མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་སྐྱེ་རྒུ་མདོར་ཕེབས་རྒྱུར་རེ་བ་རྒྱག་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིར་རྒྱ་ནག་གིས་དགོངས་པ་ཆེར་བཞེས་གནང་སྟེ་འདས་གསོན་རྣམས་ཀྱི་ཆེད་དུ། ༧གོང་ས་མཆོག་སྐྱེ་རྒུ་མདོར་ཕེབས་རྒྱུར་རེ་བ་རྒྱག་གི་ཡོད་ཅེས་ཕྱི་དྲིལ་དྲུང་ཆེ་མཆོག་གིས་གསུངས།

དེ་རིང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཚོ་སྔོན་ཡུལ་ཤུལ་ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུ་ཆེད། སང་ཉིན་རྒྱལ་ཡོངས་སུ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར་ལ། ཉིན་དེར་རྒྱལ་ཡོངས་དང་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུ་རྒྱུ་ཡིན་ལ། སྤྱི་པའི་རོལ་རྩེད་བྱ་འགུལ་སྣ་ཚོགས་མཚམས་འཇོག་རྒྱུ་ཡིན་པར་ཐག་བཅད་ཡོད།

གནད་དོན་འདིའི་ཐད་འདི་གའི་གསར་འགོད་པས་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། བཙན་བྱོལ་བོད་གཞུང་གིས་སང་ཉིན་ཏེ། སྐྱེ་རྒུ་མདོར་ས་ཡོམ་བརྒྱབས་ཏེ་བདུན་ཚིགས་དང་པོ་ཡོལ་ཙམ་དེར་རྒྱ་ནག་གིས་མྱ་ངན་ཞུ་བཞིན་པ་དེ། ཧ་ཅང་གི་ཡག་པོ་རེད་ལ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
རྒྱ་ནག་གི་མྱ་ངན་བྱེད་སྒོ་འདི་དང་སྟབས་བསྟུན། སང་ཉིན་བཙན་བྱོལ་བོད་གཞུང་གིས་མྱ་ངན་སྲུང་གཙི་བྱེད་མིན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་སང་ཉིན་དམིགས་བསལ་གྱི་མྱ་ངན་སྲུང་གཙི་བྱ་རྒྱུའི་ལས་འཆར་གང་ཡང་བསྒྲིགས་མེད། སྤྱིར་བཏང་ས་ཡོམ་བྱུང་བའི་ཉིན་དེ་ག་རང་དུ་གངས་སྐྱིད་ཀྱི་ལས་བྱེད་ཚོས་ཞབས་བརྟན་བསྒྲུབས་པ་དང་། ཉིན་དེར་༧གོང་ས་མཆོག་གིས་ཐུགས་སྨོན་སྐྱབས་འཇུག་གནང་ཡོད།

དེ་བཞིན་ཕྱི་ཚེས་ ༡༥ ཉིན་ཆོས་དོན་ལས་ཁུངས་ཀྱིས་དབུ་ཁྲིད་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་རྒྱ་ཆེན་པོ་ཞིག་གནང་བ་མ་ཟད། ས་གནས་ཁག་ཚང་མར་དེ་ལྟར་གནང་འདུག དེར་བརྟེན་ང་ཚོའི་གཞུང་འབྲེལ་ངོས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྔ་ས་ནས་གནང་གྲུབ་པ་རེད། ཅེས་གསུངས་ཡོད།

དེ་མིན་ད་དུང་ཁོང་ལ་ཁ་སང་ཕྱི་དྲོར་ཅ་ཆིན་ལེན་གྱིས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཁོ་ཚོའི་ལུགས་མཐུན་གྱི་རེ་བར་རྒྱུས་ལོན་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས་ཞེས་བཤད་པ་དང་། ཕྱི་ཚེས་ ༡༧ ཉིན་༧གོང་ས་མཆོག་གིས་ཁོང་ཐེངས་འདིའི་ས་ཡོམ་བྱུང་སར་ངོ་བསྐྱོད་གནང་སྟེ། མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ་ཞེས་གསུངས་པར། གནད་དོན་འདི་གཉིས་བར་དམིགས་བསལ་གྱི་འབྲེལ་བ་འདྲ་མཐོང་གི་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། རེད། ང་ཚོའི་དབུ་ཁྲིད་༧གོང་ས་མཆོག་གིས་དེ་ལྟར་ཁོང་གི་ཐུགས་རེ་བཏོན་ཡོད་པ་རེད། དངོས་གནས་བྱས་ན་ཐེངས་འདིར་རྒྱ་ནག་གཞུང་གིས་དགོངས་བཞེས་ཤིག་གནང་ཐུབ་ན་ཧ་ཅང་གི་ཡག་པོ་རེད་ཅེས་དང་། སྤྱིར་བཏང་ང་ཚོས་བརྙན་འཕྲིན་ལས་མཐོང་བ་ལྟར་ན་ཕ་གིར་རྒྱ་ནག་གཞུང་གིས་རོགས་སྐྱོར་ཡག་པོ་གནང་གི་འདུག་པས། དེ་ལ་རྗེས་སུ་ཡི་རངས་ཞུ་དགོས་པ་རེད་ལ། ཞུ་གིན་ཡོད། ཡིན་ནའང་། ༧གོང་ས་མཆོག་དངོས་སུ་ཕེབས་ཏེ་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་སྐྱབས་འཇུག་གནང་བ་དང་། འཚོ་བཞུགས་རྣམས་ལ་ཐུགས་གསོ་ཞིག་གནང་ཐུབ་ཚེ། དེ་ལས་ལྷག་ཅིག་བོད་མི་ཚོར་དགའ་མགུ་ཡོང་བ་དང་ཡིད་ཚིམས་པ། འདས་གསོན་གཉིས་ཀར་ཕན་པ་ཞིག་ཡོད་པ་རེད། དེ་ལྟར་བྱུང་ན་དངོས་གནས་དྲང་གནས་ཕན་ཐོགས་ཆེན་པོ་ཡོང་གི་རེད་ལ། ང་ཚོས་དེ་ལ་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས་ཡོད།

མཆན། 79

  1. ཇོ་བོ་རྣམས་གཉིས། says:
    ལོ་ 13 སྔོན།

    ༸གོང་ས་མཆོག་ཕེབས་ཐུབ་ཚེ་དངོས་གནས་དགའ་འོས་པ་ཞིག་ཡིན་ཀྱང་དེ་ནི་ཧ་ཅང་ཁག་པོ་རེད། ཡིན་ན་ཡང་གནོད་ཚེ་ཕོག་ཁུལ་གྱི་མི་མང་དེ་དག་ལ་དེ་སྔོན་བོད་ས་མ་ཤོར་གོང་གི་ཁུལ་དེའི་དཔོན་རིག་བཙན་བྱོལ་དུ་ཡོད་པ་དཔེར་ན་གྲའུ་དཔོན་དང་ཁྲིན་འདུ་དཔོན་ལ་སོགས་པ་ཁག་ཅིག་མི་དམངས་ལ་སེམས་གསོའི་ཆེད་འགྲོ་ཐུབ་པ་བྱུང་ན་དེ་ཡང་དགའ་འོས་པ་ཞིག་རེད་ལ་སེམས་ཁུལ་ཐེབས་པའི་བྱ་བ་ཞིག་ཀྱང་རེད།
    དེའི་ཐད་དགོངས་ཞེས་གནང་རོག

    Reply
  2. ནད་པ says:
    ལོ་ 13 སྔོན།

    རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དེ་ཨང་དང་པོར་འཇོག་གི་ཡོད་པ་དེ་འཛམ་གླིང་ཆབ་སྲིད་སྤྱིའི་འགྲོ་སྟངས་ཤིག་རེད།

    ཨ་རིའི་སྲིད་འཛིན་དང་། རྒྱ་གར་གྱི་སྲིད་འཛིན་སོགས་ནས་བོད་དེ་རྒྱ་ནག་གི་ཆ་ཆས་ཤིག་མིན་པ་གསལ་པོར་ཤེས་ཀྱི་ཡོད་ཀྱང་ཁོང་ཚོས་ཤེས་བཞིན་དུ་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    དེ་འདྲ་སོང་ཙང་ང་ཚོས་ཀྱང་སོ་སོའི་མི་རིགས་ཀྱི་ལ་རྒྱ་དང་། རྒྱལ་ཞེན་ཨང་དང་པོར་བཞག་སྟེ། ༸ གོང་ས་མཆོག་གི་བཀའ་དགོངས་ལྟར་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་རྒྱུར་འབད་དགོས།

    གལ་སྲིད་ང་ཚོས་༸ གོང་ས་མཆོག་གི་ཐུགས་བཞེད་ལྟར་ཅི་གསུང་བཀའ་བཞིན་བསྒྲུབ་ཐུབ་ན་ནམ་ཞིག་ཏན་ཏན་ང་ཚོར་རྒྱལ་ཁ་ཞིག་འཐོབ་ངེས་ལ་རྒྱ་ནག་གཞུང་ལའང་དེ་ནི་རྒྱལ་ཁ་ཞིག་ཡིན།

    རྒྱ་བོད་མི་རིགས་གཉིས་གཅིག་ཏུ་བསྒྲིལ་ཏེ་ཕན་ཚུན་ཕ་བུ་ལྟར་ལག་དངས་སྤྲེལ་ཏེ་ཆབ་སྲིད་དང་། དཔལ་འབྱོར་། རིག་གཞུང་། ཆོས་ལུགས། མི་རིགས། སྤྱི་ཚོགས། ཚན་རིག བཟོ་རྩལ། འཕྲོད་བསྟེན། ཞིང་འབྲོག རྒྱལ་སྲུང་སོགས་ཕྱོགས་ཀུན་ལ་མཉམ་ལས་ཡག་པོ་ཞིག་ཐུབ་ན་འཛམ་གླིང་སྟེང་རྒྱ་ནག་ཡར་ལངས་ཟིན་པ་དང་ལྷན་དུ་བོད་མི་རིགས་དེ་ཡང་དོན་དངོས་ཐོག་འཛམ་གླིང་ནང་ཡར་ཟིན་པ་དང་གཅིག་མཚུངས་ཡིན།

    དེ་འདྲ་སོང་ཙང་ང་ཚོས་ཀླད་པ་དཀྲུགས་དཀྲུགས་བཏང་ནས་༸ གོང་ས་མཆོག་གི་བཀའ་དགོངས་དང་མ་འགལ་བར་རྒྱ་བོད་གཉིས་མཉམ་གནས་ཐུབ་རྒྱུར་འབད་དགོས།

    དེ་དུས་ང་ཚོར་རྒྱ་གར་དང་། ཨ་རི། ཁ་ན་ཌ་སོགས་ཀྱི་ཕྱི་རྒྱལ་གྱི་བརྒྱབ་སྐྱོར་རྫུན་མ་དེ་དག་དགོས་མཁོ་གཏན་ནས་མེད་ལ་ང་ཚོར་ཡང་འཛམ་གླིང་སྟེང་དཔའ་དང་དཔུང་ངོམ་ཐུབ་པའི་དུས་ཤིག་འཆར་ངེས་ཡིན།

    དེར་བརྟེན་དྲ་གྲོགས་ཚོ་ཕྱི་རྒྱལ་གྱིས་ཡི་གེ་ག་རེ་བྲིས་མིན་ལ་སེམས་ཁྲལ་གཏན་ནས་བྱེད་མི་དགོས། སེམས་ཁྲལ་བྱེད་དགོས་ས་དེ་༸ གོང་ས་མཆོག་གི་བཀའ་དགོངས་ལྟར་ང་ཚོས་སྲུང་བརྩི་གང་ཐུབ་ཞུ་རྒྱུ་དེ་རང་ཡིན།

    དེར་བརྟེན་ང་ཚོས་རྒྱ་ནག་དགྲ་བོ་ཤིག་ཏུ་བརྩི་རྒྱུའི་འདུ་ཤེས་དེ་དོར་ཏེ་༸ གོང་ས་མཆོག་གི་བཞེད་པ་ལྟར་རྒྱ་ནག་མཛའ་གྲོགས་ཤིག་ཏུ་བརྩིས་ཏེ་ང་ཚོ་བོད་མི་རིགས་ཟེར་བ་དེ་འཛམ་གླིང་སྟེང་ཡར་ལངས་ཐུབ་པ་ཞིག་བྱེད་དགོས་ན་རྒྱ་ནག་དང་ལྷན་དུ་མཉམ་ལས་ཤིག་མ་བྱུང་ན་དེ་ནི་ཉི་མའི་རྨི་ལམ་རང་ཡིན་སྟབས་ང་ཚོས་ད་ལྟ་ཀླད་པ་དཀྲུགས་དཀྲུགས་གཏོང་དགོས་པའི་དུས་ཚོད་གལ་ཆེན་ཞིག་རེད།

    Reply
  3. tashi33 says:
    ལོ་ 13 སྔོན།

    བཀའ་སྤྱི་གཉིས་ལོང་ཤོག་།ཡང་ན་ཤི་།

    Reply
  4. ཉིན་ཟླ་དཀར་གསུམ་ says:
    ལོ་ 13 སྔོན།

    རྒྱལ་ཆེར་བའི་བོད་རིགས་སྤུན་ཟླ་ཡངས་ཀྱིས་ཐུགས་བསམས་བཞིང་དགོས་ཡ་ལ་
    ད་ལྟས་ཆ་ལ་གནས་ཚུལ་འདི་འདྲ་ཆིག་གི་ཐོག་ཏུ་ཧོང་ས་མཆོག་ཁམས་སྐྱེ་རྒུ་མདོ་
    ཕེབས་ཡ་ལ་ཤིན་ཏུ་ནས་ཡགས་པོ་རེད་ལ་་་་མ་ཚད་་་་ཤི་གསོན་མེད་པ་ཡང་ཁང་གི་་བཀའ་སློབ་གིས་དངོས་སུ་ཕན་ཐོགས་ཆེན་པོ་ཡོད་རེད་དྲན་གྱི་འདུག
    ་་་ཕྲན་ནི་རིགས་གནས་དང་
    ཡི་གེ་་དག་ཆར་ཡང་གང་ཡང་མེད་པའི་ཐུགས་དགོང་མ་མཚམ

    Reply
  5. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 13 སྔོན།

    དྲ་བ་དོ་དམ་པ་ལགས། འོག་གི་lobsang dakpaམིང་པ་དེའི་རིག་པ་གསུབ་རོགས་གནང་། རང་ཡུལ་ལ་མི་ཤི་གོད་ཆག་འདི་འདྲ་བྱུང་ཡང་༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་འདོད་པ་ནི་གོ་སྐབས་འཚོལ་བ་རེད་ཟེར་ན། ཁོའི་རྒྱབ་ལྗོངས་དང་མདུན་ལམ་རོབ་ཙམ་གསལ་ཚར་བས་མི་འདི་ཚོའི་རིགས་ཐར་པ་མ་གཏོང་རོགས།

    Reply
  6. ཁ་བའི་འོད་མདངས། says:
    ལོ་ 13 སྔོན།

    http://picasaweb.google.com.au/aenpokyabgon/AllKyegu2010EarthquakePhotos# འདིར་གཟིགས་པར་ཞུ།

    Reply
  7. lobsang dakpa says:
    ལོ་ 13 སྔོན།

    I think dalai is taking advantage to go tibet with this earthquake. don’t think about it

    Reply
  8. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 13 སྔོན།

    གཡུལ་མ་དཀྱེལ་ཨ། ང་ཚོས་སྐྱེ་དགུ་མདོའི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་དུས་རྩོད་ཏོག་ཙམ་ཤོར་བ་དེ་ཁོ་ཚོ་ལ་ཁ་ཞེ་གཉིས་མེད་ཡིན་པའི་རྟགས་རེད་དེ་ད་རྩོད་མཚམས་ཏོག་ཙམ་བཞག་སྟེ་དྲ་ཐག་འདི་ལ་གཅིག་གཟིགས་དང། གོ་རྒྱུ་ཅན་ཞིག་བྲིས་འདུག http://bit.ly/a56Klo

    Reply
  9. ཁ་བའི་འོད་མདངས། says:
    ལོ་ 13 སྔོན།

    ཨ་ཆགས་ཚེ་རྡོར་ཁྱེད་ལྟར་ང་ཚོས་གནོད་སྐྱོན་ཐེབས་པའི་ས་གནས་ལ་ཕན་པའི་བྱ་བ་ཅི་ཡང་མི་བྱེད་པར་ཕྱིར་བལྟས་ཀྱི་ཚིག་ངན་རྐྱང་རྐྱང་བཤད་ནས་བསྡད་མེད། འདི་ནས་རང་གིས་གང་ཐུབ་ཅི་ཐུབ་ཀྱིས་རོགས་ཕན་གྱི་བྱ་བར་བརྩོན་བཞིན་ཡོད། ཁྱེད་ཀྱིས་དེང་སང་གང་ཞིག་གནང་གི་ཡོད་དམ།

    Reply
  10. འཁྲུངས་སྐར། says:
    ལོ་ 13 སྔོན།

    འདི་ཟླ་ཕྱི་ཚེས་༢༡ཉིན་གྱིས་ཨ་རི་རླུང་འཕྲིན་གིས་ཀུན་གླེང་ནང་ལ་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་གནད་དུ་འཁེལ་བའི་བཀའ་མོལ་ཞིག་གནང་སོང་བ་དེ་ནི་ས་ཡོམ་ཁྲོད་ད་ཕྲུག་རྣམས་ས་གནས་དེ་རང་ལ་གནས་དགོས་པ་གསུང་སོང་དེ་ནི་ཧ་ཅང་གལ་ཆེ་ཡིན།
    རྗེས་མ་ཕྱི་ཚེས་༢༣ཉིན་ཀུན་གླེང་གྲོས་མགྲོན་དུ་རྒྱ་གར་བཞུགས་པའི་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ངེས་པར་དུ་གདན་འདྲེན་གནང་རོགས་ཞུ། གང་ཡིན་ཟེར་ན་ཁོང་ནི་༡༩༥༩སྔོན་ལ་སྐྱེ་རྒུ་མདོ་ཡི་དཔོན་པོ་ཡིན་ལ་རྗེས་སུ་ཡང་ཡང་དེ་ཕྱོགས་ལ་ཕེབས་ཡོད་རེད་ཞུ།།

    Reply
  11. Dhamchoe @Tommy Thokme says:
    ལོ་ 13 སྔོན།

    ཆུ་ཐིགས་སྔོན་མོ,

    You are so childish.What you are mean this :” དེ་མིན་རྗེས་ཕྱོགས་གཟབ་གཟབ་བྱོས་ཨ…… གལ་སྲིད་མུ་མཐུད་ཡོང་ན་ངས་ཁྱེད་རང་རྩད་གཅོད་བྱས་ནས་དངོས་སུ་བསྟན་གྱི་ཡིན…”

    Are you a terrorist? Why you do not say those words to Chinese government?

    You have to know: Here is Tibet times.Not your Dad’s space.

    Actually,I do not want to explain it to you but for other friends to know what going on here,I just wd like to drop a line:
    I write English and Chinese here because of I can not write Tibetan in my computer.

    Reply
  12. དྲང་བདེན་གི་གཏམ་ says:
    ལོ་ 13 སྔོན།

    གོང་ས་ཐམས་ཅད་མཁྱེན་པ་ཁོང་ནི་འཇིགས་པ་མེད་པར་དུས་དང་རྣམ་པ་ཀུན་དུ་བོད་མི་རིགས་གི་ཆེད་དུ་ས་ཕྱོགས་གང་སར་སྐུ་ལས་ལ་མ་འཛེམ་པར་ཕེབས་ཆོག་ཆོག་བཞུགས་ཡོད་པ་རེད་ ཡིན་ན་ཡང་བཀའ་སྤྱི་རྣམས་གཉིས་ནི་ཕལ་ཆེར་གོང་ས་མཆོག་གི་སྐུ་ཚབ་ལ་མངགས་ཐོག་གི་བཞེད་སྣང་གི་ཡིབ་ནས་བཞུགས་ཡོད་པ་འདྲ་

    Reply
  13. ཨ་ཆགས་ཚེ་རྡོར།་ says:
    ལོ་ 13 སྔོན།

    བཙན་བྱོལ་དུ་དྲ་འབུ་སྡར་མ་ཁག་ཅིག་གིས་ཡ་ཁོག་གདོན་གྱིས་བརླམས་པ་ལྟར་རང་གཞུང་དང་གཞུང་གི་མཛད་གཙོ་རྣམ་པར་སྐྱོན་བརྗོད་བྱེད་པ་ལས་རང་ངོས་མིག་སྔའི་ས་ཡོམ་གོད་ཆག་ལས་འདི་བྱས་ཟེར་བ་ཞིག་མེད་པ་འདི་ཡིད་རེ་སྐྱོ།་
    དྲ་འབུ་ཚོ་རིགས་ཞེན་དང་ལ་རྒྱ་དང་གཞན་ཕན་གྱི་ལྷག་བསམ་ཡོད་ན་རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་ཅི་ནུས་ཀྱིས་ལས་འགན་རེ་འཁུར་དགོས་པ་གནད་དོན་གྱི་རྩ་བ་ཡིན་དགོངས་ཆུབ་དགོས།
    ག་དུས་ཡིན་ཡང་སོ་སོས་ཁ་ལས་ལག་མི་འགུལ་བར་གཞན་ལ་སྐྱོན་བརྗོད་པ་ནིལས་ཀྱི་མཐའ་མ་ཡིན།་ཁྱེད་ཅག་གིས་གཞན་སྐྱོན་མཐོང་བ་བཞིན་གཞན་གྱིས་ཀྱང་ཁྱེད་ཚོའི་དགེ་སྐྱོན་མཐུང་ཐུབ་ཤེས་དགོས།

    Reply
  14. བློ་བཟང་། says:
    ལོ་ 13 སྔོན།

    བཀའ་ཁྲི་ལྷ་ཡུལ་དུ་ལྷའི་དབང་པོ་བརྒྱ་བྱིན་དང་སྤྲོ་སྐྱིད་བཏང་སར་ཕྱིན་ཚར་འདུག

    Reply
  15. ཁ་བའི་འོད་མདངས། says:
    ལོ་ 13 སྔོན།

    དེ་རིང་རྒྱ་ནག་རྒྱལ་ཡོངས་ཀྱིས་མྱ་ངན་གྱི་མཛད་སྒོ་སྤེལ་བ་ཞེས་པའི་རྩོམ་ཡིག་གི་གཤམ་དུ་བཟོད་པ་ལྷ་རྩེ་ནས་ཟམ་གདོང་དང་སྤེན་ཚེ་གཉིས་གར་སོང་ཆ་མེད་དུ་གྱུར་ནས་ཉྀན་བདུན་སོང་ཟིན་ཞེས་པའི་གསལ་བསྒྲགས་གནང་འདུག་པས་དེར་གཟིགས་པར་འཚལ

    Reply
  16. མཚོ་ཚང་བཀྲིས། says:
    ལོ་ 13 སྔོན།

    འཁྲུངས་སྐར།
    ཟམ་གདོང་བཟང་མདོག་དེ་བཏོན་སོང་།
    བོད་གཞུང་སྒེར་གཞུང་དུ་གསལ་བྱུང་།
    ཕྱོགས་ཞེན་གསོན་པོ་དེ་ཕེབས་བྱུང་།
    བདེན་དང་མི་བདེན་དེ་ལྟོས་དང་།

    བཀའ་ཁྲི་བཀའ་སློབ་གནང་མཁས་ཀྱང་།
    དེ་རིང་ཁ་མཁས་དེ་མི་འགྲོ།
    བོད་གཞུང་ལམ་ཕྱོགས་དེ་ཇེ་གསལ།
    གཞི་བཞུགས་རྒྱ་ཕྱོགས་ལ་ཇེ་དགའ།

    སྤྱི་མཐུས་ཐོས་ཡ་ནི་མི་འདུག
    གད་མོ་གད་པ་ནི་ཐོས་གི།
    སྐུ་ངོ་མཇལ་ཡ་ནི་མི་འདུག
    ལྕམ་ལ་གད་པ་ནི་གོ་གི།

    མཚོ་ཚང་བཀྲིས།
    ཡི་གེ་བྲིས་པོ་བདག་གི །ཨམ་ཕྲག་ཁུག་མ་ཆེན་པོ། །རྒྱ་ཡི་དངུལ་གྱིས་བརྒྱངས་སྟབས། །དབང་མེད་བྲིས་པ་ཐལ་ལོ༎

    Reply
  17. རིག་པའི་རལ་གྲི། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམས་ལ་ཞུ་རྒྱུ། སྤྱིར་ལས་འགུལ་སྤེལ་བ་ལས་ཀྱང་མ་སྤེལ་ན་དགེ་མཚན་ཆེ་བའི་དུས་སྐབས་ཞིག་ཀྱང་ཡོད་པ་འདི་དག་ཤེས་པར་གྱིས། རང་རེ་བཙན་བྱོལ་བ་ཡོད་པའི་མི་ལ་ངོམ་རྒྱུ་དང་། རང་རང་སོ་སོ་སྤོབས་པ་སྐྱེ་བྱེད་ནི། བླ་ཆེན་རྣམ་པ་དང་དགེ་འདུན་པ་རྣམས་རེད། དེ་དག་གིས་ད་ལྟའི་ཡིད་སྐྱོའི་གནས་བབ་འདི་ལ་བྱ་ཐུབ་པའི་ལས་འགུལ་ནི། ཤི་བོ་ལ་དགེ་བསྔོ་དང་སྨས་མ་ལ་རིམ་གྲོ། གསོན་དྭ་ལ་སེམས་གསོ་བྱ་རྒྱུ་དེ་རེད།
    ལྷག་པར་གོང་ས་མཆཽག་རབ་ན་ཕ་ཡུལ་དུ་ཕེབས་ཐུབ་པའི་ཤུགས་བསྣོན་གང་ཐུབ་དང་། དེ་ལྟར་མ་བྱུང་ན། སྐྱེ་རྒུ་མདོའི་མི་མང་རྣམས་ཀྱི་རྩ་བའི་བླ་མ་ཞིག་ཕེབས་ཐུབ་པ་ཞིག་བྱ་ཡ་དེ། རང་རེ་བཙན་བྱོལ་གཞུང་ངོས་ནས་བྱེད་དགོས་པའི་ལས་འགན་ཞིག་རེད་བསམ་གྱི་ཡོད།

    Reply
  18. འཁྲུངས་སྐར། says:
    ལོ་ 13 སྔོན།

    ཟམ་གདོང་བཟང་མདོག་དེ་བཏོན་སོང་།
    བོད་གཞུང་སྒེར་གཞུང་དུ་གསལ་བྱུང་།
    ཕྱོགས་ཞེན་གསོན་པོ་དེ་ཕེབས་བྱུང་།
    བདེན་དང་མི་བདེན་དེ་ལྟོས་དང་།

    བཀའ་ཁྲི་བཀའ་སློབ་གནང་མཁས་ཀྱང་།
    དེ་རིང་ཁ་མཁས་དེ་མི་འགྲོ།
    བོད་གཞུང་ལམ་ཕྱོགས་དེ་ཇེ་གསལ།
    གཞི་བཞུགས་རྒྱ་ཕྱོགས་ལ་ཇེ་དགའ།

    སྤྱི་མཐུས་ཐོས་ཡ་ནི་མི་འདུག
    གད་མོ་གད་པ་ནི་ཐོས་གི།
    སྐུ་ངོ་མཇལ་ཡ་ནི་མི་འདུག
    ལྕམ་ལ་གད་པ་ནི་གོ་གི།

    Reply
  19. མཚོ་ཚང་བཀྲིས། says:
    ལོ་ 13 སྔོན།

    ༧གོང་ས་མཆོག་སྐྱེ་རྒུ་མདོར་ཕེབས་རྒྱུར་ཐུགས་རེ་གནང་གི་ཡོད།

    གསར་འགྱུར་གྱི་ཁ་བྱང་ལ་ངེས་པར་དུ་ཡིད་གཟབ་གནང་དགོས་ཀྱི་འདུག

    Reply
  20. བོད་ says:
    ལོ་ 13 སྔོན།

    དགེ་བཤེས་བསྟན་པ་བཀྲིས་ལགས། ད་ནི་མཆོད་མཆོད་བཀུར་བཀུར་གྱིས་གཟུགས་མེད་ཀྱི་ཚོགས་སྐྱབས་སུ་རེ་བ་ལས། གཟུགས་ཅན་མིའི་རིགས་ཀྱི་མཐུན་སྒྲིལ་དང་བརྩེ་བ་མགོན་དང་དཔུང་དུ་བཟུང་ན་བདེ་སྐྱིད་ཀྱི་རྒྱལ་ཁ་ལོན་ངེས་ཡིན་ར་འཕྲོད་མི་འདུག་གམ།

    Reply
  21. རྡོ་རྗེ་ཚེ་རིང་། says:
    ལོ་ 13 སྔོན།

    རང་བྱུང་གོ་ལའི་འདར་སིག་ཤིག་གི
    ཚེ་སྲོག་འབུམ་གྱི་རྒྱུ་དབུགས་བཅད་ཐལ།
    སྐྱབས་གསུམ་ལྷ་ཡི་ཐུགས་བརྗེ་གཟིགས་ནས།
    དག་ཞིང་ཁམས་སུ་སྐྱེ་བར་ཤོག་ཤིག

    Reply
  22. བློ་གྲོས་རྒྱལ་པོ། says:
    ལོ་ 13 སྔོན།

    སྒ་སྐྱེ་རྒུ་མདོ་དེ་ངོ་མ་ཡུལ་ཤུལ་དུ་གྱུར་ཚར་འདུག ཨོྃ་མ་ཎི་པདྨེ་ཧཱུ།

    Reply
  23. རྒྱལ་བསྟན། says:
    ལོ་ 13 སྔོན།

    དི་རིང་སྔ་དྲོ་སྐྱེ་རྒུ་མདོར་འདས་པོ་རྣམས་ལ་མྱ་ངན་ཞུས་པའི་གནས་ཚུལ་དྲ་བྱང་འདིར་འདུག
    http://www.qhtb.cn/news/pic_news.jsp
    བརྩལ་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས་ཀྱང་སེམས་ཚོར་དྲགས་པོས་མྱ་ངན་ཞུ་བཞིན་ཡོད།
    ཁྱེད་རྣམས་འཕགས་མཆོག་ཕྱག་ན་པད་མའི་སྐྱབས་འོག་སྐྱེ་བར་ཤོག

    Reply
  24. བློ་གྲོས་རྒྱལ་པོ། says:
    ལོ་ 13 སྔོན།

    ལྟ་གྲུབ་བཤད་ལ་མཁས་པའི། །བོད་གཞུང་བཀའ་སྤྱི་གཉིས་ལ། །རེ་སེམས་གཏིང་ནས་ཆད་སོང་། །བཀའ་བློན་ཁྲི་པ་འདས་སོང་། །ཚོགས་གཙོ་ཆང་གིས་གྲོངས་སོང་། །གྲོས་ཚོགས་གདོན་གྱིས་བསླུས་སོང་། །གཞུང་ཞབས་འབྱུང་བོས་བརླམས་སོང་། །མགོན་སྐྱབས་བྲལ་བའི་གཞིས་ལུས། །སེམས་པ་རྒྱ་ལ་ཕྱོགས་སོང་། །

    Reply
  25. བློ་གྲོས་རྒྱལ་པོ། says:
    ལོ་ 13 སྔོན།

    དྲིལ་བསྒྲགས་དྲུང་ཆེས་གསུངས་པ་ནང་བཞིན་བོད་གཞུང་ངོས་ནས་ཆུ་ཚོད་ཕྱེད་རིང་ལ་མ་ཎི་བགྲངས་པ་ཙམ་གྱིས་ལས་འགན་འགྲུབ་སོང་བར་བསམ་གྱི་ཡོད་ན། ད་ནི་རང་རེའི་མ་རྩ་བོད་མི་ས་ཡ་དྲུག་གི་སེམས་འཁོར་སའི་ཁ་ཕྱོགས་གང་ལ་འགྲོ་མིན་བཤད་དཀའོ།

    Reply
  26. ཁ་བའི་འོད་མདངས། says:
    ལོ་ 13 སྔོན།

    འགའ་རེས་ད་སྐབས་བཙན་བྱོལ་གཞུང་ཁུ་སིམ་སིམ་དུ་བཞུགས་པ་འདི་གཞུང་གིས་རོགས་བྱེད་མ་ཐུབ་ཀྱི་པས་རེད་གསུངས། སུས་ཀྱང་བཙན་བྱོལ་གཞུང་གིས་ཨ་སྒོར་དུང་ཕྱུར་མང་པོས་རོགས་སྐྱོར་དགོས་བཤད་ཀྱི་མེད་ལ་བཀའ་ཁྲིས་སྣེ་འཁྲིད་དེ་སྐུ་ངོ་ཡོད་ཚད་གོད་ཆག་ཕོགས་ཡུལ་དུ་ཕེབས་ནས་ས་རྐོ་རྡོ་སློགས་བྱེད་དགོས་ཀྱི་རེད་དེ་བས་བཤད་མེད། འོན་ཏང་བོད་ཁ་དཔེ་ལ། ཡོད་པོས་རྟ་ཕོ་རྟ་ཕོ། མེད་པོས་ར་ཕོ་རྟ་ཕོ། ཟེར་བ་ལྟར་སེམས་པ་མཚོན་བྱེད་དུ་གང་དྲག་ཅི་དྲག་གིས་གང་ས་ཅི་ཐད་ནས་རོགས་རམས་བྱས་ན་མིའི་སེམས་ལ་ཚོར་བ་ཤུགས་ཆེན་སླེབས་ཀྱི་རེད། ནམ་རྒྱུན་སྐད་ཆ་སྙན་མོ་ཇི་ལྟར་བཤད་ཀྱང་མི་ལ་དཀའ་སྡུག་མྱོང་སྐབས་ཀྱི་ཚོར་བ་ནི་ཧ་ཅང་རྣོ་པོ་དང་ནམ་ཡང་རྗེད་མི་ཐུབ་ཞིག་ཡིན་པ་ནི་རང་བཞིན་ཀུན་གྱིས་ཤེས་གསལ་རེད། དེས་ན་ནམ་རྒྱུན་གྲོགས་ཀྱིས་རོགས་བརྒྱ་བྱས་པ་ལས་དཀའ་སྡུག་སྐབས་དགྲ་ཡིས་རོགས་གཅིག་བྱས་པ་དགའ་ཟེར་བཞིན་ད་སྐབས་ཤུལ་ལུས་མི་མང་གི་སེམས་ལ་བག་ཆགས་གཞག་ཧ་ཅང་སླ་བོ་རེད།

    Reply
  27. བསྟན་པ་ཡར་འཕེལ། says:
    ལོ་ 13 སྔོན།

    བྱེས་སྡོད་བོད་མི་ཚོས་དེ་རིང་ཞལ་འདེབས་གནང་སྟངས་དེ་མཐོང་དུས་ངོ་མ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་འགག་ལ་ཐུག་དུས་འདུག་ཨ་བསམ་པ་ཞིག་ཤར་སོང། མདང་དགོང་ལས་ཁུངས་གྲོལ་ནས་མིག་ལོར་སྲང་ལམ་དུ་འབྱོར་སྐབས་སྐྱེ་རྒུའི་ས་ཡོམ་གོ་ཆག་བྱུང་བར་ཞལ་འདེབས་བསྡུ་བཞིན་འདུག་ལ་མི་ཚོགས་ཚང་ཀ་ཤིག་ཤིག་གིས་ཞལ་འདེབས་ཧིན་སྒོར་གཅིག་སྟོང་དང་ལྔ་བརྒྱ་ཤས་གཅིག་སྤྲོད་ཀྱིས་འདུག ད་དུང་གཞིས་བཞུགས་བོད་རིགས་རྣམས་ཀྱིས་ས་ཡོམ་ཕོག་ཤུལ་དུ་དངོས་ཟོག་འོར་འདྲེན་བྱེད་སྟངས་དེ་མཐོང་དུས་ས་ཡོམ་ཐེབས་པ་དེ་སྡུག་སོང་ཡང་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་ཇེ་གསལ་དུ་མཐོང་ཡོང་དུས་དགའ་དགོས་པ་ཞིག་རེད། འདི་ལྟར་ང་ཚོ་འགག་རྩ་ལ་ཐུག་དུས་རང་བཞིན་གྱིས་རྡོག་རྩ་གཅིག་སྒྲིལ་ཡོང་བཞིན་པ་འདིས་ང་ཚོར་སེམས་ཤུགས་འཕར་མ་ཞིག་སྟེར་བཞིན་འདུག

    Reply
  28. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 13 སྔོན།

    http://www.flickr.com/photos/yesamtibetའདི་ང་ལ་གྲོགས་པོས་བྱིན་པའི་དྲ་ཐག་རེད། འདིའི་ནང་གོད་ཆག་ཐེབས་པའི་པར་བདུན་ཅུ་ལྷག་འདུག

    Reply
  29. གནམ་ལྕགས། says:
    ལོ་ 13 སྔོན།

    འདི་འདྲའི་སྐབས་སུ་སྐྱིད་སྡུག་མཉམ་མྱོང་མེད་ན་ག་དུས་ཡོད། ད་རེར་བོད་མི་ཚང་མ་ལོངས་ཤོག

    བོད་ཕྱི་ནང་གཉིས་ནས་རྡོག་རྩ་ཆིག་སྒྲིལ་ལ་འབུངས་ཤིག

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist