མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདུན་ཚིགས་གཉིས་པ་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་བཀའ་ཤག་གིས་སྐྱེ་རྒུ་མདོའི་འདས་གྲོངས་སོང་བ་རྣམས་ཀྱི་ཆེད་དུ་བདུན་ཕྲག་གཉིས་པ་དང་སྟབས་བསྟུན། མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཤིག་གནང་རྒྱུ་ཡིན་འདུག 

ཕྱི་ཚེས་ ༢༣ ཉིན་བོད་གཞུང་དྲ་རྒྱས་གནས་ཚུལ་ཞིག་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༡པོའི་ཐོགསྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་སྟེ་བདུན་ཕྲག་གཉིས་པར་འཁེལ་གྱིན་ཡོད་སྟབས། འདས་གྲོངས་སུ་སོང་བ་རྣམས་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པ་དང༌།རྨས་སྐྱོན་ཕོག་པ་རྣམས་ཀྱང་མྱུར་དུ་དྲག་སྐྱེད་ཐོགམང་ཚོགས་ཀྱི་བདེ་སྐྱིད་སླར་གསོ་ཡོང་བ་བཅས་ལ་དམིགས་ཏེ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་ཚོགས་མགོན་དུ་ྋཞབས་སོར་འཁོད་དེ་དྷ་སའི་ཉེ་འཁོར་གྱི་བླ་སྤྲུལ་རྣམ་དང་། གྲྭ་བཙུན།མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ།གཞུང་ཞབས་ལས་བྱེད།མང་ཚོགས་བཅས་ནས་མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཤིག་གནང་རྒྱུ་ཡིན་པས།ཚང་མ་ངེས་པར་ཚོགས་ཕེབས་ཡོང་བའི་འབོད་བསྐུལ་ཞུས་འདུག་ལ།
ཉིན་དེའི་སྔ་དྲོ་ཆུ་ཚོད་༨།༣༠ཐོག་དྷ་ས་མི་མང་དང་ཇོ་ནང་གྲྭ་ཚང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་ཞེས་བསྒྲགས་འདུག  

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༢ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 15

  1. གྲགས་པ། says:
    ལོ་ 16 སྔོན།

    ཟམ་གདོང་གིས་མྱ་ངན་སྲུང་བརྩི་གང་ཡང་བྱ་བརྩི་མེད་ཀྱང་། དེ་ནི་སྤྱི་འཐུས་རྒྱུན་ལས་ཀྱིས་ཞུ་བསྐུལ་བྱས་འདུག དེ་དུས་ཟམ་གདོང་ཡ་ལན་གནང་མི་འདུག སྤྱི་འཐུས་ཀྱིས་བསྐྱར་དུ་སྐུ་སྒེར་ཡིག་ཚང་ལ་ཞུས་འདུག་ སྐུ་སྒེར་ཡིག་ཚང་གིས་བཀའ་ཤག་ཞུ་རོགས་གསུང་འདུག ཡང་བསྐྱར་བཀའ་ཤག་ལ་ཞུ་སྐབས་བཀའ་ཤག་གིས་བཀའ་གནང་དོན། གདན་ཚིགས་གཉིས་པ་སྐབས་སུ་སྐྱབས་མགོན་རིན་པོ་ཆེ་ལ་བརྟན་བཞུགས་ཕུལ་གྱི་ཡོད། དེ་དུས་གཙུག་ལག་ཁང་དུ་མཆོད་འབུལ་ཞིག་བྱེད་ན་འཐུས་ཞེས་བཤད་འདུག གཞུང་འབྲེལ་གྱི་ལས་ཁུངས་ཁག་སྒོ་བརྒྱབ་པ་སོགས་གནང་མི་དགོས་གསུང་འདུག གནས་ཚུལ་འདི་ནི་ཕྲན་གྱི་ངོ་ཤེས་སྤྱི་འཐུས་ཞིག་ལ་ཕྲན་གྱིས་སྐྱོན་བརྗོད་བྱེད་སྐབས་་སུ་བཤད་བྱུང་།

    Reply
  2. ཨ་མྱེ says:
    ལོ་ 16 སྔོན།

    ཨ་རོགས ༼karma dorje༽ཁྱོད་བོད་ཡིག་ལ་ཁ་བྲལ་བྱེད་མཁན་ཡིན་ནམ། ཁྱོད་ཀྱིས་རང་གི་མིང་ཡང་འབྲི་ཤེས་ཀྱང་དུས་བབ་རྩོམ་སྒྲིག་པ་ལ་ཁུངས་ཡོད་མེད་བཤད་རྒྱུ་ཧམ་པ་ཆེ་སོང་།དེ་ངས་ཁྱོད་ལ་བློ་སྐྱེད་གནང་དགོས།༼སྲུང་གཙི། དང་སྲུང་བརྩི་དག་གསར་དུ་ཁྱད་མེད་བཤད། རྗེས་སུ་ཡང་འདི་འདྲ་བྱུང་ཚེ་ང་ལ་འབྲེལ་གཏུག་བྱོས་གྲོགས་པོ།

    Reply
  3. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 16 སྔོན།

    ༤༽སུ་ཞིག་གི་རྨི་ལམ་ལ་ཤར་མེད།།

    ཁ་སང་གི་མཛེས་སྡུག་གི་སྐྱེ་རྒུ།།
    དེ་རིང་གི་ཐལ་རྡུལ་གྱི་ཕུང་པོ།།
    སུ་ཞིག་གི་རྨི་ལམ་ལ་ཤར་མེད།།
    རང་བྱུང་གི་གནོད་འཚེ་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་སྤྲོ་སྤྱིད་ཀྱི་ཡུལ་མི།།
    དེ་རིང་གི་ཤི་གསོན་གྱི་མྱ་ངན།།
    སུ་ཞིག་གི་བསམ་ཡུལ་ལ་བྱུང་མེད།།
    མི་རྟག་པའི་ཆོས་ཉིད་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་ནང་མི་ཡི་བདེ་སྐྱིད།།
    དེ་རིང་གི་མུན་ནག་གི་རླུང་འཚུབ།
    སུ་ཞིག་གིས་སྔོན་དཔག་ཙམ་བྱས་མེད།།
    འཇིག་རྟེན་གྱི་ཆོས་ཉིད་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་གཅེས་ཕྲུག་གི་བུ་ཆུང་།།
    དེ་རིང་གི་དྭ་ཕྲུག་གི་སྡུག་བསྔལ།།
    སུ་ཞིག་གི་ལུང་བསྟན་ལ་བབ་མེད།།
    གློ་བུར་གྱི་རྐྱེན་ངན་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་བྱམས་ལྡན་གྱི་ཕ་མ།
    དེ་རིང་གི་མྱ་ངན་གྱི་མིག་ཆུ།
    སུ་ཞིག་གི་རྣམ་རྟོག་ལ་བྱུང་མེད།།
    ལྡོག་མེད་ཀྱི་གོད་ཆག་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་འཇོ་སྒེག་གི་ན་ཆུང་།།
    དེ་རིང་དུར་ཁྲོད་ཀྱི་ཕུང་པོ།།
    སུ་ཞིག་གི་རྨི་ལམ་ལ་ཤར་མེད།།
    སྐྱེ་འཆི་ལ་ངེས་མེད་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་སྟག་ཤར་གྱི་ལང་ཚོ།།
    དེ་རིང་གི་ཕུང་སྲེག་གི་མེ་ལྕེ།།
    སུ་ཞིག་གི་རྟོག་ཡུལ་ལ་བྱུང་མེད།།
    སྔོན་བསགས་ཀྱི་ལས་འབྲས་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་ལྷིང་འཇགས་ཀྱི་དགོན་པ།།
    དེ་རིང་གི་གྱང་རོ་ཡི་ལྷ་རྟེན།།
    སུ་ཞིག་གི་མོ་རྩིས་ལ་བབ་མེད།།
    ཆགས་འཇིག་གི་གནས་སྟངས་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་དྲོད་སྐྱིད་ཀྱི་མལ་གདན།།
    དེ་རིང་གི་གྲང་རླུང་གི་གཅར་རྡུང་།།
    སུ་ཞིག་གི་བསམ་བློ་ལ་འཁོར་མེད།།
    སྐྱིད་སྡུག་གི་འགྲོ་འོང་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ སང་གི་ལུས་སེམས་ཀྱི་སྤྲོ་སྣང་།།
    དེ་རིང་གི་ལུས་སེམས་ཀྱི་རྨ་ཁ།།
    སུ་ཞིག་གིས་རྗེས་དཔྱོད་ཙམ་བྱུང་མེད།།
    འཇིག་རྟེན་གྱི་ཆག་སྒོ་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་འབྱོར་ལྡན་གྱི་ཁྱིམ་བདག།
    དེ་རིང་གི་རོགས་སྐྱོབ་ཀྱི་འཚོ་བ།།
    སུ་ཞིག་གི་བསམ་ཡུལ་ལ་བྱུང་མེད།།
    རྟེན་འབྱུང་གི་རྣམ་གཞག་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་སློབ་གྲྭ་ཡི་དཔེ་དེབ།
    དེ་རིང་གི་བདག་མེད་ཀྱི་ཤོག་སྙིགས།།
    སུ་ཞིག་གི་བློ་ཡུལ་ལ་ཤར་མེད།།
    གློ་བུར་བའི་གོད་ཆག་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་དགེ་རྒན་གྱི་སློབ་ཁྲིད།།
    དེ་རིང་གི་སློབ་མཚམས་ཀྱི་མྱ་ངན།།
    སུ་ཞིག་གི་སྣང་བ་ལ་བྱུང་མེད།།
    ངེས་མེད་ཀྱི་སྣང་ཚུལ་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་མཛའ་བརྩེ་ཡི་སྙིང་གཏམ།།
    དེ་རིང་གི་སྡུག་བསྔལ་གྱི་ན་ཟུག
    སུ་ཞིག་གི་རྨི་ལམ་ལ་ཤར་མེད།།
    མི་རྟག་པའི་གནས་ལུགས་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་དགའ་སྐྱིད་ཀྱི་གླུ་དབྱངས།།
    དེ་རིང་གི་མྱ་ངན་གྱི་སྨེ་ངག།
    སུ་ཞིག་གི་རྨི་ལམ་ལ་ཤར་མེད།།
    མི་ཚེ་ཡི་བདེ་སྡུག་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཁ་སང་གི་རྒྱུས་མེད་ཀྱི་མི་སྣ།།
    དེ་རིང་གི་ཁྱིམ་གཅིག་གི་འཚོ་བ།།
    སུ་ཞིག་གི་རྨི་ལམ་ལ་ཤར་མེད།།
    གྱེས་མཇལ་གྱི་ངང་ཚུལ་འདི་ཡ་མཚན།།
    ཨོྃ་མ་ཎི་པདྨེ་ཧཱུྃ

    ཚུལ་འདི་འདྲ་གློ་བུར་མཐོང་དུས།།
    སེམས་སྐྱོ་བའི་མིག་ཆུ་འཆོར་ཡང།།
    བདེན་བཞི་ཡི་འཇུག་ལྡོག་བསམ་ན།།
    སྔོན་བསགས་ཀྱི་ལས་ལས་མ་འདས།།

    ཨོྃ་མ་ཎི་པདྨེ་ཧཱུྃ

    འགྲོ་བ་སུ་ཞིག་ཡིན་ཡང་མི་འདོད་སྡུག་བསྔལ་མགོ་ཐོག་ལ་སླེབས་པའི་སྐབས་དཔའ་ཞུམ་དང་ཡིད་ཆད་ངང་མི་སྡོད་པར་
    བསླུ་མེད་ལས་འབྲས་ཆོས་ཉིད་ལ་བསམ་བཞིན།།
    རྐྱེན་ངན་གྲོགས་སུ་འཁྱེར་བའི་བློ་སྟོབས་ཤིག་ཅི་ནས་ཀྱང་སྐྱེ་ཐུབ་ལ་འབད་རྒྱུ་ནི་ཧ་ཅང་གལ་ཞིང་དེ་
    སེམས་ཀྱི་རྨ་ཁ་གསོ་བའི་སྨན་མཆོག་ཡིན་ཏེ། དེ་ཡང་ཇི་སྐད་དུ། སྣོད་བཅུད་སྡིག་པའི་འབྲས་བུས་ཡོངས་གང་སྟེ།།མི་འདོད་སྡུག་བསྔལ་ཆར་ལྟར་བབ་གྱུར་ཀྱང།།ལས་ངན་འབྲས་བུ་ཟད་པའི་རྒྱུར་མཐོང་ནས།།རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས།།ཞེས་སོ།

    Reply
  4. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཚེ་རིང་པོ་དང་སྟོབས་དང་ལྡན་པ་རྣམས་མགོ་འཐོམས་པ་ལ་ཁག་མི་འདུག བོད་གཞུང་ནི་རྒྱ་ནག་གཞུང་དང་བསྡུར་ན་རྗེས་ལུས་དང་། ཀླ་ཀློ། མུན་ནུག ཚོར་སྐྱེན་མེད་པ་དེ་ཇེ་གསལ་ནས་ཇེ་གསལ་རེད། ལྷག་པར་དུ་བཙན་བྱོལ་པ་རྣམས་སྐྱེ་རྒུ་མདོའི་གོད་ཆག་ལས་IPLལ་དོ་སྣང་ཆེ་བ་བྱེད་ཀྱིན་པ་དེ་ཡང་གསལ་ཞིང་ཐིང་།

    Reply
  5. ཚེ་རིང་། says:
    ལོ་ 16 སྔོན།

    ཆབ་སྲིད་དཔྱད་བརྗོད་པ་ཞིག་གིས་སྔར་བརྗོད་པ་ལྟར། བཙན་བྱོལ་བོད་གཞུང་ནི་ཆབ་སྲིད་ལས་སྒོ་གང་གི་ཐད་དུས་རྒྱུན་རྒྱ་ནག་གཞུང་དང་གོམ་གང་གིས་རྗེས་ལུས་ཐེབས་ཀྱིན་འདུག ཅེས་བརྗོད་པ་ལྟར་ཆབ་སྲིད་ཀྱི་ཐིག་ཤིང་ལས་ད་ཐེངས་ཡང་བྱེད་སྒོ་འདི་རྗེས་ལུས་ཐེབས་སོང་། ཡིན་ཡང་། དགེ་རྩའི་དོན་དུ་བསྔོ་བ་ལ་སྔ་རྗེས་ཡོད་མི་སྲིད་པས། སྐྱེ་འཆིའི་སྡུག་བསྔལ་སེལ་གྱུར་དེ་དགེ་བའི་ལམ་སྣ་ཟིན་པར་སྨོན། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ་་་་་་་་་

    Reply
  6. རིན་པོ་ཆེ། says:
    ལོ་ 16 སྔོན།

    ཇོ་བོ་སྐྱོན་གྱི་མ་གོས་སྐུ་མདོག་དཀར། རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན།
    ཐུགས་བརྗེའི་སྤྱན་གྱིས་འགྲོ་ལ་གཟིགས། སྤྱན་རས་གཟིགས་ལ་ཕྱགས་འཚལ་ལོ།
    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  7. རིན་པོ་ཆེ། says:
    ལོ་ 16 སྔོན།

    སྟོབས་ནི་མགོ་འཐོམས། བོད་གཞུང་ནི་ཉལ་ཁུག སྐྱེ་རྒུ་ནི་ཡུལ་ཤུལ་དུ་འགྱུར། གྲ་བ་དང་ཨ་ནི་འཆམ་ས་བརྒྱབ། བོད་གཞུང་དམངས་གཙོ་ཡིན། བཀའ་བློན་གི་བཀའ་སྒུག སྤྱི་མཐུས་གིས་སྤྱི་སེམས་བརྗེད། ཟློས་གར་ཚོགས་པའི་གཞས་བཏང་། ལོ་གསར་ལ་མྱ་ངན་ཞུ། དེ་ལ་བོད་མི་ཚང་མ་དངོས་གནས་མགོ་འཐོམས། ཧ་ཧོ་ས་མ་ཡ་རྒྱ།།

    Reply
  8. སྟོབས་ལྡན། says:
    ལོ་ 16 སྔོན།

    ཡ། ང་ནི་མགོ་འཐོམ་སོང་། བོད་གཞུང་གིས་ད་བར་དུ་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་བསྔོ་སྨོན་མ་ཚོགས་པ་འདི་གང་ཡིན་ཆ་མི་འཚལ་བ་ཞིག་སྟེ། རྒྱ་ནག་གཞུང་གིས་ཤུགས་ཆེའི་རོགས་སྐྱོར་དང་མྱ་ངན་བྱས་པས་བྱེད་མ་བདེ་བའམ། ཤི་རྨས་བྱུང་སའི་ཡུལ་ལུང་གི་ཁྱད་པར་ལས་ཡིན་ནམ། ཤི་གྲངས་ཉུང་དྲགས་པ་རེད་དགོངས་པ་ཡིན་ནམ་གང་ཤེས། དངོས་གནས་མགོ་འཐོམ་སོང་།

    Reply
  9. ལུང་རྟོགས། says:
    ལོ་ 16 སྔོན།

    སྐྱོན་གྱི་མ་གོས་སྐུ་མདོག་དཀར། རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན།
    ཐུགས་བརྗེའི་སྤྱན་གྱིས་འགྲོ་ལ་གཟིགས། སྤྱན་རས་གཟིགས་ལ་ཕྱགས་འཚལ་ལོ།
    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  10. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    དུས་མིན་རྐྱེན་འདས་སོང་བའི་སྤུན་ཟླས་གཙོས།
    མ་གྱུར་རིགས་དྲུག་མངའ་ལམ་ཕྱིན་གྱུར་རྣམས།
    བར་དོའི་འཇིགས་སྐྲགས་རང་སར་ཞི་བ་དང༌།
    རྟེན་བཟང་མྱུར་ཐོབ་བསྟན་དང་མཇལ་བར་སྨོན།

    Reply
  11. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    སྤྱིར་བཏང་བོད་པའི་ལུགས་སྤྲོལ་ལྟར་ན་ཞག་གསུམ་པ་དང་བདུན་གསུམ་པ་བདུན་པ་སོགས་མཆོད་འབུལ་རྒྱས་པ་བྱས་སྤྲོལ་ཡོད་ལ་ འོན་ཀྱང་བཙན་བྱོལ་གཞུང་གི་རྒྱ་ནག་གཞུང་ལ་གོ་སྐབས་དེ་ཕུལ་ནས་ རྒྱ་ནག་གཞུང་གིས་སྲུང་བརྩི་ཞུས་པའི་རྗེས་སུ་བདུན་ཚིགས་གཉིས་པའི་སྐབས་སུ་སྲུང་བརྩི་མ་ཞུས་ཐབ་མེད་ཆག་སོང་
    འོན་ཀྱང་འདས་གྲོངས་སུ་སོང་བའི་སྤུན་ཟླ་རྣམས་ཀྱི་ཆད་དུ་སེར་སྐྱ་གང་མང་ཞིག་ཕེབ་རོག་གནང་
    ང་ཚོ་ཟངས་གདུང་བླ་མ་མཁས་ཆེ་སོང་བའི་མི་མང་གི་བདེ་སྡུག་ལ་གཟིགས་པའི་དུས་ཚོད་ཡོད་ནི་མ་རེད་ད།།

    Reply
  12. བློ་དཔལ། says:
    ལོ་ 16 སྔོན།

    ཚང་མ་ཚོགས་ལ་ཕེབས་རོགས།སྨོན་ལམ་ཡག་པོ་རྒྱབ་རོགས།
    སྐྱེ་རྒུའི་མི་མང་ཆེད་དུ་་་་་རིག་མཐུན་སྤུན་ཟླའི་ཆེད་དུ་་་་་

    Reply
  13. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཞུ་མི་ཕོད་ཀྱང་མི་ཞུ་བ་བསྡོད་མི་ཐུབ་འདུག ༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་བ་དེ་ལ་དགའ་པོས་པ་ཞིག་ཡིན་ཡང་ཇོ་ནང་གི་ཐོབ་ཐང་རག་ཡག་གིས་ཆེད་དུ་ཡིན་དུས་དགོངས་པ་བཞེས་རོགས་ཞུ། ས་སྐྱ་ནང་ཁུལ་ལ་ད་ལྟའི་ཆར་རྙོག་གྲ་མེད། དེ་ལ་གཞི་མ་བཞག་རོགས། སྔོན་མི་རྩོམ་དགུ་རྩོམ་ཇོནང་སྨོན་ལམ་སྐབས་འདོན་ཡག་གཞན་སྟོང་པ་ཡི་བསྟན་པ་འབར་འགྱུར་ཅིག་ཞེས་བྲིས་ཡོད་དེ་ནི་པཎ་ཆེན་ཤཀྱ་མཆོག་ལྡན་གི་དགོངས་པ་ཡིན་དུས་པཎ་ཆེན་ཤ་མཆོག་ཁོང་ས་སྐྱ་པའི་སྐྱེས་ཆེན་མ་ཡིན་པ་ཁོངས་གང་ཡོད་ལ། སྐུ་ཚེ་རིང་དགོངས་པ་བཞེས་རོགས་ཞུ།།

    Reply
  14. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ༸འཕགས་མཆོག་ཕྱག་ན་པདྨོ་སྐུ་ཚེ་བརྟན་པ་དང་། འདས་གྲོངས་སུ་ཕྱིན་པའི་རང་རིགས་སྤུན་ཟླ་རྣམས་ཀྱིས་བྱས་བསགས་སྡིག་ལྟུང་མ་ལུས་བྱང་ཞིང་དག་ནས་སྐུ་བཞི་ཡེ་ཤེས་ལྡན་གྱི་བླ་མེད་རྫོགས་བྱང་མྱུར་དུ་འཐོབ་པའི་སྨོན་འདུན་ཞུ།།

    Reply
  15. karma dorje says:
    ལོ་ 16 སྔོན།

    སྲུང་གཙི། ཞེས། གཙི་འབྲི་སྟངས་འདིའི་ཁུངས་ག་རེ་ཡོད་དམ།
    རྒྱ་བོད་ཚིག་མཛོད་མེན་མོ་ལས།
    སྲུང་བརྩི། ཁྲིམས་ལུགས་སྲུང་ཞིང་བཀའ་ལ་བརྩི་འཇོག སྲིད་ཇུས་ལ་སྲུང་བརྩི་བྱེད་པ། སྲུང་བརྩི་ཞུ་བ། ཞེས་གསུངས་འདུག་པས། གསུམ་པ་དེ་མི་འཐད་པའི་ཁུངས་གང་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese