མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དགེ་རྒན་གསུམ་འཇུས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༦ ཉིན་ངྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྔ་པ་ཁུལ་མི་རིགས་མཐོ་འབྲིང་སློབ་གྲྭའི་ ༼ འབར་ཁམས་དགེ་འོས་སློབ་གྲྭའི་ ༽ དགེ་རྒན་གསུམ་ས་གནས་ཉེན་རྟོག་པས་འཛིན་བཟུང་བཀག་བྱས་འདུག ཕྱི་ཟླ་ ༣ ཚེས་ ༢༧ ཉིན་རྔ་པ་ཁུལ་མཛོད་དགེ་རྫོང་ཚོང་རུ་ནས་ཡིན་པའི་རྔ་པ་ཁུལ་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭའི་དགེ་རྒན་བསོད་ནམས་དང༌། མཛོད་དགེ་རྐ་ཆུ་ཁ་ནས་ཡིན་པའི་དགེ་རྒན་ཀིརྟི་སྐྱབས། མཚོ་སྔོན་ནས་ཡིན་པའི་དགེ་རྒན་རྡོ་ལྷ་གསུམ་སློབ་གྲྭའི་ནང་ནས་འབར་ཁམས་རྫོང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་འདུག་ལ། ཁོང་རྣམས་འཛིན་བཟུང་བྱེད་དོན་ནི་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ དང་ ༡༤ ཉིན་སོ་སོར་ཁོང་རྣམས་ཀྱིས་སློབ་མ་རྣམས་ཀྱིས་བོད་ཆས་གྱོན་པ་དང་མཆོད་མེ་སྒྲོན་བཅུག་སྟེ། གསུམ་བཅུའི་དུས་དྲན་ཉིན་མྱ་ངན་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་པས་ཡིན་འདུག་ལ། དེ་མིན་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ རྗེས་སློབ་གྲྭ་འདིའི་སློབ་མ་སྐོར་ཞིག་འཛིན་བཟུང་བཀག་ཉར་བྱས་པ་ལས་ཁག་ཅིག་ད་དུང་གློད་མེད་པར་བཀག་ཉར་འོག་ཡོད་ཀྱང་མིང་སོགས་གསལ་བོ་ཤེས་རྟོགས་མེད་སྐོར་བརྗོད། ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༧ ཉིན་སློབ་མ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྐབས་ཀྱང་དགེ་རྒན་བསོད་ནམས་སོགས་ལ་འདྲི་རྩད་ལན་མང་བྱས་འདུག ཀིརྟི་སྐྱབས་ནི་ཕྱི་ལོ་ ༢༠༠༨ ལོའི་ཤར་དུང་རིའི་རྩོམ་སྒྲིག་པ་ཡིན་པ་འདིའང་ནག་ཉེས་སུ་བགྲང་གི་ཡོད་འདུག་ལ། ཕྱི་ལོ་ ༢༠༠༨ ལོའི་ངོ་རྒོལ་སྐད་འབོད་བྱུང་རྗེས་སུ་དེ་སྔོན་མཛོད་དགེ་རྫོང་གི་རྫོང་དཔོན་གཞོན་པ་གནང་མྱོང་ཞིང༌། ཕ་ཡུལ་མཛོད་དགེ་བཞག་ལྡོམ་ནས་ཡིན་པའི་འབར་དགེའི་སློབ་གཙོ་བུད་མེད་ཨ་རྒྱ་ལགས་ལས་གནས་ནས་ཕྱིར་འབུད་བྱས་ཏེ་དེང་སྐབས་རྔ་པ་ཁུལ་ཤེས་རིག་ལས་ཁུངས་ནང་ཡོད་འདུག་པ་བཅས་ངོ་སྤྲོད་གནང་ཡོད།

 

མཆན། 2

  1. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 12 སྔོན།

    ཨ་ཧ་བོ་་ཧ་བོ་ད་ངོ་མ་ཅི་བྱེད།

    Reply
  2. ཀླུ། says:
    ལོ་ 12 སྔོན།

    སྐབས་དེར་མགོན་པོ་གྲགས་ལྡན་དང་། བསོད་དོན་སོགས་སློབ་མ་ཕོ་མོ་གྲངས་༡༦་ཙམ་དང་། དེའི་ཐོག་རྗེས་སུ་སྔ་ཕྱིར་སློབ་གྲ་དེའི་དགེ་རྒན་ཀིརྟི་སྐྱབས་དང་རྟ་དམེ། རྡོར་ལོ། བསོད་ནམས། ཆོས་འཕེལ་སོགས་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་རྒན་ཀིརྟི་སྐྱབས་གྱི་འདྲ་པར་ཡང་ཟིན་བྲིས་སུ་བཞག་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist