མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བརྒྱ་དང་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


མི་ཚེ་ནི་འགྲོ་བསྡོད་ཀྱི་བར་ནས་རྫོགས་འགྲོ་བ་བཞིན། བློ་བཟང་གི་ལ་དྭགས་ནས་དུས་ཚོད་ཀྱང་རྫོགས་འགྲོ་བཞིན་ཡོད་ལ། ཁོར་ཡུག་དེ་ནས་བཞག་པའི་སེམས་ནང་གི་བག་ཆགས་དེ་དག་ཡང་མི་ཚེའི་ནང་གི་དྲན་ཤིང་ཞིག་དུ་གྱུར་ནས་འགྲོ་དགོས་པ་ནི་འགྲོ་བ་མིའི་སེམས་བྱུང་གི་ཚོར་འདུ་ཞིག་ལས་འོང་བཞིན་ཡོད་པ་དེ་ནི་བློ་བཟང་ལ་ཡང་གཅིག་་མཚུངས་ཤིག་ལོས་ཡིན།

བློ་བཟང་ཁོ་རང་ནི་ལ་དྭགས་སུ་ཟླ་ངོ་གསུམ་དང་ཉིན་ཉི་ཤུ་ཏག་ཏག་བསྡད་པ་དང་། དེ་ཡི་རང་དུ་སྔར་འདྲིས་གཤིབ་བྱེད་མྱོང་མེད་པའི་ཉི་མ་ལྷ་སྒྲོན་ལྟ་བུའི་ཁ་ཁོག་མེད་པར་སྙིང་གཏམ་གླེང་འཕོད་མཁན་དང་། འཇིག་རྟེན་གྱི་འདོད་བརྩེ་ལ་རོལ་མྱོང་བྱེད་རྒྱུར་དུས་ཚོད་དམ་འཛིན་བྱེད་མཁན་གྱི་འཇམ་དབྱངས་འཚོ་མོ། མ་འོངས་པའི་མདུན་མ་གཅིག་དུ་གླེང་སའི་བདེ་འཚོ། ད་དུང་བུད་མེད་གཞན་དག ཁོར་ཡུག་དེ་ནས་རང་ཡུལ་གངས་ཅན་ལྗོངས་ཀྱི་བྱིས་དུས་ཀྱི་འཚོ་བ་མང་བོ་ཞིག་དབང་མེད་དུ་སྣང་ངོར་བསླེང་དེ་འོང་བ་སོགས་བཞག་ནས་འགྲོ་ལ་རན་པའི་ཆེས་མཐའ་མཇུག་གི་མཚན་མོའི་ཐུགས་སྤྲོ་དེ་ཡི་སྟེང་དུ་ཕོ་མོ་དབྱེ་བ་མེད་པར་ལས་མི་ཡོངས་དང་འཁྲབ་མི་ཡོངས་འཛོམས་ཡོད་པ་རེད། དམིགས་བསལ་གྱིས་ཉི་མ་ལྷ་སྒྲོན་གྱིས་བོད་ལྭ་སྙིང་རྗེ་བོ་ཞིག་གོན་ཡོད་པ་དང་བློ་བཟང་གི་སར་ཡོང་ནས། དོ་ནུབ་འུ་གཉིས་ཀྱིས་ཞབས་བྲོ་ཞིག་འཁྲབ་ན་འགྲིག་གི་རེད་དམ།

བློ་བཟང་གིས། ངས་དངོས་ནས་ཞབས་བྲོ་ཡག་པོ་ཞིག་འཁྲབ་ཤེས་ཀྱི་མེད། ཡིན་ཡང་། ཚོད་ལྟ་བྱེད་ཆོག་ཟེར་ཞོར་རང་གི་འཁྲིས་ཀྱི་བདེ་འཚོ་ལ་ཡང་ཞབས་བྲོ་འཁྲབ་རྒྱུར་སྐུལ་མ་བྱས་པ་རེད། ཞབས་བྲོའི་མཚན་མོ། སྤི་རེག་གི་མཚན་མོ། ཆེས་མཐའ་མཇུག་གི་མཚན་མོ། ཕན་ཚུན་ལ་སྙིང་གཏམ་གླེང་སའི་དུས་ཚོད་ཐུང་ཐུང་། ཡིན་ཡང་། བློ་བཟང་གིས་དེར་ནུབ་སྤི་རེག་མང་ཙམ་འཐུང་བ་ལས། སྐད་ཆ་ཧ་ཅང་ཉུང་ཉུང་ཆགས་ཡོད་པ་རེད།

ཉི་མ་ལྷ་སྒྲོན་གྱིས། རུམ་ནས་ཁ་བཏགས་དཀར་གཙང་ཞིག་བླངས་དེ། སང་ཞོགས་སྔ་བོ་ནས་ཁྱེད་ཚོ་ལོག་འགྲོ་མཁན་ཡིན་དུས། ང་ཚོ་ཐུག་གི་མ་རེད། དེ་ཡིན་དུས་ངས་དོ་ནུབ་ཁྱེད་རང་ལ་བདེ་མོ་ཟེར་དགོས་པ་དང་། རྗེས་ཕྱོགས་མཇལ་ཐུབ་པར་སྨོན་འདུན་དང་ཁྱེད་རང་གི་མི་ཚེ་ལ་ལམ་འགྲོ་དང་ལམ་བར་དུ་བདེ་ཐང་ཡོང་བ་བཅས་མཚོན་བྱེད་དུ་ཁ་བཏགས་འདི་ལེན་རོགས་ཞུ།

བློ་བཟང་གིས། རང་དབང་མེད་པར་རང་གི་ལག་པ་དེ་ཁོ་མོའི་འགྲམ་པར་སྤྱར་ཞོར་དུ། ཁྱེད་རང་གིས་ང་ལ་ཁ་གཡང་བོས་པ་དངོས་ནས་ཐུགས་རྗེ་ཆེ། ང་རང་གང་དུ་སོང་ཡང་ཁྱེད་རང་གི་སྐད་ཆ་དེ་དག་གི་ཁྲོད་ཀྱི་ང་ལ་བཞག་པའི་མྱོང་ཚོར་དེ་དག་བརྗེད་མི་སྲིད། ངས་རེ་བ་ལ་ཁྱེད་རང་གི་མི་ཚེ་ཡང་དེ་མཚུངས་ཡིན། གལ་སྲིད། མ་ཤི་ཚེ་རིང་བྱུང་ན་ཐུག་སྲིད་པ་ཡིན།

ཉི་མ་ལྷ་སྒྲོན་གྱིས། དེ་འདྲ་མ་བཤད། ང་ཚོ་མགྱོགས་པོ་ཐུག་གི་རེད བདེ་འཚོ་ཁྱེད་གཉིས་ཀྱི་བཟའ་ཚང་གི་སྐད་ཆ་བཤད་ཡོད་པ་མིན་ནམ། ཁོ་མོ་དངོས་ནས་བུད་མེད་ཡ་རབས་ཤིག་དང་ཁྲེལ་གཞུང་ལྡན་པ། ལས་ལ་བརྩོན་པའི་བུད་མེད་ཅིག་ཡིན་པ་དེ་ཁྱེད་རང་གི་བརྗེད་མི་ཉན། ཁྱེད་རང་ཕྱིར་ལ་དྭགས་སུ་སླེབས་པ་ཡིན་ན་ང་ཚོ་དུས་རྒྱུན་དུ་ཐུག་གི་རེད།

སྐབས་དེ་འདྲ་ཞིག་ལ་ཉི་མ་ལྷ་སྒྲོན་གྱིས་ཕ་གཡར་དང་ཁོང་ཚོས་གཞིས་གྲོང་ནས་ཡིན་པའི་ཕོ་གསར་ཁ་ཤས་ཤིག་བཅས་ཉི་མ་ལྷ་སྒྲོན་གྱི་སར་སླེབས་ནས། ད་ང་ཚོ་ཕྱིར་འགྲོ་རན་འདུག་ཟེར་ཞོར་དུ། ཁོང་ཚོས་ཚང་མས་བློ་བཟང་ལ་ཁ་གཡང་ཞིག་བོས་པ་དང་བསྒྲགས་ནས་ཉི་མ་ལྷ་སྒྲོན་ཁྲིད་དེ་མུན་ནག་ཁྲོད་དུ་མདའ་འཕངས་པ་ལྟར་སོང་བ་རེད།

བློ་བཟང་གིས། ག་ལེར་བདེ་འཚོ་དང་ཁོ་མོའི་གྲོགས་མོ་ཁ་ཤས་ཀྱི་ཞབས་བྲོ་འཁྲབ་བཞིན་ཡོད་པའི་གམ་དུ་སོང་ནས་ཐ་མག་ཞིག་འཐེན་ཞོར་དུ་ཁོང་ཚོས་མེ་སྤུངས་ཀྱི་འགྲམ་དུ་འཁྲབ་བཞིན་པའི་སྐོར་བྲོ་ལ་བལྟས་དེ་བསྡད་པ་རེད།

ཟླ་ངོ་གསུམ་དང་ཉིན་ཉི་ཤུ་རྩ་གཅིག་གི་རྗེས་ཀྱི་ཉིན་མོ་ཁོང་ཚོ་སླར་ཡང་ལ་དྭགས་ཀྱི་གནམ་ཐང་ནས་ལྡི་ལུ་ཕྱོགས་སུ་འགྲོ་བའི་གནམ་གྲུའི་ནང་དུ་བསྡད་དེ་མཁའ་དབྱིངས་སུ་འཕུར་མགོ་བཙུགས་པའི་སྐབས་སུ། བློ་བཟང་གིས་ཟླ་ངོ་ཁ་ཤས་ཀྱི་རིང་དུ་འདྲིས་གཤིབ་དུ་སོང་བའི་ཁོར་ཡུག་དེ་དང་ཁོར་ཡུག་དེར་གནས་པའི་སྙིང་ཉེ་བའི་གྲོགས་པོ་གྲོགས་མོ་དག་ལ་བདེ་མོ་བྱོས། ང་ཚོ་སླར་ཡང་ཐུག་འཕྲད་ཡོང་སྲིད་ཅེས་སེམས་ཁོང་ནས་དེ་ལྟར་བཤད་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༦ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༢༡ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་གྲོགས་ཁྱེད་གཉིས་འདི་རུ་ཕེབས་པ་དངོས་ནས་དགའ་ཡོད། རྗེས་སུ་ཡང་ཁོམ་པ་ཡོད་དུས་སུ་ཡོང་གི་བསྡོད། བལྟས་ནས་ཡོད།

    Reply
  2. chokri nyima says:
    ལོ་ 16 སྔོན།

    གྲོགས་པོ་ཤ་རུས་ལགས་ངའི་ཟིན་བྲིས་ཅིག་སྒོ་ཕྱེ་ཚར་བ་ཡིན། ཁ་བརྡ་བྱེད་མཁན་ཕེབས་ཤོག
    https://tibettimes.net/wordpress/blogs.php?id=314

    Reply
  3. lhachapjinpa says:
    ལོ་ 16 སྔོན།

    དམྱལ་བ། ད་བློ་བཟང་ལ་དྭགས་ལ་སོང་བའི་མཚམས་ལ་སླེབས་འདུག ཕལ་ཆེར་སྒྲུང་གི་མཇུག་ལ་སླེབས་ཀྱི་ཡོད་པ་ཤེས་ཀྱི་འདུག དེ་ནས་རྡ་སར་སླེབས་དུས་མཇུག་རྫོགས་འགྲོ་བ་མ་རེད་དམ།

    ཨོ་བརྗེད་སོང་བ་ཞིག་ལ། བློ་བཟང་གིས་ལ་དྭགས་ནས་རྭ་ཙེ་ཞིག་ག་རེ་བྱས་མིན་གྱི་གནས་ཚུལ་དེ་སྒྲུང་གི་ནང་ན་མི་གསལ་བ་ཅི་ཡིན། ཨ་ལ་ཀུ་རེ་ཡིན། གྲོགས་པོ།

    བརྒྱ་དང་དྲུག་པ་ཡོངས་སུ་བཀླགས་རྗེས་བུད་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese