མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བརྒྱ་དང་བཅུ་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཚེ་སྲོག་གི་རིན་ཐང་ཁྲོད་དུ། མིའི་མི་ཚེ་ནི་རང་ལག་དུ་མི་འོང་བ་ཞིག་ཆགས་ཡོད་པ་ནི་བློ་བཟང་ཁོ་རང་གཅིག་བུའི་དཀའ་ངལ་ཞིག་མིན་པ་ཁོ་རང་གིས་སྔ་ས་ནས་ཤེས་ཡོད་སྟབས། ཟ་ཁང་ནང་དུ་ལས་ཀ་བྱེད་ཞོར་དུ་གྲོགས་པོ་ཡག་ཤོས་ཤིག་ལ་ཁོ་རང་དང་བདེ་འཚོས་སྐོར་མདོར་བསྡུས་ཤིག་གླེང་བ་རེད།

གྲོགས་པོས། དེས་ན་ཁྱེད་རང་གིས་བུད་མེད་ཉི་མ་ལྷ་སྒྲོན་ལ་ཡང་ལུས་འབྲེལ་བཞག་མེད་པ་བདེན་པ་ཡིན་པ་བྱོས། འོན་ཀྱང་། བདེ་འཚོས་ཁྱེད་གཉིས་ཀྱིས་མི་ཚེ་ཡི་སྐད་ཆ་ཞིག་བཤད་འདུག་པ་ཡིན་དུས། ཁྱེད་གཉིས་ལ་ཁ་བསྐྱལ་བ་དང་སྙིང་གཏམ་བཤད་པ་ལས་ཕར་ནང་དུ་ལུས་འབྲེལ་མ་བྱུང་བ་དེ་ནི་དངོས་ནས་ཡིད་ཆེས་ཁག་པོ་ཞིག་རེད། འོན་ཀྱང་། ཁྱེད་རང་གིས་ཁོ་མོ་ཁ་ཆེ་ཕོ་གསར་ཞིག་གི་ལག་དུ་ཤོར་བར་དོགས་ནས་དེ་ལྟར་བྱས་པ་ཡིན་ཟེར། དེ་ཡང་དངོས་ནས་བཤད་ཁག་པོ་རེད། ཁོ་མོ་དངོས་ནས་ཁ་ཆེ་ཕོ་གསར་དེ་ལ་དགའ་ཡོད་ན་ཆོས་ལུགས་ཀྱི་ལྟ་ཚུལ་ཞིག་གིས་དབང་དུ་སོང་བ་ཡིན་སྲིད་པ་རེད།

བློ་བཟང་གིས། དངོས་ནས་དེ་ལྟར་བཤད་པ་ཡིན་ན་དེ་བདེན་པ་རེད། ལ་དྭགས་སུ་བོད་པ་དང་ལ་དྭགས་ཡུལ་མི་སུ་ཡིན་ན་ཡང་ཁ་ཆེ་ལ་ལྟ་ཚུལ་ཡག་པོ་མི་འདུག་པ་མ་ཟད། ཁ་ཆེ་དང་ནང་བ་ཡིན་ཟེར་མཁན་གྱི་ཡུལ་མི་དག་གིས་བར་དུ་འཁྲིགས་པ་ཡང་རེ་ཟུང་ཤོར་བའི་སྐད་ཆ་འདུག དེ་འདྲ་ལ་ཁག་བཞག་ཡོད་ན་ཐང་། འོན་ཀྱང་། ཁོ་མོ་ནི་དེ་འདྲ་ཞིག་རེད་མི་འདུག ཆོས་ལུགས་ཀྱི་ལྟ་ཚུལ་དེ་འདྲ་ཤུགས་ཆེན་པོ་མི་འདུག རེད་དེ། ང་རང་ཁོ་མོས་རེ་སྐུལ་ལྟར་དགོང་མོ་ཞིག་འཁྲབ་ཚན་ཚར་ནས་ཁོང་ཚང་ལ་སོང་ནས་ཁོ་མོའི་ཨ་ཅེ་དང་ཐུག་འཕྲད་བྱས་པ་ཡིན།

ཁོ་མོས་ཨ་ཅེ་དེས་ང་རང་ལ་ཆོས་ལུགས་ཀྱི་སྐོར་དྲིས་སོང་། ཁྱེད་རང་གི་ཆོས་ལུགས་གང་ཞིག་བྱེད་ཀྱི་ཡོད། དགེ་ལུགས་དང་རྙིང་མ། ཀ་རྒྱུད་པ། ས་སྐྱ་བ། ཡང་ན་བོན་པོ་གང་ཡིན། ང་ཚོའི་ཁྱིམ་ཚང་འདི་ནི་ཕ་མ་ཚོའི་རིང་ནས་བཟུང་དེ་བོན་པོ་རེད། དེ་ཡིན་དུས། ཁྱེད་རང་ལ་དེ་ཡི་སྐོར་ལ་ལྟ་ཚུལ་འདྲ་ཡོད་ན་ཐང་། ང་ཚོ་བོན་པོ་ཡིན་དུས་སྲུང་མ་ཡང་འདྲ་ནི་མ་རེད། ཁྱེད་རང་གི་ནང་མིས་ཆོས་ལུགས་གང་ལ་དད་མོས་བྱེད་ཀྱི་རེད་ཟེར་ནས་དྲིས་སོང་། དེ་དུས་ངའི་ང་ཚོ་ཚང་མ་བོད་པ་ཡིན་པ་རེད། བོད་པ་ཚོའི་མི་ཐོག་གོང་མ་དང་བོད་ལ་དར་སྔ་ཤོས་དེ་ནི་བོན་ཆོས་ཡིན་པ་རེད། དེ་ཡི་རྗེས་སུ་ཆོས་ལུགས་གཞན་དག་ཚོ་དར་བ་རེད། ང་རང་སྒེར་ལ་ཆོས་ལུགས་བར་ལ་ལྟ་ཚུལ་གང་ཡང་མེད།

ང་ཚོས་གཙོ་བོ་ཤེས་དགོས་པ་ཞིག་ནི། ང་ཚོ་ཚང་མ་བོད་པ་ཡིན་པ་དེ་དང་བོད་པ་ཚོས་རང་རང་གི་ནང་མི་ནས་བརྒྱུད་དེ་ཆོས་ལུགས་གང་ལ་དད་མོས་བྱེད་པ་དེ་ནི་རང་དབང་ཡིན་ལ། དེ་ཡི་སྐོར་ལ་ཕན་ཚུན་ལ་བརྩི་བཀུར་ཡང་བྱེད་དགོས་པ་ལ་ཕྱོགས་རུས་བྱེད་མི་འོས་པ་དང་། དེ་དག་བྱེད་མཁན་གྱི་རིགས་ལ་ང་རང་གཏན་ནས་དགའ་བོ་མེད། ལྷག་པར་དུ་ངེད་གཉིས་ཀྱི་ཁྱིམ་རྒྱུད་ཀྱི་དད་པ་བྱེད་ཡུལ་མི་གཅིག་པ་དེ་ནི་གནད་དོན་ཞིག་གཏན་ནས་མ་རེད་ཅེས་འགྲེལ་བཤད་མང་བོ་ཞིག་བརྒྱབ་པ་པ་ཡིན་ཟེར་ནས་བློ་བཟང་གིས་ཁོས་གྲོགས་པོ་དེ་ལ་བཤད།

གྲོགས་པོ་པོས། དམྱལ་བ་བོ། བདེ་འཚོ་ཟེར་བའི་མི་ཚང་དེ་ནི་བོན་པོའི་ཁྱིམ་ཚང་ཞིག་རེད་དམ། དེ་ཡིན་དུས་ཁོང་ཚོས་སྐོར་བ་བྱེད་དུས་ཀྱང་གཡོན་སྐོར་བྱེད་ཀྱི་ཡོད་པ་རེད། ཁྱེད་རང་གི་ནང་མི་ཚང་མ་དགེ་ལུགས་པ་ཡིན་དུས། རྗེས་མ་ཞིག་ལ་ཕ་མ་ཚོས་ཁྱེད་རང་ལ་ངོ་རྒོལ་བྱེད་རྒྱུ་ལས་གཏན་ནས་མི་སྲིད། ཁྱེད་རང་གི་ཤེས་གསལ་རེད། ང་ཚོས་ས་ནས་བོན་པོ་ཟེར་དུས་ལྟ་སྟངས་ཡག་པོ་མེད་པ་རེད།

བློ་བཟང་གིས། དེ་འདྲའི་དུས་ཚོད་དེ་ནི་དངོས་ནས་རྫོགས་ཚར་བ་རེད། ང་ཚོའི་མི་ཐོག་འདི་ལ་དེ་ཡི་ནད་ཚ་སངས་ན་རེད། ལྷག་པར་དུ་བོན་པོ་ནི་བོད་ལ་དར་བའི་ཆོས་ཐོག་མ་ཡིན་པ་དེ་ནི་ཁྱེད་རང་གིས་ཀྱང་ཤེས་གསལ་རེད། ད་ངེད་གཉིས་ཀྱི་དེ་ཡི་སྐོར་མང་བོ་མི་གླེང་། ང་རང་སྒེར་ངོས་ནས་བཤད་པ་ཡིན་ན། ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་བྱེད་མཁན་དེ་དག་ལ་གཏན་ནས་དགའ་བོ་མེད།

གྲོགས་པོ་དེས། དེ་ན་ཁྱེད་རང་ལ་ཆོལ་ཁའི་ཞེན་ཁོག་མེད་དམ། དེ་ཡིད་ཆེས་བྱེད་ཁག་པོ་ཞིག་བཤད་སོང་། དེ་ནི་ཕལ་ཆེར་ཁྱེད་རང་གི་ཁ་སྟོང་ནང་གི་ཚིག་སྟོང་ཡིན་ཁོ་ཐག་རེད།

བློ་བཟང་གིས། ཁྱེད་རང་གི་ག་རེ་བསམ་མིན་དེ་ནི་གཙོ་བོ་མིན། ངའི་མི་ཚེ་ནང་དུ་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་དངོས་ནས་བྱེད་མྱོང་མེད་ལ། ཕྱིས་སུ་ཀྱང་བྱེད་མི་སྲིད། དེ་འདྲའི་རིགས་ལ་ཡང་གཏན་ནས་རྒྱབ་སྐྱོར་མེད། ཡིན་ཡང་། ངའི་ཕྱོགས་རུས་དང་ཕྱོགས་ཞེན་དུས་ནམ་ནོར་མི་སྲིད། རང་ཉིད་གང་གི་ཁུངས་སུ་སྐྱེ་བ་དེར་ཕྱོགས་ཞེན་ཡོད་ཀྱང་། ང་ལ་གཏན་ནས་ཕྱོགས་རུས་མེད། ངས་དུས་རྒྱུན་དུ་རང་ཉིད་བོད་ཅིག་ཡིན་པར་འདོད་ཀྱི་ཡོད་ལ། བོད་པ་ཡིན་ཚད་ལ་ངས་ས་མཚམས་ཤིག་གཏན་ནས་བྱེད་མི་འདོད།

གྲོགས་པོ་དེས། ཡ་་་ ད་ཁྱེད་རང་གིས་ག་རེ་བཤད་ན་འགྲིག་གི་རེད། བཤད་བདེ་བོ་ཡོད་པ་རེད། ལྷག་པར་དུ་ཁྱེད་ཚོའི་གྲངས་འདི་ལ་ཁ་བདེ་བོ་ཡོད་པ་རེད། གང་ལྟར། ཁྱེད་རང་གིས་དངོས་ནས་ལ་དྭགས་སུ་གློག་བརྙན་འཁྲབ་ནས་འཇོན་ཐང་བཞག་ཡོད་མེད་མི་ཤེས་ཀྱང་དགའ་རོགས་སྒྲིག་ནས་འཇོན་འདུག ད་དུང་། འདི་ཁུལ་ན་ཁྱེད་རང་ལ་རྙོག་དྲ་བཟོ་བའི་མཚམས་སྐྱིད་ཀྱིས་ཁྱེད་རང་གི་ངོ་ཤེས་མིན་མང་བོ་ཞིག་ལ་ཁོ་མོ་ལ་བློ་བཟང་གི་བྱིས་པ་ཆགས་ཡོད་ཚུལ་བསྒྲགས་ནས་སྐད་གྲགས་བཞག་སོང་། ད་ཁྱེད་རང་གིས་དགའ་རོགས་འདྲ་སྒྲིག་རྩིས་ཡོད་དམ།

བློ་བཟང་གིས། རེད་རེད། ཁྱེད་རང་གིས་དེ་ལྟར་བཤད་ན་བཤད་སྟངས་ཤིག་ཡིན་ངེས་རེད། ཡིན་ཡང་། གནས་སྐབས་རིང་དུ་དངོས་ནས་དགའ་རོགས་ཟེར་བའི་བུད་མེད་འདྲ་གཏན་ནས་འཚོལ་འདོད་མེད། སྐྱིད་པོ་གཏོང་ས་རེ་རེག་ན་འདོད་ཆགས་མགོ་ཆག་ཡིན་ནི་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་གཉིས་ཕེབས་པ་དགའ་ནས་ཡོད། ཡང་ཡང་ཕེབས་ཀི་བསྡོད། བསུ་མ་ག་དུས་ཡིན་ཡང་བྱས་དེ་བསྡད་ཡོད། སྒོ་ཁ་ནས་ཁ་བཏགས་ཤིག་བཟུང་དེ་སྒུག་བསྡོད་མཁན་ཞིག་ཀྱང་མི་རིང་བར་བཙལ་ངེས་ཡིན། ཧཧཧ

    Reply
  2. chokri nyima says:
    ལོ་ 16 སྔོན།

    བློ་བཟང་ཨི་ཟུ་རི་ལི་རྒྱལ་ཁབ་ནང་དུ་མ་འབྱོར་བར་དུ་སྒྲུང་འདིར་མཇུག་རྫོགས་ནི་མ་རེད་ད།

    Reply
  3. kkalsang says:
    ལོ་ 16 སྔོན།

    ཨ་རོགས། མཚམས་སྐྱིད་ཟེར་བའི་བུ་མོ་དེ་དངོས་གནས་མ་རབས་ཤིག་ཡིན་ཡ།

    ད་བྱས་ན་དངོས་གནས་ཁྱོད་ཀྱི་སྒྲུང་འདིའི་མཇུག་ལ་སླེབས་ཡོད་པ་ཚོར་གྱི་འདུག སྔར་མཚམས་ཟེར་བ་དེས་བློ་བཟང་ལ་དཀའ་ངལ་སྤྲད་སོང་ངཱ་། དེའི་མི་ཚད་ཁོང་མོའི་ཕ་ཡུལ་གཅིག་པའམ་ཇོ་ཇོ་ཡོང་བ་སོགས་དེའི་བར་ན་གནས་ཚུལ་ཛ་དྲག་པོ་ཞིག་ཀྱང་ཡོད་པ་མ་རེད་དམ་ཨ།

    ངས་ཀྱང་དུས་རྒྱུན་དུ་ཀློག་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese