བཙན་ཚུགས་ཀྱིས་སྤྱི་ཚོགས་ནང་ཁྱབ་སྤེལ་གཏོང་བ་སོགས་ནི། ཐུན་མོང་གི་སྤྱི་སྐད་ཆགས་པར་ཕན་པ་ལས་གནོད་ཚབས་ཆེ་བ་མ་ཟད། མི་རིགས་དེ་དང་རྒྱལ་ཁབ་དེའི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ལ་བརྡབ་གསིག་ཆེན་པོ་འགྲོ་བ་རེད། དེ་བས་ཕན་ཚུན་ལ་གུ་ཡངས་དང་མཐུན་སྒྲིལ། འབྲེལ་འདྲིས། མཉམ་སྤྱོད། བརྗེ་རེས། འགྲོ་འོང་། བརྩི་བཀུར། སློབ་སྦྱོང་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་པ་ཡིན་ན། ད་གཟོད་གཅིག་གྱུར་རམ་ཐུན་མོང་གི་སྤྱི་སྐད་ཅིག་ངང་ངམ་ཤུགས་ཀྱིས་གྲུབ་ཡོང་བའི་སྐོར་བསྟན་ཡོད།

    གང་ལྟར། ཐེངས་འདིར་ཁམས་སྐད་བརྙན་འཕྲིན་བརྒྱུད་གཏོང་བྱས་པ་དེའི་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་ཧེ་བག་བསྡུར་བ་ཡིན་ན། ང་རང་གིས་བཟང་ཕྱོགས་ལྡབ་འགྱུར་གྱིས་མང་བར་ངོས་འཛིན་བྱེད་ཀྱིན་ཡོད། དེར་བརྟེན། ཁམས་སྐད་བརྙན་འཕྲིན་ཐད་གཏོང་བྱས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། མཁྱེན་ལྡན་འབྲེལ་ཡོད་དག་གིས་འབྱུང་འགྱུར་གྱི་ཁ་ཕྱོགས་མ་ནོར་བ་ཞིག་ལ་འབད་འབུང་བྱ་རྒྱུར་གསོལ་འདེབས་ཞུ་རྒྱུ་ཡིན།

    Reply
  12. རྒྱང་རིང་ནས། says:
    ལོ་ 15 སྔོན།

    གང་བཤད་ཀྱང་ ངས་བལྟ་ན་འདི་ཚོ་ང་ཚོས་ཐོབ་པའི་རྒྱལ་ཁ་ངོ་མ་དེ་རེད་དྲན་སོང་ ང་ཚོས་ནམ་ཡིན་ཡང་རྒྱ་ནག་གི་ལས་བྱ་ཐམས་ཅད་ལ་འགྲེལ་བཤད་ལོག་པ་བཤད་ན་གྲུབ་འབྲས་ཞིག་ཐོན་མི་སྲིད་ལ་དགོས་པ་ཞིག་ཀྱང་མམཐོང་ ང་ཚོས་སུ་ཡིན་རུང་དྲང་པོ་བཤད་ན་རྒྱལཁའི་ཉི་མ་ཞིག་འཆར་རྒྱུ་ཡོད་པ་༧གོང་ས་མཆོག་གིས་དུས་ནས་དུས་སུ་འཛམ་གླིང་ཡོངས་ལ་གསུང་ཀྱིན་ཡོད་པས་ང་ཚོས་གཙོ་བོ་བྱས་ནས་མ་བསྒྲུབ་ན་མ་འོས་པས་དེ་ལུགས་སྨྱུག་ཐོགས་པ་ཡོངས་ཀྱིས་དགོང་འཇག་འཚལ།

    Reply
  13. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    མ་གཞིར་ལྷ་སའི་བརྙན་འཕྲིན་ཁང་དང།མཚོ་སྔོན་བརྙན་འཕྲིན་ཁང་ཞེས་གོ་མྱོང་དང་མཐོང་མྱོང་ཡོད་མོད།དབུས་དང་ཨ་མདོའི་བརྙན་འཕྲིན་ཁང་ཞེས་གོ་མྱོང་མེད་ལ་མཐོང་མྱོང་ཀྱང་དེ་བས་མེད།ལྷ་སའི་བརྙན་འཕྲིན་ཁང་ཞེས་མིང་བཏགས་ཡོད་སྟབས་ལྷ་སའི་སྐད་རང་བེད་སྤྱོད་བྱེད་ཆོག་་་་་་མཚོ་སྔོན་བརྙན་འཕྲིན་ཁང་གིས་ཕལ་ཆེར་མ་མདོ་མཚོ་སྔོན་གྱི་སྐད་བེད་སྤྱོད་གཏོང་བཞིན་ཡོད་པ་འདྲ།་ཁམས་སྐད་བརྙན་འཕྲིན་ཁང་གིས་ཁམས་སྐད་གང་ཞིག་གཙོ་བཟུང་བྱེད་རྩིས་ཡིན་ནམ།ཁམས་སྐད་ལ་ཏྲེ་ཧོར་སྐད།རྟའུ་སྐད།སྨར་ཁམས་སྐད།ལི་ཐང་སྐད།འབའ་ཐང་སྐད།ད་དུང་སྡེ་དགེ་དང་བྲག་གཡབ་སོགས་ཀྱི་སྐད་ཡོད་པས་ཧ་ཅང་རྙོག་དྲ་ཚ་པོ་ཞིག་མ་རེད་དམ།དྲ་གྲོགས་ཚོ།བོད་སྤྱིའི་སྐད་ཡིག་གཅིག་གྱུར་ཡོང་བ་ལ་བྱེ་བྲག་ཁམས་ཀྱི་སྐད་ཡིག་ལྟ་བུ་གཅིག་གྱུར་ཅིག་མ་བྱུང་ཐབས་མེད་ཡིན་སྟབས།འདི་ལ་དགོངས་ཚུལ་འདྲ་གསུང་རྒྱུ་ཨེ་ཡོད།

    Reply
  14. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ཁམས་སྐད་བརྙན་འཕྲིན་ཁང་གསར་འཛུགས་ཐུབ་པར་བཀྲིས་བདེ་ལེགས་ཡོད།ལས་གསར་འདིས་ཁམས་རིགས་མི་དམངས་གཙོས་པའི་རྩམ་གཟན་པ་རྣམས་ལ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད་པ་ངོས་འཛིན་མི་བྱེད་ཀ་མེད་ལྟུ་བུར་ཆགས་འདུག།དེར་བརྟེན་ཁམས་སྐད་བརྙན་འཕྲིན་གསར་འཛགས་བྱེད་པོ་ལས་ཀྱི་སྣེ་མོ་བ་ཡོངས་ལ་ང་རང་དང་ཡུལ་གྱར་བོད་རིགས་ཚོས་སྙིང་གཏིང་ནས་ཐུགས་རྗེ་ཞུ་བཞིན་ཡོད།་

    Reply
  15. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    རྒྱ་རྡེའུ་ལགས་མི་མང་ན་རོ་མང་མ་གསུངས་དང་བོད་ཡིག་བོད་སྐད་མ་ཤེས་ཡང་ཁོག་ལ་བོད་མི་ཞིག་གི་ཁྲག་བཞུར་བཞིན་ཡོད་པའི་མི་རིགས་ཀྱི་ལ་རྒྱ་འདྲ་ཡི་མི་འདུག་དྲན་བཞིན་ཡོད།དཔེ་ན་༢༠༠༨་ལོ་གང་ས་ཅི་ཐད་ནས་རྒྱ་གཞུང་ལ་དཀའ་ངལ་མི་མྱུང་བ་ཞིག་སྤྲད་མ་སོང་ངམ།ག་རེ་བྱེད་ནའང་མི་ག་ཚད་མང་ན་ཡག་གི་རེད།

    Reply
  16. དྲང་བདེན་གི་གཏམ་ says:
    ལོ་ 15 སྔོན།

    བོད་པ་སྦར་མཐིལ་གང་ལ་བརྩོད་གཞི་ཆེན་པོ་དེ་འདྲ་གང་ཡིན་ནམ་???????
    མ་གཞི་ནས་ད་ལྟ་རང་བཙན་མེད་པར་བརྩོད་གཞི་འདི་འདྲ་ཡོང་ན་ གལ་སྲིད་རང་བཙན་ཐོབ་ན་གང་འདྲ་བྱེད་གྲབ་ཡོད་དམ་?????????
    དོན་མེད་ཀྱི་བརྩོད་གླེང་མ་གནང་ དེ་ལས་རྒྱ་གུང་ཁྲན་གྱི་ང་ཚོ་བོད་མི་ཁ་བྲལ་གཏོང་བཞིན་འདུག་པར་མནོ་བསམ་མཐོང་ ལྷག་པར་ང་ཚོ་ཕྱི་ཡུལ་དུ་ཡོད་པའི་བོད་མི་རྣམས་ནི་མི་གྲངས་ཙམ་ལ་ཡང་ཚུད་མི་འདུག་ དེ་བཞིན་གོང་གསལ་གྱི་བསམ་ཚུལ་འདོན་མི་རྣམས་ཀྱང་་རྒྱ་གུང་ཁྲན་གྱི་བོད་མི་ས་ཡ་ལྔ་ཡི་ནང་མེད་པ་དེ་ཁྱེད་རྣམས་པས་མཁྱེན་ནམམམམམམམམམ ཧཧཧཧཧཧཧཧ

    Reply
  17. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དཔེ་ན།ཁམས་སྐད་ནང་དུ་༼བྱ༽ལ་ས་སྒྲ་འདོན་མཁན་གཅིག་དང་ཙ་སྒྲ་འདོན་མཁན་བཅས་གཉིས་འདུག་དེ་ལས་གཞན་པ་ཐམས་ཅད་སྒྲ་མདངས་གཅིག་པ་རེད་འདུག་དྲན།

    Reply
  18. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    ཁམས་པའི་བརྙན་འཕྲིན་བཙུགས་ཐུབ་པ་ནི་རྒྱལ་ཁ་ཞིག་ཏུ་ངོས་འཛིན་ཆོག ཁྱད་པར་དུ་(kbtv)ཁམས་པའི་བརྙན་འཕྲིན་གྱི་མིང་ཐོག་ནས་དེབ་སྐྱེལ་བྱས་པ་ཧ་ཅང་བཟང་།

    Reply
  19. ཐོ་རེངས་སྐར་ཆེན། says:
    ལོ་ 15 སྔོན།

    མདོ་དབུས་ཁམས་གསུམ་ཀྱི་བོད་མི་ཚོའི་རང་རང་སོ་སོའི་ས་ཆའི་ཆས་གོས་དང་སྐད་རིགས་བརྙན་འཕྲིན་སོགས་དར་རྒྱས་སོང་ན་ཧ་ཅིང་ཡག་པོ་རེད། དེ་མིན་ཁྱེད་ཀྱི་ངའི་སྐད་ལུགས་ནང་ལྟར་བཤད་དགོས་ལ་ང་ཡི་ཆས་གོས་བཞིན་བསྒོ་དགོས་ཞེས་བཀའ་ཕབ་དོན་ཅི་ཡོད། བོད་སྤྱི་སྐད་ནི་ཡིག་སྐད་རེད། དེས་ན་སུམ་རྟགས་དག་གསུམ་དང་མཐུན་པའི་སྒོ་ནས་ཡི་གེ་ཚུལ་བཞིན་འབྲི་ཤེས་རྒྱུ་གལ་ཆེ།
    དེ་མིན་ཨ་མདོའི་མོག་མོག ་ཁམས་པའི་དཀྲུགས་ཇ། དབུ་གཙང་གི་ཆུར་གྱོང་ཞེས་པ་ཙམ་གྱི་བོད་སྤྱིའི་ཆོས་དང་རིགས་གཞུང་ལ་གནོད་པ་ཆེར་མ་མཐོང་། དེ་ནི་ས་ཚུགས་རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་ཁ་ཟས་མཚོན་པ་ཙམ་ཞིག་རེད།

    Reply
  20. karma dorje says:
    ལོ་ 15 སྔོན།

    ཁམས་སྐད་ཤོད་མཁན་ས་ཡ་གཉིས་དང་འབུམ་བཞི་ ༢༤༠༠༠༠༠ ཙམ་ཟིན་ཡོད་ན།
    དབུས་གཙང་མི་འབོར་དང་། ཨ་མདོའི་མི་རིགས་མི་འབོར་ག་ཚད་རྩིས་སམ།
    བོད་རིགས་ས་ཡ་དྲུག་ལ་ལྔར་རྩིས་དགོས་གང་ཡིན་ནམ།

    Reply
  21. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    ཁམས་སྐད་བརྙན་འཕྲིན་ཚུགས་པ་ནི། བོད་གངས་ཅན་པ་ཚང་གི་རྒྱལ་ཁ་ཞིག་ཏུ་བརྩི་ཆོག་པ་ལས། དེ་ནི་ཕལ་སྐད་རེ་བརྙན་འཕྲིན་རེ་ལྟ་བུའི་སྐྱོན་ཞིག་ཏུ་གཏན་ནས་བརྩི་མི་རུང་། ཁམས་ཕྱོགས་ལ་སྐད་རིགས་མང་ཙམ་ཡོད་ན་ཡང་འདི་ལྟར་ཐུན་མོང་གི་བརྙན་འཕྲིན་དང་རླུང་འཕྲིན་སོགས་བཙུགས་ན་ཐུན་མོང་གི་འབབ་ས་ཞིག་ཡོད་སོང་བ་དང་། དེས་བོད་མི་རིགས་མ་འོངས་པའི་སྐད་བརྡ་གཅིག་གྱུར་ལ་བསུབ་ཐབས་བྲལ་བའི་བྱས་རྗེས་འཇོག་ངེས་ཡིན། ཉེ་བའི་ལོ་འདི་དག་གི་རིང་མཚོ་སྔོན་བརྙན་འཕྲིན་དང་རྒྱང་བསྒྲགས། ལྷ་ས་བརྙན་འཕྲིན་དང་རྒྱང་བསྒྲགས་གཉིས་ཀྱིས་རིག་གནས་གོམས་སྲོལ་དང་། སྒྱུ་རྩལ་སྐད་ཡིག་སོགས་ཀྱི་ཐད་འགྲན་ཟླ་མེད་པའི་ཕན་ནུས་རྒྱ་ཆེར་ཐོན་ཡོད། ཁམས་སྐད་བརྙན་འཕྲིན་དེ་དང་གཅིག་མཚུངས་རེད། ངེས་པར་དུ་ཕན་ནུས་བསྐྲུན་ཐུབ་པ་མ་ཟད། ཁམས་ཕྱོགས་ཀྱི་གྲོང་བརྡལ་དག་ན་གཞོན་སྐྱེས་ཚོའི་ངག་སྒོའི་བོད་སྐད་འཆོར་བཞིན་པའི་སྣང་ཚུལ་ལ་ཡང་། དུས་ཐོག་ཆར་པ་ལྟ་བུའི་ནུས་ཤུགས་སྩོལ་ཐག་ཆོད་ཡིན་ངེས།
    མདོར་ན། ཁྱབ་རྒྱ་ཆེ་བའི་བོད་སྐད་བརྙན་འཕྲིན་གསར་པ་ཞིག་བྱུང་བར་དགའ་སྤྲོས་བརྟས་ཡོད།

    Reply
  22. ཐོ་རེངས་སྐར་ཆེན། says:
    ལོ་ 15 སྔོན།

    སེམས་པ་སྐྱོ་འོས་པའི་གནས་ཞིག་ནི། རྒྱ་བལ་ཡུལ་ཀྱི་བུ་དང་བུ་མོ་མངས་པོ་ཞིག་གི་བོད་སྐད་དང་བོད་ཡིག་ཤེས་ཀྱིན་མེད་ལ། གཞི་ཆགས་བོད་པའི་བུ་མོ་ཞིག་གིས་བདག་ལ་འཛིན་བཅུ་གཉིས་པ་ནས་ཐོན་ཚུལ་སོགས་བཤད་བྱུང་། ཡིན་ནའང་མོ་རང་གི་བོད་ཡིག་གཞི་ནས་འབྲི་ཤེས་ཀྱི་མི་འདུག གནས་ཚུལ་དེ་མཐོང་སྐབས་བདག་ནི་སེམས་པ་གཞི་སྐྱོ་བྱུང་། དེ་ནི་དགེ་རྒན་དང་སློབ་སྤྱི་སོགས་ཀྱི་སྐྱོན་ཡིན་རྒྱུ་རེད་སྙམ།

    Reply
  23. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཁམས་་སྐད་མེད་པ་ལས་ཡོད་པ་བཟང་་དེས་བོད་ཀྱིས་ས་ཁྱོན་དང་མངའ་ཐང་མི་རིགས་དང་སྐད་རིོགས་་སྣེ་འཛོམས་ཡིན་པ་ཤེས་ནུས་་
    འོན་ཀྱང་ཁམས་སྐད་འདི་ལ་སྣ་ཚོགས་་ཡོད་པས་གདམས་ཀ་རྒྱོབས་ཟེར་ན་ སྡེ་དགེ་སྐད་གདམས།
    དེ་མིན་ན་བྱང་འབྲོག་པའི་སྐད་གདམས་

    རྒྱ་རྡེའུའི་དགེ་འདུན་ལགས་ཀྱིས་དེ་འདྲ་རང་གསུངས་རྒྱུ་ཨེ་ཡོད་ ཕྱི་རྒྱལ་ཁག་ལའང་བོད་པ་ཉུང་དྲགས་པའི་སྐྱོན་འདུག་
    སྐད་འབོད་དང་ལས་འགུལ་དེ་འདྲ་སྐབས་སུ་བྱེས་སུ་འཁྲུངས་པའི་གཞོན་སྐྱེས་དེ་ཚོ་དྲགས་བ་འདུག་ ངས་ཉམས་མྱོང་ཡིན་

    Reply
  24. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    ཁམས་སྐད་བརྙན་འཕྲིན་ཁང་གསར་འཛུགས་གནང་བ་དེ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། བོད་སྐད་གཙང་མ་བཤད་མཁན་དང་བོད་ཡིག་དག་མ་འབྲི་མཁན་སྐོར་ཞིག་གསོ་སྐྱོང་ཐུབ་ན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་རང་བཞིན་གྱིས་ཕན་གི་ཡོད་པ་ང་ཚོས་ཤེས་དགོས་པ་ཤིག་རེད།

    Reply
  25. ཨུ་ཚུགས་ཅན། says:
    ལོ་ 15 སྔོན།

    ཕལ་སྐད་ནས་སྤྱི་སྐད་བར་གྱིས་བགྲོ་གླེང་འདིའི་བྲོ་བ་མ་འདྲ་བ་ཞིག་རེད།
    མི་མཐུད་ནས་བགྲོ་གླེང་བྱོས་དང་རྗེས་སུ་ཡི་རང་བྱེད་གི་ཡོད་ཡ། སྤུན་གྲོགས་ཚོར།

    Reply
  26. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ཐ་སྙད་སྐམ་པོ་ཞིག་ལས་སྟོན་རྒྱུ་མེད་པའི་དུས་ཞིག་ཤར་ལ་ཉེ།ཞེས་ཁ་སྐོང་རོགས

    Reply
  27. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། ཧོར་བུ་ལགས་
    སྡུག་བསྔལ་བྱེད་དགོས་དོན་མི་འདུག
    བོད་ཀྱི་སྐད་ཡིག་སྤྱོད་མི་ཉུང་འདུག་པ་ལས་བོད་པ་ཚང་ལ་མི་ཉུང་མི་འདུག་འདོད།

    མི་མང་ན་རོ་མང་ཟེར་བ་ཨེ་གོ ལྷག་པར་དུ་བཙན་འབྱོར་ནང་ལ་ཕྲུ་གུ་མང་པོ་སྐྱེ་རྒྱུ་མེད་
    གང་ལ་ཞེ་ན་་་་་་་དེ་དག་ལ་རྩམ་དྲི་མི་བྲོ་བ་མ་ཟད་ཁུང་གང་དུ་མི་གཏོགས་ཤིང་བོད་མི་ཞེས་པས་ཐ་སྙད་སྐམ་པོ་ཞིག་སྟོན་རྒྱུ་མེད། ད་དུང་དེ་དག་གི་ཕ་མ་ཚོའི་ཕྲུ་གུ་ནར་སོན་སྐབས་ཨ་རི་སོགས་རྒྱལ་ཁབ་གཞན་ཞིག་གི་མི་འབོར་གྱིས་ཁ་སྣོན་བྱེད་རྒྱུ་ལས་འོས་མེད་པས་དུས་དེར་ང་ཚོ་ལ་ཐོབ་པ་ཁོང་བོད་པ་རེད་ཞེས་པ་ཙམ་མ་ཡིན་ནམ། ་ཧ་ཧ་ངའི་འདི་ལྟར་གླེན་བཤད་ཅིག་བྱས་ན་འདོད

    Reply
  28. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དྲ་རོགས་ཁ་ཤས་ཀྱི་བོད་ཡོངས་ལ་སྐད་གཅིག་གྱུར་གྱི་ཐུགས་འཁྲལ་གནང་གི་འདུག།ང་ནི་བོད་མི་མྱུང་མྱུང་ཞེ་དྲག་རེད་འདུག་དྲན་ནས་སེམས་འཁྲལ་འདུག།ཁྱོད་རྣམ་པའི་གཟིགས་དང།ང་ཚོའི་བཙན་བྱོལ་གཞུང་གི་མི་སྣས་བོད་མི་ས་ཡ་དྲུག་ཟེར།ཡིན་ནའང་རྒྱ་ཚང་གིས་ས་ཡ་ལྔ་ཟེར།དེ་ལྟར་ཁྱད་པར་ཆེན་པོ།ང་རང་གིབསམ་ཚུལ་ས་ཡ་དྲུག་ལས་མང་རེ་འགྲོ་ཡོད་རྒྱུ་རེད་དྲན་བཞིན་ཡོད།འོན་ཀྱང་ད་ནི་མྱུང་རེ་འགྲོ་འདུག་པའི་བོད་མི་རྣམས་ལ་ཞུ་རྒྱུ་ཆང་ས་མ་རྒྱག་མཁན་གྱི་ཕོ་མོ་སྟང་པ་མ་སྡོད་རོགས།གྲྭ་བ་དང་ཨ་ནེ་མང་པོ་མ་བྱེད་རོགས་མ་གཏོག་མི་མེད་ན་སྐད་ཀྱི་ཅི་ལ་ཕན།

    Reply
  29. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཅི་ཡིན་རུང་།ཁམས་སྐད་ཐོག་ནས་མཚོ་སྔོན་རྙན་འཕྲིན་ཁང་གི་ལས་བྱེད་པ་ནང་བཞིན་གྱི་སྒྲ་དག་ལ་གསལ་བ་ཡིག་སྐད་ཐོག་ནས་སྒྲོག་ཐུབ་ན་གོ་མཁན་མང་པོ་རེད་མ་གཏོག་ཨ་རི་རླུང་འཕྲིན་ཁང་གི་ཁམས་སྐད་ཉན་དུས་སེམས་པ་འདྲ་སྐྱོ་ཡོང་གི།དེ་སོང་ཙང་དེ་ལས་ཨ་མདོའི་སྐད་དེ་ཉན་ན་སེམས་པ་སྐྱིད་པོ་འདྲ་ཞིག་འདུག།ལྷག་པར་དུ་ལྕགས་མོ་མཚོའི་སྐད་དེ།
    བཤད་སྲོལ་ལ་སྡེ་དགེ་སྐད་དེ་ཁམས་སྐད་གཙང་མ་རེད་ཟེར།རྒྱ་ཚང་གི་ཁམས་སྐད་གློག་རྙན་རྣམས་ཡང་སྡེ་དགེ་སྐད་མ་རེད་དམ།

    Reply
  30. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    དེང་སང་བོད་ཀྱི་གནས་སྟངས་ལ་བསྟུན་ན་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏང་སའི་ལས་རིམ་གང་ཞིག་ཡུལ་གང་ལའང་འཛུགས་ཐུབ་ན་དགོས་ངེས་ཡིན་པས། ཁམས་སྐད་བརྙན་འཕྲིན་ལས་ཁང་དཀར་མཛེས་ཁུལ་དུ་འཛུགས་ཐུབ་པ་འདིས་བདག་ལ་སྤྲོ་བ་ཚད་མེད་ཅིག་སྦྱིན་བྱུང་། བདག་གིས་ལས་རིམ་དེར་བསྔགས་བརྗོད་དང་མཚམས་འདྲིའི་བཀྲིས་བདེ་ལེགས་ཞུ། འོན་ཏང་མ་འོང་པར་ཆོལ་གསུམ་ངག་སྐད་གཅིག་གྱུར་ཡོང་ཐབས་ལ་སྤྱི་སེམས་ཀྱིས་འབད་ཐུབ་ན་དགེ་མཚན་ཆེ། དེ་ཡང་སྐད་གདངས་དང་ཁོར་ཡུག་སོགས་རྒྱུ་མཚན་དུ་མར་བརྟེན་༸གོང་ས་མཆོག་དང་༸ཀརྨ་པ། བཀའ་ཁྲི་ཟམ་གདོང་སོགས་ཀྱིས་སྤྱོད་བཞིན་པའི་སྐད་གདངས་འདི་ཉིད་ལེགས། དེ་ཡང་ཁོང་རྣམས་པ་མི་ཆེན་ཡིན་པའི་ཆ་ནས་མ་ཡིན་པར་སྐད་གདངས་རང་ལ་བསམ་པ་ཡིན།

    Reply
  31. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    བོད་མདོ་དབུས་ཁམས་གསུམ་ལ་རང་རང་སོ་སོའི་སྐད་གཤེས་དང་བརྗོད་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད་དེ་ནི་ས་དེའི་ཁྱད་ཆོས་ཞིག་རེད། དེར་མ་ཟད་ཁམས་དང་ཨ་མདོའི་ཕྱོགས་ཀྱི་ཆས་གོས་ཡང་རང་རང་སོ་སོའི་སྲོལ་རྒྱུན་དང་མཐུན་པར་གྱོན་ན་དེ་ལ་གོ་རྒྱུ་ཡོད། དེས་ན་ཨ་སྐད་དང་ཁམས་སྐད་སོགས་དབུས་སྐད་བརྒྱུར་དགོས་དོན་ཅི་ཡོད། བོད་ཀྱི་ཁ་དཔེར།
    ས་གང་ཡིན་སྐད་ཀྱིས་ཤེས། །
    ལུང་པའི་ཕུ་ཐག་ཆུ་ཡི་དཔོག །
    ཞེས་པ་ནང་བཞིན་རེད། གཅིག་འགྱུར་དགོས་པ་དེ་བོད་ཡིག་འབྲི་སྐབས་སུམ་རྟགས་དག་གཅིག་གི་ཐོག་ནས་གཅིག་འགྱུར་ཞིག་བྱུང་དགོས། །

    Reply
  32. རྒྱལ་ཐང་ཡོན་ཏན says:
    ལོ་ 15 སྔོན།

    ཁམས་སྐད་ཀྱི་ལེ་ཚན་འདི་འདྲ་ཞིག་མེད་པ་ནས་ཡོད་པ་དང་ཡོད་ཐོག་འཕེལ་རྒྱས་ཕྱིན་ནས་བོད་སྤྱིའི་སྐད་ཡིག་སླར་གསོ་ཡོང་བའི་ཆ་རྐྱེན་ཞིག་ཏུ་འགྱུར་བར་ཤོག
    མ་གཞི་བོད་ཡོང་རྫོངས་སྐད་འདངས་ཙམ་གྱིས་ཁྱད་པར་མ་གཏོགས་མེད་ཆོལ་ཁ་གསུམ་སུས་སྐད་དར་སྤེལ་གཏོང་ཡང་བོད་སྤྱི་སྐད་ལ་ཕན་པར་ང་ཚོས་ངོས་འཛིན་ཆོག

    Reply
  33. བཤད་སྒྲུབ says:
    ལོ་ 15 སྔོན།

    བོད་པ་རང་གི་ལག་རྩེ་ནས་བྱུང་བའི་ཐུགས་པ་

    Reply
  34. བཤད་སྒྲུབ says:
    ལོ་ 15 སྔོན།

    ཁམས་སྐད་བརྙན་འཕྲིན་གསར་འཛུགས་བྱུང་ནས་མ་འོངས་ཁམས་རིགས་མི་མང་གི་གནང་ཕྱོགས་ཐད་མཁྱིན་དགོས་པའི་གནས་ལུགས་འགའ་མཐོང་དེ་ཡང་ཁམས་སྐད་ཅེས་བོད་སྤྱི་སྐད་དང་མ་མཐུན་པ་བཟོ་དགོས་དོན་མེད་པས་ཐོག་མ་སོ་སོ་བོད་པ་ཡིན་པའི་རྒྱུ་མཚན་ལ་བརྟན་ནས་ད་ཡོད་ཨམ་སྐད་ལེ་ཚན་ནང་ཐོན་པ་ནང་བཞིན་བོད་པ་རང་གི་ལག་རྩེ་ལནས་བྱུང་བའི་ཐུགས་སོགས་ལ་བོད་ཀྱི་ཐུགས་པ་ཟེར་དགོས་ཚབ་ཏུ་༼ཨ་མདོའི་ཐུགས་པ་༽ཅེས་འབོད་པ་ད་བོད་ཀྱི་མོག་མོག་ཟེར་རྒྱུའི་ཚབ་ཏུ་༼ཨ་མདོའི་མོག་མོག་ཅེས་འབོད་པ་ནི་དོན་ལ་བོད་ཁ་བྲལ་ཀྱི་ལས་ལ་རྒྱབ་སྐྱོར་འགྲོ་བ་མཐོང་བས་ལྷ་རབས་བྱུང་ན་བོད་ཀྱི་སྤྱི་སྐད་དང་མཐུན་ཆེ་བའི་དབུས་ཀྱི་སྐད་དང་འབྲེལ་ལམ་ཟབ་ཏུ་བཏང་དགོས་དེ་ཡང་༼བོད་ཀྱི་སྤྱི་སྐད་ནི་བོད་ཡིག་ཡིན༽དེ་མིན་རྟའུ་ལོག་སྐད་དང་ཨམ་སྐད་སོགས་རིམ་པས་འགྱུར་ཏེ་བོད་སྐད་གཅིག་གྱུར་བྱུང་ན་དགའ་བ་སྙམ་

    Reply
  35. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁམས་སྐད་དང་ཁམས་སྐད་ཟེར་བའི་སྐད་གཅིག་ཁོ་ན་མེད་བཞིན་དུ་ཁམས་སྐད་བརྙན་འཕྲིན་ཡིན་ན་ཅིག་ཟེར་བ་འདིར་དགོད་ཤོར་རོགས་ཅིག་རེད།
    དཔེར་ན། ཏྲེ་ཧོར་ཁམས་པའི་སྐད་ལ་ཆ་འཇོག་ན་ཏྲེ་ཧོར་ཁམས་པའི་སྤྱི་སྐད་གཅིག་རྩ་བ་ནས་མེད། ཏྲེ་ཧོར་ཁམས་པའི་ནང་ཁུལ་གྱི་སྐད་རིགས་རག་ཙམ་གླེང་ན། 1རྟའུ་ལོག་སྐད། 2་བྲག་འགོ་བའི་སྐད། 3་ལྕོག་རི་བའི་སྐད། 4་དཀར་མཛེས་བའི་སྐད། 5་དར་རྒྱས་བའི་སྐད། 6་རྫ་པའི་སྐད། སྐད་རིགས་དྲུག་པོ་འདི་ཏྲེ་ཧོར་ཁམས་པའི་ཁྱབ་ཆེ་བའི་ཕལ་སྐད་རྣམས་རེད།
    མ་ཟད་ཕལ་སྐད་ཁག་དྲུག་པོ་འདི་ལས་གཞན་པ་ཕལ་སྐད་རིགས་མི་འདྲ་བ་མང་པོ་ཏྲེ་ཧོར་ཁམས་པའི་ལུང་པ་ནང་དུ་བེད་སྤྱོད་བྱེད་བཞིན་ཡོད།

    བོད་ཁ་བ་རི་པའི་སྤྱི་སྐད་འདིར་ཡུན་རིང་གནས་མ་ཐུབ་ན་་་་་་་བོད་མི་རིགས་འདི་ཡང་ཁག་པོ་རེད་སྙམ།
    མཁས་དབང་དགེ་ཆོས་ཀྱིས་གསུངས་པར་རྣམས་དྲན་གསོལ་རེ་ཡོང་བ།

    Reply
  36. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། ང་འཇིགས་བྲལ་འདིས་འཛེམས་དོགས་ཤེས་ཀྱི་མེད། ཡིན་ནའང་ཕལ་སྐད་རེ་ལ་བརྙན་འཕྲིན་དང་ ཕལ་སྐད་དེ་དང་མཐུན་པའི་ཚིག་སྦྱོར་ཡི་གེ་རེ། ཁམས་ལ་མཚོན་ན་ཕལ་སྐད་མི་འདྲ་བ་མི་ཉུང་བ་ཞིག་ཡོད། སུའི་ཕལ་སྐད་གཞིར་འཇོག་དགོས་རེད། རིམ་པས་བོད་གངས་ཅན་པའི་སྤྱི་སྐད་ཟེར་ན་འཛུབ་མོ་འཛུགས་ཡུལ་མེད་པ་ཞིག་ཆགས་རྒྱུ་ཐག་ཆོད།
    གནས་ཚུལ་འདི་ཕལ་སྐད་ཀྱི་ལམ་ནས་འདྲ་མིན་ཤོད་མཁན་ཚོར་བཀྲ་ཤིས་གཏམ་བཟང་རེད། དེ་མིན་བོད་སྤྱི་ལ་གྱོང་རེད།

    Reply
  37. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད་
    བོད་རིགས་སྤུན་ཟླ་ཡོངས་ཀྱི་ལེགས་སྐྱེས་ཕོན་ཆེན་དུ་འགྱུར་བར་སྨོན་

    Reply
  38. རྒྱང་རིང་ནས། says:
    ལོ་ 15 སྔོན།

    གནས་དོན་འདི་རྣམས་ངས་བལྟ་ན་ང་ཚོས་ཐོབ་པའི་རྒྱལ་ཁ་ཞིག་རེད་དྲན་སོང་།

    Reply
  39. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་ཡི་གསུང་པ་དེ་དངོས་ནས་རེ་ད་ཡིན་ན་བོད་ཆོལ་ཁ་གསུམ་གྱིས་སོ་སོའི་བྱུང་ན་ཆོས་དང་ཡུལ་ལུང་སོགས་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་ནས་བདག་གཅེས་བྱས་ཏེ་༧གོང་ས་མཆོག་གིས་ཐུགས་རེལ་ལྟར་ཇི་སྲིད་བོད་ཀྱི་བདེན་དོན་ལ་ཆོག་ཏུ་གྱུར་བ་ཞིག་རེད་་་་་་་་་་ས་ཕྱོགས་གང་དུ་ཡོད་པའི་བོད་པ་སྤྱི་དང་བྱེད་བྲག་ཁམས་རིགས་སྤུན་ཟླ་ཡོངས་ལ་དགའ་འོས་པའི་གནས་ཚུལ་ཡིན་་་་་་་་་་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཡོད

    Reply
  40. དུག་ཚེར། says:
    ལོ་ 15 སྔོན།

    འཇིག་བྲལ་ཁྱོད་སྐད་བརྡ་རིག་་པ་ལ་འདི་ཙམ་གོ་རྟོག་དམན་པ་ཅི་ཞིག་ཡིན་ན།

    Reply
  41. དུག་ཚེར། says:
    ལོ་ 15 སྔོན།

    ཁམས་སྐད་བརྙན་འཕྲིན་རྒྱུད་ནས་བོད་རིགས་ཡོངས་ཀྱིས་ཁམས་སྐད་ཉན་བཤད་ཐུབ་པའི་རེ་བ་ཡོད། ངས་རེ་བ་འདི་འདྲ་ཞིག་བྱེད་པའི་རྒྱུ་མཚན་ནི། རྒྱུད་ལམ་སྣ་ཚོགས་ནས་ཆོལ་ཁ་གསུམ་གྱི་སྐད་ཁྱབ་རྒྱ་ཆེ་རུ་གཏོང་ན་ད་བཟོད་སྐད་ཡིག་གཅིག་གྱུར་ཡོང་ཐུབ་པའི་རེ་བ་ཡོད་པ་མ་གཏོགས། གཞན་བོད་རིགས་ཡོངས་ལ་སྐད་གཅིག་གྱུར་ཞིག་ཡོང་བའི་དུས་མི་སྲིད་དོ།

    Reply
  42. འབྲོག་རུ་ཆོས་དར། says:
    ལོ་ 15 སྔོན།

    ལྷ་ཆབ་ཀྱིས་བཤད་པ་དེ་ངོ་མ་རེད། བརྙན་འཕྲིན་ཁང་བཙུགས་པ་དེས་ཁམས་ཡུལ་མ་ཟད་བོད་སྤྱི་ལ་ཕན་འབྲས་མངོན་སུམ་ཡོང་ངེས་རེད། དེའི་སྐོར་ངེས་ཤེས་འདྲེན་མི་ཐུབ་པ་ཚོས་བོད་ལྗོངས་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་རླུང་འཕྲིན་ཁང་། ཀན་ལྷོ་བཅས་ཀྱི་བརྙན་འཕྲིན་ལས་རིགས་ཁྲོད་མི་མང་དང་བོད་སྐད་ཡིག་བཅས་ཀྱི་ཐད་ཕན་འབྲས་ཅི་ཞིག་བཞག་ཡོད་མེད་ལ་རྒྱུས་ལོན་གཏིང་ཟབ་ཅིག་བྱས་ན་གཏོགས་ངེས། ཁམས་ཕྱོགས་ནས་ད་ལྟའི་བར་དུ་བརྙན་འཕྲིན་ཁང་འཛུགས་མ་ཐུབ་པ་དེར་བློ་ཕམ་བྱུང་ཡོད་མོད། ད་ནི་ཡག་པོ་བྱུང་འདུག

    Reply
  43. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    ལེགས་འདུག་ས་གནས་སོ་སོར་ལ་འདི་འདྲ་ཡོད་ན་ཤིན་ཏུ་ལེགས་

    Reply
  44. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ཨ་འཇིགས་བྲལ། ད་ཁྱོད་འདི་ཅི་འདྲའི་ལྡོག་ཕྱོགས་ནས་བསམ་བློ་གཏོང་མཁན་ཞིག་རེད། ཇོ་བོ་རིན་པོ། འདི་ནི་གཏམ་བཟང་རེད་དཱ། ཁམས་སྐད་ཀྱི་བརྙན་འཕྲིན་གསར་འཛུགས་བྱས་པ་འདི་མ་འོངས་པའི་སྤྱི་སྐད་ཀྱི་ཐད་ནས་ཕུན་སུམ་ཚོགས་པའི་ལག་ཆ་ཞིག་ཏུ་འགྱུར་བར་ངེས། ད་ང་ཚོའི་སྤྱི་སྐད་ཕྱོགས་ལ་དམིགས་བསལ་གྱི་དོ་སྣང་ཅན་ཚོས་བོད་རང་གི་སྐད་ལས་སྒྲ་གདངས་མང་བོར་ཞིབ་འཇུག་བྱེད་བདེ་བ་ཆགས་པ་རེད། དེའི་ནང་ནས་འདོར་ལེན་བྱ་ཆོག་ཆོག་ཏུ་གྱུར་བ་རེད།

    ཨོ་འཇིགས་བྲལ་ལགས་ལ་ཞུ་རྒྱུར། ཁྱོད་ཀྱི་སྐུ་ལུས་བདེ་བོའི་ངང་ལྷོ་ཕྱོགས་སུ་འབྱོར་བ་དགའ་ཡོད།

    Reply
  45. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དཱ་སྐྱིད་པོ་ཁྱོན་ནས་མི་འདུག

    གནས་སྐབས་ཁམས་པ་མི་མང་ལ་རྒྱ་ནག་གི་གནས་ཚུལ་གོ་བར་ཕན་རྒྱུ་རེད།

    དེ་ཙམ་རེད།

    Reply
  46. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    འདི་མཐོང་སྐབས་ང་ལ་བསམ་ཚུལ་གསར་པ་ཞིག་སྐྱེས་བྱུང་།

    དཱ་ཆོལ་གསུམ་སྤྱི་སྐད་ཀྱི་དུས་སྐབས་ནམ་ཡང་ཤར་རྒྱུ་མེད་པའི་ལྟས་ཚང་འདུག

    དེར་བརྟེན་ཆིག་སྒྲིལ་ཡང་དེ་མཚུངས་ཡིན་རྒྱུ་མ་རེད་དམ།

    Reply
  47. བཤད་སྒྲུབ says:
    ལོ་ 15 སྔོན།

    ཁམས་སྐད་བརྙན་འཕྲིན་གསར་འཛུགས་བྱུང་བ་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན། དེ་ཡང་ལྷ་རབས་བྱུང་ན་ཁམས་སྐད་བརྙན་འཕྲིན་དེས་ཤུགས་རྐྱེན་ལ་བརྟན་ནས་ཁམས་ཁུལ་བོད་རིགས་མི་མང་ནས་བོད་ཀྱི་ཆོས་དང་རིགས་གཞུང་བདག་གཅེས་བྱས་ཏེ་ཇི་སྲིད་བོད་ཀྱི་བདེན་མ་གསལ་བར་གནས་ཐུབ་པ་སྨོན།

    Reply
  48. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།།་ ངས་བོད་རིགས་སྤུན་ཟླ་ཡོངས་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན
    ཁམས་སྐད་བརྙན་འཕྲིན་གསར་འཛུགས་བྱུང་བ་ཡི་རང་བྱེད་རྒྱུ་ཡིན

    Reply
  49. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    འདི་ནི་ཧ་ཅང་དགའ་འོས་པའི་དོན་དག་ཅིག་རེད། ད་ཡིན་ན་བོད་ཆོལ་ཁ་གསུམ་གྱིས་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་ནས་ཕ་སྐད་གཙང་མ་རེ་བཤད་རྒྱུའི་གོ་སྐབས་གནང་བྱུང་བ་རེད། མཚོ་སྔོན་ནང་བཞིན་རང་གི་སྐད་ཡིག་ལ་བདག་རྒྱག་ཐུབ་ན་བསམ་གི

    Reply
  50. བཀྲ་ཤིས། ། says:
    ལོ་ 15 སྔོན།

    ཁམས་སྐད་བརྙན་འཕྲིན་གསར་འཛུགས་བྱུང་བ་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་དང་འབྲེལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
    འཛམ་གླིང་གང་སར་ཡོད་པའི་ཁམས་རིགས་སྤུན་ཟླ་ཡོངས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese