མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁམས་སྐད་བརྙན་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་སི་ཁྲོན་ཁམས་སྐད་བརྙན་འཕྲིན་ཁང་གི་ཡན་ལག་ཁང་ཐོག་མ་དེ་དཀར་མཛེས་ཁུལ་དུ་བཙུགས་ཡོད་འདུག་ལ། ད་དུང་མུ་མཐུད་དུ་དཀར་མཛེས་ཁུལ་འོག་གི་རྫོང་ ༡༨ ཙམ་ལ་གསར་འགོད་པའི་ས་ཚིགས་གསར་འཛུགས་བྱ་རྒྱུ་ཡིན་པ་མ་ཟད། ཁམས་སྐད་བརྙན་འཕྲིན་ཁང་གིས་གློག་བརྙན་དང་། བརྙན་འཕྲིན་རིགས་བོད་སྐད་ནང་ཕབ་སྒྱུར་གྱི་རྟེན་གཞི་བཙུགས་ཏེ། སྐད་སྒྱུར་བ་དང་གློག་བརྙན་སྒྱུར་སྐྲུན་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་འཆར་ཡོད་འདུག  

སི་ཁྲོན་ཁམས་སྐད་བརྙན་འཕྲིན་ཁང་དེ་ནི། སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་སི་ཁྲོན་ཁྲིན་ཏུའུ་རུ་ཐོག་མར་ཚོད་ལྟའི་ཚུལ་དུ་བཏང་ཡོད་པ་དང་། ཉིན་རེའི་ཆུ་ཚོད་ ༡༨ རིང་བརྒྱུད་གཏོང་བྱེད་ཀྱིན་ཡོད་པ་ལས་བོད་སྐད་ཀྱིས་བརྒྱ་ཆ་ ༨༠ ཙམ་ཟིན་ཡོད་འདུག བརྙན་འཕྲིན་ཁང་དེའི་ལེ་ཚན་གཙོ་བོ་ཀྲུང་དབྱིང་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག་དང་། སི་ཁྲོན་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག ཁམས་སྐད་ཀྱི་གསར་འགྱུར་རིགས་གཙོ་བོར་བཟུང་སྟེ། གླུ་གར་ཞབས་བྲོ་སོགས་ཀྱི་རྩེད་རིགས་དང་ས་གནས་ཀྱི་རིག་གནས་ངོ་སྤྲོད། གློག་བརྙན་དང་མུ་འབྲེལ་བརྙན་འཕྲིན་ཟློས་གར་སོགས་གཏོང་རྒྱུ་ཡིན་འདུག

ཁམས་སྐད་བརྙན་འཕྲིན་ཁང་ཐོག་མར་སྒོ་འབྱེད་སྐབས། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལམ་རྒྱ་ཡིག་དྲི་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཁམས་སྐད་བརྙན་འཕྲིན་དེ་ནི་བོད་ལྗོངས་དང་མཚོ་སྔོན། ཡུན་ནན། ཀན་སུའུ་བཅས་ནང་གི་ཁམས་སྐད་བཤད་མཁན་གྱི་ས་ཁུལ་དག་ལ་གཏོང་རྒྱུ་ཡིན་པ་དང་། རང་རྒྱལ་དུ་ད་ལྟ་བོད་རིགས་ས་ཡ་ལྔ་ ༥༠༠༠༠༠༠ ཡོད་པའི་ཁྲོད། ཁམས་སྐད་བཤད་མཁན་ས་ཡ་གཉིས་དང་འབུམ་བཞི་ ༢༤༠༠༠༠༠ ཙམ་ཟིན་ཡོད་སྟབས། དེ་དག་གིས་སོ་སོའི་ཕལ་སྐད་ཐོག་ནས་བརྙན་འཕྲིན་ལེ་ཚན་ལ་བལྟ་ཐུབ་པ་བྱུང་ཡོད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 64

  1. karma dorje says:
    ལོ་ 15 སྔོན།

    བོད་རིགས་སྤྱི་སྐད་ནི། ཐོན་མི་ཨ་ནུའི་སྐད་ཅིག་ལ་གོ་དགོས་ཀྱི། དབུས་གཙང་སྐད་སོགས་ལ་སྦྱར་ན་ནི། མི་འགྲིག་ལ།། ཨ་མདོ་དང་ཁམས་པའི་སྐད་ལའང་མི་ཟེར། དེ་གསུམ་ནང་ལ་མ་འདུས་པ་ནི། དེ་བས་ཀྱང་མིན།

    Reply
  2. མདོ་སྨད་ཀུན་དགའ says:
    ལོ་ 15 སྔོན།

    ཁམས་དང་ཨ་མདོའི་སྐད་ལ་ཕལ་སྐད་ཟེར་ན་དངོས་ཡོད་དང་མི་མཐུས་པས་ཡག་པོ་མི་འདུག། འོ་ན་དབུས་སྐད་ལ་ལེགས་སྐད་ཅེས་འབོད་དགོས་སམ་གཙོ་སྐད་ཅེས་འབོད་དགོས། ངས་བཤད་འདོད་པ་ནི་བོད་ཆོལ་ཁ་གསུམ་པོའི་ནང་སྐད་རིགས་མ་འདྲ་བ་སྣ་ཚོགས་ཡོད་ཆོག་ཀྱང་དོན་དངོས་ཐོག་གོ་བརྡ་ཁྲོད་ཐུབ་པ་ཙམ་མ་ཚད་སྙན་ཆ་ཡོད་པའི་དབུས་སྐད་དང་དེ་ལས་སྙན་ཆ་མེད་ཀྱང་རྫིག་ཉམས་ཆེ་བའི་ཁམས་སྐད་གཉིས་དབྱེར་བ་ཅུང་ཕྱེ་དཀའ་ནའང་རང་རྐྱ་ཐུབ་པའི་ཨ་མདོའི་སྐད་ལའང་ཆེ་ཆོས་སྣ་ཚོགས་ཡོད་པ་མཐོང་བས་འདི་དག་ཆོལ་ཁའི་རྣམ་བཞག་ཐོག་འགྲེལ་བརྗོད་བྱས་པ་ཙམ་ཡིན་

    Reply
  3. karma dorje says:
    ལོ་ 15 སྔོན།

    ཁམས་པས་བོད་རིགས་སྤྱི་སྐད་ཚབ་ཏུ་རྒྱ་སྐད་བརྒྱབ་ལས། ཁམས་སྐད་བརྒྱབས་ན་ལེགས།

    Reply
  4. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅། ཁ་ཅིག་གིས་
    བོད་སྤྱི་ལ་ཁྱབས་པའི་སྐད་ཡོད་པར་འདོད དེ་ནི་ཡིག་སྐད་ཡིན་ཟེར ངའི་དེ་ལྟར་མི་འདོད
    མདོ་དབུས་ཁམས་སུམ་ལ་ཁྱབས་པའི་སྤྱི་སྐད་ཞིག་བྱུང་མྱོང་མེད་ལ་འབྱུང་འགྱུར་ཡང་བྱུང་དཀའ་བ་ཞིག་དུ་འདོད ་རྒྱུ་མཚན་ནི་་་་སྤྱི་སྐད་དེ་་སྒྲ་གདེངས་སྙན་ཞིང་གསལ་བ་ཡིག་སྐད་དང་མཐུན་པ་ཞིག་དགོས་པ་དེ་རེད།
    འདི་འདྲའི་སྤྱི་སྐད་ཞིག་གང་ཞིག་ནས་ཚོལ
    ཨམ་སྐད་དེ་གདེངས་གསལ་བ་དང་ཡིག་སྐད་དང་མཐུན་པར་ཉེ་བོ་རེད། འོན་གྱང་
    སྙན་ཆ་མི་འདུག དབུས་སྐད་ལལ་སྙན་ཆ་ཡོད་ཀྱང་་གཞན་གཉིས་ལ་ཐག་རིང་
    ཁམས་སྐད་སྤྱིའི་ཆ་ནས་ཡིག་སྐད་དང་མི་མཐུན་པ་མ་ཟད་གདེངས་སཉན་གསལ་སོགས་གང་ཡང་མི་འདུག ཁམས་སྐད་བྱེ་བྲག་པ་རེར་གདེངས་གསལ་བ་དང་ཡིག་སྐད་དང་མཐུན་པ་ཡོད་ཀྱང་དེ་སྤྱི་སྐད་དུ་ཧ་ཅང་ཧ་ཅང་གི་ཐག་རིང་།
    སྤྱི་སྐད་དེ་་་ལས་སླ་བོའི་སྒོ་ནས་བོད་མི་ཡོངས་ནས་གོ་ཐུབ་པ་ཙམ་གྱི་ཆོག་ན། གཞྀ་ཆགས་སྐད་ལས་འོས་གཞན་མེད་པར་འདོད་དོ།།།

    Reply
  5. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ། ཁམས་པའི་བསྟན་པར་དར་ན་བོད་གངས་ཅན་ལ་རེ་བ་གཏོག་ཙམ་ཡོད་པ་དང་ཉིས་སུ་མ་ཆེས། མ་ཟད་ཁམས་སྐད་ཟེར་བ་དེ་བོད་གངས་ཅན་པའི་སྐད་ཀྱི་འབྱུང་ཁུང་འང་སྤྱིར་སྐད་ལྟར་ཞིག་རེད། གང་ཡིན་བཞེས་ན། སྟོད་གངས་རི་མར་ཁྱོར་སྨད་དར་རྩེད་མདོ་ཡི་ཡར་ཁྱོར་ལ་གོ་བརྡར་འཕྲོད་ཀྱིས་ཡོད།

    Reply
  6. སེམས་འཁྱམས says:
    ལོ་ 15 སྔོན།

    དྲ་གྲོགས་ཐོ་རེངས་སྐར་ཆེན་ལགས་ངས་སྤྱི་སྐད་ངོས་འཛིན་དེ་སྒྲ་གདངས་གསལ་མི་གསལ་དང་ཡུལ་གྲོང་ག་གེ་མོར་བོད་ཡིག་ཤེས་མཁན་མང་ཉུང་ཡོད་མེད་ཧེ་བག་གིས་སྒོ་ནས་བཞག་ཐུབ་ས་མ་རེད།
    སྤྱི་སྐད་ནི་སྤྱིར་ཁྱབ་དགོས་ན་དེས་ཤུགས་རྐྱེན་གཙོ་བོ་གང་ལ་རག་ལས་མིན་ལ་ཐུག་ཡོད།
    ཆོལ་ཁ་གསུམ་ཀའི་སྐད་གདངས་འདི་གསལ་ལ་འདི་མི་གསལ་ཞེས་དབྱེ་འཚམས་ཕྱེ་རྒྱུ་ཤིན་ཏུ་དཀའ།

    Reply
  7. ཐོ་རེངས་སྐར་ཆེན། says:
    ལོ་ 15 སྔོན།

    སེམས་འཁྱམས་ལགས། གལ་སྲིད་ཁྱེད་ཀྱི་བསམ་ན་བོད་སྤྱི་ལ་ཁ་སྐད་གཅིག་འགྱུར་ཞིག་དགོས་པར་འདོད་ན། མ་འོངས་པ་ཨ་སྐད་ཐོགས་ལ་གཅིག་འགྱུར་བྱུང་མི་ལེགས་སམ།
    དེ་རྒྱུ་མཚན་ཡང་ད་ཨ་སྐད་དེ་སྒྲ་གདེངས་གསལ་ལ། བརྗོད་པ་གཙང་བ། ཡིག་སྐད་དང་ཉེ་ལ། བོད་ནང་ལ་མཚོན་ན་ཁྱབ་ཆེ་ཤོས། མཚོ་སྔོན་དང་ཀན་སུ་སྔ་བ་ཁུལ་སོགས་ལ་སྔར་ནས་བརྙན་ཕྲིན་སོགས་དར་ཁྱབ་དུ་སོང་ཟིན་པ་ཞིག་རེར། དེར་མ་ཟད་ང་ཚོ་བོད་ཀྱི་སུམ་རྟགས་དག་གསུམ་དང་སྙན་ངག་ལྡེབ་སྦྱོར་སོགས་རིགས་གནས་ཀྱི་མ་རྩ་ཡང་ཨ་མདོའི་ཕྱོགས་ཀྱི་་བཟུང་ཡོད། དཔེར་ན་བོད་མི་གསར་འབྱོར་ཞིག་ཨ་མདོའི་ཕྱོགས་ནས་སླེབ་ན་བོད་ཡིག་ཡག་ཐག་ཆོད་དང་དེའི་ཐོག་ལ་ཕར་ཆེ་བའི་རྒྱ་ཡིག་ཡང་ཡག་པོ་མཁྱེན་པ་དངོས་གསལ་མ་ཡིན་ནམ།

    Reply
  8. དུས་ཀྱི་དགོས་མཁོ། says:
    ལོ་ 15 སྔོན།

    ༄། ། འདིར་དང་སྐབས་མང་པོར་བོད་ཀྱི་སྐད་གཅིག་གྱུར་གྱི་སྐོར་ལ་བསམ་གཞིགས་མང་པོ་བྱེད་པ་དང་། ལ་ལས་ད་དུང་བོད་ཀྱི་སྤྱི་སྐད་དུ་མདོ་དབུས་ཁམས་གསུམ་འདི་དང་འདི་ཞེས་སོགས་སྣ་ཚོགས་སྨྲ་བར་བྱེད། ངས་བལྟས་ན་སྐད་གཅིག་གྱུར་བྱེད་རྒྱུ་ལས། ཁ་ཡིག་གཅིག་གྱུར་བྱེད་ན་བཟང་སྙམ། སྤྱིར་སྐད་གཅིག་གྱུར་བྱ་རྒྱུ་ནི་བསམ་པ་ནང་བཞིན་སྟབས་བདེ་བོ་ཞིག་གཏན་ནས་མེད། དེ་མཚུངས་ཁ་ཡིག་གཅིག་གྱུར་བྱེད་རྒྱུ་དེའང་དངོས་གནས་དཀའ་མོད། འོནད་ཀྱང་དཀའ་མོ་སྔ་ཕྱི་གཉིས་ལས་ཕྱི་མ་ལེགས་ཏེ། གཅིག་གྱུར་བྱེད་པའི་དགོས་པ་ནི་ཕན་ཚུན་བརྡ་ལེགས་པོ་འཕྲོད་ཕྱིར་ཡིན་ཞིང་གཉིས་ཀས་ཀྱང་བརྡ་ལེགས་པར་འཕྲོད་ཐུབ། ཡིན་རུང་ཉིན་ཞིག་སྐད་གཅིག་གྱུར་ཡོང་བའི་ཚེ་ཡང་དཀའ་བསྔལ་གཅིག་མུ་མཐུད་ནས་ཡོད། དེ་གང་ཞེས་ན་ཁ་སྐད་དང་ཡིག་སྐད་གཉིས་མི་མཐུན་པའི་ཁྱད་པར་དེ་རེད། དེ་དུས་ཡང་ཁ་ཡིག་མཐུན་པའི་ལས་འགུལ་ཞིག་མགོ་བརྩམ་དགོས། དེ་བས་དང་པོ་ནས་ཁ་ཡིག་གཅིག་གྱུར་གྱི་ལས་འགུལ་སྤེལ་ཏེ། ཚང་མས་ཡིག་སྐད་དང་མཐུན་པའི་སྐད་ཞིག་བེད་སྤྱད་ཚེ། སྐད་གཅིག་གྱུར་ནི་ཞོར་དུ་ཡོང་འགྲོ མ་ཟད་ཁ་ནས་གང་བཤད་ཡི་གེར་འབྲི་ཐུབ་པ་ཡང་གྱུར་པས་ཤིནད་ཏུ་དགེ་མཚན་ཆེ། དེ་ཡང་ཁ་སྐད་ཡིག་སྐད་དང་ཡར་བསྟུན་དགོས་པ་ལས། ཡིག་སྐད་ཁ་སྐད་དང་མར་བསྟུན་གཏན་ནས་མི་རུང་། བློ་བུར་དུ་ཡིག་སྐད་ནང་བཞིན་མི་ཞིག་དང་སྐད་ཆ་བཤད་ཚེ་མི་བདེ་ཤིག་ཤིག་ཞིག་ཡིནད་ཀྱང་། གོམས་པར་གྱུར་དུས་དེ་འདྲ་མི་འཚོར། གཏམ་བཤད་སོགས་ཀྱི་སྐབས་ཡིག་སྐད་ཀྱི་ཀློག་པ་དང་ཡང་གསར་འགྱུར་གྱི་སྐབས་ཀྱང་དེ་འདྲ་ཀློག་པར་འཚོར་སྣང་རྒྱུན་ལྡན་ཡིན་པ་ལྟར་འགྱུར་འགྲོ་བ་ཡིན། རེད་མཚམས་རེར་ཀློག་ཚུལ་མི་འདྲ་ཅུང་ཟད་རེད་བྱུང་ཡང་དེ་ནི་དཀའ་བསྡལ་ཆུང་ཆུང་ཞིག་ཡིན་པས་མ་སེལ་བས་ཆོག་པའམ་ཐབས་ལས་སླ་བོ་ཞིག་གིས་སེལ་ནུས་སྙམ་མོ།། སྐད་ཆ་འདི་ཕྲན་གྱིས་ཞེ་ཐག་པ་ནས་བསམ་པ་ལས་རང་འགར་བཅོས་སྒྲིག་བྱས་པ་དེ་འདྲ་མིན། དེ་ཕྱིར་འདི་དང་བསམ་ཚུལ་མི་མཐུན་པ་འདུག་ན་ངེས་པར་དུ་བགྲོ་གླེང་ཡོད་པར་ཞུའོ།།

    ༑ ཁམས་སྐད་ཀྱི་ལེ་ཚན་སྒོ་ཕྱེ་བར་བཀྲིས་རྟེན་འབྲེལ་ས་ཡ་དྲུག་དང་མྱུད་དུ་འཕེལ་ཞིང་རྒྱས་པ་ཡར་ངོའི་ཟླ་ལྟར་འགྱུར་བའི་སྨོན་འདུན་ཡང་དུང་ཕྱུར་བཅུ་གཉིས་ཞུའོ།།

    Reply
  9. བྱམས་རྒྱལ། says:
    ལོ་ 15 སྔོན།

    དེ་རིང་ཅོ་རི་ལགས་མཉམ་དུ་སེམས་འཁྱམ་ཞིག་གིས་སྐད་ཆ་ཤོད་བཞིན་འདུག་། ཨ་ཙི་རྩེད་མོ་ཡིན།
    བཀྲ་ཤིས་བདེ་ལེགས་

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཡ་ཡ་གྲོགས་པོ་ཅི་ཡིན་ཡང་བོད་མི་རྣམས་ཀྱི་སྤྱིར་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་རེད་དྲན། རྒྱ་སྐད་ཤེས་ན་ཡང་ཡག་པོ་རེད། བོད་སྐད་མ་ཤེས་ན་ངོ་ཚ་རེད།

    Reply
  11. སེམས་འཁྱམས says:
    ལོ་ 15 སྔོན།

    དེང་བོད་ནང་ལ་ཆ་བཞག་ན་བོད་མི་མང་ཤོས་ཀྱིས་རྒྱ་སྐད་སྤྱོད་བཞིན་ཡོད་རེད།

    Reply
  12. སེམས་འཁྱམས says:
    ལོ་ 15 སྔོན།

    ཅོ་རོ་ལགས་ ངས་ཡུལ་དབུས་ཀྱི་སྐད་ལ་སྤྱི་སྐད་ངོས་འཛིན་དགོས་པར་བཤད་པ་དེ་ནི་ཕྱོགས་ཞེན་སོགས་གང་ཡང་མིན་ལ། དབུས་ཀྱི་སྐད་ཕྱོགས་མཐའ་ཀུན་ཏུ་དར་ཁྱབ་ཆེ་ཞིང་དབུས་ནི་ཕྱོགས་མཐར་གནས་བཞུགས་སྤུན་ཟླ་འཁོར་འདུས་ཆེ་བའི་གནས་མཆོག་ཞིག་ཡིན་པའི་ཆ་ནས་དང་་། ད་དུང་ཡུལ་དབུས་ནི་ཆོས་སྲིད་མ་ལག་གི་ལས་ཁུངས་ཡོད་དགོས་ཤིང་བོད་ཁམས་ཡོངས་ནས་ཕེབས་པའི་གནས་ཡོད་མི་སྣ་གནས་སྡོད་བྱས་ས་ཞིག་ཡིན་པའི་ཆ་ནས་ཀྱང་རེད།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་ཀྱི་འབྲོག་སྐད་འདིར་བོད་མི་མང་ཤོས་ཀྱི་བེད་སྤྱོད་བྱས་པའི་སྐད་རེད། དེའི་རྒྱུ་མཚན་གྱིས་ཡིན།
    ཁྱེད་ཀྱི་བསམ་ཚུལ་བྱས་ན་བོད་མི་མང་ཤོས་ཀྱི་བེད་སྤྱོད་བྱས་པའི་སྐད་དེ་གང་རེད་དམ།

    Reply
  14. སེམས་འཁྱམས says:
    ལོ་ 15 སྔོན།

    ཅོ་རི་ལགས་འོ་ན་ཁྱོད་ཀྱིས་འབྲོག་སྐད་དེ་བོད་ཀྱི་སྤྱི་སྐད་ལ་འཇོག་ན་མི་འགྲིག་པ་མེད་ཟེར་བ་དེས་བོད་ཀྱི་སྤྱི་སྐད་སྲུང་ཡིན་ནམ་རྩ་གཏོར་གང་ཡིན།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese