མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བརྒྱ་དང་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

 

གནམ་གྲུ་ག་ལེར་ལྡི་ལུའི་ཚ་སྨུག་གི་གྲོང་དུ་འབབ་པ་དང་བློ་བཟང་ཁོ་རང་གི་གྲོགས་པོ་ཚོ་དང་ལྷན་དུ་གནམ་ཐང་གི་ཕྱི་ལོག་སུ་བུད་མ་ཐག ཁོང་ཚོ་ལ་བསུ་རུ་ཡོང་བས་རྒྱ་གར་བ་ཞིག་གིས་ཁྱེད་ཅག་བདེ་ལེགས་ངང་ཕྱིར་འབྱོར་བ་ངས་ལས་ཁུངས་ཀྱི་ཚབ་བྱས་དེ་ཁྱེད་ཅག་ལ་དྲན་རྟེན་གྱི་གོན་པ་འདི་སྤྲོད་དུ་ཡོང་བ་ཡིན། རྗེས་ཕྱོགས་ཁྱེད་ཅག་ལ་གློག་བརྙན་ཕབ་བསྐྲུན་བྱས་ཚར་ན་མགྲོན་ཤོག་སྐུར་ངེས་ཡིན། དེ་དུས་ཕེབས་རོགས་གནོང་། གཅིག་བྱས་ན་ལོ་ངོ་གཅིག་གི་རྗེས་ཡིན་སྲིད་ལ། ལོ་གཉིས་ཡིན་ཡང་སྲིད།

 

ཁོང་ཚོས་རྒྱ་གར་ཕོ་གསར་དེས་སྤྲད་པའི་གོན་པ་དེ་དག་ཁུར་ནས་གླ་བྱེད་རྐང་གསུམ་སྤག་སྤག་ཞིག་གླས་དེ་རང་རང་གང་དུ་འགྲོ་དགོས་པའི་ས་ལ་ཁ་ཁར་བ་རེད། བློ་བཟང་ཁོ་རང་གི་གྲོགས་པོ་རྡོར་རྗེ་སྐྱབས་དང་མིག་དམར་གཉིས་ཀར་འགྲོག་ནས་བོད་ཀྱི་གཞིས་ཆགས་མ་ཅང་ཀྲེ་ལར་འགྲོ་རྒྱུ་བྱས། ཡིན་ཡང་། ལམ་བར་དུ་མིག་དམར་གྱིས་ཁོ་རང་གྲོགས་པོ་ཞིག་གི་མགྲོན་འབོད་བྱས་ཡོད་སྟབས། འདི་ནས་བདེ་མོ་འཇོག་རན་སོང་། རྗེས་སུ་རྡ་ས་ནས་ཐུག་ཡོང་ཟེར་ནས་སོང་བ་རེད།

 

ཁོ་གཉིས་མ་ཅང་ཀྲེ་ལར་འབྱོར་མ་ཐག བློ་བཟང་གིས་རྡོར་རྗེ་སྐྱབས་ལ། ཁྱེད་རང་དོ་ནུབ་འདི་ནས་འདུག་འདོད་ཡོད་ན་ངེད་གཉིས་ཀྱིས་མགྲོན་ཁང་ཞིག་གླས་ཆོག་གི་རེད། དེ་མིན་ཁྱེད་རང་དོ་ནུབ་རྡ་སར་འགྲོ་རྒྱུ་ཡིན་ན་ནི། ང་རང་འདི་ནས་ངོ་ཤེས་ཤིག་ཁྱིམ་དུ་སོང་བ་ཡིན་ན་འགྲིག་གི་ཡོད།

 

རྡོར་རྗེ་སྐྱབས་ཀྱིས། རེད། དོ་ནུབ་གཅིག་བུར་བསྡད་ན་འགྲིག་གི་འདུག་ཟེར་ནས་ཁོ་གཉིས་ཀྱི་མགྲོན་ཁང་ཞིག་གླས་ཀྱང་། རྡོར་རྗེ་སྐྱབས་ཀྱིས་རྡ་སར་རང་གི་རྒན་མོ་ཁ་པར་ཞིག་བརྒྱབ་དུས། ཁོ་བོའི་རྒན་མོ་ཅུང་ཙམ་ན་ཡི་འདུག་ཟེར་བ་གོ་མ་ཐག བསམ་བློ་ལ་འགྱུར་བ་བཏང་ནས་དེར་ནུབ་ལམ་དུ་ཆས་ཤུལ་དུ་བློ་བཟང་གིས་ལྷ་ས་མགྲོན་ཁང་ནང་དུ་ཁེར་འདུག་བྱས་པ་རེད།

 

ཕྱིར་ཉིན་བློ་བཟང་རྡ་སར་རང་གི་གྲོགས་པོ་རྙིང་བ་དེ་ཡི་ནང་དུ་མ་སོང་བའི་ལམ་བར་དུ་གྲོགས་པོ་ཞིག་ལ་སྔོན་ཆད་སྒོར་མོ་འགའ་གཡར་ཡོད་པ་དེ་སྤྲོད་དུ་སོང་ནས། མི་རིང་བར་ཁོ་བོ་སླར་ཡང་གྲོགས་པོ་དེ་ཡི་ཟ་ཁང་ནང་དུ་ལས་ཀ་བྱེད་དུ་ཡོང་ཆོག་ཞེས་བཤད་དེ་གྲོགས་པོ་རྙིང་བ་དེ་ཡི་ནང་དུ་གློག་ཀླད་ནང་དུ་ཉིན་ཐོ་ཞིག་འབྲི་བཞིན་སྐབས་སུ། སྒོ་ཐག་ཐག་ཐག་བརྡུང་བས་སྒྲ་ཞིག་ཐོས་པ་རེད།

 

བློ་བཟང་གིས་འདྲུད་ལྷན་གོན་ནས་སྒོ་རུ་ཕྱེ་རུ་སོང་། སྒོ་ཕྱེ་དུས་སུ་སྒོ་དྲུང་དུ་ཡོད་པ་དེ་ནི་བུ་མོ་མཚམས་སྐྱིད་ཡིན་པ་མཐོང་མ་ཐག ཁྱེད་རང་འདིར་ཅི་བྱེད་དུ་ཡོང་བ་ཡིན།

 

མཚམས་སྐྱིད་ཀྱིས། ང་རང་ཁྱེད་རང་ལ་ཐུག་འཕྲད་བྱེད་དུ་ཡོང་ན་འགྲིག་གི་མ་རེད་དམ། ཁྱེད་རང་ལ་དགའ་བ་དེ་ཡང་ནོར་བ་རེད་དམ།

 

བློ་བཟང་གིས་མཚམས་སྐྱིད་ཀྱིས་གཅིག་འཕྲོ་གཅིག་ལ་མཐུད་དེ་བཤད་པའི་སྐད་ཆ་དེར་ལན་ཁ་གཏད་དུ། ཁྱེད་རང་འདིར་ཡོང་བ་ལ་ངས་དགའ་བསུ་མེད། འུ་གཉིས་བར་ན་བཤད་རྒྱུ་གང་ཡང་མེད་ཅེས་བཤད་ཚར་བ་རེད། ད་ང་རང་ལ་སུན་པོ་མ་བཟོ་རོགས།

 

མཚམས་སྐྱིད་ཀྱིས། ཁྱེད་རང་དངོས་ནས་མི་མ་རེད། ང་རང་འདི་ལྟར་གཡུགས་ནས། དེ་རིང་ངས་ཐག་གཅོད་ཅིག་མ་བྱུང་བར་དུ་ང་འདི་ནས་མི་འགྲོ་ཟེར་ཞོར་དུ་ནང་དུ་ཡོང་བ་རེད།

 

དེ་དུས་བློ་བཟང་གིས། དེས་ན་ཁྱེད་རང་གིས་དངོས་ནས་ང་རང་འདུག་གི་འཇུག་རྩིས་མེད་པ་འདྲ། དེ་ཡིན་ན་འགྲིག་གི  ཁྱེད་རང་ལ་དགོས་པ་དེ་ནི་བརྩེ་དུང་མ་རེད། ངའི་སྲོག་རེད་འདུག འདི་ངའི་ནང་མ་རེད། ཁྱེད་རང་ལ་དངོས་ནས་དེ་འདྲ་སེམས་ནས་བཟོད་དཀའ་བའི་ན་ཟུག་ཞིག་ཡོད་ན་འགྲོ  ངེད་གཉིས་ཕྱི་ལ་འགྲོ 

 

བློ་བཟང་གིས་དེ་མ་ཐག རང་གི་ལྷམ་མགོ་གོན་ནས་སྒོ་ཕྱི་བུད་དེ་སྐེས་འཛེགས་ལས་མར་འབབ་རྩིས་བྱེད་པའི་སྐབས་ཏག་ཏག་དེར། མཚམས་སྐྱིད་ཀྱིས་ལྟག་རྒྱབ་ནས་བློ་བཟང་ལ་འཐམ་ནས། ཁྱེད་རང་གིས་དེ་འདྲ་མ་བྱེད། སྔོན་མ་ང་དངོས་ནས་ནོར་འདུག ང་རང་ལ་གོ་སྐབས་ཐེངས་ཤིག་སྤྲོད་རོགས།

 

བློ་བཟང་གིས་ཁོ་མོ་འཕུད་རྒྱག་ཞིག་བྱེད་བཞིན། ལྟོས་དང་། དེ་རིང་ཡང་ཁྱེད་རང་ཚུར་བཙལ་ནས་ཡོང་བ་རེད། ང་ལ་འཐམ་མཁན་དེ་ཡང་ཁྱེད་རང་རེད། ཡང་། རྗེས་མ་ཡང་ཁྱེད་རང་གིས་ངས་ཅིག་ཅིག་བྱོས་སོང་། ཉིག་ཉིག་བཟོས་སོང་མ་ཟེར། དངོས་ནས་ཁྱེད་རང་ལ་ག་རེ་དགོས་ན་དེ་ཤོད། ངས་དེ་རིང་འདི་ནས་གསལ་བོ་བཟོ་འདོད་འདུག

 

མཚམས་སྐྱིད་ཀྱིས།  སྔོན་ཆད་གཏན་ནས་མཐོང་མྱོང་མེད་པའི་བློ་བཟང་གི་རྣམ་འགྱུར་དེ་མཐོང་ནས། ད་ཁྱེད་རང་ཁོང་ཁྲོ་སྐྱེ་དགོས་དོན་མེད། ང་རྗེས་ཕྱོགས་ཁྱེད་རང་འཚོལ་དུ་མི་ཡོང་། ད་ངས་ཤེས་སོང་། ང་རང་ཁྱེད་ལ་དགའ་བ་དེ་ཡང་ནོར་འཁྲུལ་ཆགས་པ་རེད་འདུག ཁྱེད་རང་ཕྱིར་ནང་དུ་སོང་། ང་རང་ཁྱེད་རང་ལ་སུན་པོ་བཟོ་རུ་མི་ཡོང་།

 

བློ་བཟང་གིས་ཕྱིར་བལྟས་ཙམ་ཡང་མ་བྱས་པར་གྲོགས་པོ་དེ་ཡི་ནང་དུ་ཤར་སེ་བཏང་བ་དང་། ནང་དུ་སླེབས་རྗེས། དངོས་ནས་སྙིང་རེ་རྗེ། ཡིན་ཡང་། ངས་ཁོ་མོ་ལ་སྙིང་རེ་རྗེ་ན་ཡང་། ཁོ་མོས་རང་ཉིད་ལ་བསམ་ཤེས་བྱེད་རྒྱུ་ཕར་ཕྱོགས། ད་དུང་ཧམ་པ་རྐྱང་རྐྱང་རེད་འདུག་དྲན་ཞོར་དུ་སླར་ཡང་གློག་ཀླད་ནང་དུ་ཉིན་ཐོའི་ཁ་སྐོང་བྲིས་པ་རེད།

 

མུ་འགོད།

 

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 2

  1. sha tak ri sim says:
    ལོ་ 16 སྔོན།

    སྐུ་ཉིད་ཕེབས་པ་དངོས་ནས་དགའ་ཡོད། ཤུ་རེ་བྱོས་དེ་ཕེབས་རོགས་ཞུ། ད་ནི་མི་མང་བོ་ཞིག་ཐང་ཆད་དེ་ཁ་རོག་གེར་བཞུགས་ཡོད་ས་རེད། ཧ་ཧ་ཧ་

    Reply
  2. free sopu says:
    ལོ་ 16 སྔོན།

    ད་ངོ་མ་འཚམས་སྐྱིད་ལ་ཡང་སྙིང་རྗེ་ནི་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese