མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཟི་ལིང་གི་བོད་རིགས་ཤེས་ལྡན་པ་བརྒྱད་ཀྱི་བསྒྲཊ་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

གོད་ཆག་གནམ་ལྷུང་འོག་ཡོད་པ་དང་དེ་ལ་དོ་ཁུར་བྱེད་མཁན་གྱི་མི་རྣམས་ལ།

སྤྱི་ལོ་ ༢༠༡༠ ལོའི་ཟླ་ ༤ པའི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང་། ཁམས་ཡུལ་ཤུལ་རྫོང་དུ་ཚད་རིམ་ ༧་༡ ཡིན་ཟེར་བའི་ས་ཡོམ་དྲག་པོ་བརྒྱབ། གསར་འགྱུར་ལས་ཐོས་པ་ལྟར་ན། མི་བུའི་ཚེ་སྲོག་ཁྲི་ཁར་ལོངས་པ་ཤི་རྨས་སུ་སོང་ཡོད་རབས་ཀྱང་། ཚོད་དཔག་གིས་བལྟས་ན། གྲངས་ཀ་དེ་ཙམ་གྱིས་ག་ལ་ཚད་སྙམ།

དུས་མཚུངས་དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་དང་དཔལ་ཡུལ་རྫོང་སོགས་ལའང་ས་ཡོམ་དེའི་ཤུགས་རྐྱེན་ཐེབས་པ་རྦད་དེ་ཚབས་ཆེན་ཡིན་པར་བཤད། སྤྱིར་ཞི་བདེ་ལ་མོས་ཤིང་གཉོམ་ཆུང་ལ་གནས་པའི་ང་ཚོའི་མགོ་ཐོག་ལ། བཙན་དྲག་གཏུམ་གསུམ་གྱིས་བརྙས་པའི་ཁར་གནམ་རྒན་མའི་འདྲེ་ལག་ཀྱང་བཞག་ཚར་བས། ད་ནི་སྡུག་དུས་མཆི་མ་མི་གཏོང་བ་སོ་སྐྱེས་དཔའ་བོའི་ངང་ཚུལ་ཡིན་པའི་ཁུལ་བྱས་ཏེ་རྐང་གཉིས་ས་རུ་ཚུགས་ཏེ་ཡར་ལངས། འདུ་ཞིང་འབྲལ་བ་སྲིད་པའི་ཆོས་ཉིད་ཡིན་པའི་ཟོལ་བྱས་ཏེ་མཁུར་མགོའི་མཆི་མ་ནར་མོ་ལོགས་སུ་འབྱིད་ལ། ཤི་བོ་བཞུད་ཀྱང་གསོན་པོ་འཚོ་དགོས་པའི་གཏན་ཚིགས་ཡིད་ལ་བཅགས་ཏེ་མགྲིན་གྱི་ངུ་ངག་དེའང་ཧར་གྱིས་གཅོད།

ཡང་སྡུག་ཚོད་གང་དུ་བརྒྱབ་ནའང་། འུ་ཅག་ཁྲག་འདྲེས་ནང་མི་རྣམས་ཀྱི་གོང་བུ་གཅིག་སྒྲིལ་གྱི་འདུན་པ་དེ་ནམ་ཡང་ གསོན་པོ་ལུ་གུ་ལྡིང་སྟངས་སུ་ཡོད་པ་འདྲ་ལ། རལ་གྲིས་མི་ཆོད་ཅིང་གསེར་གྱིས་མི་ཁུགས་པའི་རིགས་ཞེན་ཁོལ་མ་འདི་འབའ་ཞིག་ཡོད་པའི་སྟོབས་ཀྱིས། འདི་ནའང་ངེད་ཚོ་ཟི་ལིང་གི་ཡི་གེ་པ་འགས་ཀྱང་ཡུལ་ཤུལ་གྱི་ཕུ་ནུ་མིང་སྲིང་རྣམས་ལ་གཤིན་སྐྱེལ་དང་སྙུན་འདྲི་དང་སེམས་གསོའི་རྣམ་འགྱུར་སོགས་བཅོས་མིན་ལྷད་མེད་དུ་སྟོན་གྱིན་ཡོད་ལ། སོ་སོའི་ནང་གི་དམར་པོ་དེ་ཉིད་མཚོན་བྱེད་དུ་དངུལ་སྒོར་སིལ་མ་འགའ་རེའང་ཕྱོགས་གཅིག་སྦྲེས་བསྡུ་བྱེད་གྲབས་ཀྱིས་ཁྱེད་ཚོའི་ཕྱོགས་སུ་གཏོང་རྩིས་ཡོད། རྒྱུ་མཚན་ནི། ཚོགས་པའི་མགྲིན་ངག་ཏུ་གྱུར་པའི་གསར་འགྱུར་ལ་ཡིད་རྟོན་མི་རུང་བ་ཇི་བཞིན་ཚོགས་པའི་རྩ་འཛུགས་ལའང་ཡིད་རྟོན་ཆེར་མི་རུང་སྟེ། ད་ཚོད་ཡིད་རྟོན་རུང་བ་གཅིག་འདུག་པ་ནི་ཆབ་སྲིད་དགོས་དབང་ལོས་ཡིན་སྙམ་པའི་བབ་ ཀྱིས་འགྲིམ་འགྲུལ་འགྲོ་ལམ་རྒྱ་བསྡམས་པའི་ཚུལ་དེ་རེད། དེ་བས། ང་ཚོས་ཐག་རིང་གི་ཟི་ལིང་ནས་ཁྱེད་ཚོའི་བདེ་སྡུག་ཡིད་ལ་བཅགས་ཏེ་མྱ་ངན་སྐད་ བསྐུར་འདི་ཙམ་ལས་ཅི་ཡང་མ་ནུས། ལྷག་བསམ་ཟོལ་མེད་ཀྱིས་སོ།


མཐར་གསལ་འདེབས་སམ་དྲན་སྐུལ་གྱི་ཚུལ་དུ་བརྣན་རྒྱུ་ཞིག་ཡོད་པ་ནི། གནས་སོ་སོའི་ཡོན་ཏན་པ་དང་ལས་བྱེད་པ་རྣམས་ཀྱིས་ཡུལ་ཤུལ་གྱི་སྡུག་འོག་ཏུ་ཡོད་པའི་ནང་མིའི་ཚོགས་ལ་གདུང་སེམས་མཉམ་སྐྱེད་ཀྱིས། ཟས་གོས་སྨན་གསུམ་གྱི་རོགས་འདེགས་གང་ནུས་བྱེད་རྒྱུ་ནི་བདག་ཅག་རྣམས་ཀྱི་སྙིང་གི་རེ་འབོད་ཉག་གཅིག་པོ་ཡིན་ལ། དེའང་ག་གེ་མོའི་རྩ་འཛུགས་དང་ཆེ་གེ་མོའི་ཚན་ཆུང་སོགས་ཀྱི་དངུལ་བྱང་གང་རུང་དུ་དཔྱ་ཁྲལ་བཞིན་སྤྲད་རྐྱང་བྱས་པས་མི་འགབ་སྟེ། རང་ཉིད་དངོས་སུ་གནས་ཡུལ་དེ་གར་གོམ་ཁ་བསྒྱུར་མི་ནུས་ཀྱང་། དུས་ད་ལྟ་ཉིད་ལ་མཁོ་བའི་མར་ཆུར་རྩམ་པ་དང་གོ་རེ་བག་ལེབ། འཐུང་ཆུ་སོགས་གཅིག་བསྡུས་ཀྱིས་མི་བུ་སོ་སོ་བློས་འཁེལ་ཡོད་པའི་གྲོགས་པོ་སུ་ཞིག་བརྒྱུད་དེ་ཐད་ཀར་སྤྲོད་རྒྱུ་ནི་འགངས་ཆེན་པོ་སྟེ། དེ་ལྟར་བཤད་པའི་སྙིང་དོན་ནི། ཧམ་ཆེན་ཕོ་དབོས་དང་ལྐོག་གཡོ་སྤྱང་ཇུས་ཀྱི་ཐག་དྲ་ནི་འདི་ན་ཡོད་དང་དེ་ན་མེད་ཅེས་རྣམ་ཀུན་ཤོད་པར་དཀའ་བས་སོ།།

ཞེས་ཟི་ལིང་དུ་སྡུག་གི་ཁུར་བོ་ཐེག་མེད་དུ་སྡོད་པའི་ཡི་གེ་པ་སྨིན་དྲུག་དང་། ཞོགས་དུང་། བྱང་སྐར། ཉི་གཞོན། སེང་རྡོར། འགྱན་སངས་རྒྱས་དོན་གྲུབ། འབར་རྡེའུ། མེ་ལྕེ་བཅས་ཀྱིས། ཟླ་ ༤ པའི་ཚེས་ ༡༧ ལ།

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama's second eldest brother Honorable Kasur Gyalo Dhondup together with His Holiness on his arrival at his hotel in Gangtok, Sikkim, India on December 11, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ནགས་ཚང་ནུས་བློ་ལགས་ཀྱིས་བརྩམས་པའི་ནགས་ཚང་གཞོན་ནུའི་རང་མཚང་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།
Mobile App

ནགས་ཚང་གཞོན་ནུའི་རང་མཚང་ཞེས་པའི་དཔེ་དེབ་གསར་པ་ཞིག་དབུ་འབྱེད་གནང་སོང་། 

༢༠༢༣/༡༢/༡༠
Front Slider

༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་གཟེངས་རྟགས་སྒྲིག་གཤོམ་ཁང་རྒྱ་ཆེའི་མི་མང་ལ་སྐབས་དུས་སོ་སོར་མཇལ་ཁའི་གོ་སྐབས་བསྐྲུན་རྒྱུའི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༢/༡༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༣༤ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༣/༡༢/༡༠
བོད་རིགས་བུད་མེད་བསམ་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག པར་འབྲེལ་ཡོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་།
Mobile App

སེམས་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད།

༢༠༢༣/༡༢/༠༨
རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་དབུ་འབྱེད་གནང་།  ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

དབུས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་སྒོ་འབྱེད་གནང་།

༢༠༢༣/༡༢/༠༨

མཆན། 13

  1. བློ་གྲོས་རྒྱལ་པོ། says:
    ལོ་ 14 སྔོན།

    དགེ་བཤེས་མིང་ཅན་འདིས་བརྗོད་གཞི་དང་མ་འབྲེལ་ཉག་ཉོག་རྐྱང་བྲིས་བསྡད་ཀྱི་འདུག ཤེས་ཡོན་ཅན་རྣམ་བཀྲིས་བདེ་ལེགས།་བོད་རང་བཙན་ཡིན།

    Reply
  2. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 14 སྔོན།

    ངས་མཐོང་སོང་།གསལ་བོར་མཐོང་སོང་།

    ས་ཆེན་པོ་འགུལ་ཐེངས་གཅིག་གིས།
    སྐྱིད་འཇིག་རྟེན་གཉིད་ལས་དཀྲོགས་ཏེ།།
    སྐྱོ་སྡུག་གི་གནས་སུ་བསྒྱུར་པའི་དུས་དེར།
    འདུས་བྱས་ཐམས་ཅད་མི་རྟག་ཅེས་པའི།།
    སྡོམ་ཚིག་དེའི་ནང་དོན་དངོས་སུ་མཐོང་སོང་།
    ངས་མཐོང་སོང་།་་་་་་གསལ་བོར་མཐོང་སོང་།

    བརྩེ་མེད་ཀྱི་ས་གཞི་འདར་ཐེངས་གཅིག་གིས།
    ཁྱིམ་གཞི་དྲོད་མོ་རྨིང་ནས་གཏོར་ཏེ།
    ལག་སྟོང་པ་མཆན་ལ་བཅུག་པའི་དུས་དེར།
    རྒྱུ་མི་རྟག་རྫ་མགོའི་བསིལ་བ་ཞེས་པའི།
    དཔེ་དེ་ཡི་ནང་དོན་དངོས་སུ་མཐོང་སོང་།
    ངས་མཐོང་སོང་།་་་་་གསལ་བོར་མཐོང་སོང་།

    ཡུལ་ཤུལ་གྱི་འབྱུང་བཞི་འཁྲུག་ཐེངས་གཅིག་གིས།
    ཡུལ་ཤུལ་གྱི་གྲོང་རྡལ་ཤུལ་མེད་དུ་བཟོས་ཏེ།
    ཡུལ་ཤུལ་གྱི་ཤུལ་ལུས་མི་མང་མཐོང་དུས།
    ཟག་བཅས་ཐམས་ཅད་སྡུག་བསྔལ་ཞེས་པའི།།
    ཚིག་དེ་ཡི་གནས་ལུགས་དངོས་སུ་མཐོང་སོང་།
    ངས་མཐོང་སོང་།་་་་་གསལ་བོར་མཐོང་སོང་།

    ༢༽ངས་མཐོང་སོང་།གསལ་བོར་མཐོང་སོང་།

    སྐྱེ་དགུ་མདོའི་གོད་ཆག་ཁྲོད་ནས།།
    ལྷད་མེད་ཀྱི་ལྷག་བསམ་དཀར་ཞིང་།།
    དཀའ་སྤྱོད་ཀྱི་ལས་ལ་བརྩོན་པའི།།
    མི་རིགས་འདིའི་རང་གཤིས་མཐོང་སོང་།
    ངས་མཐོང་སོང་།་་་་་གསལ་བོར་མཐོང་སོང་།

    གོད་ཆག་གི་མྱ་ངན་ཁྲོད་ནས།།
    ལྷད་མེད་ཀྱི་བརྩེ་སེམས་ཟབ་ཅིང་།།
    སྙིང་རྗེ་ཡི་ཕྱག་ཟུང་རིང་བའི།།
    མི་རིགས་འདིའི་རང་གཤིས་མཐོང་སོང་།
    ངས་མཐོང་སོང་།་་་་་གསལ་བོར་མཐོང་སོང་།

    གོད་ཆག་གི་སྐྱོ་གདུང་ཁྲོད་ནས།།
    བཅོས་མིན་གྱི་ལ་རྒྱ་བརྟན་ཅིང་།།
    རིགས་གཅེས་ཀྱི་ཆོད་སེམས་ལྡན་པའི།།
    མི་རིགས་འདིའི་རང་གཤིས་མཐོང་སོང་།
    ངས་མཐོང་སོང་།་་་་་གསལ་བོར་མཐོང་སོང་།

    རང་བྱུང་གི་གནོད་འཚེའི་ཁྲོད་ནས།།
    ཀུན་ཕན་གྱི་ལས་ལ་བརྩོན་ཞིང་།།
    དཀའ་སྤྱད་ལ་གདོང་ལེན་ཐུབ་པའི།།
    མི་རིགས་འདིའི་རང་གཤིས་མཐོང་སོང་།
    ངས་མཐོང་སོང་།་་་་་གསལ་བོར་མཐོང་སོང་།

    Reply
  3. སྐྱེས་སར་ཀླུ་སྒྲུབ། says:
    ལོ་ 14 སྔོན།

    བཀུར་འོས་པའི་བོད་མི་རིགས་ཀྱི་དཔའ་པོ་སྐུ་ཞབས་འབར་རྡེའུ་དང། ཞོགས་དུང། འགྱན་སངས་རྒྱས་དོན་གྲུབ། བེའུ་རྒྱ་ལྷ་མོ་སྐྱབས། སྨིན་དྲུག ཉི་གཞོན། སེང་རྡོར། མེ་ལྕེ་བཅས་སུ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་ལོ་རྒྱུས་ཀྱི་སོ་མཚམས་རེ་རེ་དང། དུས་བབ་ཀྱི་འགག་སྒོ་རེ་རེ་ནས་ཤེས་ཡོན་པའི་ལས་འགན་ནི་ཆེས་ལྗིད་ཅིང་། འདེགས་དཀའ་བ་ཞིག་ཡིན་པ་སུས་ཀྱང་ཤེས་ངེས་ལ། ཁྱེད་རྣམ་པས་དུས་ནས་དུས་སུ། དུས་རབས་ཀྱི་མདུན་ཕྱོགས་དང་། ལོ་རྒྱུས་ཀྱི་མཐོ་ས་ནས། བོད་མི་རིགས་འདི་ལ་སྣེ་ཁྲིད་དང། མཛུབ་སྟོན་ཡང་ནས་ཡང་དུ་གནང་དང་གནང་བཞིན་པར་ནམ་ཡང་བརྗེད་མེད་སྒོས་དགའ་ཚོར་དང་ལྷན་དུ་གུས་བརྩི་བླ་མེད་བྱེད་བཞིན་ཡོད། ཐེངས་འདིར་ཡང་བློ་གྲོས་ཀྱི་གཏིང་ཟབ་ཅིང་། ཤེས་བྱའི་ནོར་གྱིས་ཕྱུག་པའི་མཁྱེན་ལྡན་ཁྱེད་ཚོས་དེ་ལྟའི་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་ཤུགས་དྲག་བསྟན་པ་དེ་ནི་བོད་རིགས་ཤེས་ལྡན་ཀུན་གྱིས་བཟང་པོའི་མིག་ལྟོས་བྱེད་ཡུལ་ཉག་གཅིག་རང་ཡིན་པས་སེམས་ཀྱི་གཏིང་རིམ་ནས་དགའ་བ་སྐྱེས་ཤིང་། ཁྲ་ཆུང་མིག་ཟུང་ནས་མཆི་མ་འཐོར་བཞིན་བོད་རྒྱལ་གྱུར་ཅིག ཁྱེད་ཤེས་ཡོན་པ་རྣམས་རྒྱལ་གྱུར་ཅིག་ཅེས་ཤོད་འདོད་དོ།།

    Reply
  4. སྐྱེས་སར་ཀླུ་སྒྲུབ། says:
    ལོ་ 14 སྔོན།

    བཀུར་འོས་པའི་བོད་མི་རིགས་ཀྱི་དཔའ་པོ་སྐུ་ཞབས་འབར་རྡེའུ་དང། ཞོགས་དུང། འགྱན་སངས་རྒྱས་དོན་གྲུབ། བེའུ་རྒྱ་ལྷ་མོ་སྐྱབས། སྨིན་དྲུག ཉི་གཞོན། སེང་རྡོར། མེ་ལྕེ་བཅས་སུ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་ལོ་རྒྱུས་ཀྱི་སོ་མཚམས་རེ་རེ་དང། དུས་བབ་ཀྱི་འགག་སྒོ་རེ་རེ་ནས་ཤེས་ཡོན་པའི་ལས་འགན་ནི་ཆེས་ལྗིད་ཅིང་། འདེགས་དཀའ་བ་ཞིག་ཡིན་པ་སུས་ཀྱང་ཤེས་ངེས་ལ། ཁྱེད་རྣམ་པས་དུས་ནས་དུས་སུ། དུས་རབས་ཀྱི་མདུན་ཕྱོགས་དང་། ལོ་རྒྱུས་ཀྱི་མཐོ་ས་ནས། བོད་མི་རིགས་འདི་ལ་སྣེ་ཁྲིད་དང། མཛུབ་སྟོན་ཡང་ནས་ཡང་དུ་གནང་དང་གནང་བཞིན་པར་ནམ་ཡང་བརྗེད་མེད་སྒོས་དགའ་ཚོར་དང་ལྷན་དུ་གུས་བརྩི་བླ་མེད་བྱེད་བཞིན་ཡོད། ཐེངས་འདིར་ཡང་བློ་གྲོས་ཀྱི་གཏིང་ཟབ་ཅིང་། ཤེས་བྱའི་ནོར་གྱིས་ཕྱུག་པའི་མཁྱེན་ལྡན་ཁྱེད་ཚོས་དེ་ལྟའི་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་ཤུགས་དྲག་བསྟན་པ་དེ་ནི་བོད་རིགས་ཤེས་ལྡན་ཀུན་གྱིས་བཟང་པོའི་མིག་ལྟོས་བྱེད་ཡུལ་ཉག་གཅིག་རང་ཡིན་པས་སེམས་ཀྱི་གཏིང་རིམ་ནས་དགའ་བ་སྐྱེས་ཤིང་། ཁྲ་ཆུང་མིག་ཟུང་ནས་མཆི་མ་འཐོར་བཞིན་བོད་རྒྱལ་གྱུར་ཅིག ཁྱེད་ཤེས་ཡོན་པ་རྣམས་རྒྱལ་གྱུར་ཅིག་ཅེས་ཤོད་འདོད་དོ།།

    Reply
  5. ཏྲེའོ། སྐལ་བཟང་། says:
    ལོ་ 14 སྔོན།

    མཁས་པའི་དབང་པོ་ཞོགས་དུང་དབུས་པའི་ལྷན་རྒྱས་ལ་འཚམས་འདྲི་དང་རྒྱབ་སྐྱོར་དུས་ནམ་ཡང་ཡོད། ཁྱེད་ཅག་གིས་བྱ་བཞག་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག།

    Reply
  6. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    མཐོང་མི་འདོད་པ་ཞིག་མཐོང་བའི་མོད་ལ་ཐོས་འདོད་པ་ཞིག་ཀྱང་ཐོས་བྱུང་། འདི་ལྟར་མཁས་པའི་སེམས་ཐག་བླུན་པོ་ལ་སྦྲེལ་བ་ཐོས་བྱུང་། འོན་ཀྱང་ངས་ཐོས་་འདོད་པ་ཞིག་ད་དུང་ཐོས་མ་བྱུང་། དེ་ནི་བོད་ཀྱི་གྱེན་ལང་ལ་སེམས་ཚོར་ཆེན་པོས་རྒོལ་གཏམ་གཏོང་མཁན་བོད་རིགས་ཏང་ཡོན་རག་རྡེས་སོགས་ཀྱི་སྐད་རེད། ཁོང་ཚོ་ད་དུང་རྐུབ་སྟེགས་ཐོག་ནས་དགོད་བཞིན་ཡོད་དམ།

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    རིགས་ཞེན་སྙིང་ལ་ཟུག་པའི་སྤུན་གྲོགས་ཚོ། ལྷད་མེད་ཀྱི་བརྩེ་བས་ཐུགས་གསོག་དང་འཚམས་འདྲི་ཞུ། ངའི་མིག་ཆུའི་འཕྲེང་ཐག་ཆད་ཀྱང་སྡུག་བསྔལ་ལ་མགོ་མི་སྒུར་བའི་ཨམ་གཙིགས་བསྡམས་ནས་དོན་རྐྱེན་བྱུང་བའི་སྔ་གཞུག་ལ་བལྟས་ན། རང་རིགས་མཛུ་གུ་ལྔ་བཅངས་ཁུ་ཚུར་ཡིན་པའི་ཚོར་འདུ་ཅུང་ཆེ་བས་སྤོབ་པ་སྐྱེས་འོས་པ་ཞིག་ཀྱང་རེད།

    Reply
  8. འདྲེ་རིག་ལྡན། says:
    ལོ་ 14 སྔོན།

    མཁྱེན་ལྡན་པ་སྨིན་དྲུག་དང་། ཞོགས་དུང་། བྱང་སྐར། ཉི་གཞོན། སེང་རྡོར། འགྱན་སངས་རྒྱས་དོན་གྲུབ། འབར་རྡེའུ། མེ་ལྕེ་བཅས་ཀྱིས་འདི་ལྟར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་འཁུར་དང་དུ་བླངས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ཁྱེད་ཚོ་བོད་མི་རིགས་ཀྱི་དགྲ་བོར་འབོད་མཁན་གྱི་་་མི་རིགས་དང་ཆོས་ལུགས་ཀྱི་སྲུང་མ་་་་ཚོས་ནི་རྒྱ་འདྲེ་དང་རང་བྱུང་གིས་འདི་ལྟར་རང་རིགས་དམར་གསོད་བཏང་རུང་ཁུ་སིམ་མེར་བསྡད་འདུག་པས། ད་ནས་བཟུང་དཀར་ནག་ཁྲ་གསུམ་གྱི་རྣམ་དབྱེ་གསལ་ལྷང་ངེས་ཐོན་འདུག ཁྱེད་ཅག་གི་བསམ་དོན་གྲུབ་པར་སྨོན།

    Reply
  9. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ཤེས་ལྡན་པ་རྣམས་ངོ་མཚར་ཆེ། ད་བཟོད་ང་ཚོའི་གནམ་འོག་གི་སྐྱིད་སྡུག་གཅིག་ཏུ་འདྲས་པ་གསལ་བཤད་ཐུབ་ཙམ་རེད།

    Reply
  10. བློ་དཔལ། says:
    ལོ་ 14 སྔོན།

    ཁྱེད་ཚོའི་མི་རིགས་ཀྱི་ལ་རྒྱ་དང་བརྩེ་སེམས་ལ་དུས་རྟག་དུ་བརྩི་བཀུར་ཡོད།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས།

    བསྒྲགས་གཏམ་ཞེས་པའི་ཚིག་འདི་རང་མི་ལ་བེད་སྤྱོད་ན་ཅི་ནས་ཀྱང་འཚོ་བ་མི་བདེ་བ་ཞིག་ཡོང་གི་འདུག་ལགས།
    སྔོན་མ་ཡང་གཅིག་ཚར་གཅིག་ཞུས་མྱོང་ཡོད། བསྒྲགས་གཏམ་ཟེར་བ་རྒྱ་ནག་གཞུང་གི་གསར་འཕྲིན་ཁག་གིས་ཏྭ་ལའི་བླ་མའི་བསྒྲགས་གཏམ་དང་ཡུལ་གྱར་སྲིད་གཞུང་གི་བསླུ་ཁྲིད་ཟེར་བ་སོགས་བེད་སྤྱོད་བྱས་ཀྱིན་རེད།

    ང་རང་ཚོའི་རང་ངོས་ནས་ཚིག་འདིར་བེད་སྤྱོད་མ་གཏོང་ན་ཡག་བ་མིན་འགྲོ་སྙམ།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    སྤུན་གྲོགས་ཚོ།
    ང་ཚོ་ས་མཐའ་འཁྱོམ་བའི་མི་བུ་ཚོས་ཡིད་ཆེས་བྱེད་སར་བུ་རྒོད་ཁྱེད་ཚོར་ཡིན་ལ་རང་ཡུལ་བཟུང་མཁན་ཡང་བུ་རྒོད་ཁྱེད་ཚོ་ཡིན།
    དགྲ་དམར་པོའི་འོག་ཏུ་དཀའ་སྡུག་ཅི་ཡོད་ང་ཚོ་ས་མཐའ་ཡོད་བོད་མི་ཚོས་དུས་ནམ་ཡང་བརྗེད་མི་སྲིད།
    ཁྱེད་རྣམ་པ་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན་ལ་རིག་གཞུང་ཀྱང་ཡིན། མདོ་ན་བོད་གངས་ཅན་པའི་ཡོད་ཚད་ནས་ཡོད་ཚད་ཁྱེད་རྣམ་པ་ཡིན།

    Reply
  13. བློ་གྲོས་རྒྱལ་པོ། says:
    ལོ་ 14 སྔོན།

    ཟི་ལིང་དུ་གནས་བཞུགས་ཕུལ་བྱུང་གི་ཤེས་ཡོན་ཅན་རྣམ་པར་འཚམས་འདྲི་དང་བཅས་ཁྱེད་ཅག་གི་རང་མི་རིགས་ལ་བཅངས་པའི་བརྩེ་བ་དང་ལར་ཞེན་ལ་རྗེས་སུ་ཡི་རངས་ཡོད། བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist