མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་ཕོ་བྲང་ཐུགས་ཀྱི་དཀྱིལ་ནས་མ་འདོར་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྐྱབས་རྗེ་སྐུ་གོང་མ་༧གོང་ས་མཆོག་གི་ཡོངས་འཛིན་གྱི་གྲས་སུ་བཞུགས་མྱོང་ཞིང་། བཙན་བྱོལ་གཞུང་གི་གནས་བབ་མང་པོ་ཞིག་གི་ཐོག་ལ་བཀའ་སློབ་ལམ་སྟོན་སོགས་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་མང་པོ་ཞིག་གནང་བ་དང་། དམིགས་བསལ་གྱིས་དམ་ཚིག་གི་འབྲེལ་བ་ཡོད་སྟབས། དེ་རིང་འདིར་མཇལ་རྒྱུའི་གོ་སྐབས་རག་པར་སྐལ་བ་བཟང་པོ་བྱུང་སོང་། སྐུ་ཕྲེང་འདིའི་རིང་ལ་ཡང་སྤྱིར་བོད་ཀྱི་བསྟན་སྲིད་དང་། ཡང་སྒོས་དགའ་ལྡན་ཕོ་བྲང་གི་རྗེས་འཛིན་པ་དང་སྲི་ཞུ་བ་ཚང་མ་ཐུགས་ཀྱི་དཀྱིལ་ནས་མ་འདོར་བ་གནང་རོགས། ཞེས་བཀའ་ཁྲི་མཆོག་གིས་གསུངས།

                              

ལོ་ལྟར་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་བྱ་རྒྱུའི་ལས་རིམ་སྒྲིག་ཡོད་པ་ལྟར། ད་ལོ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་སྐུ་འཁྲུངས་ཏེ་ལོ་ངོ་ ༡༠༠ འཁོར་བའི་དམིགས་བསལ་གྱི་ལོ་ཞིག་ཆགས་ཡོད་པའི་གོ་སྐབས་དང་བསྟུན་ཏེ། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ དང་ཕྱེད་ཀའི་སྟེང་། ངྷ་རམ་ས་ལའི་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཡང་སྲིད་རིན་པོ་ཆེ་དང་། ཞེ་ཆེན་རབ་འབྱམས་པ་རྣམ་གཉིས་དབུ་བཞུགས་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ། དེ་བཞིན་ལས་ཁུངས་ཁག་གི་ཟུང་དྲུང་ཡན་མགྲོན་འབོད་ཀྱིས་གསོལ་ཚིགས་རྒྱས་པ་ཞིག་འདེགས་འབུལ་ཞུས་ཡོད་ཅིང་། འདི་དང་མཉམ་དུ་དིལ་མགོ་མཁྱེན་བརྩེ་སྐུ་གོང་མའི་མཛད་པ་རྣམ་མཐར་གྱི་གློག་བརྙན་ཞིག་སྤྱན་འབུལ་ཞུས་ཡོད།

 

སྐབས་དེར་ཞེ་ཆེན་རབས་འབྱམས་རིན་པོ་ཆེ་མཆོག་གིས་མཛད་སྒོ་ངོ་སྤྲོད་དང་འབྲེལ། དིལ་མགོ་མཁྱེན་བརྩེ་སྐུ་གོང་མའི་བཞད་དགོངས་དང་། ཡང་སྲིད་མཆོག་གི་མ་འོངས་པའི་མཛད་འཆར་སྐོར་གསུངས་དོན། ད་ལོ་ནི་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་སྐུ་འཁྲུངས་ཏེ་ལོ་ངོ་བརྒྱ་འཁོར་བའི་ལོ་ཞིག་ཆགས་ཡོད་སྟབས། སྐྱབས་རྗེ་གོང་མའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་པ་ཡིན། ཁ་སང་ཡང་སྲིད་རིན་པོ་ཆེ་མཆོག་དང་ངེད་ཅག་༧གོང་ས་མཆོག་ལ་མཇལ་ཁར་བཅར་ཏེ། ཡང་སྲིད་རིན་པོ་ཆེ་མཆོག་གི་མ་འོངས་པའི་བསླབ་པ་སློབ་གཉེར་གནང་ཕྱོགས་ཐད་ལམ་སྟོན་ཞུས་པ་ཡིན། ང་ཚོ་ཞལ་སློབ་རྣམས་ཀྱིས་སྐྱབས་རྗེ་སྐུ་གོང་མའི་དགོངས་བཞད་ཕལ་ཆེ་བ་སྒྲུབ་ཐུབ་པ་བྱུང་ཡོད། མདོ་བསྡུས་ཤིག་ཞུས་ན། ཁམས་སྡེ་དགེ་དགོན་ཆེན་གྱི་ཐུབ་སྐུར་གསེར་ཕུལ་བ་དང་བསམ་ཡས་རྟེན་གཙོ་ཉམས་གསོ་བྱས་པ། བལ་ཡུལ་གྱི་ཞེ་ཆེན་དགོན་པ་དང་འབྲུག་གི་བཙུན་མའི་དགོན་པ། ཁམས་ཞེ་ཆེན་དགོན་པ་སོགས་ལ་བཤད་གྲྭ་བཙུགས་ཡོད། དེ་བཞིན། བལ་ཡུལ་ནང་སྨན་ཁང་བཙུགས་ཏེ་བོད་སྨན་དང་། ཕྱི་ལུགས་སྨན་གཉིས་ཀའི་ཐོག་ནས་ལོ་ལྟར་ནད་པ་བརྒྱད་ཁྲི་ཡས་མས་ལ་རིན་མེད་ཐོག་ཞབས་ཞུ་སྒྲུབ་ཀྱིན་ཡོད། གནས་མཆོག་རྡོ་རྗེ་གདན་ལའང་སྨན་ཁང་བཙུགས་ཏེ། ལོ་ལྟར་ནད་པ་བརྒྱད་ཁྲི་ལྷག་ལ་རིན་མེད་ཐོག་ཞབས་ཞུ་སྒྲུབ་ཀྱིན་ཡོད། འདི་དག་ཡོངས་རྫོགས་སྐུ་གོང་མའི་དགོངས་བཞད་ལྟར་བསྒྲུབས་པ་ཡིན། ཞེས་གསུངས་སོང་།

 

ཁོང་གིས་མུ་མཐུད་དོན། ད་བར་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ཡིས་དབྱར་ཀ་འབྲུག་ཡུལ་དང་། དགུན་ཁ་བལ་ཡུལ་ནང་བཞུགས་ཏེ་བསླབ་པ་སློབ་གཉེར་གནང་གིན་ཡོད། ཕྱི་རྒྱལ་ཁག་ཏུ་གདན་འདྲེན་ཞུ་མཁན་མང་པོ་བྱུང་ཡང་། ཆིབས་སྒྱུར་གནང་ཐུབ་ཡོད་པ་མ་རེད། ད་ལོ་སྐུ་གོང་མ་འཁྲུངས་ཏེ་ལོ་ ༡༠༠ འཁོར་བའི་དུས་དྲན་དང་བསྟུན་ཏེ། ཁ་སང་༧གོང་ས་མཆོག་ལ་སྙན་གསེང་ཞུས་པ་ཡིན། བྱུང་ན་བོད་ནས་མགོ་བཙུགས་ཏེ་འབྲུག་དང་བལ་ཡུལ། ཡུ་རོབ། ཨ་རི། ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཚང་མར་ཞབས་སོར་འགོད་རྒྱུའི་ལས་རིམ་སྒྲིག་ཡོད། དོ་ནུབ་འདིར་གློག་བརྙན་ཞིག་སྤྱན་འབུལ་ཞུ་རྒྱུ་ཡིན། གློག་བརྙན་འདི་ནི་སྐྱབས་རྗེ་སྐུ་གོང་མར་ལོ་ ༢༠ རིང་ཞབས་ཞུ་སྒྲུབ་མཁན། ཧྥ་རན་སི་ནས་ཡིན་པའི་དགེ་འདུན་པ་ Mathieu Ricard རབ་བྱུང་གི་མཚན་ལ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་རྒྱུ་ཆ་མཁོ་སྤྲོད་བྱས་པ་རེད། ཁོང་གིས་སྐུ་གོང་མར་བརྙན་ཕབ་བྱས་པ་ཆུ་ཚོད་ ༡༢༠ དང་། གསུང་ཆོས་སྒྲ་འཇུག་ཆུ་ཚོད་ ༤༠༠ ། སྐུ་པར་ ༥༠༠༠ བཅས་ཉར་འདུག དེ་བཞིན། སྐུ་གོང་མ་རྒྱ་བལ་འབྲུག་གསུམ་དང་། འབྲས་ལྗོངས་སོགས་སུ་ཕེབས་སྐབས། ས་གནས་དེ་དག་གི་དགོན་པའི་ཐང་ཀ་རྙིང་པ་ ༡༣༠༠༠ ཙམ་པར་བརྒྱབས་འདུག འདི་དག་ཡོངས་རྫོགས་བསྡུ་སྒྲིག་དང་རྩོམ་སྒྲིག་བྱས་ཏེ། རིང་ཚད་སྐར་མ་ ༥༠ ཙམ་ཡོད་པའི་གློག་བརྙན་ཞིག་བཟོས་ཡོད། ཅེས་གསུངས་སོང་།

 

མཛད་སྒོའི་མཇུག་ཏུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། སྤྱིར་ཡིན་ན་ཐེངས་འདིར་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཡང་སྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁར་བཅར་བ་ཡིན་ན། བཙན་བྱོལ་བོད་གཞུང་གི་ངོས་ནས་དགའ་བསུའི་སྣེ་ལེན་ཞུ་དགོས་པ་ཞིག་ཆགས་ཡོད་ཀྱང་། དེ་ལས་ལྡོག་སྟེ། དོ་ནུབ་ཁྱེད་རྣམ་པས་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་སྣེ་མོ་བ་ཚོ་དང་། སྲི་ཞུ་ལས་བྱེད་རྒན་གྲས་ཚང་མར་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་དང་། ལྷག་པར་དུ་སྐྱབས་རྗེ་གོང་མ་སྐུ་འཁྲུངས་ཏེ་ལོ་ ༡༠༠ འཁོར་བའི་རྗེས་དྲན་དང་འབྲེལ། གསང་བ་གསུམ་གྱི་རྣམ་མཐར་སྐོར་གྱི་གློག་བརྙན་ལ་མཇལ་རྒྱུ་བྱུང་བ་ཧ་ཅང་སྐལ་བ་བཟང་པོ་བྱུང་སོང་། བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

བཀའ་ཁྲི་མཆོག་གིས་དིལ་མགོ་མཁྱེན་བརྩེ་མཆོག་དང་བོད་གཞུང་གི་དམ་ཚིག་སྐོར་གསུངས་དོན། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེས་ད་བར་ཐོས་བསམ་སློབ་གཉེར་གནང་བ་དང་། སྐུ་གོང་མའི་རྣམ་མཐར་བདག་གར་བཞེས་རྒྱུ་དབུ་འཛུགས་གནང་བ་སོགས་ང་ཚོ་ཚང་མའི་བསོད་ནམས་ཀྱི་སྐལ་བ་དང་རྗེས་སུ་ཡི་རངས་ཞུ་འོས་པའི་གནས་རེད། འབྱུང་འགྱུར་ཡང་གཙོ་བོ་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པ་དང་། མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྐྱབས་རྗེ་གོང་མའི་མཛད་འཕྲིན་མཇུག་སྐྱོང་གནང་ཐུབ་པ་ཞིག་དང་། བོད་ཀྱི་སྐྱེས་འགྲོ་དང་བསྟན་པ་ཡོངས་སུ་རྫོགས་པར། སྔ་མ་ལྟར་འཕྲིན་ལས་རྒྱ་ཆེན་པོ་བསྐྱང་ཐུབ་པ། ལྷག་པར་དུ་སྐྱབས་རྗེ་སྐུ་གོང་མ་༧གོང་ས་མཆོག་གི་ཡོངས་འཛིན་གྱི་གྲས་སུ་བཞུགས་མྱོང་ཞིང་། བཙན་བྱོལ་གཞུང་གི་གནས་བབ་མང་པོ་ཞིག་གི་ཐོག་ལ་བཀའ་སློབ་ལམ་སྟོན་སོགས་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་མང་པོ་ཞིག་གནང་བ་དང་། དམིགས་བསལ་གྱིས་དམ་ཚིག་གི་འབྲེལ་བ་ཡོད་སྟབས། དེ་རིང་འདིར་མཇལ་རྒྱུའི་གོ་སྐབས་རག་པར་སྐལ་བ་བཟང་པོ་བྱུང་སོང་། སྐུ་ཕྲེང་འདིའི་རིང་ལ་ཡང་སྤྱིར་བོད་ཀྱི་བསྟན་སྲིད་དང་། ཡང་སྒོས་དགའ་ལྡན་ཕོ་བྲང་གི་རྗེས་འཛིན་པ་དང་སྲི་ཞུ་བ་ཚང་མ་ཐུགས་ཀྱི་དཀྱིལ་ནས་མ་འདོར་བ་གནང་རོགས། ཞེས་གསུངས་སོང་།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 41

  1. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 15 སྔོན།

    ངཚོའི་བོད་མི་དམངས་ཀྱིས་རེ་བ་ལ་དགའ་ལྡན་ཕོ་བྲང་ཞེས་པ་དེ་ལས་ཁུངས་གཅིག་གིས་མིང་ཡིན་ནམ་བླ་མ་གཅིག་གིས་བླ་བྲང་མིང་རེད་གལ་སྲིད་མིང་དེ་བོད་གཞུང་གིས་ལས་ཁུངས་མིང་ཡིན་ན་བོད་གཞུངས་རོ་ལང་རྒྱབ་པ་སྨོས་མི་དགོས་བཀའ་ཁྲི་མཆོག་གིེ་དིལ་མགོ་མཁྱེན་རྩེ་མཆོག་མགོ་སྐོར་བཏང་བསམ་གྱི་འདུག་དགའ་བསུ་ཞུ་ཡག་ཡག་པོ་མིན་པ་ཐག་ཆོདམི་སོ་གཞན་ཅན་གྱི་གང་ཟག་ཡིན་པའི་ཕྱིར

    Reply
  2. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཚུལ་ལྟར་ན། ས་གནས་Belgiumགནས་སྡོད་རྒྱ་གར་སྡེ་ར་རྡུན་ནས་ཡིན་པ་བོད་པའི་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།

    Reply
  3. getse ngodup from .be says:
    ལོ་ 15 སྔོན།

                        རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  4. ལུང་རྟོགས། says:
    ལོ་ 15 སྔོན།

    ཕྱོགས་མཐེན་ཀྱང་ཀྱང་རེད། སྐད་ཆ་དེ་ཚོ་ལ་སྐྱག་དྲི་ལས་གཞན་གང་ཡང་བྲོ་ཡ་མི་འདུགས ཉོབ་སོང་།

    Reply
  5. འཁྲུངས་སྐར། says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་བྲང་དགག་ལྡན་བླ་བྲང་ཡིན།
    ཕྱོགས་ལས་རྣམ་རྒྱལ་ནང་ལོག་རྐྱང་རྐྱང་རྒྱལ།
    བོད་གཞུང་མ་ཡིན་གཙན་དབང་གཞུང་ཡིན་ལ།
    གནམ་བརྐོས་མ་ཡིན་བཀའ་བརྐོས་རྐྱང་རྐྱང་ཡིན།
    གཞུང་ཞབས་མ་ཡིན་སྒེར་ཞབས་ཁོ་ན་ཡིན།
    བཀའ་ཤག་ཡོད་ན་མང་ཚོགས་ག་ལ་ཡིན།
    སྤྱི་མཐུས་ཡོད་ན་བཀའ་ཤག་ག་ལ་ཡོད།

    Reply
  6. མགར་རྟོགས་སད says:
    ལོ་ 15 སྔོན།

    འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཟེར་བའི་དཔེ་ལྟར།
    རེ་འགའ་ཞིག་གི་རྒྱབ་ལྗོངས་ལ་བཟོ་བཅོས་རྒྱག་གི་འདུག འགའ་ཞིག་གི་རྒྱབ་ལྗོངས་གསལ་བོ་མཐོང་གི་མི་འདུག རྒྱབ་ལྗོངས་གི་རྨང་གཞི་སྲ་བརྟན་ཡིན།
    ཐུགས་ལ་ཞོགས།

    Reply
  7. བཀྲ་ཤིས། ། says:
    ལོ་ 15 སྔོན།

    ད་ཡང་ཞེ་ཆེན་ཚང་གི་དགའ་ལྡན་ཕོ་བྲང་ལ་འབྲེལ་བ་འཛིན་འདོད་ཡོད་ས་རེད། ཡིན་ན་ཡང་གཟབ་གཟབ་དགོས་སྔོན་རྒྱལ་དབང་ལྔ་པའི་སྐབས་རྙིང་མའི་བླ་ཆེན་གཏེར་བདག་གླིང་པ་དང་། བྱང་པ་པདྨ་འཕྲིན་ལས་ཀྱིས་གཙོས་ནུས་ལྡན་མང་པོས་ཨོ་རྒྱན་ཆེན་པོའི་བཀའ་ལུང་ནང་ཇི་ལྟར་གསལ་བ་བཞིན། རྒྱལ་དབང་ལྔ་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགོངས་བཞེད་སྒྲུབ་སྒྲུབ་སྟེ་མཐར་འཇམ་དབྱངས་བཞད་པས་སོག་པོའི་དམག་ཁྲིད་དེ་རྩ་མེད་བྱས་་བཞག་རེད། ངོ་སོ་ཅང་མེད། རྙིང་མའི་གཏེར་ཆེན་ཚོས་བོད་སྤྱི་པའི་དོན་ལ་དཀའ་ལས་མ་བརྒྱབ་པ་ཞིག་དང་། ཕན་མ་བཏགས་མཁན་ཞིག་མེད་པ་རེད། ཡིན་ན་ཡང་ཁོང་ཚོས་རྒྱ་སོག་གི་དམག་ཁྲིད་ཡོང་གི་རེད། དེ་དུས་བོད་ཚང་མ་གནོད་ཀྱི་ཡོད་རེད། ད་མང་པོ་མི་བཤད།

    Reply
  8. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    ཐེངས་གཅིག་ཤི་ཡང་བསླར་གསོན་པོར་བཞེངས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམས་རྒྱལ་རྟག་ཏུ་རྒྱལ་གྱུར་ཅིག
    འདས་ཟིན་པའི་ལོ་རྒྱུས་ལྟར་ན་ངེད་གངས་ཅན་པ་རྣམས་དགའ་ལྡན་ཕོ་བྲང་གི་གཉའ་གནོན་དང་ཤུ་གཞོག་ཐེངས་མང་བཟེད་མྱོང་བ་མ་ཟད་དགའ་ལྡན་ཕོ་བྲང་གི་བྱམས་སྐྱོང་དང་འདྲོ་སྐྱིད་ཀྱང་ཐེངས་མང་ཐོབ་མྱོང་མཁན་ཞིག་རེད
    མདོར་ན་དུས་འདི་རིང་བར་ལོ་རྒྱུས་ཡུལ་རིང་ལྡན་ཞིང་ལས་ལ་བརྩོན་པ་དང་དཔའ་ངར་ལྡན་པའི་གངས་ཅན་པ་རྣམས་གསོན་པོར་གནས་ཐུབ་པ་ནི་༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་་་དེ་བཞིན་གཞིས་ལུས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་ཡིན་པ་ཀུན་མཁྱེན་གྱིས་དགོས་ངེས་ཤིག་རེད
    འོན་ཀྱང་དགའ་ལྡན་ཕོ་བྲང་ལ་ལྷག་བསམ་ཉི་མོའི་སྐར་ལྟར་དབེན་ཞིང་དགའ་ལྡན་ཕོ་བྲང་འཇིགས་ཉེན་གྱི་མཚམས་འདིར་ཡང་དབུ་འོག་སྤུང་སྟེགས་ཀྱི་ཚབ་ཏུ་གངས་ཅན་སྐྱིད་གཤོངས་འདི་གནས་སྐབས་རིང་རང་ཉིད་ཀྱི་གྲོད་ཁོག་གསོ་ཆེད་དང་རྒྱལ་སྤྱིའི་གནམ་ཐང་བཞིན་བརྩི་མཁན་གྱི་གཞུང་ཞབས་མི་ཉུང་བ་ཞིག་ཡོད་པ་གོ་ཐོས་འབྱུང་བར་བློ་ཕམ་དང་ཡིད་ཆད་ཀྱི་གནས་ཤིག་རེད་སྙམ།
    མ་ཟད་གྲྭ་གྲོགས་མང་པོ་ཞིག་གིས་དགའ་ལྡན་ཕོ་བྲང་ལ་ཁ་རྡུང་གཏོང་བ་ནི་
    རྡོ་ཡར་སྟེགས་ནས་རང་ཉིད་ཀྱི་རྐང་པར་ཞུས་ཟེར་བའི་དཔེ་ལྟར་རེད

    Reply
  9. མགར་རྟོགས་སད says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་བྲང་གཟི་འོད་ལེང་སེ་ལེམ།ལུགས་གཉིས་གཤོག་ཟུངས་ས་ཆེན་མཁའ་ལ་འཕགས།གདུང་དྲུག་སྤུན་ཟླའི་མཐུན་བཞིའི་རྣམ་ཐར་སྐྱོང་།འདི་ནི་ཁ་བའི་རླུང་རྟ་དར་དུས་ཡིན།ཕ་མེས་སུ་ཡིན་མི་ཤེས་མགོ་སྟོང་མང་།འཚོལ་སྙེགས་ཁ་ཕྱོགས་མེད་པའི་བློ་སྟོང་མང་།ནང་མཐུན་གཏོར་དཀྲུག་དགའ་བའི་ཁོག་སྟོང་མང་།འདི་ནི་ཁ་བའི་རླུང་རྟ་རྒུར་དུས་ཡིན།

    Reply
  10. བཀྲ་ཤིས། ། says:
    ལོ་ 15 སྔོན།

    ང་ཚོ་ལ་འདི་ལྟ་བུའི་ཕམ་ཉེས་བྱུང་བ་དེ་དགའ་ལྡན་ཕོ་བྲང་གི་བྱས་རྗེས་རེད། ང་ཚོའི་ཡོད་ཚད་ཤོར་ཚར་བ་ཡང་དགའ་ལྡན་ཕོ་བྲང་བའི་བྱས་ཉེས་རེད། དྲང་མོ་བཤད་ན་དགའ་ལྡན་ཕོ་བྲང་ཞིག་མ་རེད། སྡུག་ལྡན་ཕོ་བྲང་ཞིག་རེད་ཀོ

    Reply
  11. མགར་རྟོགས་སད says:
    ལོ་ 15 སྔོན།

    རྟོགས་སད་ཀྱི་སྨྱུག་བུ་ལགས་ཁྱོད་ལ་ཞུ་རྒྱུ།བརྗེད་མི་རུང་བ་ཞིག་ནི།འུ་གཉིས་ཆུང་ནས་གཉོར་སྐྱོང་བྱེད་མཁན་དགའ་ལྡན་ཕོ་བྲང་ཚང་གི་བཀའ་དྲིན་ཡིན།
    ད་ཆར་རང་གི་རྐང་པའི་སྟེང་ནས་ཅུང་ཙམ་ལངས་ཐོབ་དུས།དགའ་ལྡན་ཕོ་བྲང་ཚང་ལ་མི་དགའ་བའི་རྣམ་འགྱུར་འདི་འདྲ་བསྟན་པ་དངོས་ནས་དྲིན་ལན་ལོགས་འཇལ་རེད།ད་དུང་ཞུ་རྒྱུ་ཞིག་ལ་རྟོགས་སད་ཞེས་པའི་ཐ་སྙད་འདིས་བདག་པོ་ཁྱེད་རང་ཡིན་པ་ཧ་མ་གོ མ་གཞི་ཁྱེད་ཀྱི་ང་ལ་སྨྱུག་མིང་དང་དྲ་མིང་འདོགས་པའི་ཆ་རྐྱེན་རེ་ཞིག་ཚང་མི་འདུག གནས་སྐབས་སློབ་སྦྱོང་ཡག་པོ་གནང་རོགས།

    Reply
  12. མགར་རྟོགས་སད says:
    ལོ་ 15 སྔོན།

    རྟོགས་སད་ཀྱི་སྨྱུག་བུ་ལགས་ཁྱོད་ལ་ཞུ་རྒྱུ།བརྗེད་མི་རུང་བ་ཞིག་ནི།འུ་གཉིས་ཆུང་ནས་གཉོར་སྐྱོང་བྱེད་མཁན་དགའ་ལྡན་ཕོ་བྲང་ཚང་གི་བཀའ་དྲིན་ཡིན།
    ད་ཆར་རང་གི་རྐང་པའི་སྟེང་ནས་ཅུང་ཙམ་ལངས་ཐོབ་དུས།དགའ་ལྡན་ཕོ་བྲང་ཚང་ལ་མི་དགའ་བའི་རྣམ་འགྱུར་འདི་འདྲ་བསྟན་པ་དངོས་ནས་དྲིན་ལན་ལོགས་འཇལ་རེད།ད་དུང་ཞུ་རྒྱུ་ཞིག་ལ་རྟོགས་སད་ཞེས་པའི་ཐ་སྙད་འདིས་བདག་པོ་ཁྱེད་རང་ཡིན་པ་ཧ་མ་གོ མ་གཞི་ཁྱེད་ཀྱི་ང་ལ་སྨྱུག་མིང་དང་དྲ་མིང་འདོགས་པའི་ཆ་རྐྱེན་རེ་ཞིག་ཚང་མི་འདུག གནས་སྐབས་སློབ་སྦྱོང་ཡག་པོ་གནང་རོགས།

    Reply
  13. མགར་རྟོགས་སད says:
    ལོ་ 15 སྔོན།

    རྟོགས་སད་ཀྱི་སྨྱུག་བུ་ལགས་ཁྱོད་ལ་ཞུ་རྒྱུ།བརྗེད་མི་རུང་བ་ཞིག་ནི།འུ་གཉིས་ཆུང་ནས་གཉོར་སྐྱོང་བྱེད་མཁན་དགའ་ལྡན་ཕོ་བྲང་ཚང་གི་བཀའ་དྲིན་ཡིན།
    ད་ཆར་རང་གི་རྐང་པའི་སྟེང་ནས་ཅུང་ཙམ་ལངས་ཐོབ་དུས།དགའ་ལྡན་ཕོ་བྲང་ཚང་ལ་མི་དགའ་བའི་རྣམ་འགྱུར་འདི་འདྲ་བསྟན་པ་དངོས་ནས་དྲིན་ལན་ལོགས་འཇལ་རེད།ད་དུང་ཞུ་རྒྱུ་ཞིག་ལ་རྟོགས་སད་ཞེས་པའི་ཐ་སྙད་འདིས་བདག་པོ་ཁྱེད་རང་ཡིན་པ་ཧ་མ་གོ མ་གཞི་ཁྱེད་ཀྱི་ང་ལ་སྨྱུག་མིང་དང་དྲ་མིང་འདོགས་པའི་ཆ་རྐྱེན་རེ་ཞིག་ཚང་མི་འདུག གནས་སྐབས་སློབ་སྦྱོང་ཡག་པོ་གནང་རོགས།

    Reply
  14. མགར་རྟོགས་སད says:
    ལོ་ 15 སྔོན།

    རྟོགས་སད་ཀྱི་སྨྱུག་བུ་ལགས་ཁྱོད་ལ་ཞུ་རྒྱུ།བརྗེད་མི་རུང་བ་ཞིག་ནི།འུ་གཉིས་ཆུང་ནས་གཉོར་སྐྱོང་བྱེད་མཁན་དགའ་ལྡན་ཕོ་བྲང་ཚང་གི་བཀའ་དྲིན་ཡིན།
    ད་ཆར་རང་གི་རྐང་པའི་སྟེང་ནས་ཅུང་ཙམ་ལངས་ཐོབ་དུས།དགའ་ལྡན་ཕོ་བྲང་ཚང་ལ་མི་དགའ་བའི་རྣམ་འགྱུར་འདི་འདྲ་བསྟན་པ་དངོས་ནས་དྲིན་ལན་ལོགས་འཇལ་རེད།ད་དུང་ཞུ་རྒྱུ་ཞིག་ལ་རྟོགས་སད་ཞེས་པའི་ཐ་སྙད་འདིས་བདག་པོ་ཁྱེད་རང་ཡིན་པ་ཧ་མ་གོ མ་གཞི་ཁྱེད་ཀྱི་ང་ལ་སྨྱུག་མིང་དང་དྲ་མིང་འདོགས་པའི་ཆ་རྐྱེན་རེ་ཞིག་ཚང་མི་འདུག གནས་སྐབས་སློབ་སྦྱོང་ཡག་པོ་གནང་རོགས།

    Reply
  15. ཚེ་དབང་སྟོབས་ལྡན says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་བྲང་ཞེས་པ་མིང་ཚིག་འདི་ནི་བླ་བྲང་ཞིག་གི་མིང་ཚིག་ཡིན།
    བོད་རྒྱལཁབ་ཡོངས་ཀྱི་མིང་ཚིག་ལ་མི་འབོད་ལ་ལེགས་སམ།

    Reply
  16. ཚེ་དབང་སྟོབས་ལྡན says:
    ལོ་ 15 སྔོན།

    ཀསདཇ

    Reply
  17. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    ཡོད་ཚད་ལ་བསྟོད་སྔགས་ཐོབ་པའི་མགར་རྟོགས་སད་ལགས་ཀྱི་ང་ཡི་སྨྱུག་མིང་དེ་སྙིང་རྗེ་བོ་འཐོང་ནས་ཕྱེད་དེ་རྐུ་མ་ལོན་ཀྱང་ཕྱེད་དེ་མ་ལོན་པ་རེད་་་་་་་་་་་་གྲོགས་པོ་ལགས་ཁྱོད་ཀྱི་སྨྱུག་མིང་འདོགས་མ་ཐོབ་པའི་བཀའ་ངལ་ཡོད་ན་ང་ཡི་ཁྱོད་ལ་སྨུག་མིང་སྙིང་རྗེ་བོ་འདོགས་རོགས་བྱེད་་་་་་་་་་་་༼་་་་རང་ཚུགས་མེད་པའི་ལད་ཟློས་པ་༽ཟེར་བ་འདི་འདོགས་ན་ཤིན་ཏུ་མཛེས་་་་་་་་་་་་་་་་་་་་

    Reply
  18. མགར་རྟོགས་སད says:
    ལོ་ 15 སྔོན།

    ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་བདེན་དཔང་གི་རྒྱབ་ལྗོངས་མཐུག་པའི་གཞུང་ས་དགའ་ལྡན་ཕོ་བྲང་ཕྱོཊ་ལས་རྣམ་རྒྱལ་་་་་་་་རྒྱལ་གྱུར་ཅིག
    མཁྱེན་རྒྱ་མཁའ་ལས་ཡངས་ཤིང་ལྷག་བསམ་དུང་ལས་དཀར་བ་མཁས་བརྩོན་བཟང་གསུམ་གྱི་ཕྱུག་པའི་བཀའ་ཁྲི་ཟམ་གདོང་ངོ་སོ་དགུང་ལ་བསྟོད།

    Reply
  19. བློ་བཟང་། says:
    ལོ་ 15 སྔོན།

    བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས་དྲངས། ཚེས་༢༣ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྗོང་སེར་ཤུལ་དགོན་པའི་ཁྲི་པས་ཡུལ་ཤུལ་གྱི་ས་ཡོམ་བྱུང་ཁུལ་ལ་ཞལ་འདེབས་གནང་བའི་བྱེད་སྒོ་སྤེལ་ཞིང་། སྒོར་ཁྲི་༡༠༠༠ཞལ་འདེབས་གནང་ཡོད་པ་རེད།

    ཉིན་དེར། སེར་ཤུལ་དགོན་གྱིས་ད་དུང་ཚེ་ལས་འདས་པའི་སྤུན་ཟླ་རྣམས་ལ་བསྔོ་བ་དང་སྨོན་ལམ་བརྒྱབ་པ་རེད། དགོན་པའི་ཁྲི་པས་འདི་སྐད། ཡུལ་ཤུལ་དུ་ས་ཡོམ་བྱུང་སྐབས། ང་རང་གྲོང་ཁྱེར་ཧྲིན་ཀྲིན་དུ་ཡོད་ལ། ས་ཡོམ་བྱུང་བའི་གནས་ཚུལ་ཐོས་མ་ཐག་མགྱོགས་པོར་དགོན་པར་ཁ་པར་བཏང་ནས་གྲྭ་བ་ཆིག་སྟོང་ཙམ་རྒུད་སྐྱོབ་དངོས་པོ་དང་བཅས་ཡུལ་ཤུལ་ལ་མངགས་པ་དང་། ཁྱོན་སྡོམ་ས་ཡོམ་གྱི་གནོད་འཚེ་ཐེབས་པའི་མི་༣༠ལྷག་གི་སྲོག་བསྐྱབས་ལ། དུས་མཚུངས་སུ་ཁོང་རང་ཉིད་ཀྱིས་ཀྱང་མི་ཁག་ཅིག་འཁྲིད་ནས་ཞལ་འདེབས་བསྡུས་པའི་སྒོར་ཁྲི་༡༢༠ལྷག་ཡོད་པ་ཁྱེར་ནས་ཡུལ་ཤུལ་དུ་ཕེབས་ཤིང་། སྒོར་དེ་དག་གནོད་ཐེབས་མང་ཚོགས་ལ་བགོས་ཡོད་པ་རེད།

    Reply
  20. dondub། says:
    ལོ་ 15 སྔོན།

    ཡ། ལས་སྨོན་ཟེར་བ་དེ་འདི་འདྲ་ཡིན་འདུག་ག། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཆོས་རྒྱུད་རིས་མེད་ལ་དད་མོས་ཉམས་བཞེས་དང་། མཁས་གྲུབ་ཀྱི་མཛད་རྗེས་ཡོད་མཁན་ཅན་དེ་འཁྲུངས་ནས་ལོ་བརྒྱ་འཁོར་བའི་ཞལ་ལག་རྒྱས་པ་དགའ་ལྡན་ཕོ་བྲང་པའི་གཞུང་ཞབས་ལས་བྱེད་རྣམས་ལ་ཕུལ་བ་དང་། སྐྱེ་དགུ་མདོར་ས་ཡོམ་གྱིས་རྐྱེན་པས་སེམས་ཅན་འབུམ་ཕྲག་མང་པོ་གཤིན་ལམ་དུ་སོང་བའི་བདུན་ཚིགས་གཉིས་པ་དང་ཏག་ཏག་ཐུག་འདུག་ག།

    Reply
  21. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གང་བྱུང་མང་བྱུང་མ་ཤོད།

    འདི་དགའ་ལྡན་ཕོ་བྲང་བ་ཚང་གི་སྤྲོ་སྐྱིད་ཅིག་གང་ནས་ཡིན། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐུ་འཁོར་དང་བཅས་པས་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་རྒན་གྲས་རྣམ་པར་སྟབས་བདེའི་ཞལ་ལག་ཙམ་ཕུལ་བ་རེད། འདི་ཙམ་ཡང་མི་རིགས་ཀྱི་རྩ་དོན་ལ་སྦྱར་ནས་སེམས་ཤུགས་ཆག་རབས་བཤད་ན་ཡག་པོ་མ་རེད།

    རྩ་དོན་ཞེས་པ་དེ་ག་ས་གང་དུ་འཁྱེར་རྒྱུ་ཞིག་དང་། གནས་སྟངས་ཐམས་ཅད་ཀྱི་ཐོག་ལ་འགེལ་རྒྱུ་ཞིག་མིན་པར་འདོད།

    རིག་གནས་གསར་བརྗེའི་སྐབས་ལ་འདི་འདྲའི་གནས་སྟངས་ཤིག་ཡོང་ཡོད་ས་རེད། ཕ་རོལ་པ་དེའི་བྱེད་ལུགས་བཤད་ལུགས་ཚང་མར་བརྟག་བརྟག་དང་བལྟས་བལྟས་སུ་བསྡད་ཡོད་པར་བཤད། ཉིན་རེའི་འཚོ་བའི་བྱེད་སྒོ་མཐའ་དག་གི་ཐོག་ནས་དཀར་པོ་དང་ནག་པོ་གང་ཡིན་བཀར་གྱི་ཡོད་ཚུལ་གླེང་།

    དྲ་གྲོགས་ཚོའི་ཐུགས་སྣང་ལ་རྗེས་སུ་ཡི་རངས་ཡོད་ཀྱང་། སྐབས་རེེར་ཚོར་བའི་དབང་དུ་ཡོངས་སུ་གྱུར་བའི་སྐབས་ལ་གནས་ཚུལ་ཚང་མར་ཚོན་རྩི་སྣ་ཚོགས་བྱུག་ཡོང་གི་འདུག་སྟབས། དེ་དོན་གསལ་བཤད་ཙམ་ཡིན།

    Reply
  22. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    བོད་ཀྱི་རྩོམ་སྒྲིག་པའི་སྨྱུག་མིང་ལ་མི་ནག་ཟེར་བ་མིང་དང་དོན་མཚུངས་སོ།

    Reply
  23. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    སྐྱབས་རྗེ་ཆོས་ཀྱི་རྒྱལ་པོ་དིལ་མགོ་མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ་མཆོག། བསྟན་འགྲོའི་མགོན་དུ་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཆོས་བཞིན་འགྲུབ་པ་དང་། རླབས་ཆེན་གཞན་ཕན་ཀྱི་མཛད་ཕྲིན་འཛམ་གླིང་ཀུན་ནས་ཀུན་ཏུ་འཕེལ་ཞིང་རྒྱས་གྱུར་ཅིག
    གོ་སྐབས་འདི་བརྒྱུད་དེ་ཆོས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེས་གཙོས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་ལ། ངས་ལྷག་བསམ་རྣམ་དག་གི་རེ་བསྐུལ་ཁ་ཤས་ཞུས་ན།
    ༡༽ ཚད་བཀག་མེད་པར་མུ་འཐུད་དེ་ཡང་སྲིད་རིན་པོ་ཆེ་མཆོག་གིས་རིས་མེད་བླ་མ་ཚད་ལྡན་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཟབ་མོ་ཐོབ་ཐབས་གནང་དགོས།
    ༢༽ སྐུ་གོང་མ་ནང་བཞིན་མདོ་རྒྱུད་མན་ངག་རྣམས་ལ་ཐོས་བསམ་སྒོམ་པར་བྱེད་དགོས་ཞིང་། ཁྱད་པར་བྱང་སེམས་ལ་བློ་སྦྱོང་དང་། ཡང་སྒོས་ཡི་དམ་ཀྱི་ཉམས་ལེན་དང་རྫོགས་ཆེན་ཀྱི་མན་ངག་ལ་གཞུང་ནས་གསུང་བའི་ཉམས་རྟོགས་ཀྱི་རྟགས་རྣམས་མ་ཐོན་བར་བསྙེན་སྒྲུབ་ལ་བཞུགས་ཐབས་གནང་དགོས།
    ༣༽ མནའ་བོའི་བོད་ཀྱི་བཅུ་ཕྲག་རིག་གནས་ལ་སློབ་སྦྱོང་ལེགས་པར་བྱེད་དགོས་པ་གཞིར་བཞག དེང་རབས་ཀྱི་རང་བྱུང་ཚན་རིག སྤྱི་ཚོགས་ཚན་རིག སྐྱེ་དངོས་ཚན་རིག སེམས་ཁམས་ཚན་རིག ཚད་བསྡུར་ཚན་རིག་སོགས་ལ་སློབ་སྦྱོང་གང་འཚམས་ཞིག་བྱེད་དགོས་ཏེ། དེང་སང་མི་མང་པོས་ཚན་རིག་ལ་རྨོངས་དད་བྱེད་བཞིན་ཡོད་པར་མ་ཟད་དགེ་བཤེས་དང་སྤྲུལ་སྐུའི་མིང་ཁྱེར་མཁན་གྱི་ཆེ་རློམ་པ་འགའ་རེས་ཀྱང་། གཞན་ཟེར་གཡོམ་བརྒྱུགས་ཀྱིས་སངས་རྒྱས་ཀྱི་ཆོས་ལས་ཚན་རིག་བདེན་པ་ཆེ་སྙམ་པའི་ལོག་རྟོག་གི་སྨྲེང་ངག་འདོན་གྱིན་འདུག་པས་གཟབ་དགོས།
    ༤༽ དེང་སང་བོད་ཀྱི་མཁན་སྤྲུལ་ཆོས་ཤེས་མཁན་ཅུང་ཟད་ཡོད་པ་ཐམས་ཅད་ཕྱི་རྒྱལ་ལ་ཕེབས་ནས། ཕྱི་རྒྱལ་མི་སྐྱ་ཕོ་མོ་ཐམས་ཅད་ལ་དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གསུང་བ་དང་འབྲེལ་་ཆོས་ཞུ་བ་ཚོ་ལ་ཁ་དགའ་ངོ་ཡག་གིས་གུས་བཀུར་ཆེན་པོར་བྱེད་བཞིན་ཡོད་ན་ཡང་། བྱམས་བརྩེ་ཅན་གྱི་མཁན་སྤྲུལ་འདི་ཚོས། བོད་དང་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་རིགས་མི་སྐྱ་ཕོ་མོ་ཚོ་ལ། སྐབས་རེ་ཚེ་དབང་ཙམ་བསྐུར་བ་ལས་དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གནང་མཁན་ཕལ་ཆེར་མེད་པར་བརྟེན། དེང་སང་བོད་རིགས་མི་སྐྱ་ཕོ་མོ་མང་ཆེ་བས་སངས་རྒྱས་ཆོས་ལ་རྨོངས་དད་ཡོད་ལ་མེད་ལ་ཁད་ཙམ་ལས། མཆོག་གསུམ་ལ་རྒྱུ་མཚན་ཤེས་པའི་དད་པ་ཡང་དག་ཡོད་མཁན་ཤིན་ཏུ་དཀོན་པས། བོད་ཀྱི་མི་རབས་རྗེས་མ་རྣམས་ཆོས་མེད་ཀླ་ཀློའི་མི་རིགས་ཞིག་ཏུ་འགྱུར་ཉེན་ཆེན་པོར་འདུག།
    དེར་བརྟེན་གལ་ཏེ་བོད་ཀྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་བྱམས་སྙིང་རྗེ་རེ་ཡོད་ན། ངེས་པར་དུ་ཐུགས་བརྩེ་བས་ཆོས་ཀྱི་ཤེས་ཡོན་མེད་པའི་བོད་མི་ཐམས་ཅད་ལ་ཟབ་མོའི་བཀའ་ཆོས་གང་མང་གནང་ནས་ཆོས་དང་མི་ཚེ་ཕན་ཚུན་གྲོགས་སུ་འགྱུར་བ་ཞིག་བྱས་ཏེ། ཆོས་ལྡན་མི་རིགས་འདི་འཛམ་གླིང་ཞི་བདེའི་རྒྱན་དུ་ཡུན་རིང་དུ་གནས་ཐུབ་པར་བྱེད་དགོས།
    བོད་ཀྱི་སྐྱབས་མགོན་མཁན་སྤྲུལ་རྣམས་ཀྱིས་བོད་མི་སྐྱབས་མེད་རྣམས་ལ་ཉུང་མཐའ་ཡང་གཟའ་འཁོར་རེ་བཀའ་ཆོས་ཐེངས་རེ་གནང་རོགས་ཞུ་རྒྱུ་དང་། ཁྱད་པར་སྐྱབས་རྗེ་ཆོས་ཀྱི་རྒྱལ་པོ་དིལ་མགོ་མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ་མཆོག་གིས་བོད་འབངས་མི་སྐྱ་ཕོ་མོ་རྣམས་ལ་དམིགས་བསལ་བཀའ་ཆོས་གང་མང་གནང་ཐུབ་པ་བྱེད་དགོས་སོ།

    Reply
  24. ཨ་བཀྲ་ཤིས། says:
    ལོ་ 15 སྔོན།

    ངོ་མ་ཚོར་བ་ཅི་ཡང་མི་འདུག ཉམས་ལེན་བྱ་འདོད་ན་དགོན་པ་ནས་གཞུང་ངོས་ཉམས་ལེན་མི་བྱེད་པར་སྤྱི་ཚོགས་ཁྲོད་དུ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་མིའི་སེམས་ཁམས་འགྱུར་བ་གཏོང་བ་ཅི་ཡིན་ནམ། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ཚིག་ནང་དུ་ཚོགས་པ་འཛུགས་རྒྱུ་དང་། སྤྲོད་སྐྱིད་གཏོང་བ་སོགས་བཤད་མེད་མོད། ད་དུང་རྒྱ་ནག་གིས་ཆབ་སྲིད་འཁྲབ་བཞིན་འདུག་ཟེར། དེ་ན་ཁྱོད་ཚོས་ཆབ་སྲིད་མ་འཁྲབ་པར་མང་ཚོགས་སུ་དོན་ངོ་མའི་ལས་དོན་སྒྲུབ་ཡོད་པས། ཀླད་རྙིང་ཁྲག་པོ་འདི་ཚོ་ནམ་ཡིན་ཡང་ལམ་ལོག་རྐྱང་རྐྱང་རེད། འཁྲུངས་སྐར་རོལ་དགོས་ན་དགོན་པ་ནས་མི་རོལ་བར་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་ཉིད་ཀྱི་འཁྲུངས་སྐར་རོལ་ས་མ་རེད། འདི་བོད་མི་རིགས་ཀྱི་བདེ་སྡུག་བཤད་སའི་ཚོགས་ཁང་རེད།

    Reply
  25. གནས་ཚང་། says:
    ལོ་ 15 སྔོན།

    ༼སྐུ་ཕྲེང་འདིའི་རིང་ལ་ཡང་སྤྱིར་བོད་ཀྱི་བསྟན་སྲིད་དང་། ཡང་སྒོས་དགའ་ལྡན་ཕོ་བྲང་གི་རྗེས་འཛིན་པ་དང་སྲི་ཞུ་བ་ཚང་མ་ཐུགས་ཀྱི་དཀྱིལ་ནས་མ་འདོར་བ་གནང་རོགས། ༽ བཀའ་ཁྲི་རང་ཉིད་ནས་དགའ་ལྡན་ཕོ་བྲང་པེ་ཅིན་ལ་རྒྱ་མིའི་རྩ་ཁྲིམས་འོག་གི་སྒྲིག་འཛུགས་ཤིག་ལ་བསྒྱུར་ཟིན་པའི་དེ་རིང་། དིལ་མགོན་ཚང་ལ་ཕྱག་སྟོང་སྤྱན་སྟོང་ཡོད་པའི་དབང་དུ་བཏང་ནའང་ཐབས་གཞན་གང་ནས་བརྫེད་ཐུབ་བམ། དངོས་གནས༼ཙན་དན་གསེར་ལས་རིན་ཆེ་བ། བླུན་པོའི་སོལ་བར་བཏང་ལ་ལྟོས༽ཞེས་པ་ཅིས་མ་བདེན།

    Reply
  26. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ཆོས་བརྒྱུད་ལྔ་བོ་རེད།་ནོར་སོང་དགོངས་དག

    Reply
  27. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ལོ་རྒྱུས་ཀྱི་བདེན་པའི་རྡོ་རིང་དགའ་ལྡན་ཕོ་བྲང་།
    མི་རིགས་ཀྱི་སྲོག་རྒྱུན་འཛིན་མཁན་དགའ་ལྡན་ཕོ་བྲང་།
    མ་འོངས་པའི་མདུན་ལམ་འཚོལ་མཁན་དགའ་ལྡན་ཕོ་བྲང་།
    དུས་རབས་ཀྱི་རྗེས་སུ་སྙེག་མཁན་དགའ་ལྡན་ཕོ་བྲང་།
    ལུས་རྙིང་བར་སྲོག་གསར་བ་ཞུགས་པའི་དགའ་ལྡན་ཕོ་བྲང་།
    རྒྱ་དམར་གྱི་སྙིང་རླུང་ལྡང་སའི་དགའ་ལྡན་ཕོ་བྲང་།
    ཆོལ་ཁའི་ཞེན་ཁོག་དོར་བའི་དགའ་ལྡན་ཕོ་བྲང་།
    ཆོས་ལུགས་འཐེན་འཁྱེར་གཡུགས་པའི་དགའ་ལྡན་ཕོ་བྲང་།
    ཆོལ་གསུམ་བོད་མི་དགའ་བས་དགའ་བ་གསུམ་ལྡན་གྱི་དགའ་ལྡན་ཕོ་བྲང་།
    ཆོས་བརྒྱུད་བཞི་པོ་དགའ་བས་དགའ་བ་བཞི་ལྡན་གྱི་དགའ་ལྡན་ཕོ་བྲང་།
    འཛམ་གླིང་མི་རིགས་དགའ་བས་དགའ་བ་བརྒྱ་ལྡན་གྱི་དགའ་ལྡན་ཕོ་བྲང་།
    འདོར་ན་བོད་ཀྱི་དགའ་ལྡན་ཕོ་བྲང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ།

    Reply
  28. གནམ་ལྕགས། says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་བྲང་བ་ཚང་གིས་སྤྲོ་སྐྱིད་འགྲམ་ཆུ་ལྡང་བ་ཞིག་འཚོགས་འདུག

    གཞིས་བཞུགས་སྤུན་ཟླ་མང་བོ་ཞིག་གི་མགོ་ལ་སྡུག་ཡོང་བ་དང་། ལྷག་པར་དུ་ཞོགས་དུང་སོགས་དེང་རབས་རྩོམ་པ་པོ་འགའ་བཟུང་བར་བརྟེན་གཞིས་བྱེས་གཉིས་ཀྱི་ཤེས་ཡོན་པའི་སྡེ་ལ་ཐེག་དཀའ་བའི་སྡུག་ཅིག་ཡོང་ཡོད་དུས་སྐུ་ངོ་ཟམ་གདོང་བས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་མོད། དེ་རིང་སྤྲོ་སྐྱིད་ཀྱི་སྟེང་ན་གླུ་ལེན་གྱི་ཡོད་དམ་གཏམ་བཤད་ཀྱིན་ཡོད། གང་ལྟར་ཅི་ཞིག་བྱེད་ཀྱི་ཡོད་པ་ནི་ཐག་གིས་ཆོད། འདི་འདྲ་རིག་ན་སེམས་ན་ཡི་འདུག

    Reply
  29. Trinle G. says:
    ལོ་ 15 སྔོན།

    རང་གཞུང་ནས་གཏན་འབེབས་གནང་སྟེ་ད་ལྟའི་གཞུང་འདིའི་མིང་སྤྱི་ཚོགས་ཀྱི་གནས་སྟང་ལ་འཚམས་ཤིང་ཆོས་ལུགས་ཕྱོགས་ཞེན་དྲི་མས་མ་བསླད་པའི་མིང་ཞིག་བེད་སྤྱོད་གནང་བ་ཡིན་ན་དུས་དང་ཤིན་ཏུ་འཚམས་པ་ཡིན་ཅིང་། དཔེར་ན་བོད་ཀྱི་རྒྱལ་དར་མུ་འཁྱུད་སེར་པོའི་འགྲེལ་བཤད་ཡང་སྔོན་མ་ཆོས་རྒྱུད་གཅིག་གི་བསྟན་པ་རྒྱས་པ་ཡོད་ཀྱང་ཕྱིས་སུ་སྒྱུར་བཅོས་གཏང་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་སོགས་གནང་ཡོད་པ་ནི་ཤིན་ཏུ་བསྔགས་འོས་ཡིན། གཞན་དགའ་ལྡན་ཕོ་བྲང་ཞེས་པའི་མིང་དེ་ཆོས་ལུགས་གཅིག་གི་གཞུང་འཛིན་པའི་རྣམ་པ་གསལ་པོ་ཡོད་པ་ནི་བོད་མི་མང་ཚང་མས་མཁྱེན་གསལ་ལྟར་རེད། འོན་ཀྱང་དེ་སྐོར་རྩོད་གཞི་བྱས་ཏེ་རྙོག་ཁྲ་སློང་རྒྱུའི་འདོད་པ་ནི་སུ་ལའང་མེད་མོད་གང་ཡིན་ཞེ་ན། ད་ལྟ་ང་རང་ཚོ་མི་ཡུལ་ལུང་པར་གྱར་བ་དང་དགྲ་བོ་རྒྱ་དམར་གྱིས་ཀྱང་རང་རེའི་སྐྱབས་བཅོལ་གཞུངས་འདི་ལ་དམའ་འབེབས་སྣ་ཚོགས་བྱེད་བཞིན་པའི་སྐབས་སུ་བོད་རིགས་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་ཞབས་འདེགས་ཞུ་རྒྱུ་ལས་རྙོག་སླང་གནང་ན་རྒྱ་དམར་གྱི་ལས་འགུལ་ལ་རོགས་བསྐྱོར་ལྟ་བུའང་ཆག་སྲིད་པར་རྟེན། དེ་སྐོར་རང་རེའི་གཞུང་ནས་མཁྱེན་པ་གནང་ནས་དུས་དང་འཚམ་པའི་གོམ་བགྲོད་གནང་ཏེ་བསྒྱུར་བཅོས་ཕྲན་བུ་གནང་བ་ཡིན་ན་ཤིན་ཏུ་ལེགས། གང་ཟག་རེ་རེ་ནས་དགའ་ལྡན་ཕོ་བྲང་ཞེས་གསུངས་པར་འཁོན་འཛིན་བྱ་རྒྱུ་གང་ཡང་མེད་ཅིང་ད་ལྟའི་ལམ་ལུགས་དེ་གའི་ངང་འགྲོ་བཞིན་པར་བརྟེན་མ་གསུང་ཐུ་མེད་ཆག་གི་ཡོད་ཀྱི་རེད་སྙམ།

    Reply
  30. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    མཁྱེན་དགོས་པ་ཞིག་ལ་དགལ་ལྡན་ཕོ་བྲང་གཞུང་འདི་ང་ཚོའི་གཞི་འཛིན་ས་དང་རང་བཙན་ཡིན་པའི་བདེན་དཔང་གི་གཞུང་ཞིག་ཡིན་ལ།་་རིགས་གཅིག་གི་ད་དུང་མཁྱེན་མེད་པ་འདྲ་ལོ་ཤས་སྔོན་བོད་གཞུང་དབུ་རྙེད་ནས་ལོ་གསུམ་བརྒྱ་དྲུག་བཅུ་འཁོར་བའི་དུས་དྲན་ཡང་སྲུང་བརྩི་བྱས་ཡོད།་་རྒྱལ་བ་རིན་པོ་ཆེས་མང་གཙོ་གསོལ་རས་གནང་བ་དེ་དགའ་ལྡན་ཕོ་བྲང་གཞུང་ཕྱིར་བསྡུ་བྱེད་ཀྱི་གསུང་ཡོད་པ་མ་རེད།་གཞུང་གི་ཆབ་སྲིད་ལམ་ལུགས་དེ་བསྒྱུར་བཅོས་བཏང་བ་རེད།་་་དེ་ཆབས་གཅིག་ཏུ་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལ་ཞུ་རྒྱུ་ལ།་ཨམ་མདོ་མི་འགའ་ཤས་ལ་ཟུར་ཟ་དང་སྐྱོན་བརྗོད་ཡོང་དུ་མ་གཏོགས་གཞན་གནད་ཡོད་མི་སྣར་གཞི་མེད་སྐྱོན་བརྗོད་འདི་ཡོང་དུ་བསམ་ཚུལ་དེའི་རིགས་རང་སོར་འཇོག་གི་འདུག་པས་དེའི་རྒྱུ་མཚན་གང་ཡིན་ནམ།་ཁ་སྔོན་ཁྱོད་ཀྱི་གཞི་མེད་ཀྱི་སྐྱོན་བརྗོད་འདི་ཡོང་དུས་ལམ་སང་ཕྱིར་བསྡུ་བྱེད་ཀྱི་འདུག་དེའི་ཐོག་ལ་དགོངས་པ་བཞཻས་དགོས་འདུག་

    Reply
  31. ཨ་ཁུ་སྟོན་པ། says:
    ལོ་ 15 སྔོན།

    ༈ བོད་མི་མང་ཡོང་གི་མཁྱེན་དགོས་པ་ཞིག་ལ། ད་ལྟ་བོད་གཞུང་འདི་ཉིད་མང་གཙོ་ཀ་བ་གསུམ་གྱི་གཞུང་ཞིག་ཡིན་པ་ཚང་མའི་མཁྱེན་དགོས་ཀྱི་ཡོད། གོང་ས་མཆོག་གིས་བོད་མི་མང་ལ་མང་གཙོ་གསོལ་རས་སྩལ་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་སྒོ་རྒྱབ་ཚར་བ་ཡིན། ད་དུང་ཡང་དྷ་ས་བོད་གཞུང་དང་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་དགའ་ལྡན་ཕོ་བྲང་ཞེས་པའི་ཐ་སྙད་དེ་བེད་སྤྱོད་ཡང་ཡང་བྱེད་ཀྱི་འདུག་པས་དེ་ལ་ངོས་ལེན་རྩ་བ་མེད་དོ། །དཔེར་ན་སྡེ་སྲིད་དང་ཕག་གྲུ་དང་ས་སྐྱ་ཅེས་ཀྱི་དུས་ཡོལ་བའམ་རྫོགས་ཚར་བ་ཞིན། དགའ་ལྡན་ཕོ་བྲང་གི་དུས་ཚོད་ཀྱང་ཡོལ་ཚར་བ་ཡིན། ད་དུང་ཡང་སྤྱི་ཚོགས་རྙིང་པའི་བལྟ་བ་དེ་འཁྱེར་མ་ཡོང་ན་ཡག་པོ་ཞེས་དྲག་འདུག །ད་ལྟ་སྐབས་སུ་འབབས་པའི་ང་རང་ཚོའི་བོད་གཞུང་དེ་མང་གཙོ་ཀ་བ་གསུམ་གྱི་གཞུང་ཞིག་ཡིན་པ་ཚང་མའི་དགོངས་པ་བཞེས་དགོས། ཐུགས་རྗེ་ཆེ།། །།

    Reply
  32. གྲགས་པ། says:
    ལོ་ 15 སྔོན།

    འབྲུག་པ་ལ་སྔར་རང་བཙན་གྱི་རྒྱལ་ཁབ་མེད་ཀྱང་། འབྲུག་རྒྱལ་གསུམ་པ་སྐབས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་འཛུལ་ཏེ་རང་བཙན་ཐོབ་ཡོད། བོད་དགའ་ལྡན་ཕོ་བྲང་གཞུང་འཛིན་ལ་བརྟེན་ནས་བོད་རྒྱལ་ཁབ་འཐོར་བཤིག་ཏུ་གྱུར། ད་དུང་ཀྱང་ཕྱོགས་རིས་ཀྱི་ན་ཚ་ཐར་ཐུབ་མེད།

    Reply
  33. གྲགས་པ། says:
    ལོ་ 15 སྔོན།

    ཟམ་གདོང་གིས་ཚིག་ཟུར་ལ་ལྟོས་དང་རྙིང་ཆོས་ཟུར་ཟ་བྱས་འདུག

    Reply
  34. གྲགས་པ། says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་བྲང་གི་རྗེས་འཛྀན་དང་། ཟམ་གདོང་་ཕྱོགས་རེས་ལ་རྗེས་སུ་འཇུག་དགོས། དགོས་པའི་བོད་མི་ཉམ་ཐག་ལ་མི་གཟིགས་པར། མི་དགོས་པའི་ཆོས་ལུགས་ཀྱི་ཕྱོགས་རེས་ལ་ཟམ་གདོང་བླ་མ་སྨྱོའོ།།

    Reply
  35. གྲགས་པ། says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་བྲང་གི་རྗེས་འཛྀན་དང་། ཟམ་གདོང་དང་ཕྱོགས་རེས་ལ་རྗེས་སུ་འཇུག་དགོས། དགོས་པའི་བོད་མི་ཉམ་ཐག་ལ་མི་གཟིགས་པར། མི་དགོས་པའི་ཆོས་ལུགས་ཀྱི་ཕྱོགས་རེས་ལ་ཟམ་གདོང་བླ་མ་སྨྱོའོ།།

    Reply
  36. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་བྲང་ཟེར་ན་་་་་་་་་་བོད་འབྲས་པུངས་དགོན་ལ་ཡོད་རྒྱུ་དེ་ཡིན་ནམ། བོད་མང་གཙོ་གཞུང་ཡིན་ཀྱི་མ་རེད། རྙིང་ཞེན་དང་ཕྱོགས་རེགས་འདུག་ད་་་་་་་དཀོན་མཆོག་མཁྱེན།
    ལས་ཀྱི་དབང་གིས་གང་དུ་སྐྱེས་ན་ཡང་། དཀོན་མཆོག་གསུམ་པོ་ནམ་ཡང་མི་འབྲ་ཞིང་།
    དམིགས་སུ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ། སྐྱེས་ནས་ཕྱོགས་ཐེན་མེད་པའི་དོན་འགྲུབ་ཤོག །

    Reply
  37. མགར་རྟོགས་སད says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་བྲང་ང་ཚོ་ཚང་མའི་རེད། ལ་རྒྱ་དང་ཤ་ཞེན་མེད་མཁན་རེ་འགའ་དང་།རྙེང་ཞེན་དང་རྨོངས་དད་པ་འགའ་ཞིག་གི་ལྟ་ཚུལ་དང་མ་མཐུན་རུང་།
    འདི་ཚོའི་འདས་མའོངས་ད་ལྟ་དུས་གསུམ་གང་ལ་འང་།
    ནང་མགོ་ཕྱི་བཙོང་དང་ཕྱི་སྣ་ནང་ཁྲིད་ལས་ང་ཚོ་ཕན་པའི་བྱ་བ་གང་ཡང་བསྒྲུབ་མ་མྱོང་།

    Reply
  38. དྲང་པོ།། says:
    ལོ་ 15 སྔོན།

    དངོས་ཡོད་གནས་ཚུལ་ལ་མངོན་པར་བསྟོད་དོ།

    Reply
  39. འཁྲུངས་སྐར། says:
    ལོ་ 15 སྔོན།

    རེད་ཡ། ཁྱེད་ཀྱི་དགའ་ལྡན་ཕོ་བྲང་རྒྱས་དགོས་ན་ཕྱོགས་རེས་སྤོང་དང་དེ་ནས་རེ་བ་ཆེ་ཡ། གཞན་ཁག་པོ་རེད་ཡ། ཁ་དང་ལས་མཚུངས་གི་མི་འདུག་ག།།

    Reply
  40. མགར་རྟོགས་སད says:
    ལོ་ 15 སྔོན།

    ངའི་མེས་པོའི་ཟུངས་ཁྲག་གི་བསྐྲུན་པས་དགའ་ལྡན་ཕོ་བྲང་།
    ཕྱག་ན་པདྨོའི་བྱིན་རླབས་ཀྱི་བཞེངས་བས་དགའ་ལྡན་ཕོ་བྲང་།
    ས་ཡ་དྲུག་གི་སྙིང་ཁུང་ན་ཉལ་བའི་དགའ་ལྡན་ཕོ་བྲང་།
    འདས་ཟིན་པའི་ལོ་རྒྱུས་ཀྱི་གཙང་བོ་དགའ་ལྡན་ཕོ་བྲང་།
    ད་ལྟའི་འཚོལ་སྙེགས་ཀྱི་ལམ་བུ་དགའ་ལྡན་ཕོ་བྲང་།
    མའོངས་རེ་བལྟོས་ཀྱི་དམིགས་བྱ་དགའ་ལྡན་ཕོ་བྲང་།
    ངའི་དགའ་ལྡན་ཕོ་བྲང་རྒྱལ་གྱུར་ཅིག

    Reply
  41. ཨརྱ། says:
    ལོ་ 15 སྔོན།

    སྟོད་པ་ཞེ་དྲག་གནང་འདུག ཁ་ལག་ཞིམ་པོ་ཡོད་རྒྱུ་རེད། དུས་བབས་ལས་བྱེད་པས་ད་དུང་ལས་དཀའ་བྱེད་བཞིན་པར་སྙིང་ནས་དགའ་སོང་ཐུགས་རྗེ་ཆེ་ཞུས་པ་ཡིན། ཆུ་ཚོད་༡་༥༡རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese