མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བརྒྱ་དང་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

བདེ་འཚོ། ཉིན་འགའི་སྔོན་དུ་ཡང་ཁོ་མོ་སླེབས་ནས་སླར་ཡང་དོན་དག་དེ་འདྲ་ཞིག་ཁ་ཕྱེ་སོང་། ད་ངས་བསམ་བློ་གཏོང་བ་ཡིན་ན། འུ་གཉིས་ཀྱི་དགའ་རོགས་སྒྲིག་རྒྱུ་དེ་ཡི་ཕྱོགས་ལ་ཁྱེད་རང་གི་རེ་བ་མ་བཅིངས་ན་ཡག་པོ་འདུག གང་ཡིན་ཟེར་ན། ངའི་མི་ཚེ་འདི་ཕྱོགས་གང་ཞིག་ལ་འགྲོ་རྒྱུ་ཡིན་མིན་ཡང་མི་ཤེས་ཀི དེ་ཡིན་དུས་ཁྱེད་རང་གི་དུས་ཚོད་ཀྱང་དངོས་ནས་འཕྲོ་བརླག་རེད། ངའི་རེ་བ་ལ་ཁྱེད་རང་གི་ང་ལ་བསམ་ཤེས་བྱེད་ཐུབ་རྒྱུ་རེད་འདོད་ཀི

བདེ་འཚོས། བློ་བཟང་། ཁྱེད་རང་གིས་དེ་ལྟར་མ་ཟེར། ངས་ཁྱེད་རང་ལ་ལོ་ངོ་ག་ཚོད་སྒུག་དགོས་ཀྱང་སྒུག་ཐུབ་ཀྱི་ཡོད། ད་དངོས་ནས་ང་རང་ཁྱེད་དང་མ་འགྲིག་པ་ཡིན་ན། ངས་རང་གི་ཨ་ཅག་དང་ནུ་མོ་ལ་ངོ་སྟོན་སྲོལ་མེད། ཁོང་ཚོ་ལ་ཁྱེད་རང་འཚམ་སྤྱོར་བྱས་མེད་པ་ཡིན་ན་སྐྱོན་ཆེན་པོ་མེད། རེད་དེ། ད་ནི་ངས་ཁྱེད་རང་ལ་རེ་བ་བཅིངས་པ་དེ་ནི་དངོས་ནས་རེ་སྟོང་དུ་མི་འགྲོ་བར་ཤོག

བློ་བཟང་གིས། བདེ་འཚོ། དེ་འདྲ་ཞིག་མ་རེད། དངོས་ནས་ཁོང་ཁྲོ་མ་ཟ། ངས་ཁྱེད་རང་ལ་བསམ་བློ་བཏང་ནས་དེ་ལྟར་ཐག་་བཅད་པ་ཡིན། བུ་མོ་མཚམས་སྐྱིད་འདི་དངོས་ནས་ཁ་རོག་གེར་བསྡོད་འདོད་མེད་པ་འདྲ། དེ་ཡིན་དུས་ཁྱེད་རང་ལ་སྒུག་དུ་བཅུགས་དེ་སེམས་ལ་རྨ་ཁ་ཞིག་བཟོས་པ་རང་རེད། གལ་སྲིད། འུ་གཉིས་ལ་རེ་བ་འདྲ་ཡོད་ན་རྗེས་མ་ཐུག་གི་རེད།

བདེ་འཚོས། ད་དེ་རེད། ཕོ་གསར་ཚོ་དེ་འདྲ་ཡིན་དུས། ངས་སྔོན་ཆད་ཁྱེད་རང་ལ་ང་ཕོ་གསར་ཚོ་ལ་ཡིད་ཆེས་མེད་ཅེས་བཤད་དོན་ཡང་དེ་ཡིན། ད་རྗེས་སུ་ངས་ཁྱེད་རང་ལ་ཁ་པར་གཏོང་མི་ཡོང་། ངས་ཁྱེད་རང་ལ་གནོད་པ་བྱེད་ཀྱི་ཡོད་པ་འདྲ། ཁྱེད་རང་གིས་ང་རང་ཕ་མ་མེད་པའི་བུ་མོ་ཞིག་ཡིན་སྟབས། མིག་ནང་དུ་འཇོག་གི་ཡོད་པ་མ་རེད།

བློ་བཟང་གིས་དེ་འདྲ་མིན་པའི་གསལ་བཤད་ཅི་ཙམ་བྱས་ཀྱང་། བདེ་འཚོས་གཏན་ནས་མ་ཉན་པར་བློ་བཟང་ལ་ཁྱེད་རང་གི་རེ་བ་འགྲུབ་པར་ཤོག་ཟེར་ནས་ཁ་པར་མཚམས་བཞག་པ་རེད།

ཕྱིར་ཉིན་བློ་བཟང་གིས་ཉི་མ་ལྷ་སྒྲོན་ལ་ཁ་པར་བཏང་དུས། ཉི་མ་ལྷ་སྒྲོན་གྱིས་ཀྱང་། བློ་བཟང་ལ་ངས་ཁྱེད་རང་དེ་འདྲའི་ཕོ་གསར་ཞིག་ཡིན་པར་བསམ་བློ་འཁོར་མྱོང་མེད། དངོས་ནས་ཁྱེད་རང་གིས་བདེ་འཚོ་ལ་ཁྲེལ་མེད་བྱས་པ་དེ་ནི་ཁྱེད་རང་ཡག་པོ་མ་རེད། དངོས་ནས་ཕོ་གསར་སྡུག་ཆག་ཞིག་རེད། ང་དངོས་ནས་ཁྱེད་རང་ལ་ཡིད་ཆེས་ཤུགས་ཆེན་པོ་ཞིག་ཡོད་པ་དེ་ཡང་་་་

བློ་བཟང་གིས། ཉི་མ་ལྷ་སྒྲོན། ངས་ཁྱེད་རང་གིས་ང་ལ་བསམ་ཤེས་ཤིག་བྱེད་ཐུབ་ངེས་ཡིན་བསམ་ནས་ཁྱེད་རང་ལ་ཁ་པར་བཏང་ནས་སེམས་གསོ་ཞིག་བྱེད་རོགས་ཟེར་ནས་བཤད་འདོད་ཀྱང་། ཁྱེད་རང་གིས་ཀྱང་དེ་འདྲ་བསམ་དུས་ད་ནི་ང་རང་ནི་དངོས་ནས་མི་སྡུག་ཆག་ཞིག་ཡིན་པ་ཤེས་སོང་། ཁྱེད་དང་འུ་གཉིས་ཟླ་ངོ་དེ་དག་གི་རིང་དུ་ཕན་ཚུན་ལ་བསམ་ཚུལ་དང་མི་ཚེའི་མྱོང་བ་གླེང་བ་དེ་འདྲ་ད་སྔ་ངས་བུད་མེད་སུ་ལ་ཡང་གླེང་མྱོང་མེད་པ་དང་། དོན་དངོས་སུ་བདེ་འཚོ་དང་དགའ་རོགས་གློ་བུར་དུ་སྒྲིག་དགོས་དོན་ཁྱེད་རང་གི་སེམས་སུ་གསལ་ངེས་ཡིན།

ཉི་མ་ལྷ་སྒྲོན་གྱིས་སྐད་མགོ་ཇེ་དམའ་རུ་སོང་ནས། བློ་བཟང་གི་འགྲེལ་བཤད་ཚང་མ་ལ་ཉན་རྗེས་སུ། ཁྱེད་རང་བདེན་པ་རེད། ཁྱེད་རང་ལ་དངོས་ནས་ཁག་མི་འདུག ངས་འདི་ནས་བདེ་འཚོ་ལ་སེམས་གསོ་གང་ཐུབ་ཐུབ་ཅིག་བྱེད་ཆོག གལ་སྲིད། ཁྱེད་རང་ལ་དཀའ་ངལ་འདྲ་མ་འཕྲད་པ་ཡིན་ན། སླར་ཡང་། ང་ཚོ་ལ་འབྲེལ་བ་བྱེད་རོགས།

བློ་བཟང་གཏན་ནས་སེམས་འཁྲུགས་ནས་བསྡད་ཡོད་པའི་སྐབས་དེ་འདྲ་ཞིག་ལ། ཁོ་རང་གི་གྲོགས་པོ་ཞིག་གི་ནང་དུ་ཞག་བསྡོད་བྱེད་དུ་འགྲོ་བཞིན་ཡོད་པ་དང་། གྲོགས་པོ་དེ་ཡི་ནང་དུ་གྲོགས་པོ་དེ་ཡི་རྒན་མོའི་ཕ་ཡུལ་གཅིག་པའི་བུད་མེད་ཅིག་དུས་རྒྱུན་དུ་ཉལ་དུ་ཡོང་བཞིན་ཡོད་པ་རེད།

གོ་སྐབས་གང་ཡོད་ལ། གྲོགས་པོ་དེ་ཡི་རྒན་མོས་བློ་བཟང་ལ་ཁོ་རང་གི་ཕ་ཡུལ་གཅིག་པའི་བུ་མོ་དེ་ནི་དངོས་ནས་ཡག་པོ་ཡོད་རབས་དང་རྐྱང་རྐྱང་བཤད་ཀྱི་ཡོད་པ་དང་། བུ་མོ་དེ་ལ་ཡང་བློ་བཟང་ནི་དངོས་ནས་ཕོ་གསར་ཡ་རབས་དང་འཇོན་ཐང་ཅན་ཞིག་ཡིན་རབས་རྟག་དུ་གླེང་བཞིན་ཡོད་པ་རེད། ཁང་བ་ཆུང་ཆུང་ཞིག་གི་ནང་དུ་ཉལ་ཁྲི་གཉིས་དང་ཐང་དུ་ཉལ་ས་ཞིག་བཟོས་དེ་ཁོང་ཚོ་མི་བཞི་ཉལ་གྱི་ཡོད་པ་རེད། ཉལ་ཁྲི་གཅིག་གི་སྒང་དུ་དུས་རྒྱུན་ཁོང་བཟའ་མི་གཉིས་ཀ་ཉལ་གྱི་ཡོད་པ་དང་། བློ་བཟང་ཉལ་ཁྲི་གཞན་པ་དེ་ཡི་སྟེང་དུ་ཉལ་བཞིན་ཡོད་པ་རེད། བུ་མོ་དེ་རྒྱུན་དུ་ཐང་དུ་ཉལ་ས་བཟོས་ནས་ཉལ་བཞིན་ཡོད་པ་རེད།

ནམ་ཟླ་ཅུང་གྲང་བའི་མཚན་མོ་ཞིག་ལ། གྲོགས་པོས་རྒན་མོ་དེས། དོ་ནུབ་དངོས་ནས་ནམ་གཤིས་ཀྱང་གྲང་མོ་འདུག ཁྱེད་གཉིས་ལྷན་དུ་ཉལ་ཁྲིའི་སྒང་དུ་ཉལ་བ་ཡིན་ན། ང་ཚོ་ཉལ་ཆས་ཀྱང་དྲོན་པོ་ཆགས་ངེས་རེད་ལ། ཁྱེད་གཉིས་ལ་ཡང་མི་འཐད་རྒྱུ་ཅང་ཡོད་རྒྱུ་མ་རེད་ཅེས་བློ་བཟང་ལ་དྲིས་དུས། བློ་བཟང་གིས་ཁོ་མོ་མི་འགྲིག་རྒྱུ་འདྲ་མེད་ན། ང་ལ་འགྲིག་རྒྱུ་ཅང་མེད།

བུ་མོ་དེ་ཡང་ཁ་རོག་གེར་བློ་བཟང་གི་ཉལ་སའི་ཟུར་དུ་ཉལ་རྩིས་བྱས་དུས། ཁྱེད་གཉིས་ཀྱིས་གོན་པ་གཅིག་ཀྱང་མ་འཕུད་པར་ཉལ་ན་དངོས་ནས་ཉལ་ཁྲི་ཆུང་བའི་སྒང་ལ་བདེ་བོ་མི་ཡོང་ཁོ་ཐག་ཡིན། དེ་ལས་ཁོག་སྟོད་འཐིག་པོ་དེ་གཉིས་འཕུད་ན་དགའ་བ་མེད་འགྲོ

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༧ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༧ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 2

  1. sha tak ri sim says:
    ལོ་ 16 སྔོན།

    ཉིད་རང་རྒྱུན་དུ་ནས་བློ་བཟང་གི་གཏམ་རྒྱུད་ལ་སེམས་ཁུར་གནང་མཁན་ཞིག་ཡིན་པ་དགའ་ནས་ཡོད།

    Reply
  2. free sopu says:
    ལོ་ 16 སྔོན།

    འོ་རེད་དེའི་རྗེས་ལ་ཅི་བྱུང་སོང་སྒུག་ནས་བསྡད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese