དེ་རིང་རྒྱ་ནག་གི་གནམ་གཤིས་རྟོག་དཔྱོད་ཁང་གིས་བསྒྲགས་པ་ལྟར་ན། ཚེས་ ༡༩ ཉིན་ནས་ཚེས་ ༢༠ བར་ཁམས་སྐྱེ་དགུ་མདོའི་གནོད་ཐེབས་ས་ཁུལ་ལ་ཁངས་ཆར་འདྲེས་མ་འབབ་པ་ནས་ཁངས་ཆུང་ཆུང་འབབ་པར་འགྱུར་བ་དང་། དེའི་སྐབས་སུ་ཉིན་རེའི་དྲོད་གྲངས་ཏུའུ་བཞི་ནས་ཏུའུ་དྲུག་བར་མར་འབབ་རྒྱུ་རེད་ཅེས་ཟེར།
རྒྱ་ནག་གནམ་གཤིས་རྟོག་དཔྱོད་ཁང་གི་ལས་བྱེད་མི་སྣས་ད་དུང་སྔོན་དཔག་གིས་བཤད་དོན། ཚེས་ ༡༦ ཉིན་ནས་ཚེས་ ༡༨ ཉིན་བར་སྐྱེ་དགུ་མདོའི་གནོད་ཐེབས་ས་ཁུལ་ལ་གནམ་ཐང་པ་ནས་སྤྲིན་མང་པོའི་གནམ་གཤིས་གཙོ་བོ་ཡིན་ལ། ཚེས་ ༡༩ ཉིན་ནས་ཚེས་ ༢༠ ཉིན་བར་སྐྱེ་དགུ་མདོའི་གནོད་ཐེབས་ས་ཁུལ་ལ་ཁངས་ཆར་འདྲེས་མ་འབབ་པ་ནས་ཁངས་ཆུང་ཆུང་འབབ་པར་འགྱུར་བ་དང་དེའི་སྐབས་སུ་ཉིན་རེའི་དྲོད་གྲངས་ཏུའུ་བཞི་ནས་ཏུའུ་དྲུག་བར་མར་འབབ་རྒྱུ་རེད། ཚེས་ ༢༠ ནས་ཚེས་ ༢༡ ཉིན་བར་སྐྱེ་དགུ་ས་ཁུལ་ལ་གཙོ་བོ་སྤྲིན་མང་རྒྱུ་རེད།
གནམ་གཤིས་རྟོག་དཔྱད་ཁང་དེས་ད་དུང་ཚེས་ ༡༦ ཉིན་གྱི་དུས་ཚོད་བརྒྱད་ནས་ཚེས་ ༡༧ ཉིན་གྱི་དུས་ཚོད་བརྒྱད་བར་ཟི་ལིང་ནས་སྐྱེ་དགུ་མདོའི་བར་གྱི་རྒྱ་ལམ་ ༢༡༤ ཡི་ལམ་ཚད་ལ་གནམ་གཤིས་ངན་པའི་ཤུགས་རྐྱེན་མི་ཐེབས་པར་གནམ་ཐང་པ་དང་མཚམས་མཚམས་ལ་སྤྲིན་མང་རྒྱུ་རེད། དེའི་ནང་ཟི་ལིང་ནས་སྟོང་སྐོར་བར་དུ་ཚད་རིམ་གསུམ་ནས་བཞིའི་བར་གྱི་ཤར་ལྷོའི་རླུང་གཡུག་པ་དང་། མཚོ་ལྷོའི་ཞིན་ཧེ་ནས་སྐྱེ་དགུ་མདོའི་ཁྲི་འདུའི་བར་ལ་ཚད་རིམ་བཞི་ནས་ལྔ་བར་གྱི་ནུབ་རླུང་གཡུག་པ་དང་། སྐྱེ་དགུ་མདོ་ལ་ཚད་རིམ་གཉིས་ནས་གསུམ་བར་གྱི་ནུབ་རླུང་གཡུག་རྒྱུ་རེད་ཅེས་དང་།
ཚེས་ ༡༩ ཉིན་ནས་ཚེས་ ༢༠ ཉིན་བར་སྐྱེ་དགུའི་ས་ཁུལ་ལ་ཁངས་ཆར་འབབ་རྒྱུ་ཡིན་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་དང་གནོད་སེལ་རྒུད་སྐྱོབ་བྱ་བར་ཤུགས་རྐྱེན་མི་ལེགས་པ་བཟོ་ངེས་པས་སྔ་མོ་ནས་ཁངས་ཆར་བབས་ཏེ་དར་ཆགས་པར་སྔོན་འགོག་བྱེད་པའི་གྲ་སྒྲིག་བྱ་བ་བཟང་པོར་བསྒྲུབ་དགོས་པར་མ་ཟད། གཞན་ཡང་དགོང་མོའི་དྲོད་གྲངས་ཅུང་དམའ་བས་གནོད་ཐེབས་མང་ཚོགས་དང་རྒུད་སྐྱོབ་མི་སྣས་གྲང་ངར་ལ་འཛེམ་དགོས་པ་གསལ་འདེབས་བྱས་ཡོད་འདུག
ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ སྐར་མ་ ༤༩ ནས་ད་ལྟའི་བོད་ནང་གི་དུས་ཚོད་ ༡ དང་སྐར་མ་ ༣༠ སྟེ་ས་ཡོམ་བྱུང་ནས་ད་ལྟའི་བར་ཁྱོན་ཆུ་ཚོད་༩༡ དང་སྐར་མ་ ༡༩ རིང་། གནོད་ཐེབས་ས་ཁུལ་གྱི་མི་མང་བོ་སྲོག་ཉེན་ལས་བསྐྱབས་དང་སྐྱོབ་བཞིན་ཡོད་ནའང་། མུ་མཐུད་མི་མང་བོ་ཞིག་སྲོག་ཉེན་ནས་སྐྱོབ་རྒྱུར་ལྷག་ཡོད་པ་དང་། སློབ་ཕྲུག་དང་བྱིས་པ། མང་ཚོགས་སོགས་མང་བོ་ཞིག་གར་སོང་ཆ་མེད་དུ་གྱུར་ཏེ་བཙལ་འཚོལ་བྱེད་ཀྱིན་པའི་སྒང་ཡིན་ལ། ད་ནས་བརྩིས་པའི་ཕྱི་ཚེས་ ༡༩ ཉིན་བར་དུས་ཚོད་ ༧༠ ཙམ་ལས་མེད་པ་དང་། དུས་ཡུན་ཐུང་ཐུང་འདི་ནི་མྱུར་སྐྱོབ་ཀྱི་བྱ་བ་གཙིགས་སུ་འཛིན་པ་དང་མིག་སྔར་གནོད་སྐྱོན་ཐེབས་ཡུལ་གྱི་འབངས་མི་རྣམས་སྲོག་ཉེན་ལས་སྐྱོབ་པའི་གལ་ཆེའི་དུས་ཡུན་དུ་གྱུར་ཡོད།
རྒྱ་ཆེ་ཕྱི་སྡོད་བོད་རིགས་རྣམས་ལ་ཞུ་རྒྱུར།
སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་དེ་ཧ་ཅང་ཚབ་ཆེན་ཡིན་པས་རྐྱེན་འདས་སུ་གྱུར་བའི་གྲངས་འབོར་ཧ་ཅང་མང་བར་མ་ཟད། རྨོས་སྐྱོན་གྱི་གནས་སྟངས་དེ་བས་ཛ་དྲག་ཡིན་པའི་ཁར་གནམ་གཤིས་གྲང་ངར་ཆེ་བའི་འོག་སྨན་བཅོས་དང་སྡོད་གནས་བཟའ་བཏུང་སོགས་གང་ཅིའི་ཐད་ནས་དཀའ་ཆེན་པོའི་འོག་གནས་མུས་ཡོད་པས། རྒྱ་ནག་གཞུང་དང་སྤུན་ཟླ་མི་རིགས་མང་པོས་རོགས་སྐྱོབས་གནང་མུས་སུ་ཡོད་པ་ལྟར་ང་ཚོས་ངོས་ནས་ཀྱང་ནུས་ཤུགས་གང་ཡོད་ཀྱིས་རང་བྱུང་གནོད་སྐྱོན་ཉིད་ལ་ཁ་ཕྱོགས་ཏེ་ཞབས་འདེབས་གང་མང་བསྡུས་ཏེ་གནོད་སྐྱོན་བྱུང་སའི་ས་ཐོག་ཏུ་སྐུ་ཚབ་རོགས་སྐྱོབས་ཚོགས་པ་ཞིག་འཕྲལ་གཏོང་
དགོས་འབོད་བསྐུལ་དུ།
ས་ཡོམ་གྱི་གནོད་ཐེབས་བྱུང་བའི་སྐྱེ་རྒུ་མདོའི་འདས་སོན་ཡོངས་ལ་དེ་རིང་ཁྱེད་ཅག་ལ་སྙིང་གཏིང་ནས་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད།
ང་ཚོ་མཐོ་སྒང་གི་བོད་པ་ཚང་མ་གཅིག་སེམས་གཅིག་ལ་འདྲེས་ཡོད།
སྐྱིད་ལ་ཁའི་རྩ་ལ་མཉམ་ཟ་དང།
སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་ཡིན།
་་་་་་་་་་་་་་་་་་་་་་་་་་་་་སྐྱིད་རྟ་ཕོ་མཉམ་བཞོན་དང།
་་་་་་་་་་་་་་་་་་་་་་་་་་་་་སྡུག་གི་ཁུར་པོ་མཉམ་འཁུར་ཡིན།
གདུང་སེམས་མཉམ་སྐྱེད།
སྐྱིད་སྡུག་མཉམ་མྱོང།
ཤེལ་དཀར་བློ་བཟང་། སྤྱིར་བཏང་ཉིད་ཀྱིས་རང་གི་དགོངས་ཚུལ་ཅི་བཞིན་གསུངས་པར་དགའ་བོ་ཡོད། ཡིན་ནའང་། རྗེས་ཕྱོགས་ཕར་མཛུབ་མོ་མ་བཙུགས་པའི་སྔོན་དུ་རང་ཉིད་དག་མིན་ལ་གཅིག་ལྟ་རྒྱུ་མ་བརྗེད། ཁྱེད་ཀྱིས་བསམ་པར་ཁ་བ་དང་གངས་མ་གཏོགས། ཁངས་ཟེར་བའི་ཐ་སྙད་ཅིག་མེད་བསམ་ཡོད་ངེས། དེ་ལྟར་མ་རེད། ང་ཚོའི་ཡུལ་སྐད་དུ་ཁ་བའི་མིང་ལ་ཁངས་ཟེར་ལ། དག་གསར་སོགས་སུའང་ཁངས་ནི་ཁ་བའི་ཡུལ་སྐད་ཡིན་པར་འགྲེལ་ཡོད། ཐུགས་ལ་ཉོར་ཨ།
རྩོམ་སྒྲིགས་པ་ལགས།
གངས་ཞེས་འགོད་ས་ཡོངས་རྫོགས་ལ་ཁངས་ཞེས་བཀོད་འདུག
རྗེས་སུ་མ་ནོར་བར་གནང་རོགས།
༅། ལུང་བསྟན་དང་མངོན་ཤེས་ཚན་རིགས་དང་རྩིས་པ་སོགས་ལྟོ་ཆས་ཀྱིས་འབྲང་ནས་ཉལ་ཐུལ་འོག་ཏུ་བགས་ཕེབས་ངང་བསྡད་དེ་ད་དུང་ནོར་འཁྲུལ་ཉེས་སྐྱོན་ཡོ་སྲང་མི་བྱེད་པར་གཞན་ཞིག་ཏུ་ཁག་དཀྲི་ཆེད་བསམ་མནོ་འདོན་བཞིན་པ།
བྱེད་ཡ་ནི་གང་ཡང་མི་འདུག་ལབ་ནས་སྨོན་ལབ་བཏོན་ནས་བསྡད་བསྡད་ན་འགྲིགས་གི་མ་རེད། བྱེད་ཡ་ལོས་ཡོད། རབ་ན་གཤིན་པོའི་རོ་འདོན་རོགས་དང་རྨས་མ་ཚོ་སྨན་ཁང་དུ་ཁྱེར་རོགས་བྱ་དགོས། ཐ་ན་ཤུལ་ལུས་ནང་མི་ཚོའི་མདུན་དུ་བུད་ནས་སེམས་གསོ་ཞིག་གཏོང་བ་ཡང་མཁོ་གལ་ཆེན་པོ་རེད། ད་ཐེངས་བོད་གཞུང་དང་བོད་ཅིག་ཅིག་མིག་མིག་ཟེར་ནས་མིང་ཆེན་པོ་ཁུར་འདུག་མཁན་ཚོས་རྒྱང་ནས་ལྟད་མོ་བལྟས་ནས་འདུག་པའི་དུས་ཚོད་མ་རེད། དངོས་གནས་བོད་མི་མང་གི་སྐྱིད་སྡུག་ལ་འགན་འཁུར་མཁན་གྱི་ཚོགས་པ་རེ་ཡོད་ན་གནོད་སྐྱོན་ཐེབས་པའི་ས་ཁུལ་དེའི་མི་མང་གི་མཐོང་སར་འབུད་དགོས་པ་རེད། ད་ལྟ་བར་དུ་ཆེ་ས་ནས་ཆབ་སྲིད་དང་འབྲེལ་བའི་བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ནས་ཆུང་ས་ནས་མི་སྒེར་རེ་རེ་ནས་བོད་མི་ག་ཚོད་མང་པོ་ཞིག་རྒྱ་ནག་ནང་དུ་འགྲོ་ཆོག་གི་ཡོད་ས་ནས་ད་ཐེངས་རོགས་སྐྱོར་ཁོ་ནའི་ཆེད་དུ་འགྲོ་མཁན་ཞིག་རྒྱ་ནག་གིས་འགོག་དོན་ཡོད་པ་མ་རེད། དེ་ང་ཚོ་ཚང་མས་དེ་ཤེས་ཀྱིན་ཡོད་རེད། མ་མཐའ་ཡང་འབད་བརྩོན་བྱེད་དགོས་པ་རེད། གལ་སྲིད་དངོས་གནས་རྒྱ་ནག་གཞུང་གིས་མ་བཏང་ན་དེ་ལུགས་ཁྱབ་བསྒྲགས་བྱེད་ཆོག་གི་རེད། རྗེས་མར་རང་གཞན་སུའི་ངོས་ནས་ཡི་ཆད་འགྱོད་པ་མེད་པ་རེད།
据青海玉樹抗震救災指揮部新聞发布會通告稱,截至16日下午17時,青海玉樹“4·14”地震已經造成1,144人遇難,417人失蹤,11,744人受傷,其中包括重傷員1,192人。救災指揮部16日上午10時通告稱,截至16日上午10點,此次地震共造成103名學生死亡,教師12人,仍有38名學生失蹤。
༄༅།། མ་འོང་སྔོན་རྩིས་འདི་ལ་ཡིད་ཆེས་པ་མི་འདུག
ས་ཆེན་པོ་འདི་འདྲ་ཞིག་གཡོ་བ་ཡང་སྔོན་རྩིས་བྱེད་ཐུབ་མེད་པས་སོ།།