མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བརྒྱ་དང་བཅུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་ལས་ཀ་རུ་ཡོད་པའི་སྐབས་དེ་འདྲ་ཞིག་ལ། མཚམས་སྐྱིད་ལས་ཀ་བྱེད་སར་ཡོང་ནས། བློ་བཟང་ཁྱེད་རང་དེ་རིང་ང་དང་ལྷན་དུ་སོང་ནས་ཐག་གཅོད་གསལ་བོ་ཞིག་མ་བྱས་པ་ཡིན་ན། ང་རང་ལ་གཏན་ནས་ཕུ་བོའི་ངོ་ཤེས་བཟའ་མི་གཉིས་ཀྱིས་རྒྱུན་དུ་འདུག་གི་མི་འཇུག་གི ཁྱེད་རང་གི་སར་སོང་ནས་ངོ་ཚ་རྒྱུ་མེད་ཀི་ཟེར། ང་རང་ཉེ་སྔོན་ནས་བཟུང་ཁྱེད་རང་གི་སར་ཐེངས་མ་གཅིག་ཀྱང་མ་ཡོང་ཁྱེད་རང་གི་ཤེས་གསལ་རེད།

བློ་བཟང་གིས། དངོས་ནས་དེ་འདྲ་ཞིག་ཡིན་ན་འགྲིག་གི ང་འགྲོ ཡིན་ཡང་། དེ་རིང་སོང་བ་ཡིན་ན་ངའི་རེ་བ་ལ་ཆེས་མཐའ་མཇུག་གི་ཐག་གཅོད་དེ་ཡིན་པར་ཤོག ཁྱེད་རང་གི་ཕུ་བོའི་གྲོགས་པོ་བཟའ་མི་དེ་གཉིས་མ་གཏོགས་སུ་སུ་ཡོད།

མཚམས་སྐྱིད་ཀྱིས། དེ་ཡི་སྒང་ལ་ཕ་ཡུལ་གཅིག་པའི་གྲྭ་བ་གཉིས་ཡོད། ཁོ་གཉིས་ཀྱིས་དེ་རིང་ང་ལ་བཟང་ངན་གང་བྱུང་ན་ཡང་བདེན་དབུང་དང་རྒྱབ་སྐྱོར་བྱེད་མི་རེད་ལ། ཁྱེད་རང་གིས་ཀྱང་གང་བཤད་རྒྱུ་ཡོད་ན་ཁོང་ཚོས་གོ་ས་ནས་གསལ་བོ་བཟོ་དགོས་ཀྱི་ཡོད། ཁྱེད་རང་གིས་དངོས་ནས་དྲང་གནས་ཀྱི་ང་རང་ལ་བསམ་བློ་ཞིག་བཏང་མ་སོང་། ང་རང་དངོས་ནས་དྲང་གནས་ཀྱི་ཁྱེད་རང་ལ་དགའ་ནས་རང་གི་ཕུ་བོ་གཡུགས། སློབ་གྲྭ་གཡུགས་པ་རེད།

བློ་བཟང་གིས། ད་འུ་གཉིས་ཀྱིས་མང་བོ་ཞིག་འདི་ནས་མི་གླེང་ནང་དུ་འགྲོ དེ་རུ་སོང་ནས་མི་ཚང་མ་ཡོད་ས་ནས་ཐག་གཅོད་བྱེད་ཆོག་གི་རེད། དེ་དུས་ཁྱེད་རང་ལ་ག་རེ་བཤད་རྒྱུ་ཡོད་ན་དེ་བཤད་ན་འགྲིག་གི་རེད། དེ་དུས་ངས་ལན་གསལ་བོ་བཏབ་ཆོག

མཚམས་སྐྱིད་ཀྱི་ཕུ་བོའི་གྲོགས་པོ་བཟའ་མི་གཉིས་ཀྱི་ནང་དུ་འབྱོར་དུས། དེ་རུ་སྔ་ས་ནས་སླེབས་ཚར་བའི་གྲྭ་བ་གཉིས་ཡོད་པ་དེ་ཡི་གཅིག་གིས་ཁོ་གཉིས་མཐོང་མ་ཐག མཚམས་སྐྱིད་མགྱོགས་པོ་ཤོག་དང་། ཁྱེད་རང་གི་ཕུ་བོ་ཟླ་བས་ཁྱེད་རང་ལ་ཁ་བརྡ་ཞིག་བྱེད་དགོས་ཀྱི་ཡོད་ཟེར་གྱི་འདུག

བློ་བཟང་མི་ཚང་དེ་ནས་ཁ་རོག་གེར་ཉལ་ཁྲི་ཞིག་གི་ཟུར་དུ་མཚམས་སྐྱིད་ཀྱིས་ཁ་པར་མཚམས་འཇོག་རྒྱུར་སྒུག་ནས་བསྡད་ཡོད་པའི་སྐབས་སུ། མཚམས་སྐྱིད་ཀྱིས། བློ་བཟང་འདི་ལ་ཤོག་དང་། ངས་ཕུ་བོས་ཁྱེད་རང་ལ་སྐད་ཆ་འགའ་བཤད་རྒྱ་ཡོད་ཟེར་གྱི་འདུག

ཟླ་བ་ཁྱེད་རང་བདེ་མོ།
བདེ་མོ་ཡིན།
ཁྱེད་རང་ལ་ག་རེ་བཤད་རྒྱུ་ཡོད།
ཁྱེད་རང་གིས་དངོས་ནས་ག་རེ་བསམ་གྱི་འདུག

ང་ལ་འདི་ཟེར་རྒྱུ་གང་མེད། ཡིན་ཡང་། ཁྱེད་རང་གི་ནུ་མོའི་ག་རེ་བསམ་གྱི་ཡོད་མེད་དེ་ང་ཚོས་འདི་ནས་སྐད་ཆ་བཤད་ནས་འདི་རུ་ཡོད་པའི་ཁྱེད་རང་གི་ཕ་ཡུལ་གཅིག་པའི་བཟའ་མི་གཉིས་དང་། གྲྭ་བ་གཉིས་ཀ་ཡོད་ས་ནས་དེ་རིང་ད་ཐག་གཅོད་བྱེད་ངེས་ཡིན། སང་ཉིན་ཁྱེད་རང་ཁོང་ཚོ་ལ་ཁ་པར་གཏོང་དང་། ཁྱེད་རང་ལ་ག་རེ་ཐག་གཅོད་བྱས་ཡོད་མེད་གསལ་བོ་གོ་ངེས་རེད། དེ་འདྲ་བྱས་ན་འགྲིག་གི་འདུག་གམ་ཟེར་ནས་ཁ་པར་བཞག་རྗེས་སུ་ཁོང་ཚོ་ཚང་མ་ཡོད་ས་རུ་ཕྱིན་པ་རེད།

བློ་བཟང་གིས། ད་ང་རང་གི་ག་རེ་བསམ་གྱི་ཡོད་མེད་དེ་ནི་དེ་རིང་གཙོ་བོ་མ་རེད། ཚང་མས་ཤེས་དགོས་པ་ཞིག་ལ། མཚམས་སྐྱིད་ཀྱིས་ག་རེ་བསམ་བཞིན་ཡོད་མེད་དེ་རེད། ང་ཚོས་ཁོ་མོས་ག་རེ་བསམ་གྱི་འདུག་དེ་སྐད་ཆ་དྲིས་རྗེས་སུ། ངས་ཁོ་མོ་ལ་ཐད་ཀར་ལན་འདེབས་བྱེད་ཆོག ཚང་མས་བློ་བཟང་གི་སྐད་ཆ་དེར་མོས་མཐུན་བྱས་དེ་མཚམས་སྐྱིད་ཕྱོགས་སུ་བལྟས་དེ་བསྡད་པ་རེད།

མཚམས་སྐྱིད་ཀྱིས། དང་བོ་དེ་ནི་ཁྱེད་རང་ཕྱིར་ང་རང་དང་ལྷན་དུ་སྒྲིག་དགོས་ཀྱི་ཡོད། དེ་གཏན་ནས་མི་ཡོང་ཟེར་ན། གཉིས་པ་དེ་ནི་ཁྱེད་རང་གིས་ང་ལ་སྟོང་རྒྱག་དགོས་ཀྱི་ཡོད།

བློ་བཟང་གིས་སྐད་ཆ་དེ་གོ་མ་ཐག རེད། ཚང་མས་གོ་བ་དེ་རེད། ངེད་གཉིས་གཏན་ནས་ཕྱིར་འགྲིག་གི་མ་རེད། ངས་ད་སྔ་ཕན་ཆུད་ལ་དགའ་རོགས་སྒྲིག་ནས་སྟོང་རྒྱབ་ཟེར་བ་ཞིག་གོ་མྱོང་མེད་ཀྱང་། ཁོ་མོ་ལ་དེ་འདྲའི་འདོད་པ་ཞིག་ཡོད་དུས་སུ། ངས་དེ་ལྟར་བྱེད་ཆོག ག་ཚོད་ཅིག་དགོས་མིན་དེ་བཤད་རོགས། ཡིན་ཡང་། ང་ནི་ཟ་ཁང་ཞིག་གི་ནང་དུ་ལས་ཀ་བྱེད་མཁན་ཞིག་ཡིན་དུས། སྒོར་མོ་མང་བོ་ཞིག་ཡོད་པ་མ་རེད། དེ་ཡིན་དུས། གལ་སྲིད། དེ་རིང་མཇལ་མི་ཐུབ་པ་ཞིག་ཡིན་ཡང་ངས་ལས་ཀ་བྱོས་དེ་མཇལ་ཆོག

དེ་དུས་ཕར་ཕྱོགས་ཀྱི་གྲྭ་བ་ཞིག་གིས་ཁྱེད་རང་གློག་བརྙན་འཁྲབ་དུ་སོང་ནས་སྒོར་མོ་འདྲ་རེག་མེད་པ་རེད་དམ་ཟེར་ནས་དྲིས་དུས་སུ། བློ་བཟང་གིས་ང་རང་ལ་སྒོར་མོ་རེག་ཡོད་པ་རེད། འོན་ཀྱང་། ང་རང་ཕར་མ་སོང་སྔོན་དེར་བྱ་བའི་དགོས་འཁོ་ཞིག་གི་ཆེད་དུ་ངས་རོགས་པ་ཞིག་ལ་ཧིན་སྒོར་སྟོང་ཕྲག་ཉེར་ལྔ་གཡར་ཡོད་པ་དང་བུ་ལོན་ཁ་ཤས་ཤིག་ཡོད་པ་དེ་སྤྲད་ཟིན་ཤུལ་དུ་ཞེ་དྲགས་ལྷག་མེད། ཡོད་ན་ངས་ཟ་ཁང་ནང་དུ་ལས་ཀ་བྱེད་དགོས་དོན་མི་འདུག་མོད། གང་ཡིན་ན་ཡིན། མཚམས་སྐྱིད་ཁྱེད་རང་ལ་ག་ཚོད་དགོས།

མཚམས་སྐྱིད་ཀྱིས། ང་རང་ལ་རྒྱ་གར་སྒོར་མོ་སྟོང་གཅིག་གཉིས་ཤིག་གི་ཡོང་གི་མ་རེད། ང་རང་ལ་མ་མཐའ་ལ་སྟོང་ཕྲག་བཅུ་དགོས་ཀྱི་ཡོད། དེ་ཡང་དེ་རིང་སང་ཉིན་གཉིས་ཀའི་བར་དུ་དགོས། དེ་མེད་ན་ང་རང་ཁྱེད་དང་ལྷན་དུ་འདུག་གི་ཡིན།

བློ་བཟང་གིས། ཚང་མས་གོ་བ་དེ་རེད། ང་རང་ལ་དེ་འདྲའི་སྒོར་མོ་མང་བོ་ཞིག་མེད་ཀྱང་ང་རང་སོང་ནས་ངའི་གྲོགས་པོ་སྒོར་མོ་མི་ཉུང་བ་ཞིག་སྔ་གཞུག་བྱེད་རོགས་ཟེར་ནས་བུ་ལོན་དུ་བླངས་དེ་ད་ལྟ་ཆུ་ཚོད་ཕྱེད་ཀའི་རྗེས་སུ་ཐོན་ཡོང། ངས་དེ་རིང་སྒོར་མོ་དེ་དག་སྤྲད་རྗེས་སུ། ཁྱེད་ཚོ་ཚང་མས་བདེན་དཔུང་ཡི་གེ་དང་ས་ཡིག་བརྒྱབ་དེ་རྗེས་ཕྱོགས་ཤི་གསོན་གང་ཞིག་བྱུང་ཡང་ངེད་གཉིས་བར་དུ་འབྲེལ་བ་མེད་པ་བྱེད་དགོས།

གྲྭ་བ་དེ་གཉིས་ཀྱིས་དེ་འདྲ་ཞིག་བྱས་ཡིན་ཚེ་འགན་ལོས་འཁུར་ཞེས་བཤད་ཀྱང་། བཟའ་མི་དེ་གཉིས་ཀྱིས་ཁོང་གཉིས་ཀྱི་འགན་མི་ཐུབ་རབས་བཤད་པ་རེད། གང་ལྟར། བློ་བཟང་རང་གི་གྲོགས་པོ་དེ་ཡི་གམ་དུ་སོང་ནས། ཧིན་སྒོར་གཅིག་ཁྲི་ཞིག་ཁུར་ནས་ཕྱིར་ཁོང་ཚོས་སར་ཡོང་དུས། གྲྭ་བ་དེ་གཉིས་ཀྱིས་བློ་བཟང་ལ་ཁྱེད་རང་གིས་དངོས་ནས་དྲང་མོ་བྱས་སོང་། དེ་ཡི་སྟེང་ལ་ཁྱེད་རང་ཡང་རང་གི་ལག་པ་གཉིས་ལ་བརྟེན་ནས་དཀའ་ལས་རྒྱག་མཁན་ཞིག་ཡིན་དུས། ཁྱེད་རང་སོང་ཤུལ་ནས་ངེད་གཉིས་ཀྱིས་ཁོ་མོ་ཁ་བརྡ་བྱས་དེ་ཧིན་སྒོར་ལྔ་སྟོང་མ་གཏོགས་མི་ལེན་རྒྱུ་བྱས་པ་ཡིན། འདི་ཁྱེད་རང་གི་ཕྱིར་ལེན་རོགས་ཟེར་ནས་སྒོར་མོ་བམ་ཆགས་དེ་གཏོར་ནས་ཕྱེད་ཀ་ཕྱིར་བློ་བཟང་ལ་སྤྲད་པ་རེད།

བློ་བཟང་གིས། སྐྱོན་ཡོད་པ་མ་རེད། འགྲིག་འགྲོ་ནི་རེད། མི་མ་ཤི་ན་སྒོར་མོ་རེད། ངས་ག་ལེར་སྒོར་མོ་འཚོལ་ཐུབ་ནི་རེད། ཁོ་མོའི་རེ་འདོད་རེད། མོ་ལ་སྤྲོད་ཤོག

གྲྭ་བ་དེ་གཉིས་ཀྱིས་བློ་བཟང་ལ་ཧིན་སྒོར་ལྔ་སྟོང་ཕྱིར་སྤྲད་པ་དང་ཡི་གེ་ཞིག་བདེན་དབུང་དུ་བྲིས་དེ་སྟེང་དུ་ས་ཡིག་བརྒྱབ་ནས་བློ་བཟང་ལ་སྤྲད་པ་དང་རྗེས་ཕྱོགས་གཏན་ནས་རྙོག་དྲ་གང་ཡང་མེད་པར་བྱས་པ་རེད། བློ་བཟང་གིས་ཡི་གེ་དང་སྒོར་མོ་ཁུར་ནས་འགྲོ་གྲབས་བྱེད་པའི་སྐབས་སུ། མཚམས་སྐྱིད་ཀྱིས་རྗེས་ཕྱོགས་ཁྱེད་རང་གི་ཉིན་ཐོའི་ཟིན་བྲིས་དང་དེབ་དང་ཚགས་པར་སོགས་ཀྱི་སྟེང་དུ་འུ་གཉིས་ཀྱི་སྐོར་གཏན་ནས་བྲིས་མི་ཆོག དེ་འདྲ་བྱུང་ཉིན་ང་སླར་ཡང་ཁྱེད་དང་འགྲིག་དགོས་ཀྱི་ཡོད།

བློ་བཟང་དགད་མོ་ཞིག་དགོད་ཞོར་དུ། དེ་ནི་ངའི་མི་ཚེ་ཡི་རང་དབང་རེད། གལ་སྲིད་ངའི་མི་ཚེ་ལོ་རྒྱུས་ཤིག་བྲིས་པ་འདྲ་ཡིན་ན། ངའི་མི་ཚེ་དང་འབྲེལ་བའི་སྐོར་འབྲི་བའི་རང་དབང་ང་ལ་ལོས་ཡོད་ཟེར་བཞིན་ཁྱིམ་ཚང་དེ་དང་ཁ་བྲལ་བ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་ཅག་ཕེབས་པ་དངོས་ནས་དགའ་ཡོད། བསམ་ཚུལ་ཐུང་ཐུང་རེ་གསུངས་པ་དེར་ཡི་རུང་ཡོད། ང་རང་གང་ཁོམ་ལ་སྤུན་ཟླ་ཚང་མའི་གཞིས་ཁྱིམ་ལ་འགྲོ་བཞིན་ཡོད་པ་ཐུགས་འཇག་འཚལ།

    Reply
  2. lobsangg says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས་ རེ་སྐུལ་ཞིག་ཞུ ད་ལྟར་ངས་ཟིན་བྲིས་སུ་སྤྱི་ཚོགས་དཔྱད་བརྗོད་དང་སྙན་ངག་ལེ་ཚན་ཞིག་བགོད་ཡོད་ དུས་ཚོང་རེ་བྱུང་ན་བསམ་འཆར་འདོན་མཁན་ཕེབས་པར་ཞུ

    Reply
  3. chokri nyima says:
    ལོ་ 16 སྔོན།

    དགའ་རོགས་ཁ་བྲལ་དུས་དངུལ་ཤོར་མཁན་བློ་བཟང་མ་གཏོགས་འཛམ་གླིང་འདིར་སུ་ཡོད་དམ།
    མ་ཟད་བོད་ལ་བོོན་བདེ་མཚོ་བཞག་ནས་སླེབས་ཡོད་པ་རེད་ད།

    Reply
  4. free sopu says:
    ལོ་ 16 སྔོན།

    ངོ་ནས་སྟུ་གོང་ཆེན་རེད་ཡ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨུ་ཤུ

    Reply
  5. wanderer1958 says:
    ལོ་ 16 སྔོན།

    ད་བློ་བཟང་གི་གཤིས་ཀ་དེ་ཡ་མཚན་ཞིག་ཏུ་འགྱུར་ཚར་འདུག མཚམས་ལན་རེར་གསར་བུ་སྤོབས་པ་ཅན་ཞིག་གི་བཟོ་འདུག་ལ། ལན་རེར་གཉོམ་ཆུང་ནུས་མེད་ཅིག་གི་ཚུགས་ཀའང་ཐོན་གྱིན་འདུག དགའ་རོགས་མ་འགྲིགས་པར་སྒོར་མོའི་སྐྱིན་ཞིག་ཤོར་སོང་དུས། ང་ནི་སེམས་ཤིག་མི་བདེ་གི ངས་ཀྱང་ཁ་སང་དགའ་བོ་ལ་མི་ཡོང་ཚུལ་ཞིག་ལབ་ནས་བསྐྱུར་བ་ཡིན། ང་ལའང་དེ་ལྟ་བུའི་སྡུག་ལ་གཏོད་མི་ཡོང་ངམ། ཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese