ཐེངས་འདིར་རྒྱ་ནག་གིས་དགོངས་པ་ཆེར་བཞེས་གནང་སྟེ་འདས་གསོན་རྣམས་ཀྱི་ཆེད་དུ། ༧གོང་ས་མཆོག་སྐྱེ་རྒུ་མདོར་ཕེབས་རྒྱུར་རེ་བ་རྒྱག་གི་ཡོད་ཅེས་ཕྱི་དྲིལ་དྲུང་ཆེ་མཆོག་གིས་གསུངས།
དེ་རིང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཚོ་སྔོན་ཡུལ་ཤུལ་ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུ་ཆེད། སང་ཉིན་རྒྱལ་ཡོངས་སུ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར་ལ། ཉིན་དེར་རྒྱལ་ཡོངས་དང་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུ་རྒྱུ་ཡིན་ལ། སྤྱི་པའི་རོལ་རྩེད་བྱ་འགུལ་སྣ་ཚོགས་མཚམས་འཇོག་རྒྱུ་ཡིན་པར་ཐག་བཅད་ཡོད།
གནད་དོན་འདིའི་ཐད་འདི་གའི་གསར་འགོད་པས་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། བཙན་བྱོལ་བོད་གཞུང་གིས་སང་ཉིན་ཏེ། སྐྱེ་རྒུ་མདོར་ས་ཡོམ་བརྒྱབས་ཏེ་བདུན་ཚིགས་དང་པོ་ཡོལ་ཙམ་དེར་རྒྱ་ནག་གིས་མྱ་ངན་ཞུ་བཞིན་པ་དེ། ཧ་ཅང་གི་ཡག་པོ་རེད་ལ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
རྒྱ་ནག་གི་མྱ་ངན་བྱེད་སྒོ་འདི་དང་སྟབས་བསྟུན། སང་ཉིན་བཙན་བྱོལ་བོད་གཞུང་གིས་མྱ་ངན་སྲུང་གཙི་བྱེད་མིན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་སང་ཉིན་དམིགས་བསལ་གྱི་མྱ་ངན་སྲུང་གཙི་བྱ་རྒྱུའི་ལས་འཆར་གང་ཡང་བསྒྲིགས་མེད། སྤྱིར་བཏང་ས་ཡོམ་བྱུང་བའི་ཉིན་དེ་ག་རང་དུ་གངས་སྐྱིད་ཀྱི་ལས་བྱེད་ཚོས་ཞབས་བརྟན་བསྒྲུབས་པ་དང་། ཉིན་དེར་༧གོང་ས་མཆོག་གིས་ཐུགས་སྨོན་སྐྱབས་འཇུག་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༡༥ ཉིན་ཆོས་དོན་ལས་ཁུངས་ཀྱིས་དབུ་ཁྲིད་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་རྒྱ་ཆེན་པོ་ཞིག་གནང་བ་མ་ཟད། ས་གནས་ཁག་ཚང་མར་དེ་ལྟར་གནང་འདུག དེར་བརྟེན་ང་ཚོའི་གཞུང་འབྲེལ་ངོས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྔ་ས་ནས་གནང་གྲུབ་པ་རེད། ཅེས་གསུངས་ཡོད།
དེ་མིན་ད་དུང་ཁོང་ལ་ཁ་སང་ཕྱི་དྲོར་ཅ་ཆིན་ལེན་གྱིས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཁོ་ཚོའི་ལུགས་མཐུན་གྱི་རེ་བར་རྒྱུས་ལོན་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས་ཞེས་བཤད་པ་དང་། ཕྱི་ཚེས་ ༡༧ ཉིན་༧གོང་ས་མཆོག་གིས་ཁོང་ཐེངས་འདིའི་ས་ཡོམ་བྱུང་སར་ངོ་བསྐྱོད་གནང་སྟེ། མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ་ཞེས་གསུངས་པར། གནད་དོན་འདི་གཉིས་བར་དམིགས་བསལ་གྱི་འབྲེལ་བ་འདྲ་མཐོང་གི་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། རེད། ང་ཚོའི་དབུ་ཁྲིད་༧གོང་ས་མཆོག་གིས་དེ་ལྟར་ཁོང་གི་ཐུགས་རེ་བཏོན་ཡོད་པ་རེད། དངོས་གནས་བྱས་ན་ཐེངས་འདིར་རྒྱ་ནག་གཞུང་གིས་དགོངས་བཞེས་ཤིག་གནང་ཐུབ་ན་ཧ་ཅང་གི་ཡག་པོ་རེད་ཅེས་དང་། སྤྱིར་བཏང་ང་ཚོས་བརྙན་འཕྲིན་ལས་མཐོང་བ་ལྟར་ན་ཕ་གིར་རྒྱ་ནག་གཞུང་གིས་རོགས་སྐྱོར་ཡག་པོ་གནང་གི་འདུག་པས། དེ་ལ་རྗེས་སུ་ཡི་རངས་ཞུ་དགོས་པ་རེད་ལ། ཞུ་གིན་ཡོད། ཡིན་ནའང་། ༧གོང་ས་མཆོག་དངོས་སུ་ཕེབས་ཏེ་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་སྐྱབས་འཇུག་གནང་བ་དང་། འཚོ་བཞུགས་རྣམས་ལ་ཐུགས་གསོ་ཞིག་གནང་ཐུབ་ཚེ། དེ་ལས་ལྷག་ཅིག་བོད་མི་ཚོར་དགའ་མགུ་ཡོང་བ་དང་ཡིད་ཚིམས་པ། འདས་གསོན་གཉིས་ཀར་ཕན་པ་ཞིག་ཡོད་པ་རེད། དེ་ལྟར་བྱུང་ན་དངོས་གནས་དྲང་གནས་ཕན་ཐོགས་ཆེན་པོ་ཡོང་གི་རེད་ལ། ང་ཚོས་དེ་ལ་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས་ཡོད།
རེ་བ་ལྷ་ལ་བཅོལ་ནས།་།
རེ་ཕུགས་རླུང་གིས་གཏོར་ཐལ།།
རེ་ཆད་མིག་གི་མཆུ་མ།།
སྐྱེ་རྒུ་མདོ་ལ་བབ་བྱུང་།།
སེམས་གསོའི་ཚིག་རྐྱང་གཅིག་པུས།་།
སེམས་འདི་གསོ་ས་མ་རེད།།
སེམས་ཀྱིས་བདེ་སྡུག་བསམ་ན།།
སེམས་ཤུལ་ལག་པས་ཆོད་དགོས།་།
ཕ་གིའི་ཁྲི་ལ་འགྱིང་བའི།།
སྐུ་ངོ་རྒྱགས་པ་ཞིག་གིས།།
རང་སེམས་སྐྱོ་མདོག་ཁ་བོས།།
ཐུགས་གསོའི་གཏམ་བཤད་གནངཐལ།
གཏམ་མགོའི་ཚིག་ལ་ཉན་ན།།
སེམས་ཀྱི་འུ་ཁུང་མཐོང་གི།
ནག་ཉེས་རྒྱ་ལ་བཙུག་སྟེ།།
རང་སྐྱོན་འགེབ་ནོ་ཤེས་གི།
ཕ་ཤུལ་རྟ་ལ་བབ་ཏེ།།
མ་ཤུལ་རྡོ་ལ་བརྗེས་ཀྱང་།།
སྐུ་ངོ་རྒྱགས་པ་ཚང་ལ།།
གོ་བ་མེད་ནོ་ཤེས་ཐལ།།
སྐྱག་པ་སྣ་ལ་བཙུག་ཀྱང་།།
སྐྱག་དྲི་ཚོར་བ་མེད་པའི།།
སྐྱག་གཟན་ཕག་གི་རིགས་ལ།།
ཞེན་པ་གཏིང་ནས་ཆད་ཐལ།།
དེ་རིང་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་ལྟར་ན་རྒྱ་མིས་༧གོང་ས་མཆོག་གི་རེ་ཞུ་དང་ལེན་བྱས་མི་འདུག་ལ། ༧གོང་ས་མཆོག་གི་ཚབ་ཏུ་པཎ་ཆེན་རྫུན་མ་ལྟ་སྐོར་དང་བསྔོ་སྨོན་བྱེད་དུ་ཁྲིད་རྒྱུ་རེད་འདུག དེ་ཡང་སྲིད་དོན་གྱི་གཡོ་ཇུས་ཤིག་ཅི་ལ་མིན།
བྱེས་སྡོད་བོད་མི་ཚོས་དེ་རིང་ཞལ་འདེབས་གནང་སྟངས་དེ་མཐོང་དུས་ངོ་མ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་འགག་ལ་ཐུག་དུས་འདུག་ཨ་བསམ་པ་ཞིག་ཤར་སོང། མདང་དགོང་ལས་ཁུངས་གྲོལ་ནས་མིག་ལོར་སྲང་ལམ་དུ་འབྱོར་སྐབས་སྐྱེ་རྒུའི་ས་ཡོམ་གོ་ཆག་བྱུང་བར་ཞལ་འདེབས་བསྡུ་བཞིན་འདུག་ལ་མི་ཚོགས་ཚང་ཀ་ཤིག་ཤིག་གིས་ཞལ་འདེབས་ཧིན་སྒོར་གཅིག་སྟོང་དང་ལྔ་བརྒྱ་ཤས་གཅིག་སྤྲོད་ཀྱིས་འདུག ད་དུང་གཞིས་བཞུགས་བོད་རིགས་རྣམས་ཀྱིས་ས་ཡོམ་ཕོག་ཤུལ་དུ་དངོས་ཟོག་འོར་འདྲེན་བྱེད་སྟངས་དེ་མཐོང་དུས་ས་ཡོམ་ཐེབས་པ་དེ་སྡུག་སོང་ཡང་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་ཇེ་གསལ་དུ་མཐོང་ཡོང་དུས་དགའ་དགོས་པ་ཞིག་རེད། འདི་ལྟར་ང་ཚོ་འགག་རྩ་ལ་ཐུག་དུས་རང་བཞིན་གྱིས་རྡོག་རྩ་གཅིག་སྒྲིལ་ཡོང་བཞིན་པ་འདིས་ང་ཚོར་སེམས་ཤུགས་འཕར་མ་ཞིག་སྟེར་བཞིན་འདུག
དམ་ཆོས་ཟེར་བ་ཁྱེད་རང་འདིར་ཕེབས་ཏེ་་བོད་ཡིག་བྲིས་ན་དགའ་བསུ་དང་རྗེས་སུ་ཡི་རང་ཡོད། དེ་མིན་རྗེས་ཕྱོགས་གཟབ་གཟབ་བྱོས་ཨ
དབྱིན་ཡིག་གི་མིང་ཅན་་་དམ་ཆོས་ཟེར་བ་དེས་རྟག་པར་རྒྱ་ཡིག་ཅིག་དང་མཚམས་རེར་དབྱིན་ཡིག་དུམ་བུ་རེ་བཀོད་ཀྱིན་འདུག་ བོད་ཡིག་མི་ཤེས་ན་འདིར་མ་ཕེབས་རོགས་་་འདི་བོད་ཡིག་འབྲི་ས་ལས་རྒྱ་དབྱིན་འབྲི་ས་མ་རེད་་་རྒྱ་དབྱིན་འབྲི་ས་གཞན་ལ་ཡོད་པ་དེར་རྒྱུགས་ལོ། ད་དུང་བཤད་སྟངས་ལ་བལྟས་ན་རྒྱ་དགའ་ཞིག་རེད་་་་་ཁྱོད་འདིར་མ་ཡོང་ན་ཡག་པོ་རེད་
མི་འདིས་གང་སར་རྒྱ་ཡིག་རྐྱང་བ་ལས་ཅི་ཡང་བྲིས་མེད་པས་བོད་ཡིག་མི་ཤེས་པའི་ཁར་རྒྱ་ནག་ལ་དགའ་མཁན་ཞིག་རེད སྐུ་མཁྱེན་རྗེས་མར་བོད་ཡིག་མི་ཤེས་ན་འདིར་མ་ཡོང་རོགས་་་་་གལ་སྲིད་མུ་མཐུད་ཡོང་ན་ངས་ཁྱེད་རང་རྩད་གཅོད་བྱས་ནས་དངོས་སུ་བསྟན་གྱི་ཡིན
སྐྱེ་དགུ་མདོའི་ས་ཡོམ་ཁྲོད་དུ་ཤི་མཁན་མང་ཆེ་བ་ཆོས་བརྒྱུད་ས་སྐྱ་པ་རེད། དེ་འདྲ་ཡིན་ཙང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་མ་གཟིགས་པ་རེད་ཟེར། དེ་བདེན་པ་ཡིན་ནམ། དངོས་གནས་སྐྱོ་བ་ལ། མགོ་གནོན་འདི་འདྲ་བྱེད་ན། རོ་ལང་རྒྱགས་པ་རང་རེད།
གཞིས་བྱེད་ཀྱི་སྤུན་ཟླ་རྣམ་པ། ད་ལྟའི་ས་ཡོམ་འདི། བོད་མི་རྣམས་རྡོག་རྩ་གཅིག་བསྒྲིལ་དུ་ཡོད་པར་སྟོན་པའི་སྒེར་ཁུང་ཞིག་རེད་ལ། རྒྱ་གཞུང་གིས་རིང་ནས་གནག་པའི་བོད་སེམས་འགུག་པའི་སྒོ་མོ་ཞིག་བྱེ་བ་རེད། ཞབས་འདེབས་བསྡུ་བའི་སྐབས་ཀྱི་བརྙན་འཕྲིན་བལྟ་བའི་སྐབས་སུ། རྒྱ་སྐད་གསལ་པོ་གོ་མཁན་གྱི་བོད་རིགས་མིག་ཆུ་མི་གཏོང་བ་ཞིག་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད། ཚོར་བ་འདི་སྤུན་ཟླ་གྲོངས་པའི་མྱ་ངན་ཡིན་སྲིད་ལ། ད་དུང་དམིགས་གསལ་གྱི་ཚོར་བ་ཞིག་སླེབས་ཀྱི་ཡོད་མི་འགྲོ་བསམ་གྱི་འདུག ཞིབ་ཏུ་བསམ་ན། རང་རེའི་སྤུན་ཟླ་འདས་པོ་རྣམས་བསམ་ལོང་དྲན་ལོང་མེད་པར་ཤོར་བ་དེ་སེམས་ཕམས་ཆེ་ཤོས་རེད། གསོན་པོ་རྣམས་ལ་ཁང་ཁྱིམ་སོགས་སྔར་ལས་ལྷག་པར་ལོ་ཤས་རིང་ནས་བསྐྲུན་ཐུབ་པ་གཏན་གཏན་རེད། ཀུན་གྱིས་མཁྱེན་གསལ་ལྟར། འདི་ལ་དངོས་ཤུག་བརྒྱུད་གསུམ་གྱི་རྒྱུ་མཚན་མང་པོ་ཞིག་ཡོད།
དེར་རྟེན་རང་རེ་བཙན་བྱོལ་དུ་གནས་པས་རྒྱུ་དངོས་ཀྱིས་རང་རིགས་སྤུན་ཟླ་རྣམས་ཀྱི་ཡིད་སེམས་ཁུག་མི་ཐུབ་པ་གཏན་ཁེལ་རེད་ནའང་། གོང་ས་སྐྱབས་མགོན་ཆེན་པོ་དབུས་པའི་བླ་ཆེན་རྣམས་ལ། ནང་སེམས་ཀྱི་དཀའ་ངལ་བསལ་བའི་ཐབས་ཤེས་རྨད་དུ་བྱུང་བ་ཡོད་པ་རྣམས་བེད་སྤྱོད་བྱེད་དང་བྱེད་བཞིན་པ་ལ། ད་དུང་ཡིན་ནའང་། འབད་བརྩོན་ཤུག་ཆེར་བྱེད་དགོས་པ་མངོན།
【多維新聞】青海玉樹地震已過去整整一周,地震遇難人數已增至2,064人,中國將4月21日定為全國哀悼日以悼念地震遇難者.
官方同時婉拒達賴喇嘛前往災區,明確拒絕國際救援隊入藏救援,并否認了此前境外媒體关于地震遇難人數數据不實的說法。
མདོ་ཁམས་སྐྱེ་རྒུ་མདོ་ས་ཡོམ་དོན་ཅན་འདི་འདྲ་ནི་སྔོན་མི་ལོ་བརྒྱ་ཕྲག་དུ་མ་ནང་བྱུང་མ་མྱོང་བ་ཞིག་ཡིན་ཡང་དེ་ཡི་ཆེད་དུ་རོགས་སྐྱོབས་དང་གདུང་སེམས་མཉམ་བསྐྱེད་དེ་ཡང་བོད་གཞི་བྱེས་གཉིས་ཀྱི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་དང་དཔལ་ས་སྐྱ་༧གོང་མ་ཁྲི་འཛིན་མཆོག དཔལ་༧རྒྱལ་བ་ཀརྨ་པ་མཆོག་གཙོས་པའི་ཆོས་ལུགས་ཡོངས་རྫོགས་ཀྱི་བླ་ཆེན་རྣམས་པ་དང་དེ་བཞིན་འཛམ་གླིང་གང་སར་གནས་པའི་བོད་རིགས་ཡོངས་ཀྱི་སྐྱིད་སྡུག་མཉམ་མྱོང་བྱེད་པ་འདི་ནི་མ་འོང་པ་ལོ་ངོ་བརྒྱ་ཕྲག་དུ་མ་ལ་བཞག་པའི་མིང་དོན་མཚུངས་པའི་རྡོག་རྩ་གཅིག་བསྒྲིལ་ཞུ་བ་འདི་ཡིན་པའི་འདས་གྲོང་སུ་བྱུང་བ་རྣམས་དོན་ལྡན་དུ་འགྱུར་ཡོད་ལ་ཤུལ་ལུས་རྣམས་བདག་པོ་བ་ཞིག་ཡོད་པའི་སྤོབས་པ་སྐྱེས་བའི་རེ་བ་གཙང་མ་ཡོད། བོད་རྩམ་ཟས་ཡོད་ཚད་སམ་ཡང་ན་གུས་པའི་རེ་བསྐུལ་འདི་ཐོས་པ་རྣམས་ནས་ཤི་བོ་ཆེད་དུ་མ་ཎི་གྲངས་བཅུ་རེ་དང་ཤུལ་ལུས་རྣམས་པའི་ཆེད་དུ་སོ་སོ་གནས་ཡུལ་ནས་སྒོར་བཅུ་རེ་ཞལ་འདེབས་ཕུལ་རོགས་ཞུ།།
བོད་གཞུང་ནི་ཁ་ཕྱོགས་ནང་ལ་བསྟན་ཡོད་དོ།
དེ་ལས་ང་རང་ཚོ་ཤུགས་ཆེར་གནང་དགོས་པ་ལས་གཞུང་ལ་བལྟས་ན་དོག་པ་དང་ཕྱོགས་ཞེན་ཁོ་ནའི་འོག་རུལ་ནས་ཡོད།
ཡག་པོ་ཞིག་པྱུང་ཚེ་ང་ཚོ་གཞུང་ཟེར་། སྡུག་པོ་ཞིག་བྱུང་ཚེ་གོང་ས་༧མཆོག་གི་མཚན་ནས་བེད་སྤྱོད་བྱེད་པའི་གཞུང་ཡིན།།
རྒྱ་ནག་གཞུང་གིས་མྱ་ངན་ཞུས་བའི་ལས་འགུལ་འདིར་ང་ཚོ་བོད་རིགས་ཡོངས་ཀྱི་དགའ་བསུ་ཞུས་དགོས་ངེས་རེད་འདུག་ལ་། དེ་ལྟར་བཙན་བྱོལ་བོད་གཞུང་གི་གནང་དགོས་པ་འདུག་བཤད་ན་མ་འགྲིག་པ་གང་ཡང་མི་འདུག་། འོན་ཀྱང་བཀའ་ཁྲི་ཟམ་གདོང་མཆོག་གམ་བོད་གཞུང་ནས་གནང་ཕྱོགས་འགྲིག་གི་མི་འདུག་ཞུ་མཁན་ཚོས་རྒྱུ་མཚན་ཁ་གསལ་མེད་པའི་ཐོག་དོན་དངོས་བོད་གཞིས་བྱེས་གཉིས་བར་འགལ་བ་བཟོ་བའི་བྱ་སྤྱོད་ཅིག་ལས་ཕན་ཐོག་གང་ཡང་མེད་པ་གསལ་པོ་རེད་། དངོས་གནས་དྲང་མོ་བཤད་ན་བོད་གཞུང་ལ་རོགས་སྐྱོར་བྱ་རྒྱུའི་ནུས་པ་མེད་པའི་རྒྱུ་མཚན་ལས་མ་བྱས་པ་ཡིན་སྲིད་གྱི་མ་རེད་།
དྲ་གྲོགས་ཚོ་བློ་ཐགས་མ་ཐུང་། རྒྱ་ནག་གཞུང་གིས་མྱ་ངན་ཞུས་ཀྱང་དེའི་རྒྱབ་ལྗོངས་ལ་ལྟ་དགོས། དངོས་སུ་དཀའ་ངལ་འཕྲད་སའི་ས་གནས་ལ་གཞུང་ནས་རོག་བསྐྱོར་ཡག་པོ་ཞིག་བྱས་ཡོད་རབ་མི་འདུག་ན། མྱ་ངན་ཞུས་པར་ཧང་སང་དགོས་དོན་མི་འདུགས། བོད་གཞུང་ནས་ག་རེ་བྱེད་མིན་ད་རུང་བལྟ་རྒྱུ་ཡིན་པས་སྐྱོན་བརྗོད་མ་བསྔ་རོགས
གོད་ཆག་བྱུང་ནས་ཉིན་མང་པོ་འགྲོ་སོང།
བོད་གཞུང་དགའ་ལྡན་ཕོ་བྲང་ནས་བོད་མིར་ཤི་རྨས་ཚབ་ཆེན་འདི་འདྲ་ཡོང་དུས་གོ་མེད་ཚོར་མེད་ངང་མ་བཞུགས་རོགས་གནང་།
རྗེས་སུ་འགྲེལ་བཤད་འདྲ་ཆགས་པོ་འདྲ་མིན་ག་རེ་རྒྱབ་ཀྱང་སྟོང་པ་རེད། ད་ལྟ་མི་དམངས་ལ་དངོས་སུ་དཀའ་ངལ་འཕྲད་དུས་གཞུང་ངོས་ནས་མི་དམངས་ལ་ལམ་སྟོན་དང་ལས་འགུལ་འདྲ་མིན་གང་མགྱོགས་འཕེལ་ནས་མི་དམངས་ཀྱི་ཡིད་ཆེས་འཕེལ་བ་བྱེད་དགོས་ལས་བློ་ཕམ་དགོས་པ་མ་བཟོ་རོགས།
དེ་སྔོན་རྒྱ་གཞུང་ཟེར་དུས་ཡིད་ཆེས་མེད་པའི་གཞུང་དང་། བོད་གཞུང་ཟེར་དུས་ཡིད་ཆེས་བྱེད་སའི་གཞུང་ཞིག་རེད། ད་དེ་གོ་ལྡོག་གི་མཚམས་སུ་སླེབ་ཡོངས་ཀྱི་འདུག
རེ་འབོད།
སང་ཉིན་ཚེས་ 21 རེད་རྒྱ་གཞུང་ནས་ས་ཡོམ་འོག་འདས་གྲོང་བྱུང་བའི་ཡུལ་ཤུལ་མི་མང་ལ་མྱང་ངན་ཞུ་ཆེད་རྒྱ་ནང་དང་ཕྱི་རྒྱལ་གཞུང་ཚབ་དག་གི་རྒྱལ་དར་ཕབ་རྒྱུའི་ལས་རྒུལ་ཞིག་སྤེལ་བཞིན་ཡོད་པ་ནི་མི་སེམས་འགུལ་ཐུབ་པའི་བྱ་བ་བཟང་པོ་ཞིག་ཡིན། འོན་ཀྱང་བཙན་བྱོལ་སྲིད་གཞུང་གི་སེམས་ཚོར་ཅི་ཡང་མེད་པ་མ་ཟད་གོ་རྒྱུ་ཚོ་རྒྱུ་མིན་འདུག བཙན་བྱོལ་གྱི་དབུ་ཁྲིད་ཚོ་ཁྱོད་ཚོས་ནམ་ཀུན་མི་སེམས་འགུལ་བའི་བཀལ་མོལ་སྙན་མོ་བཤད་པ་ལྟར་ད་རེས་གཅིག་པུ་མི་སེམས་འགུལ་བའི་ཕྱག་ལས་ཕྲན་ཞིག་གནང་རོགས་སྐུ་མཁྱེན།
ད་སྐབས་ས་ཡོམ་གོད་ཆགས་འོགས་འདས་གྲོངས་སོང་བ་རྣམས་ལ་བསྔོ་སྨོན་དང་། གསོན་རྣམས་ལ་རོགས་རང་དང་སྐྱབས་འཇུག་བྱེད་དང་བྱེད་བཞིན་པ་ལ་བཀའ་དྲིན་སྙིང་ནས་ཆེ།
དོན་སྐྱེན་འདིའི་སྐབས་སུ་དངོས་གནས་རོགས་སྐྱོར་བྱེད་མཁན་དང་པོ་དེ་ནི། རྗ་སེར་ཤུལ་དགོན་དང་། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གྲ། གཞན་མདོ་ཁམས་ཀྱི་དགོན་སྡེ་ཁག་མང་པོ་ཞིག་གི་བླ་སེར་རྣམས་ཀྱི་རོགས་སྐྱོར་ཧ་ཅིང་ཡག་པོ་བྱས་ཚུལ་ཡུལ་མི་རྣམས་ཀྱི་ཉིན་རེ་བཞིན་བརྗོད་བྱུང་།
བཀའ་བློན་ཁྲི་པ་དམྱལ་བར་ལྟ་སྐོར་འགྲོ་་བ་འདྲ་གོ་རྒྱུ་གང་ཡང་མི་འདུག སྤྱི་འཐུས་ཚོགས་གཙོ་རག་གིས་བཟི་ནས་བོད་ཀྱི་བདེ་སྡུག་མ་མཐཽང་བ་འདྲ།
གལ་ཏེ་གཞེས་བཞུགས་བོད་མིས་ཁོང་ཚོ་དམྱལ་བ་མི་ཡུལ་ལ་འཕོས་འདྲའི་དཀའ་སྡུག་མྱོང་སྐབས་རེ་བ་བྱེད་ས་རྒྱ་ནག་དང་རོགས་སྐྱོར་བྱེད་མཁན་རྒྱ་ནག་ལས་མི་འདུག་དང་རེ་བའི་མིག་ཟུང་ཕྱོགས་སའི་བྱེས་བཞུགས་ཀྱི་གཞུང་མང་གང་ན་ཡོད་ཟེར་ན་བཀའ་སྤྱི་རྣམས་པས་ལན་ཇི་འདྲ་ཞིག་གནང་འཆར་ཡོད།
བཟང་ངན་གྱི་བྱ་བ་རྣམས་ལ་དབྱེ་འབྱེད་བྱེད་དགོས་པ་ལས་བཟང་པོ་བྱས་ཀྱང་ངན་པ་ངན་པ་བྱས་པ་བྱས་ཀྱང་ངན་པ་ལབ་ན་ཡག་པོ་ཡོད་མ་རེད། དེ་ནི་ཕྱོགས་ཞེན་གྱི་སྐད་ཆ་རེད། ད་ཆ་རྒྱ་ནག་གིས་ཡག་པོ་གནང་ན་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་དགོས་ཀྱི་རེད། རྒྱ་ནག་གི་བྱ་བ་ཐམས་ཅད་ནོར་འཁྲུལ་དང་ངན་པ་རྐྱང་རྐྱང་མ་རེད་ལ་བོད་པས་སྒྲུབ་ཚད་བཟང་པོ་རྐྱང་རྐྱང་དེ་བས་ཀྱང་མ་རེད། དེས་ན་བཟང་ལ་བཟང་ལན་དང་ངན་ལ་ངན་ལ་ངན་འཇལ་རྒྱུ་ནི་འཇིག་རྟེན་ལུགས་མཐུན་གྱི་ལམ་ལུགས་ཤིག་རེད།
དེ་རིང་ང་། ལས་དོན་ག་གེའི་མོའི་སླད་དུ་གངས་སྐྱིད་དུ་སོང་། ཉོབ་མདངས་ལྷུག་ལྷུག་གི་གཞུང་ཞབས་ཕོ་མོ་ཚོ་མཐོང་བས། ང་སྐྱོ་ཞིང་གདུང་། དེ་ནས་དཔེ་མཛོད་ཁང་གི་ཉེ་འཁྲིས་སུ་བཅར། དཔེ་མཛོད་འགན་འཛིན་གཙོས་པའི་ལས་བྱེད་ཚོའི་དགོད་སྒྲ་དང་། མཛུབ་བར་ནས་ཐག་ཐག་ཡར་བའི་གེ་རམ་གྱི་ཁྲོག་སྒྲ། ཧ་ཧ་དང་ཧོ་ཧོའི་དགོད་སྒྲ་དེ་ལས་རེ་བའི་སེམས་པ་རྨེག་མེད་དུ་བཅོམ་སོང་། རོ་ཐོག་རྟ་རྒྱུག་ཟེར་བ་འདི་འདྲ་ཞིག་ལོས་ཡིན་སྙམ་སོང་། རྡ་རམ་ས་ལ་ན་ཅི་ཞིག་ཡོད་དམ། ༸གོང་ས་མཆོག་བཞུགས་པ་དངོས་གནས་རེད། ཁོང་གིས་ས་ཡོམ་གོད་ཆག་ཁྲོད་ཀྱི་སྐྱེ་རྒུའི་མི་དམངས་ལ་མཛའ་བརྩེའི་གསུང་འཕྲིན་དང་བསྔོ་སྨོན་གནང་སོང་། ད་དུང་ཐོག་དང་པོར་གོ་སྐབས་བརྩོན་ལེན་གནང་སྟེ། ཕ་ཡུལ་སྐྱེ་རྒུའི་ཡུལ་གྱི་རང་གི་འབངས་མི་ལ་ཐུག་ཏུ་འགྲོ་བར་དྲིལ་བསྒྲགས་སོང་། ༸གོང་ས་ཐམས་ཅད་མཁྱེན་པ་དངོས་གནས་བཞུགས་འདུག
འོན་ཀྱང་བོད་གཞུང་གི་བཀའ་ཁྲི་མཆོག་ཀྱང་བཞུགས་ཡོད་དམ་མེད། མི་དམངས་སྤྱི་འཐུས་རྣམས་ཀྱང་བཞུགས་ཡོད་དམ་མེད། ཚོར་སྣང་ཅི་ཡང་མ་བྱུང་། གཅིག་བྱས་ན་གསང་བའི་བརྒྱུད་ལམ་རེ་ན་འབད་འབུངས་བྱེད་བཞིན་ཡོད་ལས་ཆེ། ད་ལྟའི་རེ་བ་བཅངས་ཡོད། ཉིན་གུང་གཞུང་ཞབས་ཚོའི་གུང་གསེང་སྐབས་ཀྱང་མཐོང་སོང་། ཚ་གདུག་ཆེ་བས་ཡིན་ནམ། ཚང་མའི་གདོང་ན་གྲིམ་རིག་རིག་གི་རྣམ་འགྱུར་དང་། ལང་ཆོག་ཆོག་གི་སྙིང་སྟོབས་ཟུར་ཙམ་ཡང་མི་འདུག ཚང་མ་ཕག་པ་ལྟར་ཡམ་ཡོམ་ལྷ་ལྷུག་ངང་འགྲོ་བཞིན་འདུག ལས་ཁུངས་ཁག་གི་ར་སྐོར་དང་། གྱང་རྟིང། རྒྱ་ལམ་བཅས་སུ་གད་སྙིགས་དང་ས་རྡུལ་ཕྱུར་བུར་སྤུངས་ཏེ་འདུག ངའི་སེམས་ལ་ཁོང་ཅག་ལ་ཚོར་བ་ཡོད་དམ་སྙམ། ཐེངས་འདིའི་སྐྱེ་རྒུའི་མི་དམངས་ལ་འཕྲད་པའི་གོད་ཆག་ཐད་ཁོ་ཚོར་རྒྱུས་མངའ་ཇི་ལྟར་ཡོད་དམ། བོད་གནས་ཉམས་ཞིབ་ཀྱིས་ཇི་ཞིག་ཉམས་ཞིབ་བྱས་ཡོད་ཨང་སྙམ། གལ་སྲིད་བདུན་ཕྲག་རེ་གཉིས་རྗེས་བོད་གནས་ཉམས་ཞིབ་པ་ཚོར་ཐེངས་འདིའི་གནས་ཚུལ་ཐད་དོན་དངོས་ལ་འབབ་པའི་རྒྱུགས་གཞི་ཞིག་སྤྲད་ན་གང་འདྲ་ཡིན་ནམ། རྒྱ་གཞུང་གིས་ལག་གང་སྔ་བརྩད་ནས་ཚེས་༢༡་ཉིན་སྐྱེ་རྒུའི་མི་དམངས་ལ་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཟེར། ང་ཚོའི་སྲིད་གཞུང་འདིའི་ཐད་ཀྱང་རྗེས་སུ་ལུས་སོང་། རང་གི་མི་དམངས་ལ་ད་ལྟའི་དར་སྲོལ་ལྟར་གྱི་མྱ་ངན་ཞུ་བར་རྒྱ་གཞུང་སྔོན་ལ་ཤོར་སོང་བར་ཅི་སྙམ་གྱི་འདུག་གམ། ངའི་གཅེས་ཤིང་བརྩེ་བའི་གཞུང་ས་དགའ་ལྡན་ཕོ་བྲང་དང་དེའི་གཞུང་ཞབས་པ་ཚོ།
དངོས་གནས་སྐྱོ་དགོས་པ་ནི་གཤིན་པོ་རྣམས་ཡིན་གསོན་པོ་རྣམས་ལ་ནི་བཙན་བྱོན་གཞུང་གི་བལྟ་ཐོག་མ་གནང་ཡང་འཆི་མི་སྲིད། བོད་ཀྱི་གཏམ་དཔེར། མི་མ་ཤི་ཟོག་གི་སྡོང་པོ་ཡིན་ཟེར། འོན་ཀྱང་སེམས་ཕམ་པ་ཞིག་ལ་བཙན་བྱོལ་གཞུང་འཛིན་མི་སྣས་ནམ་རྒྱུན་དོན་གྱི་བདག་པོ་གཞི་ལུས་རྒྱལ་གཅེས་མི་མང་ཡིན་ཞེས་འདྲ་ཆགས་ཀྱི་བཀའ་མོལ་དེ་རྣམས་བདེན་པ་ཡིན་ན། ད་ལྟ་གཞི་ལུས་རྒྱལ་གཅེས་མི་མང་དཀའ་སྡུག་ལ་གནས་པ་རྣམས་ལ་བཙན་བྱོལ་གཞུང་གི་མཚན་ཐོག་ནས་གཟིགས་བསྐོར་ཞིག་ལ་ཕེབས་ཐུབ་ན་གང་ལེགས་དང་། དེ་མ་བྱུང་ཡང་གེགས་སྐྱོབས་རོགས་དངུལ་འདྲ་གནང་ན་བསམ་ཀྱང་ད་ལྟའི་འཆར་གོ་རྒྱུ་ཐོས་རྒྱུ་མེད་པ་ཧ་ཅང་སེམས་པ་སྐྱོ་བྱུང་།
གཞི་ལུས་བོད་མི་རྣམས་ཀྱི་རྒྱུ་དངོས་ཙམ་མ་ཟད་ས་གནས་ས་ཐོག་ཏུ་སྐྱོད་ནས་རོགས་རམ་གནང་བཞིན་པ་ལ་སྙིང་ནས་དགའ་བ་བཅས་དགའ་སྐྱོ་དང་བློ་ཕན་གྱི་ངང་ནས་ཞིང་བཤེགས་སྤུན་ཟླ་རྣམས་ཆེད་མ་ཎིའི་དབྱངས་རེ་དང་མིག་ཆུའི་སྐྱེམ་ཆང་འབུལ་བ་ལས་འབད་དེ་སེམས་པ་ཡིད་ཐང་ཆད་སོང༌
༧གོང་ས་མཆོག་བོད་དུ་ཕེབས་ཆེད་དེ་ཁ་བཤད་དང་རེ་བ་ཙམ་གྱི་ངང་ནས་མི་འཇོག་པར། ཁ་ཚ་དགོས་གཏུག་གིས་ལག་ལེན་དངོས་དང་འབྲེལ་ནས་ཐབས་ལམ་འཚོལ་དགོས། འབྲེལ་ཡོད་ཁག་ལ་འབོད་སྐུལ་དང་ཞུ་གཏུགས་ནན་མོ་བྱེད་དགོས། དགོས་མཁོ་དང་བདེན་དོན་འོག་ནས་བོད་མི་མང་ལ་སྐུལ་སློང་གཏོང་དགོས།
ད་ལྟ་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་སྐྱེ་དགུའི་མི་དམངས་ལ་མྱ་ངན་དང་རྒུད་སྐྱོབས་ཀྱི་ཞལ་འདེབས་བསྡུ་བའི་བྱ་འགུལ་སྤེལ་གྱི་འདུག གསར་འགོད་པ་དག་གངས་སྐྱིད་དཔེ་མཛོད་ཀྱི་སྒོ་འགྲམས་དང་། གསོལ་ཐབས་ཁང་བཅས་སུ་སོང་ནས་ལྟོས་དང་། དེ་གར་གེ་རམ་རྩེ་བཞིན་པའི་གཞུང་ཞབས་པ་ཚོའི་དགོད་སྒྲ་དང་། དཔེ་མཛོད་ལས་བྱེད་ཚོའི་འཛུམ་མདངས་དང་དགོད་སྒྲས་བཀང་ནས་འདུག ཐག་ཉེ་བའི་གསར་འགོད་པ་ཚོ་མྱུར་དུ་རྒྱུགས
དགོངས་དག་་་་་བླ་མ་ཟམ་གདོང་ཚང་ལ་སྐྱོན་བརྗོད་འདྲ་ཞིག་སོང་འདུག་ཀྱང་གོ་བ་ལྡོག་ཕྱོགས་ནས་བཞེས་རྒྱུའི་རེ་བ་དང་ཆོད་སེམས་གཉིས་ཀ་ཡོད་ཅེས་ཞུ་རྒྱུ་ཡིན།་་་་་་་་་་་དེ་ཡོང་ཇི་སྐད་དུ།
འཇིག་རྟེན་མཐའ་དང་ལྡན་ནམ་ཞེས།
ཞུ་ཚེ་རྒྱལ་བ་མ་གསུང་བཞུགས།་
ཞེས་གཞུང་ཆེན་པོའི་ནང་བཅོམ་ལྡན་འདས་ཀྱི་ལན་མ་གསུང་བ་དེ་ཉིད་ལན་གྱི་མཆོག་ཡིན་ཞེས་གསུང་པ་ལྟར་ཏན་ཏན་ཟམ་གདོང་ཚང་ལ་རྒྱུ་མཚན་ཞིག་ཡོད་པ་ཐག་ཆོད་ཆོག་་་་་་་་དྲ་གྲོགས་ཚོ་ལས་འགུལ་མ་སྤེལ་བ་དེ་ཉིད་ལས་འགུལ་གྱི་མཆོག་ཡིན་པ་ཤེས་སམ།།།།།།།།།།།།།།།།།།།
རྒྱ་ནག་གིས་ད་རེས་གོ་སྐབས་བཟུང་ནས་གཅིག་རྗེས་གཉིས་མཐུད་ངང་ལས་འགུལ་ཚ་ཚ་འུར་འུར་བྱས་ནས་སྤེལ་བཞིན་འདུག
དེ་རིང་ཞོགས་པར་ཅ་ཆིན་ལིན་གྱིས་ཆབ་སྲིད་ཀྱི་སྐད་ཆ་ཚིག་གཅིག་མེད་པར་ཕྱི་སྡོད་བོད་རིགས་རྒྱལ་ནང་དུ་མྱ་ངན་ཞུ་བར་ཡོང་ན་སྣེ་ལེན་ཡོད་ཅེས་བརྗོད་འདུག་་དེ་བཞིན་སང་ཉིན་རྒྱ་གཞུང་གི་གཞུང་འབྲེལ་མྱ་ངན་ཞུ་རྒྱུ་ཡིན་ཞེས་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱས་སོང་།་་་་་་་་་་དེ་དག་ནི་རྒྱ་ནག་གཞུང་གིས་འཛམ་གླིང་མི་དམངས་ལ་མགོ་བསྐོར་བའི་གཡོ་ཇུས་ཤིག་ཡིན་ནམ།་་དེ་ལས་ལྡོག་ནས་ཁ་ཞེ་གཉིས་མེད་བོད་མི་རིགས་ལ་བཅངས་པའི་བརྩེ་སེམས་ཤིག་ཡིན།་་་་་་་ངས་བལྟས་ན་བོད་གཞུང་མང་གཉིས་ནས་མགོ་རུལ་རྣ་བས་མ་ཚོར་བའི་དཔེ་ལྟར་བོད་མི་རིགས་ལ་གོད་ཆག་འདི་འདྲ་བྱུང་སྐབས་མཎི་དང་ཞལ་འདོན་ཙམ་གསུང་ནས་བསྡད་པ་ལས་དྲག་འགུལ་ཅི་ཡང་མ་སྤེལ་སྟབས་བོད་མི་ན་གཞོན་མི་ཉུང་བ་ཞིག་ཉིན་རེ་ནས་ཉིན་རེ་རྒྱ་གཞུང་ལ་བློ་ཁ་ཕྱོགས་འགྲོ་བའི་ཉེན་ཁ་ཆེ་ཆེར་མཐོང་བཞིན་འདུག
ད་རེས་བླ་མ་ཟམ་གདོང་ཚང་ཡང་དགོས་སར་ཆད།་་མི་དགོས་སར་ལྷག་ཅེས་པའི་དཔེ་ལྟར་གྱུར་བ་ཨེ་ཡིན།་་་་ཉེ་སྔོན་བླ་མ་ཟམ་གདོང་གིས་ང་ཚོ་བཀའ་བློན་རྣམས་བདེ་སྡུག་གི་ཚོར་བ་ཡོད་མཁན་ཞིག་ལས་འཕྲུལ་འཁོར་དང་ལྩགས་གློག་མིན་ཞེས་ལབ་འདུག་ཀྱང།་ཁོང་གིས་བཀའ་ཟུར་རྣམས་ལ་ཡིད་ཚིམས་པའི་དགག་ལན་ཚ་ཐག་ཆོད་ཅིག་བརྒྱབ་ཟིན་རྗེས་ཕལ་ཆེར་ཁོང་ཡང་གོ་མེད་ཚོར་མེད་ཀྱི་ལྕགས་མཁྲེགས་ངོ་མ་ཞིག་ཏུ་འགྱུར་འགྲོ་བར་མིན་ནམ་སྙམ་པའི་དོགས་པ་སྐྱེ་བཞིན་འདུག
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་བཀའ་ཁྲི་ཟམ་གདོང་མཆོག་རྣམ་གཉིས་ལགས། དེང་སང་ཕྱག་ལས་ག་རེ་གནང་གི་ཡོད་དམ། གཞེས་བཞུགས་བོད་མིས་ཁྱེད་རྣམས་ལ་རེ་བ་བཅངས་ཚད་འདི་ལྟར་སྣང་མེད་ངང་ཆུད་ཟོས་སུ་གཏོང་གི་ཡིན་ནམ།
སྐུ་ངོ་རྣམས་པ། ཁྱེད་རྣམས་ཀྱིས་ད་སྐབས་སྤུན་ཟླ་མང་པོ་རང་བྱུང་གི་གོད་ཆག་འོག་ཏུ་དཀའ་སྡུག་ཇི་འདྲ་མྱོང་གི་འདུག་དེ་ལ་གཞེས་བཞུགས་བོད་མི་གཞན་གྱིས་སེམས་ཁུར་གང་འདྲ་གནང་གི་འདུག་མིན་གཟིགས་ཙམ་གནང་རོགས། དེ་ནས་ང་ཚོ་འདི་ལྟར་བག་ཕེབས་ངང་བཞུགས་ན་འགྲིག་མིན་ཤེས་ཐུབ།
ད་ཆ་བོད་ནང་གནས་སྟངས་ཛ་དྲག་འདི་འདྲ་སྐབས་བཙན་བྱོལ་གྱི་སྐུ་ངོ་རྣམས་པ་ཁ་བཤད་སྙན་མོ་ངང་ནས་མི་མངོན་པའི་དབྱིངས་གང་ཞིག་ལ་ཕེབས་སམ།
གཞེས་བཞུགས་བོད་མིས་བྱེས་འབྱོར་གྱི་སྐུ་དྲག་རྣམས་པའི་ཕྱག་ལས་འདི་དག་རིམ་བཞིན་གོ་ཐོས་སུ་གྱུར་དུས་རེ་བ་དང་ཡིད་ཆེས་ཀྱི་ལྕགས་ཐག་འཆད་མི་སྲིད་པ་མིན།
དངོས་གནས་བློ་གྲོས་རྒྱ་བོས་བཤད་པ་བདེན་པ་རེད། ཕྱི་དྲིལ་དྲུང་ཆེས་ང་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྔ་ས་ནས་གནང་གྲུབ་པ་རེད་ལབ་པ་དེ་ག་རེ་རེད། ཆུ་ཚོད་གཅིག་གཉིས་ཤིག་ལ་བསྔོ་སྨོན་ཙམ་ཚོགས་པས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གྲུབ་པ་ཡིན་ན། བོད་ནང་ནས་ལོ་གཅིག་གི་རིང་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་བསྒྲུབ་རྒྱུ་ཡིན་ཟེར་བ་དེ་ག་རེ་ཡིན་ན། བཙན་བྱོལ་གཞུང་གི་ངོས་ནས་ཆུ་ཚོད་གཅིག་གཉིས་ཤིག་གི་རིང་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཚང་མ་བསྒྲུབས་ཐུབ་ས་ནས་བོད་ནང་གི་དགོན་སྡེ་ཁག་གིས་མི་ཐུབ་པ་ནི་ཡིན་དོན་མེད། བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱི་གནང་སྟངས་ལ་གཅིག་ལྟོས་དང་། ཅི་འདྲའི་བློར་འགྲོ་ཞིང་ཡིད་འགུལ་ཐེབས་པ་ཞིག་རེད་ཨང་། བྱེས་སུ་ཡོད་པའི་ནམ་རྒྱུན་མི་རིགས་དང་ལ་རྒྱ་ཟེར་མཁན་གྱི་ཆེན་པོ་མཐོ་བོ་དེ་དག་ག་བར་ཕྱིན་སོང་བ་རེད། གོད་ཆག་འདི་བྱུང་ནས་བདུན་ཕྲག་གཅིག་གི་རྗེས་སུ་གཞི་ནས་སྒེར་བ་འགའ་ཤས་ནས་རོགས་སྐྱོར་ཞལ་འདེབས་བསྡུ་བའི་ལས་འགུལ་ཟིག་མ་བསྐུལ་ངང་སྡུད་བཞིན་པ་ལས་བོད་གཞུང་ལ་གྲགས་འགུལ་ཙམ་མེད་པ་ཅི་རེད། ད་རེ་བཀའ་སྤྱི་གཉིས་གཉིད་ལ་ཤོར་སོང་བ་རེད་པས། བོད་གཞུང་དམངས་ཛ་དྲག་ཚོགས་པ་མུག་འཐོར་ལ་བུད་སོང་བ་རེད་པས། ཆོལ་གསུམ་བོད་རིགས་སུ་ལ་ཡང་རང་བྱུང་དང་རང་བྱུང་མ་ཡིན་པའི་གནོད་པ་ཅི་བྱུང་ཡང་ང་ཚོས་ཅི་ནུས་གང་ལྕོགས་བྱེད་དགོས་པ་ནི་སྨྲོས་མེད་ཡིན་པ་ལས། རང་བྱུང་གོད་ཆག་བྱུང་ན་ཅི་མི་སྙམ་པར་འདུ་མུར་བཞག་ན་ག་ལ་འགྲིག
བདག་ཅག་བོད་འབངས་ཡོངས་ཀྱི་༧མགོན་སྐྱབས་༧གོང་ས་ཡེ་ཤེས་ནོར་བུ་མཆོག་སྐྱེ་རྒུ་མདོར་ཕེབས་ཐུབ་ན་ཤིན་ཏུ་བཟང་མོད་་འོན་ཀྱང་ཁོང་གི་སྐུ་ཕྱྭར་སེམས་འཕྲལ་ཆེན་པོ་འདུག་་བསྟན་དགྲ་རྒྱ་དམར་དེ་གཡོ་རྒྱུ་ཇི་ཙམ་ཞིག་ཡོད་པ་བོད་མི་སྤྱི་བོ་རྣམས་བསྟན་ཡོངས་ཀྱིས་མཁྱེན་གསལ་ལྟར་རེད།དེན་མིན་༧གོང་ས་མཆོག་ལས་ལྷག་པའི་གཞན་སུ་ཞིག་གིས་ཀྱང་སྤུན་ཟླ་དེ་རྣམས་ཀྱི་སྡུག་བསྔལ་ཡང་དག་ཤིག་བསེལ་མི་ཐུབ་་གལ་ཏེ་༧གོང་ས་མཆོག་ཕེབས་བཅུགས་ཚེ་བོད་གཞུང་གི་ངོས་ནས་རྒྱ་དམར་མཉམ་དུ་གྲོལ་མོལ་གྱིས་ཁོང་གི་སྐུ་ཕྱྭའི་ཐོག་འགན་ལེན་གཙང་མ་ཡོང་བ་བྱ་དགོས།
འདི་ད་ལྟ་རང་སྤེལ་བའི་གསར་འགྱུར་རེད། བོད་ཕྲུག་ཚོ་རྒྱ་ནང་དུ་འཁྲིད་རྒྱུ་ཐག་ཆོད་པས་འདི་ཐད་བོད་གཞུང་ངམ། ༸གོང་ས་མཆོག་གི་མཚན་ཐོག་ནས་གཞིས་བཞུགས་བོད་རིགས་ཚོར་བྲེལ་མྱུར་འབོད་སྐུལ་ཞིག་དགོས་པ་འདྲ།
ཚེས་ཉི་ཤུའི་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཡུས་ཧྲུའུ་ཡི་ས་འགུལ་བྱུང་ས་ནས་ཡོང་བའི་བོད་རིགས་དྭ་ཕྲུག་བཅོ་ལྔ་མེ་འཁོར་ལ་བསྡད་དེ་པེ་ཅིན་ལ་ཐོན།
དྭ་ཕྲུག་བཅོ་ལྔ་བོ་དེ་དག་ནི་མཚོ་སྔོན་ཡུས་ཧྲུའུ་ཡི་ཕན་བདེ་ཁང་གི་རེད། པེ་ཅིན་ནས་བྱིས་པ་དེ་དག་ཞང་སྡེའི་སྤྲོ་གསེང་སྡེ་བ་ཞིག་ཏུ་བཀོད་སྒྲིག་བྱས་ཏེ་སེམས་ཁམས་གསོ་རྒྱུ་ཡིན་ལ། ཟླ་གསུམ་གྱི་རྗེས་སུ་ཡུས་ཧྲུའུ་ཡི་གནས་ཚུལ་བརྟན་འཇགས་སུ་སོང་ཞིང་ཕན་བདེ་ཁང་གི་ཁང་ལ་ཉམས་གསོ་བྱས་རྗེས། ཁོ་ཚོ་ཕྱིར་མཚོ་སྔོན་ལ་ཡོང་རྒྱུ་རེད། བྱིས་པ་དེ་དག་པེ་ཅིན་དུ་འདུག་སྐབས་ཀྱི་གྲོན་དངུལ་གཙོ་བོ་ནི་ཀྲུང་ཧྭ་ན་ཆུང་བྱིས་པའི་སྙིང་རྗེ་རོགས་སྐྱོབ་ཐེབས་རྩ་ཚོགས་པས་སྟེར་རྒྱུ་རེད།
ལོ་ཙཱ་བ། ཕྱུག་ལོ།
ང་ཚོས་རེ་བ་གཅིག་པུ་ཙམ་མིན་པར་ལས་ཀ་བྱེད་དགོས་རེད། ད་སྐབས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱེད་པའི་ཉམས་མྱོང་དང་འབྲེལ་འདྲེས་ཆེ་ཤོས་དེ། དམིགས་བསལ་སྐུ་རྒྱ་རི་རིན་པོ་ཆེ་ཁོང་རིག་རེད། རྒྱ་རི་རིན་པོ་ཆེས་སྔ་མོ་ནས་རྒྱ་ནག་གཞུང་ལ་༸གོང་ས་མཆོག་ཆོས་ཕྱོགས་གཅིག་པུའི་སྟེང་ནས་བོད་ནང་ལ་ཕེབས་ཐབས་ཡོད་རྒུ་རྩ་སྤྲུགས་གནང་མྱོང་ཡོད་རེད་ལ། སྐད་ཆ་ཡང་བཤད་མྱོང་ཡོད་རེད། ཡིན་ན་ཡང་སྐབས་དེ་དུས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་མི་སྣ་ཞིག་ཆགས་བསྡད་ཡོད་རེད། བྱས་ཙང་ཏཱ་ལའི་བླ་མ་དང་བོད་དོན་གཉིས་སོ་སོར་ཕྱེ་རྒྱུ་མེད་ཚུལ་བཤད་ཡོད་རེད། ད་སྐབས་ཡིན་ན་ཡང་རྒྱ་རིས་འབྲེལ་བ་ཞིག་གནོང་དང་། ཆོས་ཕྱོགས་གཅིག་པུ་མ་གཏོགས་ཆབ་སྲིད་ཟུར་འཇོག་གིས་ཕེབས་ན་གང་འདྲ་ཡོང་ས་རེད་ཅེས་རྒྱ་གཞུང་སྐད་ཆ་ཤོད་དང་། གལ་ཏེ་༸་གོང་ས་མཆོག་ཕེབས་མ་ཐུབ་ན་ཨ་ལག་རྒྱ་རི་བླ་མ་་ཚང་ཕེབས་ན་བཟང་གི་རེད།
ས་དང་གནམ་གྱི་བར་ནས་དབྱིངས་དབུགས་འཐོར་ཏེ།།
རི་དང་ལུང་བ་འགུལ་ཙམ་འགུལ་ཙམ་བྱས་ནས།།
བདག་གི་སྤུན་ཟླ་མང་བོའི་ཚེ་སྲོག་ཤོར་བས།།
གདུང་བ་སྙིང་ལ་འཐབ་པའི་མགུར་འདི་བླངས་སོ།།
ཚེས་པ་བཅུ་བཞི་ཉིན་གྱི་ཞོགས་པ་སྔ་མོར།།
མལ་ལས་ལྡང་སྟེ་ལས་ཁུངས་ཕྱོགས་སུ་ཡོང་དུས།།
ལྟས་ངན་ཁ་པར་འདི་ཡི་སང་སྒྲ་གྲག་ནས།།
མི་སྙན་གཏམ་ངན་འདི་ཡི་གསར་འགྱུར་བཤད་སོང་།།
རྣ་ཅོག་འཇོར་བོ་རང་གི་འགུལ་ལ་ཐོགས་ཀྱང་།།
ཐོས་པའི་གཏམ་ངན་འདི་ལ་ཡིད་ཆེས་མ་བྱུང་།།
ད་དུང་བསྐྱར་དུ་ཐོས་པའི་ལས་ལ་འབད་ནས།།
ཁ་པར་ཨང་གྲངས་མང་བོ་གང་སར་མནན་ཏོ།།
མི་སྙན་གཏམ་ངན་ཐམས་ཅད་ཕལ་ཆེར་བདེན་ཏེ།།
ད་རེའི་ཡུལ་ཤུལ་གོད་ཆག་ཆེན་པོ་བདེན་འདུག།
དེ་ནས་བཟུང་སྟེ་སྐར་ཆ་རེ་རེའི་ནང་ལ།།
ཇེ་ངན་ཇེ་སྡུག་གཅིག་འཕྲོར་གཉིས་ཀྱིས་སླེབས་བྱུང་།།
ལས་དང་རྒྱུ་འབྲས་ཟེར་བའི་གཏམ་ཞིག་ཐོས་ཐལ།།
རྐྱེན་དང་བར་ཆད་ཟེར་བའི་སྐད་ཅིག་གོ་ཐལ།།
ཡུལ་ཤུལ་མི་མང་ཤི་བའི་རོ་ཚོགས་མཐོང་དུས།།
ལས་དང་རྒྱུ་འབྲས་འཁོར་ས་ནོར་རམ་སྙམ་མོ།།
གོད་ཆག་གོད་ཆག་ཟེར་བ་འདི་འདྲ་ལོས་ཡིན།།
ད་རེའི་གོད་ཆག་འདི་འདྲ་ཡོང་རྒྱུ་ཆེ་ཡོད།།
སྤུན་ཟླ་གྲངས་མེད་འདས་པའི་གསར་འགྱུར་མཐོང་དུས།།
སྙིང་ལ་འཐབ་པའི་མཆི་མ་མིག་ནས་འཐོར་འགྲོ།
ཕ་དང་མ་ཡི་བྱམས་བརྩེའི་དྲོད་འཁོལ་བོར་ཐལ།།
བུ་དང་བུ་མོ་འཕེལ་བའི་སྤྲོ་སྐྱིད་བརླག་ཐལ།།
བཟའ་ཚང་མགོ་ལུས་འཛོམས་པའི་ཁྱིམ་ཚང་དེ་ཉིད།།
སྒྱུ་མའི་ཨར་འདམ་འཐོར་བའི་ཕུང་བོར་གྱུར་ཐལ།།
འབད་འབད་རྩོལ་བས་བསགས་པའི་རྒྱུ་ནོར་དེ་ཡང་།།
ད་ནི་རྡུལ་ཙམ་འཁྱེར་དབང་མེད་པར་གྱུར་ཐལ།།
བྱམས་བརྩེའི་དྲོད་ཀྱིས་བསྐྱངས་པའི་བུ་ཕྲུག་དེ་ཡང་།།
འགྲོ་ཁར་བདེ་མོ་ཙམ་ཡང་འཇོག་ཁོམ་མེད་སོང་།།
ད་ནི་མགོ་ནག་བོད་ཀྱི་ཐོག་ལ་བབ་པའི།།
སྡུག་བསྔལ་འདི་ལ་སངས་པའི་དུས་ཤིག་ཡོད་དམ།།
ན་ནིང་མེ་འདས་བསད་པའི་སྡུག་གི་སྟེང་ལ།།
ད་ལོར་འབྱུང་བས་གསོད་འདི་བཟོད་ཐབས་མི་འདུག།
སྐྱིད་སྡུག་གནམ་གྱི་ལག་ཅེས་ཕར་ལ་བསྟུན་ན།།
གནམ་རྒན་མས་ཀྱང་ཚུར་ལ་སྡུག་པོ་གཏོང་གི།
གནམ་སའི་བར་ལ་འཚང་བའི་འགྲོ་བ་རིགས་དྲུག།
ད་ནི་གདུང་སེམས་མཉམ་སྐྱེད་བྱེད་ལ་ཐུག་ཡོད།།
རི་དང་ལུང་བ་འགུལ་བའི་ལྟས་ངན་བྱུང་ཐལ།།
ས་རྡོ་རྦབ་དུ་སྙིལ་བའི་གོད་ཆག་བྱུང་ཐལ།།
བྲོས་ན་ཐར་བ་མེད་པའི་འཇིག་རྟེན་འདི་ན།།
སྐྱོབས་པའི་ལྷ་ཞིག་ཡོད་ཚེ་དེ་རིང་དགོས་འདུག།
མ་ཎིའི་དབྱངས་ཀྱིས་བོད་ཁམས་ཧྲིལ་བོ་གཡོགས་ཐལ།།
འོ་དོད་སྐད་ཀྱིས་ས་ཡི་གོ་ལ་ཁྱབ་སོང་།།
དུས་ངན་འདི་འདྲ་བོད་ལ་བྱུང་རྒྱུ་ཡོད་ན།།
བདེ་སྐྱིད་ཅིག་ཀྱང་བོད་ལ་ཡོང་རྒྱུ་ལོས་ཡོད།།
རོ་ཡི་ཕུང་བོའི་སྟེང་ལ་སྣུམ་ཞག་བླུག་ནས།།
མེ་ལ་སྒྲོན་པའི་དུར་འཇུག་མིག་གིས་མཐོང་ན།།
འདི་ནི་རྨི་ལམ་ཡིན་ནམ་མངོན་གསུམ་ཡིན་ཞེས།།
རང་གིས་རང་ལ་དྲི་བའི་ཐོས་ཚོམ་ཆེའོ།།
ནད་དང་མུ་གེ་འབྱུང་བ་འཁྲུག་པ་འདི་འདྲ།།
ཡོང་རྒྱུ་ཡོད་པ་སྔར་ནས་ཤེས་པ་ལགས་ཀྱང་།།
འདི་ལྟར་མངོན་གསུམ་བབ་པ་མཐོང་བར་གྱུར་ཚེ།།
གློ་དང་མཆིན་པའི་སྟེང་འོག་ཡང་ཡང་བརྗེ་བྱུང་།།
རྐྱེན་ངན་བར་ཆད་འདི་ཡི་སྡུག་བསྔལ་བསམ་ནས།།
ལུས་དང་སེམས་ཀྱི་འབྲེལ་ཐོགས་སེམས་ཅན་སུ་ཡིན།།
བསྔགས་པར་འོས་པའི་མཆིད་པོ་གནམ་ལྕགས་གཞོན་ནུས།།
གནས་མཆོག་དམ་པ་རྡ་རམ་ས་ནས་བླངས་སོ།།
མགུར་འདི་སྐད་ཅེས་བླངས་ནས་རང་གི་སེམས་ཀྱི་སྡུག་བསྔལ་སངས་པའི་གྲོགས་སུ་རེ་བའི་དུས་ནི་ཡུལ་ཤུལ་ས་ཆར་རང་བྱུང་གི་གོད་ཆག་ཐེབས་ནས་ཉིན་དྲུག་འདས་པའི་དུས་སུ་ཤི་གསོན་ཐམས་ཅད་ལ་སེམས་གསོ་ཞིག་དང་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུའོ།།
དངོས་གནས་བྱས་ན། ད་རེའི་རང་གཞུང་གི་གནང་སྟངས་འདི་ངོ་གནོང་དགོས་པ་ཞིག་རེད། ཚོར་བ་མེད་པ་འདྲ་བོ་བྱེད་ཀྱི་འདུག གཞིས་ལུས་མི་མང་གི་མགོ་ལ་འདི་འདྲའི་སྡུག་བསྔལ་ཞིག་ཡོང་སྐབས། རེ་བ་ཙམ་ལས་ཁ་ནས་འདོན་མི་ཐུབ་པ་འདི་ཞབས་འདྲེན་རེད།
དགྱ་ནག་གི་ངོས་ནས་ཚུར་ཀུ་ཡངས་པའི་རྣམ་པ་ཞིག་སྟོན་པའི་སྐབས་སུ། ཚུར་ཕྱོགས་ནས་ཀྱང་ཡིན་མིན་གྱི་ཕུ་ཐག་གསལ་བོ་གཅོད་དགོས་པ་རེད། ད་དུང་བོད་གཞུང་གི་སེམས་མཚོན་བྱེད་དུ་ཞལ་འདེབས་ཤིག་ཀྱང་དགྱ་ནག་ལ་ངོ་གནོང་མི་དགོས་པ་ཞིག་ཁྱབ་བསྒྲགས་བྱེད་དགོས་པ་རེད་པཱ།
སྐྱོ་གདུང་གི་ཁྲོད་ཀྱི་ངར་ཤུགས།
ཀྱེ་མ།
གོད་ཆག་གི་ཉིན་མོ་དེ་ནས་བཟུང་སྟེ།།
བརྙན་འཕྲིན་གྱི་སྒོ་མོ་ཕྱེ་ཐེངས་རེ་རེར།།
སྐྱོ་སྣང་གི་མིག་ཆུ་རེ་རེ་འཐོར་མྱོང།།
གོད་ཆག་གི་ས་ཁུལ་རེ་རེའི་ནང་གི།།
བསད་རྨོས་ཀྱི་འདྲ་གཟུགས་རེ་རེས།།
སྐྱོ་གདུང་གི་ན་ཟིག་རེ་རེ་སྦྱིན་སོང་།།
ཀྱེ་མ། འདི་ནི་རང་བྱུང་གི་གནོད་འཚེ་རེད།
འདི་ནི་ལྡོག་ཐུབ་མེད་པའི་རང་བྱུང་གི་གོད་ཆག་རེད། འདི་ནི་ཚེ་སྔོན་དུ་བསགས་པའི་ལས་དབང་རེད།
ཨེ་མ།
གོད་ཆག་གི་ཉི་མ་དེ་ནས་བཟུང་སྟེ།།
བརྙན་འཕྲིན་གྱི་སྒོ་མོ་ཕྱེ་ཐེངས་རེ་རེར།།
ལྷག་བསམ་གྱི་བགྱིད་སྒོ་རེ་རེ་མཐོང་སོང་།།
བརྩེ་སེམས་ཀྱི་ལག་རྡང་གཅིག་ཏུ་སྦྲེལ་བའི།།
བོད་རིགས་ཀྱི་བཅོས་མིན་ལ་རྒྱ་རེ་རེས།།
གསོན་ཤུགས་ཀྱི་ངར་ཆུ་རེ་རེ་སྦྱིན་སོང་།།
ཨེ་མ། འདི་ནི་མི་རིགས་ཀྱི་སྤྱོད་བཟང་རེད།།
འདི་ནི་འགོག་ཐུབ་མེད་པའི་མི་བོད་རིགས་ཀྱི་སྤྱོད་བཟང་རེད།
ཨེ་མ། འདི་ནི་བྱམས་དང་སྙིང་རྗེའི་རིན་ཐང་རེད།
བསྔོ་སྨོན་དང་སྐྱིད་སྡུག་མཉམ་མྱོང་།
རང་བྱུང་གི་གོད་ཆག་འོག་ནས།།
ཚེ་སྲོག་གི་རྒྱུན་ཐག་ཆད་དེ།།
ཕྱི་མ་ཡི་ལམ་ལ་ཞུགས་མཁན།།
འཁྲུལ་སྣང་གི་འཇིགས་སྐྲགས་མ་བྱེད།།
རིས་མེད་ཀྱི་སྐྱེས་ཆེན་དུ་མའི།།
དམིགས་མེད་ཀྱི་བརྩེ་བའི་དབྱིངས་ནས།།
དྲི་མེད་ཀྱི་བསྔོ་སྨོན་བཟང་པོ།།
ཁྱེད་ཅག་གི་ཆེད་དུ་བསྔོས་ཡོད།།
ཆོས་ལྡན་གྱི་སྐྱེ་བོ་རྣམས་ཀྱི།།
ཡིག་དྲུག་གི་དབྱངས་རྟ་སྙན་མོ།།
སྣང་གསལ་གྱི་མར་མེ་ལྷན་དུ།།
ཁྱེད་ཅག་གི་རྫོང་བར་ཕུལ་ཡོད།།
རང་བྱུང་གི་གོད་ཆག་འོག་ནས།།
ལུས་སེམས་ཀྱི་རྨ་ཁ་ཆེ་བའི།།
ཡུལ་ཤུལ་གྱི་ཤུལ་ལུས་མི་མང།།
དཔའ་ཞུམ་གྱི་མྱ་ངན་མ་བྱེད།།
རྒྱལ་ཁབ་ཀྱི་བཀོད་འདོམས་འོག་གི།།
ལྷག་བསམ་གྱིས་དང་དུ་བླངས་པའི།།
མྱུར་སྐྱོབས་ཀྱི་རུ་ཁག་མང་པོས།།
ངལ་མེད་ཀྱི་ལས་དོན་སྒྲུབ་བཞིན།།
ཁྱེད་ཅག་གི་གནས་དེར་བསྡད་ཡོད།།
ཕྱི་ནང་གི་བོད་རིགས་ཡོངས་ཀྱིས།།
སྙིང་རྗེ་ཡི་ཕྱག་ཟུང་སྐྱོངས་བཞིན།།
བརྩེ་སེམས་ཀྱི་ཐུགས་ཁུར་ཆེན་པོ།།
ཁྱེད་ཅག་གི་ཕྱོགས་ལ་བཅངས་ཡོད།།
བོད་ནང་དུ་མདོ་སྨད་མི་དམངས་གཙོས་པའི་ཆོལ་གསུམ་བོད་རིགས་ཡོངས་ནས་མི་རིགས་གཅིག་པའི་འདུ་ཤེས་ཟབ་མོས་ཞལ་འདེབས་དང་བསྔོ་སྨོན། ཐ་ན་རང་ཁྱིམ་ལ་རྩམ་པ་ཁུག་མ་གང་དང་བག་ལེབ་རེ་ལས་མེད་ནའང་ཞལ་འདེབས་འབུལ་ལས་འགུལ་ལོ་རྒྱུས་སྟེང་བྱུང་མ་མྱོང་བ་འདི་འདྲའི་སྐབས་ལ་བཙན་བྱོལ་གཞུང་ཇི་མི་སྙམ་པར་བཞུགས་པ་དང་། ཕྱི་དྲིལ་དྲུང་ཆེ་འདིས་བཀའ་མོལ་གནང་སྟངས་ལ་བློ་ཕམ་ཚད་མེད་ཡོད།
དུས་ཚོད་གཉན་འཕྲང་ཅན་འདི་སྐབས་ལའང་ཁ་སྙན་ཚིག་སྙན་འདྲ་བཤད་ནས་བསྡད་རྒྱུ་ཡིན་ནམ། བཀའ་བློན་ཁྲི་པ་གང་དུ་ཕེབས་སོང་། སྤྱི་འཐུས་ཚོགས་གཙོ་གང་ལ་བཞུད་སོང་། གྲོས་ཚོགས་ནང་སྙིང་རྗེ་དང་གཞན་ཕན་བཤད་མཁན། དྲང་པོ་ཡིན་མདོག་སྟོན་མཁན་གྱི་ཆོས་ལུགས་སྤྱི་འཐུས་རྣམས་གང་ལ་ཐིམ་སོང་་་་་་་་་་་
ང་ཚོས་རེ་བ་གཅིག་པུ་ཙམ་མིན་པར་ལས་ཀ་བྱེད་དགོས་རེད། ད་སྐབས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱེད་པའི་ཉམས་མྱོང་དང་འབྲེལ་འདྲེས་ཆེ་ཤོས་དེ། དམིགས་བསལ་སྐུ་རྒྱ་རི་རིན་པོ་ཆེ་ཁོང་རིག་རེད། རྒྱ་རི་རིན་པོ་ཆེས་སྔ་མོ་ནས་རྒྱ་ནག་གཞུང་ལ་༸གོང་ས་མཆོག་ཆོས་ཕྱོགས་གཅིག་པུའི་སྟེང་ནས་བོད་ནང་ལ་ཕེབས་ཐབས་ཡོད་རྒུ་རྩ་སྤྲུགས་གནང་མྱོང་ཡོད་རེད་ལ། སྐད་ཆ་ཡང་བཤད་མྱོང་ཡོད་རེད། ཡིན་ན་ཡང་སྐབས་དེ་དུས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་མི་སྣ་ཞིག་ཆགས་བསྡད་ཡོད་རེད། བྱས་ཙང་ཏཱ་ལའི་བླ་མ་དང་བོད་དོན་གཉིས་སོ་སོར་ཕྱེ་རྒྱུ་མེད་ཚུལ་བཤད་ཡོད་རེད། ད་སྐབས་ཡིན་ན་ཡང་རྒྱ་རིས་འབྲེལ་བ་ཞིག་གནོང་དང་། ཆོས་ཕྱོགས་གཅིག་པུ་མ་གཏོགས་ཆབ་སྲིད་ཟུར་འཇོག་གིས་ཕེབས་ན་གང་འདྲ་ཡོང་ས་རེད་ཅེས་རྒྱ་གཞུང་སྐད་ཆ་ཤོད་དང་། གལ་ཏེ་༸་གོང་ས་མཆོག་ཕེབས་མ་ཐུབ་ན་ཨ་ལག་རྒྱ་རི་བླ་མ་་ཚང་ཕེབས་ན་བཟང་གི་རེད།
ཁ་ཚ་དགོས་གཏུགས་ཀྱིས་དགོས་ཕན་ཞིག་ཡོད་ནི་༧གོང་ས་མཆོག་བོད་ཕེབས་རྒྱུ་སྐོར་ཤུགས་སྣོན་རྒྱུག་དང་་་་་་་་་་་་་་་་་་ཡང་ན་༧་གོང་ས་མཆོག་གི་སྐུ་ཚབ་ཞིག་ངེས་པར་བོད་ནང་གི་ཉམ་ཐག་དེ་དག་ལ་གསོ་སེམས་བྱེད་དུ་ཕེབས་ཐུབ་པ་བྱེད་དགོས།
གཞི་ལུས་མི་དམངས་ཡོངས་ཀྱི་མ་སྐུལ་དྭངས་བླང་གིས་རང་རིགས་ཉམ་ཐག་དེ་དགི་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཚུལ་དུ་བསྔོ་སྨོན་དང་ཟས་རིགས་སྨན་སྣ་དངུལ་སྒོར་ཁྲི་ཕྲག་མང་བོས་རོགས་སྐྱོར་དང་དཀའ་སྡུག་སེལ་ཐབས་ལ་འབད་འབད་འབུངས་འབུངས་ཀྱིས་ཧུར་ཐག་བྱེད་པ་འདི་མཐོང་གི་མེད་པ་ཡིན་ནམ་་་་་་་་་་་་་་་་་་་་་མཐཽང་ཀྱང་མ་མཐོང་མདོག་མདོག་བྱས་བ་ཡིན་ནམ་་་་་་་་་་་་་་་
བཙན་བྱོལ་གཞུང་དམངས་གཉིས་ཀྱི་ཁ་སྙན་ཚིག་སྙན་དེས་ཉམ་ཐག་གི་རང་རིགས་་དེ་དག་གི་སེམས་ཀྱི་རྨ་ཁ་གསོ་མི་ཐུབ་ལ་སྙིག་གི་ན་ཟུག་དྭངས་མི་ཐུབ
རྒྱལ་བ་རིན་པོ་ཆེ་དངོས་སུ་ཕེབས་མ་བཅུགས་ན་སྐུ་ཚབ་བཏང་དང་།
བོད་གཞུང་ཚང་གིས་ཁ་སྙན་པོ་བཤད་པ་ལས་དངོས་སུ་ལག་ལན་མ་བྱེད་གང་ཡིན་ནམ། ས་ཡོམ་ཁྲོད་དུ་བོད་མི་རྣམས་ཀྱིས་རང་སྲོག་ལ་མ་འཛེམ་པར་སྙན་ཞུ་ཕུལ་སྟངས་ལ་ལྟོས་དང་། རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཕྱོགས་སྐོར་རྒྱ་ནག་གཞུང་ལ་འབྲེལ་བ་གང་ཡང་མ་བྱེད་པར་ཁ་སྙན་པོ་བཤད་ན་གང་ཕན། འབྲེལ་བ་བྱེད་པ་ཙམ་གྱི་མི་ཕན་པར་འབྲེལ་བའི་དོན་འབྲས་མི་མང་ལ་གསལ་བསྒྲགས་བྱེད་དགོས། འདི་ནི་ད་ལྟ་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་རེད།
བོད་གཞུང་ཚང་གིས་ཁ་སྙན་པོ་བཤད་པ་ལས་དངོས་སུ་ལག་ལན་མ་བྱེད་གང་ཡིན་ནམ། ས་ཡོམ་ཁྲོད་དུ་བོད་མི་རྣམས་ཀྱིས་རང་སྲོག་ལ་མ་འཛེམ་པར་སྙན་ཞུ་ཕུལ་སྟངས་ལ་ལྟོས་དང་། རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཕྱོགས་སྐོར་རྒྱ་ནག་གཞུང་ལ་འབྲེལ་བ་གང་ཡང་མ་བྱེད་པར་ཁ་སྙན་པོ་བཤད་ན་གང་ཕན། འབྲེལ་བ་བྱེད་པ་ཙམ་གྱི་མི་ཕན་པར་འབྲེལ་བའི་དོན་འབྲས་མི་མང་ལ་གསལ་བསྒྲགས་བྱེད་དགོས། འདི་ནི་ད་ལྟ་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་རེད།
བློ་དབང་ལགས ཁྱོད་ཀྱིས་བཤད་པ་བཞིན་ངོ་མས་ཚོར་བ་ཞིག་མི་འདུག
གདན་ས་ཁག་གཙོ་བའི་དགོན་སྡེ་ཁག་ཡིན་ན་ཡིན་ན་ཡང་དང་ཐོག་གནས་ཚུལ་གོ་རྗེས་ཚོར་བ་ཡོད་མདོག་གིས་འགྲོ་སོང་གང་ཡང་མ་བཏང་བར་བསྔོ་སྨོན་་ཐེངས་གཅིག་གཉིས་ལ་བྱས་རྗེས་དེང་སྐབས་གྲགས་འགུལ་ཅི་ཡང་མི་འདུག
ངོ་ལུགས་ལུགས། སྒྱིད་ལུགས་ལུགས། ཉོབ་ལུགས་ལུགས། འཐོམ་ལུགས་ལུགས། ང་ཚོའི་གཞུང་ཞབས་ཚོ།
གནམ་ལྕག་ལགས་ཀྱིས་གསུང་པ་བདེན་པ་རེད། རེ་བ་རེ་བ་ག་དུས་ཡིན་ན་རེ་བ་ཟེར་ནས་སྡོད་ཡ་མ་རེད། གཞུང་གི་ངོས་ནས་གྲ་སྒྲིག་ག་རེ་བྱེད་དགོས་འདུག མི་མང་གིས་བསམ་ཚུལ་ག་རེ་འདུག གོང་ས་མཆོག་གིས་ཕེབས་ཐུབ་ན་ཡག་པོ་འདུག གསུང་སོང་ད་གྲ་སྒྲིག་བྱེད་སའི་མཚམས་ལ་སླེབ་འདུག ཕྱོགས་གཉིས་ཀ་ལ་འདོད་པ་ཡོད་ན་ཡང་ད་དུང་རེ་བ་ག་བ་ལ་རྒྱག་གི་ཡོད།
http://picasaweb.google.com/aenpokyabgon/AllKyegu2010EarthquakePhotos#
གྲ་སྒྲིག་ཅི་ཡང་མེད་པ་མ་ཟད། དགོངས་པ་བཞེས་ཐུབ་ན་ངོ་མ་ཡག་པོ་ཡོད་པ་རེད་ཟེར། ཉབ་བེ་ཉོབ་བེ་སྦྲིད་སྨན་འཐུང་བ་དང་འདྲ། ངོ་མ་ཚོར་སྣང་ཡོད་དམ། གཅིག་བྱས་ན། ང་ཚོའི་གཞུང་ཞབས་པ་ཚོར་ལྡ་ལི་འཕྲོད་ཀྱིན་མེད་པའམ། ཡང་ན་ལྡ་ལིའི་མིའི་དབང་རྩ་སྦྲིད་པའི་ཉོབ་དུག་ཡོད་པ་འདྲ། དེ་མིན་སྤུན་ཟླ་སྟོང་ཕྲག་མང་པོ་ཚེ་ལས་འདས་པ་དང་། ཁྲི་ཕྲག་མང་པོའི་འཚོ་བ་དང་ཚེ་སྲོག་ལ་འཇིགས་པ་བྱུང་སྐབས་ཀྱང་འདི་ལྟ་བུ་ཞིག་ཅི་ལ་ཡིན་སྲིད།
འདི་ནས་རེ་བ་ཡོད་ལབ་བསྡད་པས་ཅི་ཕན། དེ་ལས་རྒྱ་ནག་གཞུང་ཚབ་ཁང་ལ་དངོས་སུ་སོང་སྟེ་ཁ་ཙམ་ཚིག་ཙམ་ཡིན་མིན་ཐག་གསལ་བོ་གཅོད་དགོས་པ་རེད། མྱུར་དགོས་པ་རེད། གོ་སྐབས་ཡང་ཡང་ཡོང་དཀའ་མོ་རེད།
ད་ལྟའི་ཆར་སང་ཉིན་དམིགས་བསལ་གྱི་མྱ་ངན་སྲུང་གཙི་བྱ་རྒྱུའི་ལས་འཆར་གང་ཡང་བསྒྲིགས་མེད། ཞེས་བའི་སྐད་ཆ་བཤད་རྒྱུ་ངོ་ཚ་དགོས་པ་ཞིག་རེད། དོན་རྐྱེན་བྱུང་ནས་བདུན་ཕྲག་གཅིག་འགྲོ་བཞིན་པ་རེད། ད་དུང་གྲ་སྒྲིག་མེད་ཟེར་དུས་ངོ་མས་ཡིད་གཏིང་ནས་ཞེན་ལོག་པ་དང་ཞེ་གཏིང་ནས་སྙིང་བླང་གི
རེ་བ་བརྒྱབ་་པ་གཅིག་བུས་ཡོང་གི་མ་རེད། ཤུགས་ཆེན་པོ་ཞིག་རྒྱག་དགོས་པ་རེད།