མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༣་༡༤ དང་ ༤་༡༤། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

གསུམ་གཅིག་བཞིའི་དོན་རྐྱེན་དང་བཞི་གཅིག་བཞིའི་གོད་ཆག་གང་ཡིན་རུང་། མཐར་གཏུགས་ན་བོད་མི་རིགས་ཀྱི་མགོར་ལྕགས་ཁྲབ་འཁོར་ལོ་ཚོད་མེད་དུ་བསྐོར་བ་དང་། མ་བསམ་ས་ནས་བོད་མི་རིགས་ཀྱི་རྩིབ་རུས་རྡོ་རྡུང་བྱས་བའི་རྐྱེན་ངན་གཉིས་ཡིན། རྐྱེན་ངན་འདི་གཉིས་ཀྱི་མཇུག་འབྲས་ལ་བསམ་ན་ལེ་ཁག་འགེལ་ས་ཡོད་མེད་ལ་མ་ལྟོས་པར་སྙིང་ན་ཞིང་ཁྲག་འཁོལ་བ་ཞིག་ཀྱང་རེད།

ད་ནི་རང་རང་ས་ནས་སྡུག་གིས་གཟིར་ཏེ་སྡོད་པའི་སྐབས་ཤིག་ག་ནས་ཡིན། ང་ཚོས་རང་ཉིད་དང་རང་གི་མི་རིགས་ཀྱི་བླ་སྲོག་འདི་གསོན་པོར་རྙེད་དགོས། ཤི་བོའི་རྗེས་ཀྱི་གསོན་པོ་ཚོར་འཁྲི་བའི་བླ་ན་མེད་པའི་འོས་འགན་ཡང་འདི་རེད། ལར་ནས་ཉམ་ཉེས་ཆེན་པོ་དག་གི་སྐབས་སུ་གཅིག་གིས་གཅིག་གི་མིང་ནས་བོས་ཤིང་ལག་མགོར་འཇུས་ཏེ། ཆིག་སྒྲིལ་གྱིས་ལངས་ཐུབ་མཁན་ནི་རིགས་རྒྱུད་ཀྱི་དབུ་འཕང་བསྟོད་ཅིང་དང་རིག་གཞུང་གི་སྙིང་སྟོབས་ཀྱིས་འཚོ་མཁན་དག་ཡིན།

ཉེ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་འདི་གཉིས་ཀྱི་ཐོག་རང་ཉིད་ནི་དཔང་པོ་ཡིན་ལ། ཉམ་ཉེས་དང་གོད་ཆག་གི་ཁྲོད་ནས་དོན་དངོས་ཀྱི་གདེང་ཚོད་འཚོལ་མཁན་ཡང་ཡིན། ང་ལ་མཚོན་ན་རང་གི་མི་རིགས་ལ་འདི་འདྲའི་ཆག་སྒོ་ཆེན་པོ་རེ་བྱུང་བ་དངོས་སུ་མཐོང་དུས་ནི་ཁ་ཅིག་གིས་ ༣་༡༤ ཞེས་འབོད་པའི་གཞེས་ནིང་ལོའི་ཞི་རྒོལ་ཆེན་མོ་དང་། ད་ལོའི་ ༤་༡༤ ཉིན་གྱི་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་གཉིས་ཡིན། དུས་སྐབས་འདི་གཉིས་སུ་ང་ལ་གོ་བ་གལ་ཆེན་པོ་ཞིག་སྤྲད་པ་ནི། ཉམ་ཉེས་དང་ཆག་སྒོའི་ཆེ་ཆུང་སྐོར་ནས་མིན་པར། སྐབས་འདི་འདྲར་ཐུག་དུས། དཔའ་བློ་ཁོག་གི་ཕ་ཡུལ་དང་བྱམས་སྙིང་རྗེ་ཡི་བདག་པོ་རུ་འབོད་པའི་མི་རིགས་འདིའི་གདིང་དང་ཕུ་ངོ་མ་དེ་གང་འདྲ་ཡིན་མིན་དང་། དེ་ལ་དཔག་སྟེ་མི་རིགས་དང་རིག་གཞུང་གི་འདུ་ཤེས་ཀྱི་རྩ་བ་ཇེ་བརྟན་དུ་གཏོང་རྒྱུ་དེ་ཡིན་པར་འདོད།

དོན་རྐྱེན་ཆེན་པོ་འདི་གཉིས་ཀྱི་སྐབས་སུ་འབོད་ཚིག་གལ་ཆེན་རེ་བྲིས་པ་ནི། གཞེས་ནིང་གི་སྐྱིད་སྡུག་མཉམ་མྱོང་དང་། ད་ལོ་ཡི་གདུང་སེམས་མཉམ་སྐྱེད་ཅེས་པ་འདི་གཉིས་རེད། འབོད་ཚིག་འདི་གཉིས་ཀྱིས་ང་ཚོ་ཕྱོགས་གཅིག་ཏུ་བོས་ཤིང་མཉམ་གཅིག་ཏུ་བསྡུས་པ་ཙམ་མིན་པར། མི་རིགས་ཀྱི་བླ་སྲོག་འདིའང་ཕྱིར་གསོ་བཞིན་ཡོད། འདི་ནི་ཉམ་ཉེས་ཆེན་པོ་འདི་དག་གི་སྐབས་སུ་ང་ཚོར་ཐོབ་པའི་རྒྱལ་ཁ་དེའང་ཡིན་པར་འདོད་ཡོད།།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦

མཆན། 19

  1. ནགས་ཤོད་རིག་རལ། says:
    ལོ་ 16 སྔོན།

    ཡུལ་ཤུལ་ཟེར་བའི་ས་མིང་དེ་སེང་ལྩམ་འབྲུག་མོའི་མཁར་ཤུལ་ཡིན་པས་དེ་ལྟར་ཐོགས་པའི་སྐོར་ཡུལ་ཤུལ་བ་ཟླ་བ་ཚེ་རིང་གིས་ས་ཡོམ་བྱུང་རྗེས་རྒྱ་ཡིག་གི་ཐོག་ནས། ཡུལ་ཤུལ། ངའི་དུང་ཞེན་གྱི་རྨི་ལམ་ལྡང་ས། ཟེར་བའི་རྩོམ་མི་སེམས་འགུལ་བ་ཞིག་བྲིས་འདུག་པ་དེའི་ནང་ངོ་སྤྲོད་གསལ་པོ་བྱས་འདུག http://woeser.middle-way.net/2010/04/blog-post_7355.html
    སེང་ལྩམ་འབྲུག་མོ་ཡང་རྒ་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་བུ་མོ་ཡིན་པ་དེ་དང་རྒ་སྐྱེ་རྒུ་མདོའི་ལུང་པ་འདིའི་བྱུང་བ་བྱུང་རབས་བར་ལ་དམངས་ཁྲོད་དུ་ངག་རྒྱུན་མང་པོ་ཞིག་ཡོད་པར་འདུག གཞན་ཡང་རྩོམ་སྒྲིག་པ་ལ་ཞུ་རྒྱུ་ཞིག་ལ་ཁོ་བོས་ཡུལ་ཤུལ་ཕུ་ནུ་རྣམས་ཀྱི་སྡུག་བསྔལ་མཚོན་བྱེད་ཀྱི་རྩོམ་ཞིག་ཁ་ས་ནས་བསྐུར་ཡོད་ཀྱང་ད་ལྟ་བར་མཐོང་རྒྱུ་མི་འདུག་པས་མཆན་འདིས་གསལ་འདེབས་ཡོད་པར་ཞུ།

    Reply
  2. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    དུས་བབ་ཚང་གིས་གཅིག་བཞིའི་དོན་རྐྱེན་དང་ཆག་སྒོ་གང་རགས་བྲིས་ཁུལ་བྱས་འདུག་ཀྱང་སྐབས་༡༤པའི་སྤྱི་འཐུས་ནང་ཁུལ་གྱི་འཁྲུག་རྩོད་ནི་ད་བར་བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཆག་སྒོ་ཆེ་ཤོས་ཤིག་ཡིན་པས་ཁྱེད་ཀྱིས་གཅིག་བཞིའི་དོན་རྐྱེན་གྱི་གྲངས་གནས་སུ་བརྩི་ན་མི་འགྲིག་པ་མེད་སྙམ་་་་་་་་་་ད་དུང་ང་ཚོས་བསམ་བློ་ཞིབ་ཚགས་བཏང་རྗེས་ཡོང་རྒྱུར་བསྡད་པའི་སྐབས་༡༤་པའི་བཀའ་ཁྲི་དེ་ཡང་ཆག་སྒོའི་བཀའ་ཁྲི་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་སྟབས་དེ་ཡང་ཁྱེད་ཀྱིས་བཤད་པའི་གཅིག་བཞིའི་དོན་རྐྱེན་དང་ཆག་སྒོའི་གྲས་སུ་བརྩི་སྟེ་དཔྱད་བརྗོད་འདྲ་སྤེལ་ན་ཆོག་པ་ཡིན
    འདི་གཉིས་ནི་ངས་དུས་བབ་ཚང་ལ་ཐེངས་རྗེས་མའི་རྩོམ་སྒྲིག་པའི་གཏམ་ནང་འགོད་རྒྱའི་ནང་དོན་ཞལ་འདེབས་སུ་ཕུལ་བ་ཡིན།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དབྱིན་མིང་ཅན་latoe_kalnamལགས་ཁྱོད་ཀྱིས་ཤིས་ཚིག་དེ་ང་ཚོའི་ལེན་འདོད་མ་བྱུང་།གང་ལ་ཞེ་ན་ད་ལྟ་ང་ཚོའི་བོད་པ་ཚང་ལ་ས་ཡོམ་ཡོང་ནས་བོད་རིགས་སྤུན་ཟླ་མང་པོ་ཤི་རྨས་བཏང་སོང་།བྱེད་ཙང་ད་ལྟ་ང་ཚོས་མྱ་ངན་བྱེད་བཞིན་པའི་སྒོང་ཡིན།གལ
    སྲིད་ཁྱོད་བོད་པ་ཞིག་ཡིན་ན་དུད་འགྲོ་ལས་ཀྱང་སྡུག་བའི་མི་ཞིག་རེད་འདུག་པའི་དྲ་ལམ་ཁག་ནས་ཕར་ཙམ་རྒྱུགས་རོགས་ཞུ་རྒྱུ་ཡིན།

    Reply
  4. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 16 སྔོན།

    སྐྱོ་གདུང་གི་ཁྲོད་ཀྱི་ངར་ཤུགས།
    ཀྱེ་མ།
    གོད་ཆག་གི་ཉིན་མོ་དེ་ནས་བཟུང་སྟེ།།
    བརྙན་འཕྲིན་གྱི་སྒོ་མོ་ཕྱེ་ཐེངས་རེ་རེར།།
    སྐྱོ་སྣང་གི་མིག་ཆུ་རེ་རེ་འཐོར་མྱོང།།
    གོད་ཆག་གི་ས་ཁུལ་རེ་རེའི་ནང་གི།།
    བསད་རྨོས་ཀྱི་འདྲ་གཟུགས་རེ་རེས།།
    སྐྱོ་གདུང་གི་ན་ཟིག་རེ་རེ་སྦྱིན་སོང་།།

    ཀྱེ་མ། འདི་ནི་རང་བྱུང་གི་གནོད་འཚེ་རེད།
    འདི་ནི་ལྡོག་ཐུབ་མེད་པའི་རང་བྱུང་གི་གོད་ཆག་རེད། འདི་ནི་ཚེ་སྔོན་དུ་བསགས་པའི་ལས་དབང་རེད།

    ཨེ་མ།
    གོད་ཆག་གི་ཉི་མ་དེ་ནས་བཟུང་སྟེ།།
    བརྙན་འཕྲིན་གྱི་སྒོ་མོ་ཕྱེ་ཐེངས་རེ་རེར།།
    ལྷག་བསམ་གྱི་བགྱིད་སྒོ་རེ་རེ་མཐོང་སོང་།།
    བརྩེ་སེམས་ཀྱི་ལག་རྡང་གཅིག་ཏུ་སྦྲེལ་བའི།།
    བོད་རིགས་ཀྱི་བཅོས་མིན་ལ་རྒྱ་རེ་རེས།།
    གསོན་ཤུགས་ཀྱི་ངར་ཆུ་རེ་རེ་སྦྱིན་སོང་།།
    ཨེ་མ། འདི་ནི་མི་རིགས་ཀྱི་སྤྱོད་བཟང་རེད།།
    འདི་ནི་འགོག་ཐུབ་མེད་པའི་མི་བོད་རིགས་ཀྱི་སྤྱོད་བཟང་རེད།
    ཨེ་མ། འདི་ནི་བྱམས་དང་སྙིང་རྗེའི་རིན་ཐང་རེད།

    བསྔོ་སྨོན་དང་སྐྱིད་སྡུག་མཉམ་མྱོང་།

    རང་བྱུང་གི་གོད་ཆག་འོག་ནས།།
    ཚེ་སྲོག་གི་རྒྱུན་ཐག་ཆད་དེ།།
    ཕྱི་མ་ཡི་ལམ་ལ་ཞུགས་མཁན།།
    འཁྲུལ་སྣང་གི་འཇིགས་སྐྲགས་མ་བྱེད།།

    རིས་མེད་ཀྱི་སྐྱེས་ཆེན་དུ་མའི།།
    དམིགས་མེད་ཀྱི་བརྩེ་བའི་དབྱིངས་ནས།།
    དྲི་མེད་ཀྱི་བསྔོ་སྨོན་བཟང་པོ།།
    ཁྱེད་ཅག་གི་ཆེད་དུ་བསྔོས་ཡོད།།

    ཆོས་ལྡན་གྱི་སྐྱེ་བོ་རྣམས་ཀྱི།།
    ཡིག་དྲུག་གི་དབྱངས་རྟ་སྙན་མོ།།
    སྣང་གསལ་གྱི་མར་མེ་ལྷན་དུ།།
    ཁྱེད་ཅག་གི་རྫོང་བར་ཕུལ་ཡོད།།

    རང་བྱུང་གི་གོད་ཆག་འོག་ནས།།
    ལུས་སེམས་ཀྱི་རྨ་ཁ་ཆེ་བའི།།
    ཡུལ་ཤུལ་གྱི་ཤུལ་ལུས་མི་མང།།
    དཔའ་ཞུམ་གྱི་མྱ་ངན་མ་བྱེད།།

    རྒྱལ་ཁབ་ཀྱི་བཀོད་འདོམས་འོག་གི།།
    ལྷག་བསམ་གྱིས་དང་དུ་བླངས་པའི།།
    མྱུར་སྐྱོབས་ཀྱི་རུ་ཁག་མང་པོས།།
    ངལ་མེད་ཀྱི་ལས་དོན་སྒྲུབ་བཞིན།།
    ཁྱེད་ཅག་གི་གནས་དེར་བསྡད་ཡོད།།

    ཕྱི་ནང་གི་བོད་རིགས་ཡོངས་ཀྱིས།།
    སྙིང་རྗེ་ཡི་ཕྱག་ཟུང་སྐྱོངས་བཞིན།།
    བརྩེ་སེམས་ཀྱི་ཐུགས་ཁུར་ཆེན་པོ།།
    ཁྱེད་ཅག་གི་ཕྱོགས་ལ་བཅངས་ཡོད།།

    Reply
  5. latoe_kalnam says:
    ལོ་ 16 སྔོན།

    tashi deleck

    Reply
  6. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    མཚོ་སྔོན་རླུང་འཕྲིན་གྱིས་བཤད་ན། ཡུལ་ཤུལ་ཁུལ་ལ་མི་གྲངས་བྱེ་བ་གཉིས་དང་ས་ཡ་བརྒྱད་ཡོད་ཟེར།

    གཟིགས་རོགས།
    མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་གསུམ་གྱི་འགོ་ཁུངས་ཡིན་པར་མ་ཟད། ཁོ་ར་ཁོར་ཡུག་གི་གངས་རི་དང་རྩྭ་ཐང་གིས་ཡུས་ཧྲུའུ་ཡུལ་གྱི་རང་བྱུང་ཁོར་ཡུག་ལ་མཛེས་སྡུག་གི་གསོན་ཉམས་ལྟ་ན་སྡུག་པ་ཞིག་བསྐྲུན་ཡོད། ཁུལ་ཡོངས་ལ་བསྡོམས་པས་མི་གྲངས་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་གཅིག་ཡོད་ལ། དེའི་ནང་དུ་བོད་རིགས་ཀྱིས་བརྒྱ་ཆའི་གོ་ལྔའི་ཡན་ཟིན་ཡོད། དུས་རྒྱུན་ཡུས་ཧྲུའུ་ཡུལ་ལ་གཙང་བོའི་འབྱུང་ཁུངས་དང་མིང་གྲགས་རི་བོའི་ལྟེ་བ། ནོར་ནག་གི་ཕ་ས། གླུ་གར་གྱི་རྒྱ་མཚོ་སོགས་ཀྱི་མཚན་སྙན་ཐོག་ཡོད་པ་ད་ལྟ་ཀུན་གྱི་གཟིགས་འཛིན་སྤྱན་དང་ཐོས་འཛིན་སྙན་གྱི་སྤྱོད་ཡུལ་དུ་གྱུར་དང་འགྱུར་བཞིན་ཡོད་པ་ནི་ཀུན་གྱིས་ཤེས་གསལ་རེད། ཐེངས་འདིའི་རང་བྱུང་ས་འགུལ་གྱི་ཆག་འཇིག་ཁྲོད་དུ་ཡུས་ཧྲུའུ་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སོགས་ལ་གྱོང་གུན་ཚབ་ཆེན་ཐེབས་མོད། འོན་ཀྱང་སྙིང་རྗེ་མེད་པའི་རང་བྱུང་གི་འཇིག་པ་ཆེན་པོ་དེས་མཛེས་སྡུག་ཡིད་དུ་འོང་བའི་ཡུས་ཧྲུའུ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་གནོད་པའི་ཤུལ་རྗེས་ཙམ་ཡང་འཇོག་ཐུབ་མེད་པར་མཐོ་ཞིང་བརྗིད་པའི་གངས་རི་སྔར་བཞིན་སྤོབས་པ་དང་ཡིད་ཆེས་ཀྱིས་ཀྲོང་ངེར་འགྱིང་ཡོད་ལ། དྭངས་ཤིང་བསིལ་བའི་རྨ་འབྲི་རྫ་གསུམ་གྱི་བཞུར་རྒྱུན་སྔར་བཞིན་རྒྱུན་ཆད་མེད་པ་དེས་ཡུས་ཧྲུའུ་ཡུལ་གྱི་མི་དམངས་མང་ཚོགས་རྣམས་ཐེངས་འདིའི་རང་བྱུང་གནོད་འཚེ་ལས་རྣམ་པར་རྒྱལ་ཏེ་རང་གི་སྤྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་འཛུགས་བྱེད་པར་ཡིད་ཆེས་དང་སྤོབས་པ་བསྩོལ་བཞིན་ཡོད།

    Reply
  7. གོང་ཐུབ། says:
    ལོ་ 16 སྔོན།

    འདིར་བརྒྱུད་བསྒྲགས་ཤིག་ལ།
    ད་ནངས་ནས་མགགྷན་སྟོད་ཀྱི་སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་དང་སྨད་ཀྱི་གཙུག་ལག་ཁང་གི་སྒོ་འགྲམ་ནས་ས་འགུལ་གོད་ཆགས་བྱུང་སའི་ཡུལ་ཤུལ་མི་མང་དོན་དུ་བྱུང་འཛིན་དང་བཅས་ཞལ་འདེབས་སྡུད་ཀྱིན་འདུག
    བྱུང་འཛིན་ཐོག་གི་ཁ་བྱང་འདི་ལྟར།

    ༤།༡༤ ཡུལ་ཤུལ་ས་ཡོམས་གདུང་སེལ་ཚོགས་ཆུང་།

    KUNGA GUEST HOUSE BHAGSU ROAD P.O. MCLEOD GANJ, DHARAMSALA-176219H.P. /EMAIL yushu-414@hotmail.com

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཡུལ་ཤུལ་ཅེས་པའི་མིང་གི་གོ་དོན་དང་ས་ཡོམ་གྱི་གོད་ཆག་འདིའི་མཇུག་འབྲས་གཉིས་ཁྱད་མཚར་པོ་འདུག

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚང་མས་མིག་ཆུ་བཏོན་ནས་བསྡད་འདུག ཟིན་བྲིས་ཀྱི་ཤོག་ངོས་ཚང་མ་རློན་པ་རེད། དེར་བརྟེན། དཔའ་བློ་ཁོག་གི་ཕ་ས་ཕ་ཡུལ་དང་། བྱམས་སྙིང་རྗེ་ཡི་བདག་པོ་བདག་མོ་རུ་གྲགས་པའི་བོད་པ་ཚང་གིས་བསྐྱར་དུ་སྐེ་རགས་སྡོམ་རན་རེད་ཅེས་ཀྱང་བཤད་འདོད་བྱུང་།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། རིག་པ་མར་ལོ་འདྲ་བ་རྐྱང་འདོན་རོགས།

    བཟོད་པ་ལ་བཟོད་གསོལ་དང་བཅས་ཞུ་རྒྱུར། ༣་༡༤ དོན་རྐྱེན་ཞེས་པ་དེ་ཁ་ཅིག་གིས་ཞེས་པ་ལས་ཡོངས་གྲགས་ཀྱི་ངོས་འཛིན་མིན་པ་ཤུགས་ལ་བསྟན་ཁུལ་བྱས་ཡོད། ཡིན་པ་ནི་ཉིད་ཀྱིས་བཤད་པ་ལྟར་རེད། དེ་ཡིན་དོན་ཡང་དེ་དུས་ནས་ཁ་གང་སྔ་བྱས་ནས་བཤད་ཁུལ་བྱས་ཡོད། གང་ལྟར་བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ།

    Reply
  11. གནམ་ལྕགས། says:
    ལོ་ 16 སྔོན།

    འདི་འདྲའི་མགོ་ལ་སྡུག་ཡོང་བའི་སྐབས་སུ་བོད་པ་དག་ལ་ཆིག་སྒྲིལ་ཏོག་ཙམ་ཡོད་ཁ་འདྲ་འདྲ། ཡང་སྐྱིད་ཏོག་ཙམ་བྱུང་ན་བྱེད་རྒྱུ་ལས་རྒྱུ་མང་བོ་ཡོད་པ་རེད་དཱ།

    འདི་འདྲའི་སྐབས་དང་བསྟུན་ནས་བསམ་བློ་མང་ཙམ་གཏོང་དགོས་པ་རེད།

    Reply
  12. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། འདི་ནི་་་་་་ང་ཚོ་ནམ་ཡང་ང་ཚོ་ལས་གཞན་དུ་མི་འགྱུར་ལ་བསྒྱུར་ཀྱང་མི་བཏུབ་པའི་སྒྲུབ་བྱེད་གསོན་པོ་དེ་རེད་ལགས།

    Reply
  13. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    རྩོམ་བསྒྲིགས་པ་ལགས། ཁྱེད་ཀྱིས་བོད་ནང་གི་ཡོམ་འགོག་རྒུད་སྐྱོབས་ཀྱི་སྐོར་མཚོ་སྔོན་གྱི་གཟུགས་མཐོང་བརྙན་འཕྲིན་གཞིར་བཞག་གིས་མང་ཙམ་འགོད་རོགས།
    ངེས་པར་དུ་ཉུང་སྐྱོན་འདུག་ལ་ང་ཚོར་ཡང་གང་མཁོ་དེ་ལེན་བྱེད་པའི་རྒྱ་མིའི་སྤྱོད་ཚུལ་དེ་ཤིན་ཏུ་ཆེན་པོ་འདུག དཔེར་ན། འདི་ཕྱོགས་གསར་ལམ་ནས་རྒྱ་ནག་གི་གཙོ་འཛིན་དང་སྲིད་བློན་རྣམ་གཉིས་དངོས་སུ་ཡུལ་ཤུལ་དུ་སླེབས་པའི་སྐོར་མ་ཐོས་པ་ལྟར་བྱེད་པ་དེ་རེད། ཅིག་བྱས་ན་དེ་ལ་ལངས་ཕྱོགས་ཟེར་དགོས་པ་མིན་འགྲོ ད་གང་ཤེས།

    Reply
  14. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    བཟོད་པ་མིང་དང་ལྷ་རྩེ་སྐྱེ་ཡུལ་ཡིན་ན་ཁྱེད་ཀྱི་མིང་ལ་ལྷ་རྩེ་བཟོད་པ་ཞེས་འབོད་དགོས་པ་བོད་སྐད་ཀྱི་འགྲོས་ཡིན་པས་བཅོལ་ཆུང་མ་གནང་ཤག་འགྱེད་ཀྱང་མི་དགོས་པར་ཐུགས་བསམ་བཞེས་རྒྱུ། ཐོན་མི་ནས།

    Reply
  15. དབྱངས་བུ། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་བོད་དུ་གདན་ཞུ་བྱ་རྒྱུ་ནི་དེ་བས་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པས་ཚང་མས་ཤུགས་རྒྱག་དགོས་སྙམ

    Reply
  16. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    རྩོམ་སྒྲིགས་པ་ལ་ཞེ་ནིང་ལོ་ཡི་ཞི་རྒོལ་ཆེན་མོ་ནི་3་10དུས་དྲན་ཉིན་ནས་འགོ་འཛུགས་བྱས་པ་ཞིག་ཡིན་པ་ལས་3་14ལ་མིན། 3་14ཡི་དོན་རྐྱེན་ཟེར་བ་རྒྱ་དམར་གྱི་དབང་འཛིན་ཚོས་གཡོ་གཏམ་ཞིག་ཡིན་པ་ཉིད་ཀྱི་མ་མཁྱེན་པ་ཡིན་ན། བོད་མིའི་རང་དབང་གསར་ཤོག་ཐོག་ཨོ་རི་ས་གཞི་ཆགས་ཀྱི་ལས་སྡོམས་སྙན་སྒྲོན་སྐབས་ ༑གོང་ས་མཆོག་གི་འགྲེལ་བརྗོད་ཁ་གསལ་གནང་ཡོད་པ་མ་ཟད་ང་ཚོ་བོད་མི་ཚང་མའི་སེམས་ན་ལྷང་ངེར་ཡོད་པ་ཞིག་ཡིན་པས་ཉ་མྱུང་མཉམ་སེལ་མ་གནང་ན་ལེགས་མཉམ།

    Reply
  17. བསེ་རུ། says:
    ལོ་ 16 སྔོན།

    གསུམ་གཅིག་བཞི། སྐྱིད་སྡུག་མཉམ་མྱོང་།
    བཞི་གཅིག་བཞི། གདུང་སེམས་མཉམ་བསྐྱེད།
    མདོར་ན། རྐྱེན་ངན་གྲོགས་ཤར།
    གནམ་ས་གཉིས་ཁ་སྦྱར་རུང་ང་ཚོས་འདེགས་ནུས།
    མྱ་ངན་དང་ངུ་འབོད་ཀྱི་ཁྲོད་ནས་ང་ཚོ་རྙེད།
    གྱང་རོ་དང་བམ་རོའི་གསེབ་ནས་མི་རིགས་ཤིག་གི་བླ་སྲོག་ལ་གསོན་ཤུགས་རྒྱས།།

    Reply
  18. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    དེ་ཙམ་གྱིས་ག་ལ་ཚད་དེ། རྐྱེན་ངན་གྲོགས་ཤར་ཞེས་པའི་ནང་དོན་ཡང་གནས་སྟངས་འདི་དག་གི་སྐབས་སུ་ཡིན་པར་སྣང་། གནས་སྐབས་འདི་དག་གི་སྐབས་སུ་ང་ཚོའི་མི་དམངས་ལ་གཞི་ནས་གོ་རྟོགས་སད་དང་སད་བཞིན་ཡོད་དེ། ཕྱོགས་གང་སའི་རང་རང་ས་ནས་འགུལ་སྐྱོད་བྱས་དང་བྱེད་བཞིན་པ་འདི་ནི་དཔེ་མཚོན་ཙམ་ཡིན། ད་དུང་བན་བོན་བར་གྱི་ལྟ་ཚུལ་དང་། སྐྱ་སེར་བར་གྱི་ལྟ་ཚུལ། སློབ་མ་དང་གྲྭ་བའི་བར་གྱི་ལྟ་ཚུལ་སོགས་མདོར་བསྡུས་ན་ཕན་ཚུན་བར་གྱི་འགལ་འདུའི་ལྟ་སྟངས་མི་མཐུན་པ་མང་དག་ཅིག་ལ་རྫོགས་ཚིག་འགོད་བཞིན་ཡོད། འདི་ལྟའི་གོ་རྟོགས་ནི་མུ་མཐུད་སད་ངེས་ལ་སད་པར་ཕྱོགས་གང་ས་ནས་ནུས་པ་འདོན་དགོས་པའི་དུས་ཀྱང་ཡིན་ནོ། །

    http://picasaweb.google.com/aenpokyabgon/AllKyegu2010EarthquakePhotos#

    Reply
  19. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། ངས་རིན་ཐང་ཡོད་པར་འདོད་པའི་གསར་འགྱུར་འདི་མྱུར་བར་སྤེལ་རོགས། རིན་ཐང་མེད་པར་གཟིགས་ན་སྐྱུར་ཞོག

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཚེས་བཅུ་དགུའི་ཉིན་མགོ་འཛིན་མཛད་དེ་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བའི་གྲོས་ཚོགས་བསྡུས་ནས། ཚེས་བཅུ་བདུན་ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཕྱོགས་སོ་སོའི་ནུས་པ་བཟང་པོར་བཏོན་ནས་མཚོ་སྔོན་ཡུས་ཧྲུའུ་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་དང་མཐུན་སྒྲིལ་བརྟན་འཇགས་བྱ་བར་བཀོད་སྒྲིག་བྱས།
    ཅ་ཆིན་ལིན་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ས་འགུལ་གནོད་སེལ་རྒུད་སྐྱོབ་ཁྲོད་ཀྱི་ནུས་པ་སྔར་ལས་བཟང་པོར་འདོན་དགོས་ལ། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས། ཆོས་ལུགས་སྡེ་ཁག་བཅས་གནོད་འཚེ་ཐེབས་སའི་རིགས་སོ་སོའི་མང་ཚོགས་དང་དགོན་སྡེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཀྱི་ཁྲོད་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས་ཤིང་། འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་བྱེད་པ་དང་། མང་ཚོགས་དང་དགོན་པ། གྲྭ་བཙུན་དང་ཇོ་མོ་བཅས་རྩ་འཛུགས་བྱས་ཏེ་རྒུད་སྐྱོབ་དང་རང་སྐྱོབ་བྱེད་དགོས་པར་མ་ཟད། གཞན་ལ་རོགས་རམ་བྱེད་དགོས་པ་དང་། ས་ཆ་སོ་སོའི་དགོན་པ་དང་། གྲྭ་བཙུན། ཇོ་མོ་བཅས་ཀྱིས་འདས་པོ་རྣམས་ལ་སྨོན་ལམ་གསུང་བའི་བྱ་འགུལ་སྤེལ་པར་ཁྲིད་སྟོན་བྱེད་དགོས། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ལྷག་བསམ་རྣམ་དག་གིས་སྣེ་ལེན་བྱེད་དགོས་ཤིང་། གནོད་སེལ་རྒུད་སྐྱོབ་དང་རྒྱལ་ནང་གི་གནས་ཚུལ་ངོ་མ་མཚམས་སྦྱོར་བྱེད་དགོས་ལ། ཁོ་ཚོའི་ལུགས་མཐུན་གྱི་རེ་བར་རྒྱུས་ལོན་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས་ཞེས་ནན་གྱིས་བསྟན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese