མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཞབས་ཞོགས་དུང་ཟི་ལིང་ཉེན་རྟོག་པས་བཟུང་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp
ཕྱི་ཚེས་ ༢༣ ཉིན་སྐུ་ཞབས་ཞོགས་དུང་ལགས་ཟི་ལིང་ཉེན་རྟོག་པས་བཟུང་འདུག་ཅེས། ཁོང་གི་གྲོགས་པོའམ་ན་གཞོན་རྩོམ་པ་བོ་ཉི་གཞོན་ལགས་ཀྱིས་གནས་ཚུལ་སྤེལ་འདུག
དེ་རིང་སེང་རྡོར་དྲ་བར་ན་གཞོན་རྩོམ་པ་བོ་ཉི་གཞོན་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥ དང་ཕྱེད་ཀའི་སྟེང་ཟི་ལིང་གྲོང་ཁྱེར་ཉེན་རྟོག་ཚན་པའི་ཉེན་རྟོག་པ་ལྔ་དྲུག་ཙམ་གྱིས། ན་གཞོན་རྩོམ་པ་བོ་གྲགས་ཅན་དང་མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་སྐུ་ཞབས་ཞོགས་དུང་ལགས། ལས་ཁུངས་ནས་ཁྲིད་དེ་ཁྱིམ་དུ་ཕྱིན་པ་དང་། ཁྱིམ་གྱི་དཔེ་ཀློག་ཁང་སོགས་སུ་བཤེར་སློག་དང་བརྙན་པར་གང་འཚམ་བརྒྱབ་རྗེས་གཞི་ནས་ཁྲིད་འདུག་ལ། དགོང་མོ་དུས་ཚོད་ ༡༠ ཡས་མས་སུ་ཉེན་རྟོག་པ་སླར་ཡང་ཁྱིམ་ལ་ཡོང་སྟེ་རྩིས་འཁོར་གཉིས་ཀ་དང་གཞན་ཡིག་དཔར་སོགས་ཁྱེར་ཡོད་འདུག
ཞོགས་དུང་གི་ཆུང་མ་ལྷ་འཚོས་བཤད་པ་ལྟར་ན། ཉིན་དེའི་མཚན་གུང་དུས་ཚོད་ ༣ ཡས་མས་སུ་ཉེན་རྟོག་པ་ཡང་བསྐྱར་ཁྱིམ་ལ་ཡོང་སྟེ་ཞོགས་དུང་དངོས་སུ་བཀག་སྐྱིལ་བྱེད་པའི་བརྡ་ཡིག་བྱིན་པ་དང་ཁོ་རང་ལ་མཁོ་བ་ཡིན་ཟེར་ནས་ཉལ་ཆས་སྟབས་བདེ་ཙམ་ཁྱེར་ནས་བུད་སོང་ཟེར། ཕྱི་ཉིན་སྔ་དྲོ་བཀག་སྐྱིལ་ཡི་གེའི་སྟེང་གསལ་བ་ལྟར་ལྷ་འཚོ་དང་བུ་མོ་ཡེ་ཤེས་འཚོ་མོ་སོགས་ཟི་ལིང་གྲོང་ཁྱེར་བཀག་སྐྱིལ་ཁང་དང་པོ་རུ་ཐེངས་འགར་ཕྱིན་ཀྱང་ངོ་ཐུག་མ་ཐུབ་པར་མ་ཟད། ད་ལྟ་དངོས་གནས་དེ་རུ་ཡོད་མེད་ཀྱང་ཤེས་དཀའ་འདུག
རྩོམ་ཡིག་དེའི་ནང་མུ་མཐུད་དེ་གསལ་དོན། ས་ཡོམ་གོད་ཆག་བྱུང་བའི་ཉིན་གསུམ་པར་ཞོགས་དུང་སོགས་ཡུལ་ཤུལ་དུ་ཆས་རྒྱུ་བྱས་ཀྱང་སྒེར་ངོས་ནས་ལམ་ཡིག་མ་ལོན་པས་ཁེགས་པར་གྱུར། དེ་བས་ཟི་ལིང་དུ་བསྡད་དེ་རོགས་སྐྱོར་དངོས་རྫས་དབོར་འདྲེན་ལ་རོགས་འདེགས་དང་སྨན་ཁང་དུ་འབྱོར་བའི་རྨས་མར་སེམས་གསོ་རོགས་རེས་ཀྱི་ལས་སུ་ཞུགས་ཏེ་ཁོ་རང་མ་བཀག་སྔོན་གྱི་ཉིན་དེ་དག་ལ་དབུགས་དལ་བའི་གོ་སྐབས་ཤིག་ཡེ་ནས་བྱུང་ཡོད་པ་མིན།
 
ཏག་ཏག་སྐབས་དེ་ཚོད་ལ་ཁོ་ཁྲིད་སོང་བས་ཁོ་པའི་ཁྱིམ་མི་དང་གྲོགས་པོ་དག་ལ་མཚོན་ན་སྡུག་ཐོག་སྡུག་གིས་མནན་སོང་བ་ནི་སྨོས་མེད་རེད། ཡིན་ཀྱང་ད་ཐེངས་ས་ཡོམ་གོད་ཆག་ཁྲོད་ཀྱི་ཤི་གསོན་སྤུན་ཟླ་དག་ལ་འདང་རེ་བརྒྱབ་ན། ཡང་གཞན་དང་གཞན་ལ་འདང་རེ་བརྒྱབ་ན་དེ་འདྲ་མ་སྡུག་ན་འགྲིག་སྙམ། ཁོ་རང་བཀག་སྐྱིལ་བྱས་པའི་ཉིན་གཅིག་པུ་འདིའི་རིང་ལ་གྲོགས་པོ་དང་ངོ་ཤེས་མིན་གང་མང་ཞིག་གིས་བསྟུད་མར་ཁ་པར་གྱི་ལམ་ནས་དོན་དངོས་འདྲི་རྟོག་དང་སྲིད་གཞུང་གི་བྱ་བྱེད་ལ་ཧང་སང་བའི་རྣམ་འགྱུར་བསྟན་སོང་། ཡིན་ཡང་ང་ཚོས་སེམས་རྣལ་དུ་ཕབ་ནས་ཞིབ་འདང་བརྒྱབ་ན་ཧང་སང་དགོས་དོན་མི་འདུག་སྙམ་སྟེ། ཟླ་གཅིག་ལྷག་གི་སྔོན་དུ་མཛོད་དགེའི་ཀིརྟི་སྐྱབས་སོགས་དགེ་རྒན་གསུམ་འཇུས་སོང་སྟེ་ད་དུང་གློད་མེད་པ་དང་། དེའི་རྗེས་སུ་ནུབ་བྱང་གི་ཐེའུ་རང་དང་ཞོགས་ལྗང་གཉིས་འཇུས་སོང་སྟེ་ད་ལྟའང་གང་དུ་ཡོད་པ་སུས་ཀྱང་ཤེས་ཀྱི་མེད་པ་མ་ཡིན་ནམ། དེ་བཞིན་དུ་སང་གི་ཉིན་ལ་ང་ཚོ་ཡང་སུ་ཡོད་སུ་མེད་ངེས་ཆ་ཡོད་པ་མ་རེད།
ད་ལྟའི་བར་གྱི་གནས་ཚུལ་རགས་ཙམ་ནི་འདི་འདྲ་རེད། རྗེས་སུ་གནད་དོན་འདི་ག་འདྲ་ཞིག་ཏུ་འགྱུར་བར་ང་ཚོས་སེམས་ཁུར་བྱེད་ཀྱིན་ཡོད། ༢༠༡༠.༤.༢༥ ཕྱི་དྲོ། ཞེས་གསལ་འདུག
 
ཟླ་ཤས་གོང་དུ་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བརྩམས་པའི་གནམ་ས་གོ་འབྱེད་དེ། ས་བྱི་ཞི་བའི་གསར་བརྗེ་ལ་བྲིས་པ་ཞེས་པའི་དཔེ་དེབ་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་ལ། དེའི་རྐྱེན་གྱིས་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཟི་ལིང་དུ་ཡོད་པའི་སྐུ་ཞབས་ཞོགས་དུང་ཁོང་གི་སྒེར་གཉེར་དཔེ་ཚོང་ཁང་ ༡+༡ དཔེ་ཁང་ཞེས་པའང་སྒོ་བརྒྱབས་ཡོད།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༩ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 63

  1. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དང་ུལགས་་དབང་སྒྱུར་སྲིད་གཞུང་ནས་བཟུབ་དེར་བློ་ཕམ་ཚད་མེད་ཡོད།

    Reply
  2. ལུང་རྟོགས། says:
    ལོ་ 15 སྔོན།

    ཞོང་དུང་བཟུང་བར་བློ་ཕམ་ཚད་མེད་བྱུང་། ཁོང་ཆོས་ལ་དགའ་མིན་གང་ལྟར་ཡང་། མི་རིག་གི་ལར་ཞེན་མགྲན་ཟླ་བྲལ་བའི་དཔའ་བོ་ཞིག་རེད། ཁོང་གློད་བསྐྲོལ་ཡོང་ཆད་བོད་གཞུང་དམང་གཉིས་ནས་འབད་པ་གང་ཡོད་བྱེད་དགོས།

    Reply
  3. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    བཙན་བྱོལ་ཁྲོད་ཀྱི་ཚོགས་སྡེ་དང་ཤེས་ཡོན་ཅན་རྣམས་ནས་ཁོང་ཀློད་བཀྲོལ་ཡོང་བའི་ཞུ་འབོད་དང་སྐད་འབོད་ཙམ་ཡང་བྱེད་མི་ཐུབ་པ་དེ་གང་ཡིན་ནམ།

    Reply
  4. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    བོད་ཀྱོི་རྩོམ་པ་པོ་རྣམས་ལ་རང་དབང་གི་གོ་སྐབས་མེད་པ་དེ་ངོ་མ་ཡིད་ཕམ་གི་གནས་སུ་མཆིས་འོན་ཀྱང་སྐུ་ཞབས་ཞོག་དུང་ལ་ཐེང་འདིས་རྒྱ་གཞུང་གི་མ་ཉེས་ཁ་གཡོགས་བྱེད་ཡོད་པ་ནི་སྨོས་མ་དགོས་པ་ཞིག་ཡིན་དུས་གཞིས་བྱས་གཉིས་སུ་ཡོད་པའི་བོད་མི་བྱིང་གི་ཁོང་ལ་རྒྱབ་སྐྱོར་དང་སེམས་གསོ་བྱེད་དགོས་པའི་དུས་སྐབས་ཞིག་རེད་

    Reply
  5. རོ་བདག says:
    ལོ་ 15 སྔོན།

    ད་ཚར་ཐལ་ ད་ཚར་ཐལ་ ཚང་མ་ཚར་ཐལ བླ་མའི་བླ་བྲང་ནས་བཞག་ཕེབས་སོང་། མཁས་པའི་གསུང་རྩོམ་བཞག་ནས་བུད་སོང་། སློབ་མའི་རྒྱབ་ཁུག་བཞག་ནས་བུད་ཐ། བླུན་པོ་བྲན་གཡོག་བྱས་ནས་རྒས་ཐ།

    Reply
  6. སྤུན་ཟླ། says:
    ལོ་ 15 སྔོན།

    རྩོམ་པ་པོ་སྐུ་ཞབས་ཞོགས་དུང་གི་དཔེ་དེབ་གསར་བ༼གནམ་ས་གོ་འབྱེད༽ཕབ་ལེན་གནང་ས[ PDF] http://www.sangdhor.com/3.pdf

    Reply
  7. ཡེ་ཤེས་རྒྱ་མཚོ་ says:
    ལོ་ 15 སྔོན།

    མི་ཕམ་རྡོ་རྗེ།
    རྩོམ་པ་པོ་དང་ལ་རྒྱ་ཅན་སྐུ་ཞབས་ཞོགས་དུང་འཛིན་བཟུང་བྱས་པར་བློ་ཕམ་ཚད་མེད་བྱུང་།

    Reply
  8. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    ཨ་ཁ་ཁ་་་་སྤུར་རྒྱལ་བོད་པ་ཚང་གི། ཕོ་གང་དྲག་གི་རིག་རྩལ་རྒོད་པ་རྣམས་གུང་ཁྲན་གྱིས་དམར་འཇུས་བརྒྱབ་ཐལ། རྟ་གང་དྲག་གི་རྣ་ཅོ་རིང་བ་དག་ཇག་པས་དེད་སོང་། ཁྱད་མཚར་་་་ད་ནི་ང་དང་ང་ལྟབུའི་མྱི་ཤི་ཁྱི་ལུས་ཀྱིས་བོད་རྩམ་ཟན་པའི་ལས་དབང་གི་ཆུ་སྣ་ཐུར་དུ་ཁྲིད་ཐལ། འདི་འདྲའི་སྐྱོ་བ་ལ། ཕལ་ཆེར་ཨ་སྔོན་གོ་ལོག་གིས་ཉི་མ་ནུབ་ནས་ཤར་ཏེ། ས་གཞི་གོ་ལོག་གིས་རྡོ་ཐོག་ཏུ་རྩ་སྐྱེ་རན་འདུག གང་ཡིན་ཟེར་ན། ནག་རིས་ཁྱི་ལ་འཛུམ་དྲུག་རྒྱས་པ་དང་དམར་ཡག་སྟག་ལ་ཁྱི་སྤུ་ཟུག་པ་འདིས་ཧ་ལ་ར་སྤྲོད་བྱེད་ཀྱི་འདུག གྲོགས་པོ་ཚོ། ཨ་སྔོན་གཞུང་ནས་ཧྲལ་ཐལ། བསྡུ་ལུགས་ཚེམས་ལུགས་བྱས་ན་ཨེ་དགའ། ཉི་ཟླ་ས་ལ་ཟག་སོང་འཇུ་ལུགས་སྐྱོར་ལུགས་བྱས་ཨེ་བཟང་།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་བཙན་བྱོལ་རྨོངས་དད་སྤྱི་ཚོགས་ནང།
    མི་ཉམ་ཆུང་རང་བཙན་རྩོད་དབང་མེད།
    རྒྱ་དམར་པོའི་དམག་གི་སྤྱི་ཚོགས་ནང།
    མི་ཉམ་ཆུང་སྲོག་ལ་རང་བདག་མེད།

    རྒྱ་བོད་གཉིས་འོག་གི་ཉམ་ཆུང་ཚོའི།
    སྐྱིད་ཟེར་ལེ་མིག་གི་མཐོང་མ་བར།
    སྡུག་ཟེར་ལེ་རང་སྲོག་ཤོར་ནས་ཡོད།
    འདི་མི་ཆེན་རྣམས་ཀྱི་ལྟོ་གོས་རེད།

    Reply
  10. བློ་བཟང་། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་་ལགས་ལ་བཙན་བྱོལ་དུ་ཡོད་པའི་རྩོམ་པ་པོ་དང་གསར་འགོད་པ་རྣམས་ཀྱིས་ངེས་པར་དུ་རོགས་པོ་བྱེད་དགོས་སོ།།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    2.བཙན་བྱོལ་བོད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ཏུ་བོད་རིགས་མི་དམངས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འདོད་དང་འདོད་བཞིན་ཡོད་པར་རེད། བཙན་བྱོལ་བོད་གཞུང་གིས་ངོས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་བྱས་ཡོད།
    ཞེས་བཅོས་དགོས་ཐུག་སོང་དགོངས་འགལ་མེད་ཞུ།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་ཆབ་སྲིད་བཙོན་པ་པན་ཆེན་ཆུང་སྲིད་དགེ་འདུག་ཆོས་ཀྱི་ཉི་མ་དང་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྣམ་པ་གཙོ་བྱས་པའི་བོད་ཀྱི་རྩོམ་པོ་དང་རྒྱལ་ཞེན་པ་མང་པོ་ཞིག་རྒྱ་གཞུང་གི་བཙོན་ཁང་ནང་དུ་ཡོད།

    1.རྒྱ་གཞུང་གི་རྩ་ཁྲིམས་གཞིར་བཟུང་བའི་ཐོག་ཏུ་བོད་མི་རྣམས་ལ་ཁྲིམས་ཀྱི་ཆད་པ་བཅད་བཞིན་ཡོད་པར་རེད། རྒྱ་ནག་གཞུང་གི་ངོས་ནས་བོད་མི་འདི་ཚོ་ཁ་བྲལ་དང་ངོ་ལོག་པ་གོང་ཁྲན་ཏང་ལ་དགག་པ་རྒྱག་མཁན་ཡིན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད་པར་ཡིན་པས་ཁྲིམས་གཅོད་བྱས་ཡོད།

    2.བཙན་བྱོལ་བོད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ཏུ་བོད་རིགས་མི་དམངས་ཡོངས་རྫོགས་རང་སྲིད་རང་སྐྱོང་འདོད་དང་འདོད་བཞིན་ཡོད་པར་རེད། བཙན་བྱོལ་བོད་གཞུང་གིས་ངོས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་བྱས་ཡོད།

    3.ཀྲུང་ཧྭ་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་པ་ཡིན་ན་བོད་མི་རྣམས་ལ་ཁྲིམས་ཀྱི་ཆད་པ་གཅོད་པར་འདིར་ཡང་དག་ཞིག་ཡིན་པར་དོན་གྱི་ཁས་ལེན་བྱས་པ་རེད། པན་ཆེན་ཆུང་སྲིད་དང་ལི་ཐང་སྤྲུལ་སྐུ་ཞོགས་དུང་ལ་སོགས་རྒྱ་ཁྲིམས་དང་འགལ་ཡོད་པའི་བཙན་བྱོལ་བོད་གཞུང་དང་བཀའ་ཁྲིའི་ངོས་བོད་མི་འདི་ཚོ་ཁྲིམས་འགལ་བ་རེད།

    4.རྒྱ་གཞུང་དང་བོད་གཞུང་གཉིས་ཀས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོལ་གཞི་འོག་ཏུ་བོད་མི་དམངས་བསྡད་དགོས་ཀྱི་ཡོད་པར་འདིར་གཉིས་སྨན་དབུ་མའི་ལམ་གྱི་སྒྲུབ་བྱ་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའང་དྲན་ཐོ་ཡི་བརྗོད་བྱ་གཙོ་བོ་རེད།

    5.དྲ་གྲོགས་ཚོ་བོད་མི་རྒྱལ་ཞེན་པ་ཚོ་འཛམ་གླིང་འདིའི་སྟེང་དུ་ནམ་གསོད་ཆ་མེད་པ་དང་སྤྱི་ཚོགས་ནང་དུ་མི་ནག་ནམ་བཟོ་ཆ་མེད་པ་ཞིག་རེད། ད་དྲ་གྲོགས་ཚོས་བོད་མི་རྒྱལ་ཞེན་པ་ཚོ་སྐྱོབ་ཐུབ་པར་འདུག་གམ།

    ཐུགས་རྗེ་གཟིགས།

    Reply
  13. ཟིལ་ཁྲོམ། says:
    ལོ་ 15 སྔོན།

    འདི་ནི་ཏུའུ་ཅིན་ཡུས་དང་ལས་གྲོགས་ཚོས་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་གྱི་ཡུལ་དངོས་ན་གློག་སྐུད་འཐེན་བཞིན་པའི་ཚུལ་རེད།

    ཏུའུ་ཅིན་ཡུས་ང་ཚོ་དང་རིང་དུ་བྲལ་སོང་ལ། ཁ་འབྲལ་ཁར་ཁོས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད།
    ཏུའུ་ཅིན་ཡུས་ཚེ་ལས་འདས་ཁར། ཡུས་ཧྲུའུ་དཔལ་ཐང་གནམ་གྲུ་ཐང་དུ་གློག་འཐེན་ཐུབ་སོང་། ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་རོགས་སྐྱོར་དངོས་རྫས་རྒྱུན་ཆད་མེད་པར་གནས་འདི་ནས་མགྱོགས་མྱུར་ངང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་ཡོད་པའི་ས་གནས་སོ་སོར་སྐྱེལ་བཞིན་ཡོད། སྐབས་འདིར། ལམ་འདི་བརྒྱུད་ནས་འགྲོ་བའི་ཁ་ལོ་བ་ཚོས་རླངས་འཁོར་གྱི་སྒེའུ་ཁུང་ཕྱི་རོལ་གྱི་བྱ་ཆུའི་ལྷོ་ངོས་ཀྱི་གློག་སྐུད་འཐེན་ཡོད་པའི་ལྕགས་སྡོང་འོག་ཏུ་ཚེ་ལས་འདས་མ་ཐག་གི་ཚེ་སྲོག་ཞིག་གིས་གནོད་ཐེབས་མང་ཚོགས་བསམ་ནས་བྲེལ་མྱུར་གྱིས་བྱ་བ་སྒྲུབ་མྱོང་བ་ཤེས་ཡོད་དམ།
    ཏུའུ་ཅིན་ཡུས་ཚེ་ལས་འདས་ཁར། སྐྱེ་རྒུ་གྲོང་རྡལ་གྱི་རྟ་རྒྱུག་ར་བའི་ནང་གི་གློག་སྒྲོན་ཐམས་ཅད་རིམ་གྱིས་བཀར་ནས་རས་གུར་རེ་རེ་ལས་འཕྲོས་ཡོང་བའི་གློག་འོད་ལས་མི་སེམས་ལ་དྲོད་ཁོལ་གྱི་སྣང་བ་ཞིག་ངང་གི་སྦྱིན་ཡོང་། སྐབས་འདིར། མཐའ་སྐོར་རི་ངོས་ཀྱི་གློག་སྡོང་སྟེང་སྤྱིར་བཏང་གི་གློག་ཤུགས་ལས་བཟོ་བ་ཞིག་གིས་གནོད་ཐེབས་མང་ཚོགས་ལ་གློག་འདོན་སྤྲོད་བྱེད་ཆེད་རྔུལ་ཆུ་གཏོར་མྱོང་བ་འདི་གར་བསྡད་ཡོད་པའི་མང་ཚོགས་ཁྲི་གསུམ་གྱིས་ཤེས་ཡོད་དམ།
    ལོ42ལ་མཚོན་ན། ཏུའུ་ཅིན་ཡུས་ཀྱི་ཚེ་སྲོག་གི་ཚད་རྟགས་ཡིན་ལ། ཉིན་ལྔ་ནི་དུས་ཚོད་བརྒྱ་དང་ཉེར་གཅིག་རེད། དུས་ཚོད་དེ་དག་ནི་ཁོ་རང་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་དུ་བསྡད་པའི་མི་ཚེའི་ཆེས་མཇུག་མཐའི་དུས་ཚོད་རེད། ད་ལྟ་ཁོའི་ཚེ་སྲོག་དེ་མཐའ་ཡས་པའི་མཐོ་སྒང་དུ་ཕུལ་ནས་ཡུས་ཧྲུའུ་ཡི་གནོད་ཐེབས་མང་ཚོགས་དང་དམ་དུ་འབྲེལ་ཡོད།
    མི་སྐྱོབ་རྒྱུ་གལ་ཆེ།
    ཁྱོད་བདེ་མོ་ཡིན་ནམ། ཨེ་གྲང་གི
    བདེ་འདུག མི་གྲང་གི
    འདི་ནི་ཁོའི་ཆུང་མ་ལེའི་ཅིན་ཞིག་དང་ཏུའུ་ཅིན་ཡུས་བཟའ་ཟླ་གཉིས་ཀྱི་ཆེས་མཇུག་མཐའི་ཁ་བརྡ་རེད། དུས་ཚོད་ནི་ཏག་ཏག་ཟླ4པའི་ཚེས20ཉིན་གྱི་ཕྱི་དྲོའི་དུས་ཚོད3དང་སྐར་མ20རེད།
    ཏུའུ་ཅིན་ཡུས་ཚེ་ལས་མ་འདས་པའི་སྔོན་ལ་རྒྱལ་ཁབ་གློག་དྲ་མཚོ་སྔོན་མེ་ཤུགས་གློག་འདོན་བཟོ་སྐྲུན་ཀུང་ཟིའི་སྐུད་ལམ་གྱི་ཤོག་གཙོ་ཡིན། ཡུས་ཧྲུའུ་ལ་ས་འགུལ་བརྒྱུགས་རྗེས་ཁོས་རང་གི་ཆུང་མར་བཤད་རྒྱུར་ཁོ་ཡུས་ཧྲུའུ་ལ་མྱུར་སྐྱོབ་བྱེད་དུ་འགྲོ་རྒྱུ་ཡིན་ཞེས་བཤད། ཆུང་མས་འགྲོ་མི་ཉན་དེ་ན་ཉེན་ཁ་ཆེ་ཞེས་བཤད། འོན་ཀྱང་ཁྱོ་གའི་ཕྱིར་ལན་སློག་པ་ནི་ཆེས་སྤྱི་བཏང་གི་སྐད་ཆ་ཚིག་གཅིག་ལས་མེད། མི་སྐྱོབ་རྒྱུ་གལ་ཆེ་ཟེར།
    མི་སྐྱོབ་རྒྱུ་གལ་ཆེ། ཏུའུ་ཅིན་ཡུས་ཀྱི་བསམ་པར། གནོད་ཐེབས་ས་ཁུལ་མི་དམངས་ཀྱིས་དཀའ་སྡུག་མྱོང་བཞིན་ཡོད་པས། མི་རེ་རེར་རོགས་རམ་བྱེད་རྒྱུའི་འགན་འཁྲི་ཡོད་འདོད།
    ཟླ4པའི་ཚེས14ཉིན། ཉིན་དེའི་སྔ་དྲོའི་དུས་ཚོད7དང་སྐར་མ49སྟེང་ས་འགུལ་དྲག་པོ་བརྒྱུགས་པས་དུས་སྐད་ཅིག་ཙམ་ལ་གློག་དྲ་ལ་གཏོར་བརླག་ཚབས་ཆེན་ཐེབས་པས། གནོད་སེལ་རྒུད་སྐྱོབ་ལ་སྔར་ལས་ལྷག་པའི་དཀའ་ཁག་བཟོས།
    རྒྱལ་ཁབ་གློག་དྲའི་ཆེས་མགྱོགས་པའི་དུས་ཚོད་ནང་གནོད་སེལ་རྒུད་སྐྱོབ་ཀྱི་འཕྲལ་སྒྲུབ་བྱ་འགུལ་བསླངས་ཏེ། ས་འགུལ་ཁྲོད་ཀྱི་གློག་ཤུགས་ལ་ཁག་ཐེག་བྱེད་པའི་འཕྲལ་སྒྲུབ་འཆར་འགོད་ལག་བསྟར་བྱས་ཤིང་། ལས་ཁུངས་ཡོངས་ནས་ནུས་པ་དང་ལག་རྩལ་བཟང་བའི་མི་སྣ་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་དུ་མངགས་རྒྱུ་སྐུལ་སློང་བྱས་པ་དང་། ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་ཏེ་ཆེས་ཐུང་བའི་དུས་ཚོད་ནང་ཡུས་ཧྲུའུ་ལ་འོད་སྣང་སྐྱེལ་རྒྱུའི་སེམས་ཐག་བཅད།
    རྒྱལ་ཁབ་གློག་དྲའི་བྲེལ་མྱུར་བརྡ་སྦྱོར་དང་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་རྒུད་སྐྱོབ་མགོ་ཁྲིད་ཚན་ཆུང་གི་རེ་བ་ལྟར། མཚོ་སྔོན་མེ་ཤུགས་གློག་འདོན་བཟོ་སྐྲུན་ཀུང་ཟིས་མི་སྣ་བརྒྱད་ཅུ་ལས་གྲུབ་པའི་རྒུད་སྐྱོབ་རུ་ཁག་རྩ་འཛུགས་བྱས་ཏེ་དགོང་མོའི་ཆུ་ཚོད་བརྒྱད་ཀྱི་སྟེང་གནོད་ཐེབས་ས་ཆར་སོང་།
    རྟ་ཐང་ཧོང་ཁྲའོ་སྐུད་ལམ་ལས་གཞི་པུའུ་ན་ལས་ཀ་བྱེད་བཞིན་པའི་ཏུའུ་ཅིན་ཡུས་ཀྱིས་གནོད་ཐེབས་ས་ཁུལ་གྱི་གནས་ཚུལ་ཤེས་རྗེས་འཕྲལ་ཏུ་གནོད་ཐེབས་ས་ཁུལ་ལ་འགྲོ་རྒྱུའི་རེ་བ་ཞུས་ཀྱང་རུ་གཙོ་པེ་ཁྲིན་ཧེ་ཡིས་ཆོག་མཆན་མ་བཀོད། པེ་ཁྲིན་ཧེ་ཡིས་ཏུའུ་ཅིན་ཡུས་ཀྱིས་བསྟུད་མར་ཉིན་མང་པོར་སྐུད་ལམ་སྟེང་ནས་ལས་ཀ་བསྒྲུབས་པས་ངལ་ཞིང་དུབ་པ་གསལ་བོར་ཤེས་ཡོད་པས་ཁོའི་སེམས་ནས་འགྲོ་རུ་འཇུག་མ་བཟོད་པ་རེད།
    ཏུའུ་ཅིན་ཡུས་ཀྱིས་མཚམས་མེད་པར་ཞུ་བ་བྱེད་གང་ཐུབ་བྱས་པས། པེ་ཁྲིན་ཧེ་ཡིས“གནས་དེའི་ས་བབས་མཐོ་ལ་དབྱང་དབུགས་དཀོན་པས ཁྱོད་འགྲོ་ཉན”ཅེས་བཤད། ཏུའུ་ཅིན་ཡུས་བྲེལ་འཚུབ་ལངས་ནས་ངར་སྐད་ཀྱིས“ང་ལོ་ན་ཆུང་རྒྱུ་མེད་ལ་ལུས་པོའང་ཅུང་ཐང་ཆད་ནའང་གློག་སྐུད་འཐེན་ཐུབ། ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་ང་ཁྱོད་དང་འགྲོགས་ནས་མཚོ་བྱང་ལ་སྐུད་ལམ་ཞིག་གསོ་བྱེད་དུ་སོང་བ་མིན་ནམ། ས་དེའི་ས་བབས་ཡང་དམའ་རྒྱུ་མེད་པ་མ་ཡིན་ནམ། ངེས་པར་དུ་ང་ཡུས་ཧྲུའུ་ལ་འགྲོ་རུ་འཇུག་དགོས། དེ་མིན་ན་ང་རང་ཁོང་ཁྲོ་ལངས་ངེས་”ཟེར།
    འདི་ནི་ཏུའུ་ཅིན་ཡུས་ཀྱི་གཤིས་ཀ་ཡིན་ཏེ་ཐག་བཅད་ཟིན་པའི་དོན་ལ་འགྱུར་བ་མེད།
    ཉིན་དེའི་དགོང་མོའི་ཆུ་ཚོད་ལྔའི་སྟེང་། ཤོག་གཙོ་ཏུའུ་ཅིན་ཡུས་ཀྱིས་མི་སྣ་བཅུ་གསུམ་ཁྲིད་དེ་རྟ་ཐང་ནས་ཟི་ལིང་གི་ཀུང་ཟིར་ཡོང་སྟེ་མིང་ཐོ་བཀོད། ཚེས་བཅོ་ལྔའི་ཉིན་གྱི་སྔ་མོའི་ཆུ་ཚོད་བདུན་དང་སྐར་ལྔ་བཅུ་སྟེང་། ཏུའུ་ཅིན་ཡུས་ཀྱིས་ཞིང་ཆེན་གློག་ཤུགས་ཀུང་ཟིའི་རྒུད་སྐྱོབ་བཀའ་མངག་དང་ལེན་བྱས། ཉིན་དེའི་ནམ་གུང་གི་ཆུ་ཚོད་གསུམ་སྟེང་ཏུའུ་ཅིན་ཡུས་ཡུས་ཧྲུའུ་སྐྱེ་རྒུ་གྲོང་རྡལ་དུ་སླེབས།
    སྐབས་དེའི་སྐྱེ་རྒུ་གྲོང་རྡལ་ལ་གློག་ཡོངས་སུ་ཆད་པས་ནག་ཐོམ་ཐོམ་དུ་འདུག གློག་མེད་པའི་རྐྱེན་གྱིས་དཔལ་ཐང་གནམ་གྲུ་ཐང་གིས་གནམ་གྲུ་གཏོང་མཚམས་བཞག་ནས་རྒུད་སྐྱོབ་དངོས་རྫས་དང་མྱུར་སྐྱོབ་མི་སྣ་མང་པོའང་ཟི་ལིང་གི་གནམ་གྲུའི་ཐང་ན་ལུས་ཡོད།
    “ མྱུར་ཏུ་གློག་ལམ་བསྐྱར་གསོ་བྱས་ནས་ཚེ་སྲོག་གི་རྒྱུ་ལམ་ཕྱེས་དགོས།”ཞེས་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་བཀའ་ཕབ།
    ཏུའུ་ཅིན་ཡུས་དང་ལས་གྲོགས་ཚོས་དང་ལེན་བྱས་པའི་ཐོག་དང་པོའི་ལས་འགན་ནི་དཔལ་ཐང་གནམ་གྲུ་ཐང་གི་ཆན་ཝ་སོ་ལྔ་ཅན་གྱི་གློག་ལམ་བསྐྱར་གསོ་བྱེད་རྒྱུ་དེ་རེད།
    རྟོག་ཞིབ་བྱས་ནས་ཤེས་པ་ལྟར་ན་གློག་ལམ་གྱི་ལྕགས་སྡོང་མང་ཆེ་བ་ས་འགུལ་གྱིས་རྦབ་རྡོ་འགྲིལ་ནས་གཏོར་སྐྱོན་བྱུང་ཡོད་དེ་ཨང་རྟགས་ཞེ་དྲུག་པའི་ལྕགས་སྡོང་བཀུག་ནས་དབྱིབས་འགྱུར་ཡོད་ལ་ཨང་རྟགས་ཞེ་བརྒྱད་པའི་རྐང་བ་བཞི་ལས་རྐང་བ་གཉིས་མ་གཏོགས་ལྷག་མེད། ཞེ་དགུ་བ་ཡོངས་སུ་གཏོར་བརླག་ཐེབས་འདུག
    གཏོར་སྐྱོན་བྱུང་བའི་ལྕགས་སྡོང་དེ་དག་བྱ་ཆུའི་ལྷོ་ངོས་ན་ཡོད་ཅིང་རྒྱུ་ཆ་སྐྱེལ་འདྲེན་བྱེད་དགོས་པ་དང་བྲག་མགོའི་ཆུ་གློག་ས་ཚིགས་ཀྱི་ཆུ་རགས་ནི་རྒྱུ་ལམ་ཉག་གཅིག་ཡིན། འོན་ཀྱང་ཆུ་རགས་ལ་ས་འགུལ་གྱིས་སེར་ཁ་བཏོད་ཡོད་པས་རླངས་འཁོར་འགྲོ་མི་ཐུབ།
    “ཕྲག་པར་ཁུར། ”ཏུའུ་ཅིན་ཡུས་ཀྱིས་ཤིང་སྡོང་ཞིག་ཁུར་ནས་ཆེས་སྔོན་མ་བྱས་ནས་སོང་།
    ཏུའུ་ཅིན་ཡུས་ཀྱིས་བྲག་མགོ་ཆུ་རགས་ནས་གཏོར་སྐྱོན་ཐེབས་པའི་ལྕགས་སྡོང་བར་སྤྱི་རྒྱ་བཅུ་ཁ་ལྷག་ཡོད་པའི་ཤིང་སྡོང་ཁུར་ནས་སྒང་གཞོང་དང་གྲམ་གཞུང་བརྒྱུད་དེ་སྨི་སུམ་སྟོང་ལྷག་ལ་སོང་བས་རྐང་བའང་ཅུང་འཐེང་བཞིན་ཡོད།
    དབུགས་ལེན་ཁོམ་ཙམ་ཡང་མེད་པར་ཏུའུ་ཅིན་ཡུས་ཀྱིས་བདེ་འཇགས་ཞྭ་མོ་གོན་ཞིང་བདེ་འཇགས་སྐ་རགས་བཅིངས་ཏེ་མགྱོགས་མྱུར་ངང་ལྕགས་སྡོང་གི་མགོར་འགོས། ལྕགས་སྡོང་འོག་གི་མི་རྣམས་ལ་མྱུར་ཏུ་ཤིང་སྐྱོར་འཇོག་དགོས་པའི་བཀོད་པ་བརྒྱབ། ལོ་ན་བཞི་བཅུར་སོན་ཡོད་ཀྱང་ལྕགས་སྡོང་མགོ་ཡི་ལག་རྩལ་གྱི་བྱང་ཆ་དེ་གསར་བུ་ན་གཞོན་ཞིག་དང་ཁྱད་པར་མི་འདུག
    ཆུ་ཚོད་གསུམ་འགོར་རྗེས། ཏུའུ་ཅིན་ཡུས་དང་ལས་གྲོགས་ཚང་མས་ཆན་ཝ་སོ་ལྔ་ཅན་གྱི་གློག་ལམ་ལྕགས་སྡོང་བསྐྱར་གསོ་བྱེད་པའི་ལས་འགན་ཡོངས་སུ་འགྲུབ། མུ་མེད་མཐོ་སྒང་གི་སྨག་རུམ་ཁྲོད་ཏུའུ་ཅིན་ཡུས་ལྕགས་སྡོང་ལ་སྔས་ནས་དབུགས་ལྷོག་ལྷོག་ཏུ་རྔུབ་ཀྱིན་འདུག
    ཉིན་དེའི་དགོང་མོར། དཔལ་ཐང་གནམ་གྲུའི་ཐང་ལ་གློག་འདོན་བསྐྱར་གསོ་བྱས་པ་དང་། བར་སྣང་གི་ཚེ་སྲོག་རྒྱུ་ལམ་ཕྱེས་ཐུབ་པ་བྱུང་།
    དུས་ཚོད་ཀྱིས་མི་ལ་སྒུག་མི་སྲིད།
    ཚེས་བཅུ་བདུན་ཉིན་གྱི་ཉིན་གུང་། ཏུའུ་ཅིན་དབྱིས་ལ་ལས་འགན་གསར་བ་འབྱོར་ཏེ། རྟ་རྒྱུག་ཐང་གི་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་ཡོད་སར་སྟོང་ཧྥུ་བཅུའི་གློག་འགེར་སྐུད་ལམ་འགྲེམ་གཏོང་བྱེད་དགོས་པ་དང་། ཚེས་བཅུ་དགུ་ཉིན་ངེས་པར་དུ་འགྲུབ་དགོས་པའི་པའི་བརྡ་ཐོན།
    འགྲེམ་གཏོང་གི་ལས་ཀ་དེ་ལྟོས་བ་ཙམ་གྱིས་སྟབས་བདེ་ཞིག་ཡིན་མོད། འོན་ཀྱང་དཀའ་ཁག་མི་ཉུང་བ་ཞིག་ཡོད། འཆར་འགོད་བྱས་པའི་རི་མོ་གཞིར་བཟུང་ན། ཁོ་ཚོས་རིང་ཐུང་ལ་མུས་བརྒྱད་བརྒྱ་ཡོད་པའི་སྐུད་ལམ་དུ་མུས་བཅུ་གཉིས་ཀྱིས་མཐོ་བའི་ཨར་འདམ་གློག་སྡོང་བཅོ་ལྔའི་སྟེང་གློག་ཤུགས་སྒྱུར་ཆས་གཉིས་འཛུགས་དགོས།
    སྔོན་ལ་གློག་སྡོང་བཅོ་ལྔ་ལ་ས་དོང་བཅོ་ལྔ་རྐོ་དགོས་པ་དང་། དོང་རེ་རེའི་རིང་ཚད་ལ་མུས་གཅིག་དང་། ཞེང་ཚད་ལ་ལིས་མུས་བརྒྱད་ཅུ། གཏིང་ཚད་ལ་མུས་གཉིས་བཅས་ཡོད་དགོས།
    ཏུའུ་ཅིན་ཡུས་ཀྱིས་ཚིག་གཅིག་ཀྱང་མ་བཤད་པར། ལྕགས་ཁེམ་དང་འཇོར་བཟུང་ནས་ལས་བཟོ་བ་རྣམས་ཀྱི་སྣེ་ཁྲིད་དེ་ལས་ཀའི་མགོ་བརྩམས།
    མཐོ་སྒང་སྟེང་ས་ཤུན་ཧ་ཅང་སྲབ་ལ། བརྐོས་ནས་ཅུང་མ་འགོར་བར་ས་འོག་གི་རྡོ་ཧྲུག་དག་ལ་ཐུག་ཏེ་ལྕགས་ཁེམ་གྱིས་བརྐོ་བར་ཧ་ཅང་དཀའ་ཁག་ཡོད་པས། རྐང་ལག་ཚང་མ་ཤུགས་མེད་པར་གྱུར། ཏུའུ་ཅིན་ཡུས་ཀྱིས་ལས་གྲོགས་རྣམས་ལ་བཤད་རྒྱུར། ངེས་པར་དུ་ཚད་གཞིར་བཟུང་ནས་རྒྱུན་འཁྱོངས་བྱེད་དགོས། “ང་ཚོ་སོང་རྗེས་སྤུས་ཚད་ལ་གནད་དོན་བྱུང་ཚེ། མང་ཚོགས་རྣམས་ཀྱིས་ང་ཚོར་སྡིགས་མོལ་བྱེད་སྲིད་པ་དང་། རང་ཉིད་ཀྱི་སེམས་ནས་ཀྱང་མི་བཟོད་པ་ཞིག་རེད”ཟེར།
    ལས་གྲོགས་རྣམས་ཀྱི་མིག་ལམ་དུ་ཏུའུ་ཅིན་ཡུས་ནི་མི་གཟབ་ནན་ཞིག་དང་བཙན་པོ་ཞིག་རེད། ལས་གྲོགས་རྣམས་ཀྱིས་ལས་ཀ་ལས་སྐབས་གཟབ་གཟབ་མི་བྱེད་སྐབས་ཁོས་སྡིགས་མོལ་བྱས་བས། རུ་གཙོ་པེ་ཁྲིན་ཧེ་ཡིས་ཁོ་ལ་བྱ་བའི་བྱེད་ཐབས་དང་བྱེད་སྟངས་ལ་མཉམ་འཇོག་བྱེད་དགོས་པའི་དྲན་སྐུལ་བྱས། འོན་ཀྱང་ཏུའུ་ཅིན་དབྱིས་ཀྱིས་དེར་མི་ཉན་པར། སྤུས་ཚད་ལ་གནད་དོན་བྱུང་ན་སྡུག་རུས་ཅི་འདྲ་བྱས་རུང་རིན་ཐང་ཅི་ཡང་མེད། “ངས་ཁོ་ལ་སྡིགས་མོལ་མ་བྱས་ན་ཐེངས་རྗེས་མར་ཁོས་ད་དུང་མཉམ་འཇོག་བྱེད་རྒྱུ་མ་རེད”ཅེས་ལན་བཏབ།
    ཐེངས་འདིར། ཏུའུ་ཅིན་ཡུས་ཀྱིས་སྡིགས་མོལ་བྱེད་མི་ཐུབ་པར་གྱུར། ཉིན་གང་བོའི་དཀའ་ངལ་དང་། བྱ་བའི་ཁོར་ཡུག་མི་ལེགས་པ་བཅས་ཀྱིས་ཁོའི་ལུས་སྟོབས་ཉམས་པས། ཚེས་བཅོ་བརྒྱད་ཀྱི་ཉིན་གང་བོར། གློག་སྡོང་བཙུགས་པ་དང་། དོང་ནང་དུ་ཡང་ཡང་མར་བབས་པ་བཅས་ཀྱིས་ཏུའུ་ཅིན་ཡུས་ལ་ཉིན་གུང་གི་ཟས་ཟ་བའི་དུས་ཚོད་ཀྱང་མེད་པས། ལས་གྲོགས་རྣམས་ཀྱང་ཟུངས་ཟད་ཤུགས་རྫོགས་སུ་གྱུར་ཡོད། དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཉི་ཤུའི་སྟེང་། སྡོད་གནས་ལ་ཡོང་སྟེ་ཏུའུ་ཅིན་དབྱིས་ཀྱིས་ཟས་ཁམ་འགའ་ཟས་རྗེས། ལོག་ཐེངས་གཅིག་གིས་ཁ་གཅིག་ཀྱང་མ་གྲགས་པར་གཉིད་སོང་།
    དུས་ཚོད་ཀྱིས་མི་ལ་སྒུག་མི་སྲིད། ལོ་ལྔ་ལ་མཉམ་དུ་ལས་གྲོགས་བྱས་པའི་ཅང་དབྱང་ཧྭ་ཡིས་བཤད་རྒྱུར། ཚེས་བཅུ་དགུ་ཉིན་གྱི་ཞོགས་པར། ཏུའུ་ཅིན་ཡུས་ཡང་ལས་ཡུལ་དངོས་ལ་ཐོན། གློག་སྡོང་འཛུགས་པ་དང་། སྐུད་པ་བསྡམས་པ་གང་ཡིན་རུང་ཁོ་སྔར་བཞིན་ཐོག་དང་པོར་བརྒྱུགས་བཞིན་ཡོད། “ཏུའུ་ཅིན་ཡུས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད། ཁོས་སེམས་ངའི་ཧ་ཅང་རྟོགས། སྐབས་དེར། མི་ཚང་མར་འདུ་ཤེས་གཅིག་ཡོད་པ་ནི་མྱུར་ཏུ་གནོད་ཐེབས་ས་ཁུལ་དུ་འོད་སྣང་སྦྱིན་རྒྱུ་དེ་རེད”ཟེར།
    ཡུས་ཧྲུའུ་ས་ཁུལ་ཆ་སྙོམས་མཚོ་ངོས་ལས་མུས་སུམ་སྟོང་བདུན་བརྒྱ་ཡན་ཡོད་པ་དང་། ནམ་ཟླ་འགྱུར་ལྡོག་ཧ་ཅང་ཆེ། ད་ལྟ་ཉི་འོད་འཚེར་ཞིང་མིའི་ངོ་གདོང་ངར་ལམ་ལམ་བྱེད་ན། ཅང་མ་འགོར་བར་ཚད་རིམ་བདུན་བརྒྱད་ཙམ་གྱིས་རླུང་གཡུག་ཏེ་མི་ཡང་དྲང་བོར་ལངས་མི་ཐུབ་པ་དང་། དེའི་རྗེས་སུ་ཁ་བ་བབས་ཏེ་དྲོད་ཚད་གོར་ཐིག་མན་ལ་སླེབས་འགྲོ
    མཐོ་ཚད་ལ་མུས་བཅུ་ཡོད་པའི་གློག་སྡོང་སྟེང་མི་བཞི་ཡར་འགྲོ་མར་འོང་བྱེད་ཀྱིན་ཡོད་ལ། ཏུའུ་ཅིན་ཡུས་ཀྱིས་ཕུང་བོའི་ལྕོགས་ཀྱིན་མེད། ཕྱི་དྲོའི་དུས་ཚོད་གསུམ་གྱི་སྐབས་སུ། རུ་ཁག་དང་མཉམ་དུ་སྨན་པ་སུང་ཏང་བས་ལས་ཡུལ་ལ་སྨན་བཅོས་བྱེད་དུ་འགྲོ་སྐབས། ཏུའུ་ཅིན་ཡུས་གློག་སྐུད་ལ་ཁེན་ཡོད། ངོ་གདོང་ནག་པོའི་སྟེང་རྡུལ་ཕྲན་གྱིས་བཀང་ཡོད་ལ་ལུས་ཟུངས་ཡང་ཟད་ཡོད། ཁོས་ལས་བཟོ་བ་རྣམས་ལ་བཤད་རྒྱུར། “སྐུད་པ་དམ་པོར་བསྡོམས། དམ་པོར་བསྡོམས།”“ཞྭ་ལུང་དམ་པོར་མདུད་ནས་བདེ་འཇགས་ལ་མཉམ་འཇོག་བྱོས”ཟེར། ……………….
    ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་སྟེང་། འགྲེམ་གཏོང་བྱ་བ་སྔོན་ལ་ལེགས་འགྲུབ་བྱུང་བ་དང་། སྟོང་ཧྥུ་བཅུའི་གློག་འགེར་སྐུད་ལམ་ལ་གློག་ཡོད་པའི་ཆ་རྐྱེན་ལྡན་དུ་བཅུག
    ཚེས་ཉི་ཤུ་ཉིན་གྱི་དགོང་མོར། མུན་ཡུན་གྱིས་རུབ་པ་དང་། སྐྱེ་རྒུ་གྲོང་རྡལ་རྟ་རྒྱུགས་ཐང་གི་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་ཡོད་པའི་གནས་ལ་གློག་གཏོང་མགོ་བརྩམས་ཤིང་། གློག་འོད་ཀྱི་འོག་ཏུ། གནོད་ཐེབས་ས་ཁུལ་གྱི་བྱིས་པ་ཆུང་ཆུང་རྣམས་མཉམ་དུ་རྩེད་འཇོར་རོལ་བ་དང་། ལྷད་མེད་ཀྱི་དགོད་སྒྲའི་གནོད་ཐེབས་ས་ཁུལ་ལ་དགའ་སྤྲོ་ཞིག་ཁྱེར་ཡོང་། རྟ་རྒྱུགས་ཐང་གི་བཀོད་སྒྲིག་བྱེད་སའི་གནས་ལ་གློག་བསྐྱལ་བ་དེས་སྐྱེ་རྒུ་གྲོང་རྡལ་གྱི་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་ཡོད་པའི་གནས་ཚང་མར་གློག་འདོན་སྤྲོད་བྱས་ཡོད་པ་མཚོན་ཐུབ།
    ཆེས་མཐའ་མཇུག་གི་དུས་སྐབས།
    ཚེས16ཉིན་གློག་སྐྱེལ་སྐུད་ལམ་ལྕགས་སྟེགས་ཞབས་ངོས་ཀྱི་སྐྱོར་ཤིང་བརྟན་པོ་བྱས་པ་དེས། གནས་སྐབས་ཙམ་ལ་སྐྱོར་འདེགས་ཀྱི་ནུས་པ་འདོན་ཐུབ་པ་མ་གཏོ�

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese