མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།}བཅུ་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས་དགོང་མོ་ཟ་ཁང་གི་ལས་མཚམས་བཞག་ནས་སྔར་རྒྱུན་ལྟར་གྲོགས་པོ་བཟའ་མི་གཉིས་ཀྱི་ནང་དུ་ཉལ་དུ་སོང་བ་དང་། གྲོགས་པོ་དེ་ཡི་རྒན་མོའི་གྲོགས་མོ་དེ་ཡང་དེ་རུ་སྔར་རྒྱུན་ལྟར་སླེབས་ཡོད་པ་རེད། ཁོང་ཚོས་ཁ་བརྡ་ཕྲན་པུ་ཞིག་བྱས་རྗེས་སུ་ཉལ་ས་བཟོ་བཞིན་སྐབས་དེར་གནམ་གཤིས་གྲང་མོ་མེད་ཀྱང་། གྲོགས་པོ་རྒན་མོའི་དེ་ཡི་ཁྱེད་གཉིས་ལྷན་དུ་ཉལ་མ་མ་བདེ་བ་ག་རེ་འདུག ཁྱེད་གཉིས་ཀྱི་སེམས་ནང་གནོང་འདྲ་མེད་ན་ལྷན་དུ་ཉལ་ན་ག་རེ་འདུག

སྐབས་དེར་ཁོ་གཉིས་ཀྱང་ག་རོག་གེར་གནོང་གང་ཡང་མེད་འདོག་གིས་ཉལ་ཁྲི་གཅིག་གི་སྟེང་དུ་སླར་ཡང་ཉལ་བ་རེད། མཚན་མོ་དེ་ནི་དངོས་གནམ་གཤིས་ཞེ་དྲག་མི་གྲང་བའི་སྒང་ལ་སྒྲོལ་མ་ལྷ་སྐྱིད་ནི་དངོས་ནས་གཟུགས་པོའི་དྲོད་ཚད་ཀྱིས་བློ་བཟང་གི་མཇེ་ངན་དེ་ཡང་བཀག་དུ་བླངས་བཅུགས་པ་རེད། བློ་བཟང་གིས་ག་ལེར་ཁོ་མོའི་དོར་མ་གསབ་གསབ་དེ་ཡི་ཁ་སྐོར་ནང་དུ་འཇུས་དེ་མར་འཕུད་རྩིས་བྱས་ཀྱང་། སྒྲོལ་མ་ལྷ་སྐྱིད་ཀྱིས་ཁ་རོག་གེར་གང་ཡང་མི་བཤད་པར་བསྡད་པ་རེད།

བློ་བཟང་ལ་དྭགས་ནས་ཚུར་རྡ་སར་འབྱོར་ནས་རྒྱུན་རིང་བོ་ཞིག་འགྲོ་བཞིན་ཡོད་ཀྱང་། བུད་མེད་གཅིག་ལ་གཏན་ནས་ལག་པ་འཆིང་མ་ཐུབ་པར་བསྡད་ཡོད་པ་དང་། སྐོམ་གདུང་གི་གཟིར་བའི་སྡུག་བསྔལ་དེ་ལ་དངོས་ནས་ཆེས་ཡིད་དུ་འོང་བའི་ཚོར་སྣང་བདེ་བ་ཞིག་མཚན་མོ་དེར་སྒྲོལ་མ་ལྷ་སྐྱིད་ཀྱིས་ལུས་སྟེང་ནས་རེག་པ་རེད། བློ་བཟང་ནི་ནམ་རྒྱུན་དུ་ལག་དུ་འགྱིག་ཤུབ་ཡོད་མཁན་གྱི་ཕོ་གསར་དེ་ཡི་གྲངས་མིན་སྟབས། མཚན་མོ་དེར་འགྱིག་ཤུབ་མེད་པར་འཁྲིག་པ་སྤྱད་པ་རེད།

ཕྱིར་ཉིན་ཁོ་རང་གིས་ལས་ཀ་བྱེད་བཞིན་པའི་སྐབས་སུ་གྲོགས་པོ་དེ་ཁོ་རང་གི་སར་ཡོང་ནས། དམྱལ་བ་བོ། འདང་དགོང་ཉལ་དུ་བཅུགས་མ་སོང་། དོ་ནུབ་དེ་འདྲ་བྱེད་རྒྱུ་འདྲ་ཡིན་ན་ང་རང་གཉིད་ཚར་ན་དེ་འདྲ་བྱེད་ཀི་བསྡོད་ཟེར་ནས་ཀུ་རེ་དང་བཅས་དེ་བློ་བཟང་ལ་བཤད་པ་རེད།

བློ་བཟང་ངོ་དམར་པོ་ཆགས་ཞོར་དུ། འདོད་ཆགས་འདི་མགོ་ཆག་ཡིན་སྟབས། བུད་མེད་དེ་འདྲའི་ཚ་བོ་ཞིག་དང་ལྷན་དུ་རུམ་བྱས་དེ་མཚན་ཁ་མཚན་མཐུད་དེ་སོང་ན་དངོས་ནས་ཁག་པོ་འདུག དོ་ནུབ་ང་རང་ཡོང་ནས་ཁོ་མོ་ལ་གསལ་བཤད་ཅིག་བྱེད་རྒྱུ་ཡིན། དེ་ནས་ཁོ་མོས་འདོད་པ་འདྲ་མེད་པ་ཡིན་ན། ང་རང་སང་ཉིན་ནས་ཁྱེད་ཚང་དུ་ཉལ་དུ་ཡོང་གི་མིན། ཁོ་མོས་མི་ཚེ་ནང་དུ་གནོད་པ་བྱེད་སྲིད་པ་རེད།

བློ་བཟང་གིས་ཁོས་གྲོགས་པོ་བཟའ་མི་གཉིས་གཉིད་ཚར་རྗེས་སུ། སྒྲོལ་མ་ལྷ་སྐྱིད་ལ་ཁ་རོག་གེར་ཁ་བརྡ་བྱས། སྒྲོལ་མ་ལྷ་སྐྱིད། འདང་ནུབ་དངོས་ནས་ང་རང་གི་འདོད་ཆགས་ཀྱི་དབང་དུ་སོང་ནས་ཁྱེད་རང་ལ་ལུས་འབྲེལ་བཞག་པ་རེད། དོ་ནུབ་ངས་ཁྱེད་རང་ལ་སྐད་ཆ་གང་ཡང་མ་བཤད་པར་འདང་ནུབ་ཀྱི་ལས་ཀ་དེ་འདྲ་དངོས་ནས་བྱེད་འདོད་མི་འདུག ཁྱེད་རང་གིས་མིའི་ལོ་རྒྱུས་ནི་ཤེས་གསལ་རེད། ཁྱེད་རང་དངོས་ནས་ང་ལ་དགའ་ཡི་འདུག་གམ། ཡིད་ཆེས་ཡོད་དམ།

སྒྲོལ་མ་ལྷ་སྐྱིད་ཀྱིས་བློ་བཟང་ལ་ང་ཁྱེད་རང་ལ་དགའ་ཡི་འདུག ཡིད་ཆེས་ཀྱང་ཡོད། ཁྱེད་རང་དང་ལྷན་དུ་མི་ཚེ་ཞིག་ཡོང་ན་འདོད་ཡོད།

བློ་བཟང་གིས། ཡིད་ཆེས་ཟེར་བ་ནི། ཐོག་མ་ངོ་ཤེས་མ་ཐག་ཡོད་པ་ཞིག་གཏན་ནས་མིན་པ་དང་རང་ཉིད་ལ་ད་ལྟའི་འཆར་བཟའ་ཚང་བྱེད་རྒྱུའི་སྐོར་ལ་འདོད་པ་མེད་པ་མ་ཟད། དགའ་རོགས་ཤིག་ཀྱང་སྒྲིག་འདོད་མེད་པའི་སྒང་ལ་ཁྱེད་རང་ལྟ་བུའི་བུད་མེད་གཉོམ་ཆུང་ཡ་རབས་ཤིག་ལ། གཏན་ནས་མགོ་སྐོར་གཏོང་འདོད་མེད་ལ། ད་སྔ་ངས་བུད་མེད་སུ་ལ་ཡང་མགོ་སྐོར་གཏོང་མ་མྱོང་། དེ་ཡིན་དོ་ནུབ་འུ་གཉིས་ཀྱིས་སྐད་ཆ་གསལ་བོ་བཟོ་དགོས་ཀྱི་འདུག འུ་གཉིས་འདི་ལྟར་ཡུན་རིང་དུ་སོང་བ་ཡིན་ན་ཁྱེད་རང་ལ་བྱིས་པ་ཆགས་མི་སྲིད་པ་མིན། ལྷག་པར་དུ་ཕོ་མོ་སུ་ཡིན་ཡང་སྐྱིད་པོ་གཏོང་འདོད་ཡོད་པ་རེད། དེ་ཡིན་དུས། ཁྱེད་རང་ལ་དངོས་ནས་སྐྱིད་པོ་གཏོང་འདོད་ཡོད་ན། འུ་གཉིས་ཁྱེད་རང་བོད་དུ་མ་ལོག་བར་དུ་སྐྱིད་པོ་བྱེད་ཆོག དེ་མིན་འདོད་པ་མེད་ན་ང་སང་ཉིན་ནས་འདི་རུ་ཡོང་གི་མིན།

ཁྱེད་རང་གིས་བསམ་བློ་ཞིབ་མོ་ཞིག་བཏང་ནས་སང་ཉིན་ང་རང་ལ་ལན་ཞིག་སྤྲད་ན་འགྲིག སང་དགོང་བར་དུ་ལན་འདྲ་མེད་སོང་བ་ཡིན་ན། ང་རང་འདི་རུ་ཉལ་དུ་ཡོང་གི་མིན། ཁྱེད་རང་གིས་འདོད་པ་བྱོས། འུ་གཉིས་ཀྱིས་ཁྱེད་རང་འདི་ནས་གྱེས་རེག་བར་དུ་ལྷན་དུ་སྐྱིད་པོ་བྱེད་འདོད་ཡོད་ན། སང་ཉིན་དགོང་མོ་ཁྱེད་རང་གི་ལས་ཀ་གྲོལ་བ་དང་ང་རང་འབོད་དུ་ཤོག དེ་མིན་ང་རང་ཡོད་སར་ཡོང་མི་དགོས། ངས་ཀྱང་བསམ་ཤེས་བྱེད་ཐུབ་ཀྱི་ཡོད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 4

  1. kkalsang says:
    ལོ་ 16 སྔོན།

    བློ་བཟང་ལགས། ཁྱོད་ཉལ་དུ་འགྲོ་སའི་གྲོགས་པོ་བཟའ་མི་གཉིས་ནི་སུ་རེད། ཧ་ཧ་ཧ། དེ་གནམ་ལྕགས་མ་ཡིན་ནམ། ཧ་ཧ་ཧ་ཧ། དམྱལ་བ་བོ།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་གཉིས་ཀྱིས་གསུངས་པ་དེ་བདེན་པ་རེད། བློ་བཟང་ལ་ད་ནི་ཁྲེལ་གཞུང་མེད་པའི་སྒང་ལ་དངོས་ནས་འགྱུར་ཚར་བ་མ་ཟད། བུད་མེད་མི་ཉུང་བ་ཞིག་ལ་ཁྲེལ་མེད་བྱས་སོང་། ད་ནི་འུ་ཅག་གིས་ཁོ་ལ་བསྡིག་དམོད་བྱེད་རན་རེད་འདུག ལྟས་ངན་དེ་་་

    Reply
  3. free sopu says:
    ལོ་ 16 སྔོན།

    བློ་བཟང་དམྱལ་བ་བོ། བུ་མོ་དེ་བཟོ་རྒྱུ་ཚང་མ་བཟོས་ཚར་ནས་སྐད་ཆ་གཙང་མ་
    བཟོ་རྒྱུ་ཡིན་ཟེར་གི། དྲང་མོ་བཤད་ན་དེ་གཡོ་ཐབས་ངོ་མ་ཞིག་རེད།
    སྔོན་མ་དང་མི་འདྲ་གི་ད་བློ་བཟང་འགྱུར་ཚར་འདུག
    ད་དུང་འདོད་ཆགས་གིས་དབང་དུ་སོང་ཞེས་སྙན་མོ་བཤད་གི་འདུག་གྰ

    Reply
  4. chokri nyima says:
    ལོ་ 16 སྔོན།

    བློ་བཟང་གིས་རྫུན་གཅིག་བཤད་སོང་ད་་་་་་་་བུད་མེད་སུ་ལ་ཡང་མགོ་སྐོར་གཏོང་མ་མྱོང་ཟེར་ན་་་་་བོན་བདེ་མཚོ་ལ་ཅི་བྱས་དྲན་པ་འདུག་གམ།
    ཧཧཧཧཧཧཧཧཧཧ་ཁག་མེད་འདོད་ཆགས་ནི་ངར་མ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese