མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་གྱར་བོད་མི་ཚོར་ཕུལ་བའི་སེམས་གཏམ། ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

    ཡུལ་གྱར་བོད་མི་ཚོ། ཁྱོད་ཚོས་ངོ་མ་བོད་དོན་བསམ་ན། ཁྱོད་ཚོས་ངོ་མ་གཞིས་ལུས་བོད་དམངས་ལ་རོགས་ཕན་ཞིག་བགྱིད་སྙམ་ན། ངས་ཀྱང་སྤྱི་མི་ཞིག་གི་ངོས་ནས་སེམས་གཏམ་ཚིག་འགའ་ཞུ།

    ༡༽ བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་སྤྱི་དང་བྱེ་བྲག་གི་དོན་རྐྱེན་ཆེ་ཆུང་ཚང་མ་ཉ་ཉུངས་མཉམ་བསྲེས་མི་བྱེད་པར། ཆབ་སྲིད་དང། དཔལ་འབྱོར། རིག་གནས། ཆོས་ལུགས། འཕྲོད་བསྟེན། ཁོར་ཡུག་སོགས་ཀྱི་གནད་དོན་གང་ཡིན་དབྱེ་འབྱེད་དང། བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་སྣ་གཅིག་རེ་བསྒྲུབས་དང་སྒྲུབ་བཞིན་པ་ཚང་མར་སྤྱི་སྒེར་ཚོགས་པ་ཁག་ནས་དོ་སྣང་དང་རོགས་ཕན་ཅི་ནུས་རེ་ནམ་རྒྱུན་ནས་སྒྲུབ་རྒྱུ་ཤིན་ཏུ་གལ་ཆེ།

    ༢༽ ཐག་རིང་ཐག་རིང་ཞིག་ནས་རྒྱང་ལྟ་དང་དཔའ་གཏམ་རེ་བྱས་ནས་མི་འདུག་པར་ཆ་རྐྱེན་ཚང་བ་ཚོས་ངེས་པར་དུ་བོད་ཀྱི་ས་ཁུལ་ཚང་མར་སྐོར་སྐྱོད་ཅིག་གནང་ནས། དངོས་ཡོད་ཀྱི་གནས་ཚུལ་ཚང་མར་རྒྱུས་ལོན་རེ་བྱས་ཏེ། དེ་ནས་བསམ་བློ་ཞིག་བཏང་ནས་རང་རང་གི་ལས་ཀ་ཐུབ་ཚོད་རེ་གནང་ན་ཅི་མ་རུང།
      
    ༣༽ ཟུར་མཐོང་གོ་ཐོས་རེས་ཕྱོགས་ལྷུང་གི་སྐད་ཆ་རྫིག་པོ་དང་མཐོ་རྒྱག་དམའ་རྒྱག་འདྲ་བྱས་ནས་ཅི་ཡང་མི་ཕན་པས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང། སློབ་གྲྭ་ཁག དགོན་སྡེ་ཁག མ་མཐར་ཡང་གངས་ཅན་སྐྱིད་གཤོངས་ཀྱི་ལས་ཁུངས་ཆེ་ཆུང་ཚང་མར་དངོས་སུ་རྒྱུས་ལོན་རེ་བྱས་ནས་ད་གཟོད་ཡུལ་དུས་གནས་བབ་དང་མཐུན་པའི་སྐད་ཆ་ཚད་ལྡན་རེ་བཤད་ན་ལྗིད་ཆེ།

    ༤༽ དམངས་གཙོ་ཁ་ལ་ཁྱེར་ནས་གཞུང་གི་མཛད་གཙོ་སོགས་ལ་ཁ་བཏང་ནས་སྡོད་པ་ལས། ལོ་རྗེས་མའི་འོས་འཕེན་གྱི་ཉིན་མོ་དེར། མི་རེ་རེས་ངེས་པར་དུ་བཀའ་བློན་ཁྲི་བ་དང་སྤྱི་འཐུས་རྣམ་པ་སུ་ཞིག་ལ་འོས་འཕེན་ཆོག་ཆོག་གི་གྲ་སྒྲིག་ཨང་གསར་གནང་རོགས། གལ་ཏེ་དེ་ཉིན་ཁྱོད་ཀྱིས་འོས་ཤོག་ཙམ་ཡང་བླུགས་མ་ཐུབ་ན། དེ་ནས་བཟུང་ཁྱོད་ཀྱིས་ཁ་གཏོང་བའི་ཁ་དབང་ཡང་མཚམས་བཞག་ན་འོས།

    ༥༽ གལ་ཆེ་ཤོས་གཞན་ཞིག་ནི། ང་ཚོ་ཚང་མས་བསྐྱར་དུ་༧གོང་ས་མཆོག་གི་འདས་དང་ད་ལྟའི་བཀའ་སློབ་དང་གསུང་འཕྲིན། བཅར་འདྲི་རིགས་ལ་སློབ་སྦྱོང་རེ་བྱས་ནས་རང་ཉིད་ལ་ཞུ་དག་ཅིག་གཏོང་རན། དེའི་མཚུངས་ང་ཚོ་ཚང་མས་བརྒྱུད་ལམ་སྣ་ཚོགས་ནས་བོད་ནང་ལ་༸གོང་ས་མཆོག་གི་བཀའ་སློབ་ཁག་དང་མཛད་འཕྲིན་ཅི་རིགས་བརྡ་རེ་འཕྲོད་ཐབས་གནང་ན། ང་ཚོ་མི་རེ་རེ་ནས་ཁོང་གི་དགོངས་དོན་དང་མཐུན་པའི་ལས་ཀ་སྣ་རེ་ཡང་བསྒྲུབ་རྒྱུ་ཡོད་པ་དང་ཇི་ལྟར་སྒྲུབ་ཐུབ་ཚུལ་ཡང་རྟོགས་ཐུབ་བོ།

    ༦༽ དེ་རིང་ནི་རྒྱལ་སྤྱིའི་ལས་ཀའི་དུས་ཆེན་ཉིན་མོ་རེད། མི་ལ་མཚོན་ན་ལས་ཀ་ལས་ནས་འཚོ་བ་སྐྱེལ་དགོས། ལས་ཀ་ལ་རྣམ་གྲངས་དང་ངོ་བོ་མི་འདྲ་བ་ཧ་ཅང་མང་ཡང། ཚང་མ་བདེ་བ་འཚོལ་བའི་ཆེད་དུ་ཡིན་ངེས། དེ་བས་ང་ཚོ་ཡུལ་གྱར་བ་ཚོར་མཚོན་ན་ས་མཐའི་བདེ་བ་འཚོལ་མཁན་གཅིག་པ་ཡིན་ལ། བོད་མི་དམངས་ཀྱི་འབྱུང་འགྱུར་བདེ་བ་བསུ་བའི་འོས་འགན་རེ་ཡང་ཚང་མར་ཡོད་པས། ས་ཐག་ཅི་ཙམ་རིང་ཡང་སེམས་ཐག་ཉེ་མོས་མཐུན་སྒྲིལ་དམ་གཙང་དང་སྐྱིད་སྡུག་མཉམ་མྱོང་སྒོས་ཚང་མའི་འཚོ་བ་དོན་ལྡན་རེ་ཡོང་བའི་སྨོན་འདུན་ཡང་ཞུའོ།

བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ནས་ཕུལ།
༢༠༡༠།༥།༡

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 53

  1. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མགོ་གསེར་སྐུ་གྱིས་བཅག་དང་རྡོ་ཡིས་བཅག་ཁྲག་དམར་པོ་ཡོང་སྟངས་གཅིག་པ་རེད།
    ཡིད་དགྲ་ཡིས་བཅད་དང་གཉེན་གྱིས་བཅད་མིག་མཆི་མས་གང་སྟངས་འདྲ་འདྲ་རེད།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་མི་ཉམ་ཐག་ཚོའི་ཐོག་ཏུ་སྐུ་དྲག་ཁྲམ་ཡ་དེར་སྡུག་ཚོད་ཟིན་ན་དགའ་ལེ་རེད་ད།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཤ་འཇམ་སྐྱིད་ལགས་་་་ཐུགས་རྗེ་ཆེ་གསལ་བཤད་གནང་བ་་་་་་་ཡག་པོ་བྱུང་།

    Reply
  4. ཤ་འཇམ་སྐྱིད། says:
    ལོ་ 15 སྔོན།

    ཇོར་གླེན་གྱིས་བཤད་པའི་སྐད་ཆ་འདི་དག་ལ་ལྟོས་དང་རང་གིས་ཅི་ཡང་མི་ཤེས་བ་དེ་བསྟན་མི་འདུག་གམ། རྒན་ལྷ་མོ་སྐྱབས་ལགས་ཧྥ་རན་སིའི་ཤར་ཕྱོགས་སྐད་རིགས་སློབ་གྲྭ་ཆེན་མོས་ཆེད་དུ་སློབ་དཔོན་ཆེན་མོའི་མིང་ཐོག་ནས་གདན་ཞུ་བྱས་བ་རེད། གསེར་ས་ན་ཡོད་ན་འོད་གནམ་ལ་ཡོད་ཅེས་བ་དེ་འདི་ལ་ཟེར།

    Reply
  5. འབའ་སྲས། says:
    ལོ་ 15 སྔོན།

    དྲང་མོར་བཤད་ན། རྒན་ལྷ་མོ་སྐྱབས་ཀྱིས་སྔ་རྗེས་བར་གསུམ་དུ་སྤྱི་ཚོགས་ལ་ཕན་རླབས་ཆེ་བའི་རྩོམ་ཡིག་འགའ་ཤས་ཤིག་བྲིས་སོང་། ཚད་ལྡན་གྱི་རྩོམ་པ་པོ་དང་ཤེས་ཡོན་པ་མང་པོ་ཞིག་གིས་ཚད་མཐོ་བའི་ཆེ་འཇོག་བྱེད་བཞིན་འདུག དེ་ནི་འོས་པ་ཞིག་རེད།
    དྲང་མོར་བཤད་ན། རང་གིས་ཚིག་འགའ་ཤས་ཤིག་གི་མགོ་སྔ་མི་འཁྱོང་ཞིང་ཅི་ཡང་མི་ལྕོགས་པ་རེ་ཟུང་ནས། དོན་དངོས་དང་གནས་ཚུལ་རྒྱུས་ལོན་མེད་པར་འཆལ་གཏམ་རེ་ཁུར་ཡོང་ནས་སྨད་པའི་ཁུལ་བྱེད་བཞིན་པ་ནི། ཕྲག་དོག་གིས་ཡིད་མྱོས་པའི་སེམས་པ་དྲི་མ་ཅན་ལས་གཞན་ཅི་ཡང་མིན་ནོ།།

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    མི་ཚོང་རྒྱབ་པ་དེ་ཡང་འཇོན་ཐང་ཞིག་ཡིན། འགའ་ཞིག་གི་མི་ཚོང་རྒྱབ་ན་ཁེ་སྤོབས་ཆེན་པོ་ཡོད་པ་ཤེས་ཀྱང་། རང་ལ་འཇོན་ཐང་དེ་མེད་པས་མི་ཡི་མི་ཚོང་རྒྱབ་པར་བལྟ་མོ་བལྟས་ནས་འདོད་རྒྱུ་མ་རེད་དམ། དེང་སྤྱི་ཚོགས་ནང་མ་རབ་ག་ཚོད་ཆེ་བ་འདི་མི་འཇོན་བཏང་ཅན་ལ་རྩིས་ཀྱི་ཡོད་སུ་དང་སུ་ཡིན་ཡང་འཇོན་པོ་བྱ་འདོད་ཡོང་དང་ཡོང༌།

    Reply
  7. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    རེད། ལྷ་མོ་སྐྱབས་ཟེར་བ་དེ་ཁས་རྫིགས་པོ་དང་སྙན་པོ་བཤོད་པ་མ་གཏོགས་དོན་དུ་ཁོང་སྒེར་མཐོང་རིང་ལུགས་པར་ཞིག་ཡིན་པ་གསལ་པོ་རེད། ཁོས་ལས་དོན་གང་བྱེད་ཀྱང་ཁོ་རང་གི་ནང་མི་དང་སྤུན་ཆེན་ཁ་གསོག་གིས་ཡོད་པ་རེད། དམངས་དང་གཞུང་ཟེར་བ་དེ་ཁོའི་ཁ་ལ་མ་གཏོགས་ཡོད་མ་རེད། ཧཧཧ

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་ཚོ།
    ལྷ་མོ་སྐྱབས་ཟེར་བ་འདི་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་མིང་ཐོག་ནས་ཕྱི་རྒྱལ་ཕྱིན་པ་རེད་དམ། འོ་ན་ཁོང་རང་སྒེར་གྱི་མིང་ཐོག་ནས་ཕྱི་རྒྱལ་ཕྱིན་པ་རེད་དམ་ལགས།
    འདིའི་སྐོར་ཤེས་མཁན་ཚོས་གསལ་བཤད་རེ་ཡོད་པར་མཁྱེན་མཁྱེན།།།།།།།།།།།།

    Reply
  9. གཤེད་མ། says:
    ལོ་ 15 སྔོན།

    Dhamchoe @Tommy Thokme
    ཟེར་བ་འདི་སུ་རེད། འདིས་འུ་ཚོའི་ཁྱིམ་གཞིས་འདིར་ཀྱག་ཀྱག་བྱེད་ཀི་ཡོད་པའི་བཟོ་འདུག འདི་ལ་དྲ་བདག་གིས་མ་མཐའ་ཡང་ཉེན་བརྡ་ཞིག་དགོས་ཀི

    Reply
  10. གཤེད་མ། says:
    ལོ་ 15 སྔོན།

    དགེན་ལྷ་མོ་མཐོང་བ་མ་གཏོགས་སྐད་ཆ་བཤད་མྱོང་ཡང་མེད།
    ཡིན་ཡང་མི་བཟང་བོ་འདི་འདྲ་ཞིག་ས་ཆ་གང་དུ་བཞུགས་ཀྱང་། ཐ་ན་ཟླ་བའི་ནང་དུ་ཕེབས་ཀྱང་བྱས་རྗེས་དང་དྲང་ཚུགས་ལ་རྗེས་སུ་ཡི་རང་ལོས་ཡོད།

    ཁྱི་ཁ་མ་བྱས་ན་ནང་དུ་དོན་འགྲུབ་ལ་ཕྱིར་བཀྲ་ཡང་ཤིས།

    Reply
  11. ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    ཆབ་བྲག་ལྷ་མོ་གློའུ་རེད།
    དོར་ཞི་རྒྱ་མཚོའི་གོང་རེད།
    རྩོམ་ཡིག་བྲིས་ནོ་ཉོག་རེད།
    མི་ཚོང་བརྒྱབས་ན་འདྲེ་རེད།
    རྡ་སའི་མང་ཚོགས་ཀྱི་ངག་རྒྱུན་ཞིག་དྲན་པར་གསོས་ཏེ་ཤར་མར་བྲིས་སོ།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    རང་བཙན་གཙང་མས་བྲིས་པ།།
    སེམས་གཏམ་ངོ་མ་ཡིན་པ།།
    དོན་ལ་ཡིན་མིན་མི་ཤེས།།
    བཀླགས་ན་ལོས་བདེན་བསམ་གི།

    Reply
  13. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    བོད་མི་མང་སྤྱི་འཐུས་དང་རྩོམ་པ་པོ་འཐུན་ཚོགས་གིས་ཚོགས་གཙོ་ཞིག་གི་མིང་ཁུར་ནས་རྒྱལ་སྤྱའི་ཁྲིམ་དང་འགལ་བའི་མི་ཚོང་རྒྱབ་ ད་དུང་གཞན་ལ་བསླབ་བྱ་གནང་བ་དེའི་རང་ཉིད་གིས་རང་ཚད་འཇལ་ལས་སུ་ཡིད་ཆེས།།

    Reply
  14. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    ཤ་འཇམ་སྐྱིད། ཁྱེད་རང་གིས་སྨྱུག་མིང་བཀོལ་བཞིན་དུ་ང་ལ་མ་བཤད།

    ངས་བྲིས་པའི་གནད་དོན་གཤམ་གསལ་རྣམས་ཡིན། ཚང་མ་དོན་དངོས་ཤ་སྟག་ཡིན། དེ་ཡང་ཆབ་བྲག་ལྷ་མོ་ལ་ཕན་ན་དྲན་པས་ཡིན། ང་མང་ཚོགས་ཤིག་ལ་བསམ་ཚུལ་བཤད་དབང་ཡོད། ཁྱེད་རང་མ་འདོད་ན་སྡུག་གྱོང་རེད། མདོར་ན་གཤམ་གསལ་གནད་དོན་དེ་ཚོར་ལན་རྒྱབ་ཤོག དེ་ཚོ་གལ་ཆེན་པོ་རེད། དེ་ནས་གཞན་ལ་བསླབ་བྱ་གནང་རྒྱུའི་ཚད་ལ་སླེབས་ཡོད་མེད་ཤེས་ཀྱི་རེད།

    ངས་བྲིས་པ་བསྐྱར་བཀོད་བྱས་པ་གཤམ་གསལ།

    སྤྱི་འཐུས་ཀྱིས་ང་ཚོ་མང་ཚོགས་ལ་བསླབ་བྱ་གནང་བ་ཐུགས་རྗེ་ཆེ། ད་སྤྱི་མི་ཁྱེད་ལ་བསམ་འཆར་ཁ་ཤས་ཞུ་གི་ཡིན།

    ༡༽ སྐྱོང་དགོས་པ་ས་རཱ་མཐོ་སློབ་ཀྱི་བོད་ཕྲུག་ཤ་དར་ཁྲག་དར་དེ་ཚོ་སྐྱོང་མཚམས་བཞག་སྟེ། ཕྱི་རྒྱལ་མགོ་སེར་དེ་ཚོར་ཀ་ཁ་སློབ་ཏུ་ཕེབས་པ་འདི་ཡག་པོ་མ་རེད། བཟང་སྤྱོད་མ་རེད། དེ་ལ་དགོངས་པ་བཞེས་རོགས།

    ༢༽ ལོ་གཅིག་ལ་དུས་གཉིས་ལས་མེད་པའི་སྤྱི་འཐུས་གྲོས་ཚོགས་སུ་མ་བཅར་བ་དེ་ཡག་པོ་མ་རེད། ལྷག་པར་ཉེ་དུས་༸གོང་ས་མཆོག་གིས་གྲོས་ཚོགས་ལ་གསུང་འཕྲིན་གཟི་བརྗིད་ཅན་དེ་གནང་དུས། ཚོགས་དུས་ཧྲིལ་པོར་སྐུ་ཉིད་ཚོགས་བཅར་མ་གནང་བར། ཕྱི་རྒྱལ་ལ་མགོ་སེར་བསྐྱངས་ནས་བཞུགས་སོང་། སྒོར་མོ་བསགས་ནས་བཞུགས་སོང་། དེ་ཡག་པོ་མ་རེད། གཞན་ལ་བསླབ་བྱ་གནང་མཁན་གྱི་གནང་སྟངས་མ་རེད།

    ༣༽ དེང་སྐབས་བོད་ནང་གི་རྩོམ་པ་པོ་ཐེའུ་རང་དང་ཞོགས་དུང་སོགས་འཛིན་བཟུང་བཙོན་འཇུག་སོགས་ཛ་དྲག་ཆེ་སྒང་རེད། ཁྱེད་རང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་རེད། དེ་རིང་ལ་ཐུག་གི་བར་དུ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དེའི་ཐད་འཆར་གཞི་ཡོད་ཅེས་རྫིག་རྫིག་འདྲ་བཤད་བསྡད་པ་མ་གཏོགས། དོན་དུ་གང་ཡང་བྱས་མ་སོང་། དེ་ཡག་པོ་མ་རེད། ལས་དོན་འཐུས་ཤོར་རེད། དོན་ངོ་མའི་འཐུས་ཤོར་རེད།

    ༤༽ བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་དྲྭ་རྒྱ་ཡག་ག་ཞིག་ཀྱང་མི་འདུག འོན་ཀྱང་ཁྱེད་རང་སྒེར་ལ་དྲྭ་རྒྱ་ཞིག་འདུག ཕན་ཐོགས་ག་ཚོད་ཡོད་མེད་མི་ཤེས། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོས་སྔོན་ལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲྭ་རྒྱ་འཐུས་སྒོ་ཚང་བ་ཞིག་བཟོས་ན་ཡག་ག་མི་འདུག་གམ།

    ༥༽ རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྩོམ་པ་པོ་མ་ཡིན་པ་མང་པོ་ཞིག་མཐུན་ཚོགས་ནང་དུ་བཅུག ཧིན་སྒོར་འབུམ་ཚོ་བླངས་ཏེ་ཕྱི་རྒྱལ་ལ་ཚོགས་བཅར་ཞུ་མཁན་གྱི་བོད་ཀྱི་རྩོམ་པ་པོའི་མིང་ཐོག་ནས་ཕྱི་རྒྱལ་ལ་སྔོན་ཆད་མང་པོ་བཏང་བ་རེད། ད་ལྟའང་གཏོང་བཞིན་པ་རེད། མདོར་ན། རྩོམ་པ་པོའི་མཐུན་ཚོགས་ཟེར་བ་དེ། བོད་ཀྱི་རྩོམ་པ་པོའི་མིང་འཁྱེར་ནས་ཁྲིམས་འགལ་གྱིས་ཕྱི་རྒྱལ་ལ་མི་གཏོང་མཁན་གྱི་ནག་ཚོགས་འདྲ་བོ་ཆགས་ཡོད། དེ་ཁྱེད་རང་ལ་འགན་ཡོད་རེད། བང་ཆེན་ཚགས་པར་སྒང་ལ་ཁྱེད་རང་ངོ་མས་དངུལ་བླངས་ཏེ་ཕྱི་རྒྱལ་ལ་བཏང་བ་ཁས་བླངས་པ་རེད། འདི་ཚོ་གཙང་མ་བཟོས་ན་ཡག་གི་རེད།

    ༦༽ བླ་བྲང་སྐལ་བཟང་ཚོགས་གཙོ་ཡིན་དུས་གཞན་དག་མི་ཤེས། སྤྱི་ཚོགས་མེ་ལོང་ཟེར་དུས་ཚང་མས་དགའ་ས་ཞིག་རེད། ཁྱེད་རང་གིས་ཚོགས་གཙོ་བྱས་ནས་བཟུང་། སྤྱི་ཚོགས་མེ་ལོང་ཡོད་མེད་ཁྱད་མེད་པ་ཞིག་ཆགས་སོང་། དེ་ཉམས་པ་སླར་གསོ་ཞིག་གནང་དགོས་ལས་འགན་རེད།

    ཁྱེད་རང་དགེ་རྒན་ཞིག་ཡིན་པའི་ཆ་ནས་དང་། སྤྱི་འཐུས་ཤིག་ཡིན་པའི་ཆ་ནས། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཞིག་ཡིན་པའི་ཆ་ནས་བྱེད་དགོས་པ་དེ་ཚོ་རེད། དེ་ཚོ་ཚང་མ་ཡག་པོ་ཞིག་མ་བྱས་པར་གཞན་ལ་བསླབ་བྱ་གནང་ན་རན་པོ་འདུག་གམ། དགོངས་པ་ཡག་པོ་བཞེས། གཞན་ལ་བསླབ་བྱ་རྒྱག་བདེ་པོ་རེད། ཡིན་ནའང་སོ་སོས་ག་རེ་བྱེད་ཀྱི་ཡོད།

    Reply
  15. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    ཆབ་བྲག་ལྷ་མོ་སྐྱབ་ལགས། སྔོན་ཆད་ངས་ཁྱེད་རང་མི་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་བོད་རིག་གཞུང་ལ་ཞན་པ་དཀར་བའི་ཕོ་རྒོད་ཡིན་བསམ་བྱུུང༌། ད་ཆར་ཞིབ་ཏུ་དཔྱད་ཡོང་དུས་ཁྱེད་རང་དེ་ལྟ་བུ་མི་ཞིག་རྩ་བ་ནས་རེད་མི་འདུག ཉེ་བའི་ལོ་ཤས་ནས་བཟུང་བོད་ཀྱི་རྩོམ་པ་མཐུན་ཚོགས་མིང་ཁུར་ནས་ཕྱི་རྒྱལ་མི་གཏོང་རྒྱུ་མི་ཚོང་ཐེངས་མང་བརྒྱབ་མཁན་ཞིག་དང་མཐར་ཁྱེད་རང་ཡང་ཕྱི་རྒྱལ་གནས་སྤོས་བྱས་སོང༌། ད་དུང་དེ་ག་ཚད་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཁ་སྔོན་གྲོས་ཀྱི་ཚོགས་འདུ་གལ་ཆེ་དེ་ལྟ་བུ་སླེབས་མི་འདུག ཨ་རི་སྤྱི་འཐུས་སྐབས་དེ་དུས་རྒྱ་གར་གནམ་ཐང་ཕྱིར་ལོག་བཏོང་ཡོད་ནང་ཡང་བསྐྱར་ཁོ་རང་ཐབས་ཤེས་བྱས་ནས་གྲོས་ཚོགས་འདུ་ཉིན་འགའ་ཤས་ལ་མཉམ་བཞུག་ཐུབ་པ་བྱུང་ཡོད། ད་ཁྱེད་རང་ལྷག་བསམ་དང་སེམས་ཤུགས། རིག་གནས་སོགས་ཇི་ལྟར་ཤེས་ཀྱི་ཡོད་ན་ངའི་བློ་ངོར་ཁྱེད་རང་བྱབ་ཆུང་གི་མི་ཞིག་ལས་དེ་ལས་ལྷག་པ་ཞིག་ནམ་ཡང་ངོས་འཛིན་བྱེད་ཀྱི་མ་རེད།

    Reply
  16. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    Guys look at here! This China man first has said:”…ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་“ལས་འཆར་”དེའི་ནང་བོད་རིགས་ས་ཁུལ་ཡོངས་རྫོགས་ཐེངས་དང་པོར་བཅུག་ཡོད་པ་དེས། དོན་དངོས་སུ་“བོད་ཆེན་པོ་”མངོན་ཆུང་ངང་ཁས་ལེན་བྱས་པ་རྭ་སྤྲོད་བྱས་པ་རེད། …”
    In additional,the next paragragh he has said:”… བོད་ཕྱོགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་དགོས་པའི་འདོད་ཚུལ་གླེང་བར། རྒྱ་དམར་གཞུང་གིས་རྩྭ་བ་ནས་ཁས་ལེན་བྱས་མེད། …”

    This is contrast each other:ཁས་ལེན་བྱས་པ་ and རྩྭ་བ་ནས་ཁས་ལེན་བྱས་མེད།

    Reply
  17. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    དཔྱོད་ལྡན་དམ་པ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཕན་ནུས་ཡོད་པའི་བསླབ་བྱ་གནང་བར་བཀའ་དྲིན་ཆེ་ཞུ།
    གོ་སྐབས་འདི་བརྒྱུད་བོད་དོན་དང་འབྲེལ་བའི་དཔྱད་བརྗོད།

    རྒྱ་ནག་མི་མང་ལ་སྦས་སྐུང་ག་རེ་བྱས་ཡོད་དམ?

    ཞེས་པའི་བསམ་ཚུལ་ཟབ་མོ་འདི་རྒྱ་བོད་མི་དམངས་ཀྱི་མི་དམངས་ཡོངས་ཀྱིས་ཤེས་རྟོགས་ཡོང་ཆེད།
    བོད་ཀྱི་བང་ཆེན་ལས་བཤུས་ཏེ་འདིར་བསྐྱར་བཀོད་བྱས་པས་ཀུན་ལ་དགོངས་འགལ་མེད་པར་ཞུ།
    རྩོམ་ཡིག་འདི་ཨ་རིར་གནས་འཁོད་རང་དབང་གི་རྩོམ་པ་པོ་རྒྱ་རིགས་ཁྲེན་བོ་ཁུང་གིས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་དྲ་རྒྱའི་ནང༌། ཕྱི་ལོ་ ༢༠༡༠།༣།༩། ཉིན་འགོད་སྤེལ་བྱས་འདུག་པ་དང༌།  བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བོད་ཡིག་ཏུ་བསྒྱུར་འདུག།

    བོད་རྒྱ་འབྲེལ་མོལ་སྐབས་སུ།
    རྒྱ་ནག་དམར་གཞུང་གིས།
    རྒྱ་ནག་མི་མང་ལ་སྦས་སྐུང་ག་རེ་བྱས་ཡོད་དམ?

    བོད་རྒྱ་འབྲེལ་མོལ་དེ་ཟླ་བ་བཅོ་ལྔ་བར་མཚམས་ཆད་པའི་རྗེས་སུ། འདི་ལོའི་ཕྱི་ཟླ་དང་པོར་རྒྱ་ནག་པེ་ཅིན་གཞུང་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ལྷན་དུ་བསྐྱར་དུ་འབྲེལ་མོལ་མུ་མཐུད་པ་རེད། འོན་ཀྱང༌། འདི་ནི་པེ་ཅིན་ཀྲུང་ནན་ཧད་དུ་གནས་སྡོད་བྱས་པའི་རྒྱ་དམར་གཞུང་གི་འགོ་ཁྲིད་ཚོས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་མ་ཞུས་སྔོན་དུ། ཁོང་ཚོའི་བསམ་ཚུལ་ལྟར་རྒྱ་བོད་འབྲེལ་མོལ་བྱེད་བཞིན་པའི་ཕྱི་ཚུལ་གྱི་རྣམ་པ་སྟོན་རྒྱུ་ཙམ་ཞིག་བཟོས་པ་རེད།
    འབྲེལ་མོལ་བྱེད་རིང༌། རྒྱ་དམར་འཐབ་ཕྱོགས་གཅིག་བསྒྲིལ་ཁང་གི་བློན་ཆེན་ཏུའུ་ཆིང་ལིན་གྱིས་བོད་ཀྱི་སྐུ་ཚབ་རྣམས་ལ་ལོ་འདིའི་ལོ་འགོར་ཚོགས་པའི་རྒྱ་ནག་གཞུང་གི་“བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་”དང་ཚོགས་འདུའི་ཐོག་གསལ་བསྒྲགས་བྱས་པའི་“མ་འོངས་ལོ་བཅུའི་ནང་བོད་ཀྱི་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ལས་འཆར་”ངོ་སྤྲོད་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་འདི་“དུས་བདེ་ཞི་འཇགས་”ངང་“དུས་རབས་ལས་བརྒལ་བའི་གོང་འཕེལ་”གཏོང་རྒྱུ་ཡིན་ཚུལ་བཤད་ཡོད་པ་རེད།

    “བཞུགས་མོལ་ཚོགས་འདུ་”དང་“ལས་འཆར་”འདོན་སྤེལ་བྱས་པ་དེ་གཉིས་ཀྱི་རྒྱབ་ལྗོངས་ནི། རྒྱ་ནག་པེ་ཅིན་གྱི་ཨོ་ལིམ་པིག་རྩེད་འགྲན་མ་འཚོག་གོང༌། ཕྱི་ལོ་༢༠༠༨ ཟླ་བ་༣ པའི་ནང་བོད་མིས་ཞི་བའི་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བ་དང༌། དེའི་སྐབས་རྒྱ་ནག་གཞུང་གི་གསང་མྱུལ་ཁག་གཅིག་གིས་དྲག་པོའི་ཟིང་ཆ་བསླངས་ཏེ། རྒྱ་ནག་གཞུང་གི་དྲག་པོའི་དཔུང་དམག་གིས་བོད་མིར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པར་འཛམ་གླིང་གི་མི་རྣམས་ཧ་ལས་པ་རེད། དེའི་མཇུག་ཏུ་པེ་ཅིན་དུ་གནས་འཁོད་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་(设在北京的民间组织“公盟)ཀུང་མང་ཞེས་པས་ས་གནས་ས་ཐོག་ཏུ་ཞིབ་འཇུག་བྱས་པར་བསྐྱོད་དེ། 《བོད་ཁུལ་གྱི་ཕྱི་ཟླ་ ༣ ཚེས་ ༡༤ དོན་རྐྱེན་ནང་སྤྱི་ཚོགས་དང་དཔལ་འབྱོར་གཏོར་སྐྱོན་བྱུང་ལུགས་ཀྱི་བརྟག་དཔྱད་སྙན་ཐོ་》བཏོན་པའི་མཇུག་བསྡོམས་ནང༌། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་བོད་མི་རྣམས་མཐར་ཕུད་པ་དང༌། བོད་རྒྱའི་དབར་དབུལ་ཕྱུག་བར་ཁྱད་ཚབས་ཆེ་ཡོད་པར་བརྟེན། འདི་ནི་བོད་མི་རྣམས་ཁོང་ཁྲོ་ཆེན་པོ་སློང་བའི་རྒྱུ་རྐྱེན་གྱི་ཆ་ཤས་ཤིག་རེད་ཅེས་འཁོད་ཡོད་པ་རེད། སྙན་ཐོ་དེས། གཙོ་བོ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལྟ་ཕྱོགས་ནས་བོད་ཀྱི་གནད་དོན་ཕྱིར་བཏོན་བྱས་ཡོད་པ་ལས། ཆོས་ལུགས་དང་ཆབ་སྲིད་ཀྱི་ཁྱབ་ཁོངས་ནང་ཐེ་བྱུས་ཉུང་ཉུང་མ་གཏོགས་བྱས་མེད་ཀྱང༌། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་ངོ་ཚ་ཁ་སྐྱེངས་བྱུང་ནས་དེ་མ་ཐག་ཁོང་ཁྲོ་ལངས་ཏེ་གོང་གསལ་༼ཀུང་མང་༽ཞེས་པའི་དེབ་སྐྱེལ་བྱས་པའི་ཁྲིམས་རྩོད་ལས་ཁང་དེ་སྒོ་ཐེལ་བརྒྱབ་པ་དང་ཆབས་ཅིག་དེའི་འགོ་ཁྲིད་མི་སྣ་འཇུ་བཟུང་བྱས་པ་རེད། རྒྱ་ནག་གི་འགོ་ཁྲིད་ཚོས་སྙན་ཐོ་དེ་གལ་ཆེན་པོ་དང་དྲང་པོ་ཇི་ཙམ་ཆགས་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་པར་བརྟེན། “བོད་ཀྱི་ལས་དོན་ཐོག་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་”དང༌། “ལོ་བཅུའི་ལས་འཆར་”ཞེས་པ་གཞི་ནས་ཕྱིར་ཐོན་པ་རེད།

    རྒྱ་ནག་དམར་གཞུང་གི་དབང་བསྒྱུར་བྱེད་པའི་བསམ་བློ་གཏོང་སྟངས་ནི། ངས་བཤད་ན། འགྲིག་པ་དང༌། དམངས་ཁྲོད་ནས་བཤད་ན། ངས་མགོ་གནོན་བྱ་རྒྱུ་ཡིན་ཟེར་བ་ལྟར། མདོ་དོན་སྐད་ཆ་ཤོད་པའི་དབང་ཆ་ཚང་མ་“ངའི་ཚོགས་པ་ཏང་ལ་”ཡོད་ཅེས་པ་འདི་རེད།  
    བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐོར། དེའི་གོང་དུ། རྒྱ་དམར་གཞུང་གིས་“བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་”ཟེར་བ་ཐེངས་བཞི་ཚོགས་ཏེ། “ལོ་ལྔའི་འཆར་གཞི་”ཐེངས་བཅུ་གཅིག་གཏན་འབེབས་བྱས་ཟིན་ཡོད། དངོས་ཡོད་གནས་སྟངས་ནི། བོད་ཀྱི་ས་ཁུལ་ནི་དུས་ད་ཆ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་ནང་དབུལ་ཕོངས་ཀྱི་ས་ཁུལ་སྡུག་ཤོས་དེ་ཡིན་ཅིང༌། ལོ་རེའི་ཐོན་བབས་ཀྱི་རིན་ཐང་དེ། ཐ་ན་རྒྱ་ནག་གོང་ཏུང་ཞེང་ཆེན་ནམ་ཅང་སུའུ་ཞིང་ཆེན་གྱི་རྫོང་གཅིག་ཧྲུན་ད་རྫོང་ངམ་ཅང་དབྱིན་རྫོང་ལས་སྐྱོ་བ་ཡོད་པ་རེད།
    “དུས་རབས་ལས་བརྒལ་བའི་གོང་འཕེལ་”གཏོང་རྒྱུ་ཞེས་པའི་འབོད་ཚིག་དེ་རང་ཐོག་ནས། རྒྱ་དམར་གཞུང་གིས་བོད་ལ་གོང་འཕེལ་གཏོང་རྒྱུ་ནར་འགྱངས་བཏང་ཡོད་པ་དངོས་རྭ་འཕྲོད་པ་མ་ཟད། “དུས་བདེ་ཞི་འཇགས་”ཞེས་པའི་བཤད་ཚུལ་དེའི་ཐོག་ནས། རྒྱ་དམར་གཞུང་གིས་བོད་མིས་འདོད་བློ་མི་ཁེངས་པའི་འཁོན་འཛིན་དེ་ཡུན་རིང་ནས་བསགས་ཡོད་པ་ངོས་ལེན་མ་བྱེད་ཀ་མེད་དུ་གྱུར་ཡོད། འོན་ཀྱང༌། རྒྱ་དམར་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཟེར་བ་དེས། “ང་ཚོའི་རྒྱལ་ཁབ་དང༌། ང་ཚོའི་ཏང་ཚོགས་པ་ནང་ལྟར་ལོ་བཅུ་གྲངས་བསྟུད་མར་རྒྱལ་ཡོངས་ཀྱི་ནུས་པ་སྤྱད་དེ་མི་རིགས་ས་ཁུལ་གཅིག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་མ་རེད་”ཟེར་མིག་མཐོང་མཐོང་བར་རྫུན་གཏམ་བཤད་ཕོད་ཡོད་པ་རེད།
    དོན་དངོས་དང་བསྟུན་དགོས་ཀྱི་ཡོད་ན། གོང་གསལ་རྒྱ་དམར་གཞུང་གི་བློན་ཆེན་ཟེར་བའི་སྐད་ཆ་འདི་དེ་ལྟར་བཟོ་བཅོས་བྱ་དགོས། དེ་ཡང༌།  ང་ཚོའི་རྒྱལ་ཁབ་དང༌། ང་ཚོའི་ཏང་ཚོགས་པ་དང་དམག་ཡོངས་ཀྱི་ནུས་ཤུགས་གང་ཡོད་ཀྱིས་ལོ་བཅུ་གྲངས་བསྟུད་མར་མི་རིགས་གཅིག་གི་ཆོས་ལུགས་དང༌། སྐུ་གསུང་ཐུགས་རྟེན། རིག་གནས། གནའ་བོའི་དངོས་རྫས། སྣོད་བཅུད། བསམ་པའི་དཔལ་ཡོན། ཁོར་ཡུག་དང་བཅས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་ཡོན་གཏོར་བཤིག་བཏང་མཁན་འཛམ་གླིང་ནང་ང་ཚོ་ནང་བཞིན་ཡོད་མ་རེད་ཅེས་བཤད་ན་འོས་ཤོས་སུ་མཐོང༌། རྒྱ་དམར་གཞུང་གི་འགོ་ཁྲིད་ཚོས་ད་ལྟ་ཡང་བོད་ཀྱི་གནད་དོན་གྱི་རྐྱེན་རྩ་དེ་དཔལ་འབྱོར་ཡིན་པ་ལས། ཆོས་ལུགས་དང་རིག་གནས། མི་རིགས་ཀྱི་གནད་དོན་དང་འབྲེལ་བ་མེད་པར་ངོས་འཛིན་མཐའ་སྐྱེལ་བྱེད་ཀྱི་ཡོད། ངོས་འཛིན་བྱེད་ཚུལ་འདི་ལྟ་བུ་གལ་ཏེ་གཡས་ཁག་གཡོན་དཀྲིའི་རྒྱུ་མཚན་ཞིག་མིན་ན། དེ་ནི་སྲོག་རྩྭར་ཐུག་པའི་མུན་ཐོམ་གྱི་ལྟ་ཚུལ་ལོག་པ་ཞིག་རེད།

    འབྲེལ་མོལ་བྱེད་རིང༌། རྒྱ་དམར་གཞུང་གི་དཔོན་རིགས་ཚོས་“བོད་བཙན་བྱོལ་གཞུང་འདི་བོད་དང་བོད་མི་མང་གི་ཚབ་རྩ་བ་ནས་མཚོན་གྱི་མེད་”ཅེས་བཤད་ཡོད་ཀྱང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་ཕེབས་ཡོད་ཀྱང་ཁོང་རྣམས་བོད་ནང་ཕེབས་མ་འཇུག་པ་དང༌། བོད་མི་མང་ལ་ཁོང་རྣམས་མཇལ་མ་འཇུག་པར་རྒྱ་ནག་གི་ཧུ་ནན་ཞེང་ཆེན་དུ་ཁ་བསྒྱུར་ཚོད་འཛིན་བྱས་ཡོད་པ་རེད། ཁོང་རྣམས་བོད་ནང་འཚམས་འདྲིར་ཕེབས་འཇུག་ནས་བོད་མི་མང་གི་ཚོར་སྣང་ཇི་ལྟར་ཡོད་མིན་བལྟས་ཏེ། སུ་ཞིག་བོད་མི་མང་གི་ཚབ་བྱེད་ཐུབ་མིན་བོད་མི་མང་ལ་སྐད་ཆ་བཤད་འཇུག་དགོས། འབྲེལ་མོལ་དེའི་སྐོར་གནས་ཚུལ་སྤེལ་མཁན་རྒྱ་དམར་གཞུང་འབྲེལ་རྒྱུད་ལམ་ཁག་གིས། རྒྱ་དམར་གཞུང་ཕྱོགས་ནས་གང་བཤད་པ་ཕྱིར་བསྒྲགས་བྱས་པ་ལས། བོད་ཀྱི་སྐུ་ཚབ་རྣམ་པས་ག་རེ་གསུང་པ་ཚིག་གཅིག་བཀོད་མེད། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ནས་ག་རེ་གསུང་པའི་ནང་དོན་སྙིང་བསྡུས་ཤིག་གསལ་བསྒྲགས་བྱས་ན། སུས་འབྲེལ་མོལ་བྱ་རྒྱུར་ལྷག་བསམ་རྣམ་དག་བྱེད་པ་དང༌། སུའི་ཕྱོགས་ནས་རྙོག་དྲ་བཤད་དེ་འབྲེལ་མོལ་གཏོར་བཤིག་གཏོང་གི་ཡོད་པ་རྒྱ་ནག་མི་མང་ནས་ཞིབ་དཔྱད་བྱ་རྒྱུ་ཡིན་ན། དེ་ལྟར་བྱེད་མ་འཇུག་པ་གང་ཡིན་ནམ?
    རྒྱ་དམར་གཞུང་གིས་“བོད་ཆེན་པོའི་སྐོར་”གྱི་གླེང་གཞི་ཆེད་བཟོས་བྱས་ཏེ། འདི་ནི་བོད་རྒྱ་འབྲེལ་མོལ་གྱི་འགལ་རྐྱེན་ཡིན་པར་བཞག་ཡོད། འོན་ཀྱང༌། བརྗོད་གཞི་འདིས་ཡང་སྙིང་ག་རེ་མཚོན་ཐུབ་ཀྱི་རེད་དམ། གལ་ཏེ་སྔོན་འགྲོའི་ཆ་རྐྱེན་འདི་བོད་འདི་ཁ་བྲལ་གཏང་རྒྱུ་ཡིན་ན། “བོད་ཆེན་པོ་”དང་“བོད་ཆུང་ཆུང་”ཞེས་པའི་སྐོར་སྐད་ཆ་བཤད་ན་བཤད་རིན་ཡོད་པ་ཞིག་རེད། རྒྱུ་མཚན་ནི། བོད་འདི་རྒྱ་ནག་ནས་ཁ་བྲལ་ག་ཚོད་ཙམ་ཞིག་འགྲོ་རྒྱུའི་སྐོར། བོད་རྒྱ་ཕྱོགས་གཉིས་ཀྱིས་སུ་འཐོབ་གང་འཐོབ་ཀྱི་ཕན་ཚུན་གོང་སྒྲིག་ཆོག་པ་རེད།

    གལ་སྲིད་སྔོན་འགྲོའི་ཆ་རྐྱེན་འདི། བོད་འདི་རྒྱ་ཁོངས་སུ་ངོས་འཛིན་བྱས་ན། “བོད་ཆེན་པོ་”དང་“བོད་ཆུང་ཆུང་”ཞེས་པར་ཧ་ལས་ཧང་སངས་རྒྱུ་གང་ཡང་མེད། ལོ་རྒྱུས་ཐོག་ཟི་ཁྲོན་ཞིང་ཆེན་དེ་དུམ་བུ་གསུམ་དང་དུམ་བུ་གཉིས་སུ་བགོས་མྱོང་ཡོད་ལ། ཡང་དུམ་བུ་གསུམ་དང་གཉིས་ནས་གཅིག་ལ་ཚུར་ཟླ་བསྒྲིལ་ཡང་གཏོང་མྱོང་ཡོད་པས། སུས་དེ་ལ་དོ་སྣང་དང་ཧང་སངས་སངས་བྱེད་མཁན་བྱུང་ཡོད།

    གལ་ཏེ་ལོ་རྒྱུས་ཐོག་མི་རིགས་དང་ཆོས་ལུགས་གཅིག་གྱུར་ཡིན་པའི་བོད་དེ་ངོས་ལེན་མ་བྱས་ན། བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཆེ་ཤོས་ཡིན་པའིྋགོང་ས་ཏཱ་ལའི་བླ་མ་སྐུ་ཉིད་ཀྱང་བོད་མི་ཞིག་མ་ཡིན་པར། “མཚོ་སྔོན་”གྱི་མི་གཅིག་རེད། དེ་ལྟར་རྩིས་འདེད་བྱེད་པའི་གཏན་ཚིག་རིག་པ་ཞིག་གང་དུ་ཡོད་དམ། “བོད་ཆེན་པོ་”ཁོ་ནར་ཁ་བཏགས་ཏེ་སྐད་ཆ་མ་བཤད་པ་དེའི་ཐོག་ནས། རྒྱ་ནག་དམར་གཞུང་གི་འགོ་ཁྲིད་པ་ཁོང་ཚོར་“བོད་རང་བཙན་”རྩོད་པའི་འདུ་ཤེས་ཡོད་པ་དངོས་རྭ་གསལ་རྗེན་དུ་ཐོན་པ་རེད།

    གོད་བྲོ་བ་ཞིག་ལ། རྒྱ་དམར་གཞུང་གིས་“བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་”ཟེར་བ་ཐེངས་ལྔ་པ་ཚོགས་ཏེ། ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་“ལས་འཆར་”དེའི་ནང་བོད་རིགས་ས་ཁུལ་ཡོངས་རྫོགས་ཐེངས་དང་པོར་བཅུག་ཡོད་པ་དེས། དོན་དངོས་སུ་“བོད་ཆེན་པོ་”མངོན་ཆུང་ངང་ཁས་ལེན་བྱས་པ་རྭ་སྤྲོད་བྱས་པ་རེད།

    གལ་སྲིད་རྒྱ་བོད་ཕྱོགས་གཉིས་པོའི་ལངས་ཕྱོགས་ཕྱི་གསལ་ནང་གསལ་བཟོས་པ་ཡིན་ན། རྒྱ་ནག་མི་མང་ཚོས་ཧང་སངས་པའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱབ་བརྒལ་བྱེད་མཁན་འདི། ྋགོང་ས་ཏཱ་ལའི་བླ་མ་མཆོག་མ་ཡིན་པར། རྒྱ་ནག་གཞུང་གི་འགོ་ཁྲིད་ཁོང་ཚོ་ཡིན་པ་གསལ་རྟོགས་ཐུབ་རྒྱུ་རེད། གང་ཡིན་ཞེ་ན། བོད་ཕྱོགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་དགོས་པའི་འདོད་ཚུལ་གླེང་བར། རྒྱ་དམར་གཞུང་གིས་རྩྭ་བ་ནས་ཁས་ལེན་བྱས་མེད།

    “བོད་རང་བཙན་”དང་“རྣམ་པར་གྱུར་བའི་རང་བཙན་“གྱི་འདོད་ཚུལ་གླེང་མཁན་འདི་ཏཱ་ལའི་བླ་མ་མཆོག་མ་ཡིན་པར་རྒྱ་ནག་གཞུང་གི་འགོ་འཁྲིད་ཁོ་རང་ཚོ་རེད། རྒྱུ་མཚན་ནི། ཏཱ་ལའི་བླ་མ་མཆོག་ནས་ཡང་ནས་ཡང་དུ་བོད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པ་ངོས་ལེན་གནང་སྟེ། བོད་རང་བཙན་རྩོད་ཀྱི་མེད་པའི་གསལ་བཤད་གནང་ཡོད་ཀྱང༌། རྒྱ་དམར་གཞུང་གིས་ཨ་ན་ཨུ་ཚུགས་ཀྱིས་“བོད་རང་བཙན་རྩོད་པའི་”ཞྭ་མོ་འདི་ྋགོང་ས་ཏཱ་ལའི་བླ་མའི་དབུ་ལ་གཡོགས་ཡོད། ཤོད་མི་དགོས་པར། ད་ལྟའི་རྒྱ་དམར་གཞུང་གི་འགོ་ཁྲིད་ཚོ། “མི་རིགས་ཁ་བྲལ་གཏོང་མཁན་གྱི་ཉེས་པ་གསོག་མཁན་”ངོ་མ་འདི་ཡིན་པ་ཧ་ཅང་གསལ་པོ་རེད།

    རྒྱ་དམར་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཏུ་ཆིང་ལིན་ཟེར་བས། བོད་ཀྱི་སྐུ་ཚབ་རྣམས་ལ་ཁོ་པས། “དྲག་སྤྱོད་དང་འཚེ་བ་མེད་པའི་ལས་འགུལ་གང་འདྲ་ཞིག་སྤེལ་རུང༌། སྤེལ་མེད་རུང༌། དེ་དག་ཚང་མར་འགྲོ་ལམ་རྩ་བ་ནས་མེད་”ཅེས་བཤད་འདུག སྐད་ཆ་དེ་གོ་བདེ་ཙམ་ཞིག་བཤད་པའི་དབང་དུ་བཏང་ན། བོད་ཀྱི་གནད་དོན་ཐོག ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་འཚེ་མེད་ཞི་བའི་རྩ་དོན་བཟུང་སྟེ། ཞི་བདེ་དང་རྒྱུ་མཚན་ཇི་ཙམ་གསུངས་ཀྱང༌། རྒྱ་དམར་གཞུང་གིས་རྩ་བ་ནས་ངོས་ལེན་དང་རྩིས་འགྲོ་བཏང་གི་མེད། འདི་ནི་རྒྱ་དམར་གཞུང་གིས་དུས་ཚོད་ནར་འགྱངས་གཏོང་གང་ཐུབ་ཀྱི་འབྲེལ་མོལ་རྫུན་མ་དང༌། བོད་ཀྱི་དཀའ་རྙོག་སེལ་འདོད་མེད་པའི་གཡོ་རྒྱུའི་ཐབ་ཇུས་ཤིག་ཡིན་པ་མ་དྲིས་ལྷབ་བཤད་བྱས་པ་རང་རེད།

    ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གི་དཔོན་རིགས་ཚོས་སྒེར་གྱི་ཁེ་ཕན་ལ་བསམ་ཞིབ་མ་བྱས་པར། བོད་ཀྱི་དཀའ་ངལ་སེལ་བའི་ཉིན་མོ་འདི་ནས་བཟུང༌། ལས་གནས་ནས་དགོངས་ཞུ་དང་རྒས་ཡོལ་ཞུས་ཏེ། སྲིད་དོན་ལ་ཐེ་ཇུས་བྱ་རྒྱུ་མིན་ཞེས་ཡང་སྐོར་བསྐྱར་སྐོར་གྱིས་ག་ཚོད་གསུངས་ཀྱང༌། རྒྱ་དམར་གཞུང་གི་དཔོན་རིགས་ཚོས་སྐད་ཆ་དེ་དག་རྣ་བའི་རྒྱབ་ཏུ་བཀུར་ནས། “བོད་ཀྱི་གནད་དོན་ཞེས་པ་མེད་ཅིང༌། སྐད་ཆ་བཤད་དགོས་ན། ཏཱ་ལའི་བླ་མའི་སྐུ་སྒེར་དང་ཁོང་གི་མཐའ་སྐོར་དུ་ཡོད་པའི་མི་དེ་ཚོའི་མདུན་ལམ་སྐོར་སྐད་ཆ་བཤད་རྒྱུ་”ཞེས་ཡང་ཡང་ཁ་རྒྱུན་དུ་གྱུར་བའི་གཏམ་རྙིང་བསྐྱར་ཟློས་ཁོ་ན་བྱེད་བཞིན་ཡོད་པ་རེད།

    (བཙན་བྱོལ་བོད་གཞུང་)ཕྱོགས་གཅིག་ནས་མི་རིགས་དང་ཆོས་ལུགས་དང་རིག་གནས་ཀྱི་བྱ་གཞག་ཆེན་པོར་དོ་སྣང་བྱེད་ཀྱི་ཡོད་ཀྱང༌། (རྒྱ་གཞུང་) ཕྱོགས་གཞན་པ་དེས་རང་གི་སྒེར་དོན་རྐྱང་རྐྱང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེ་ལྟ་བུའི་ཀླུད་ནུབ་ལ་གཡུགས། འདྲེ་ཤར་ལ་བཞག་པའི་དཔེ་ལྟར་འབྲེལ་མོལ་ལ་གྲུབ་འབྲས་འོང་རེ་མེད་པ་མ་ཟད། མི་རྣམས་ཀྱིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་རྒྱ་དམར་གཞུང་གི་འགོ་ཁྲིད་གཉིས་ཀྱི་བསམ་བློ་གཏོང་སྟངས་དང༌། བཟང་སྤྱོད་ཀྱི་ཚད་གཞི་གནམ་ས་ལྟ་བུའི་ཁྱད་བར་ཡོད་པ་གསལ་པོ་མཐོང་ཐུབ་པ་རེད། རྒྱ་དམར་གཞུང་གི་འགོ་ཁྲིད་ཚོས་ཕོ་ཐའི་བསམ་ཚུལ་འཁྱེར་ནས་ཕོ་རབ་ཀྱི་ཁོག་པ་དཔག་པར་མི་རྣམས་ངུ་མིན

    Reply
  18. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ངོ་མ་རྩོམ་པ་པོའི་མཐུན་ཚོགས་ཀྱི་མིང་ཐོག་ནས་དངུལ་བླངས་ནས་ཕྱི་རྒྱལ་དུ་གཏོང་བ་དེ་འདྲ་བདེན་ན་ཡག་པོ་མ་རེད། people smugglerཟེར་དུས་ཕྱི་རྒྱལ་བ་ཚོས་ཁྲིམས་འགལ་སྡུག་ཤོས་ཤིག་ལ་བརྩི་གི་རེད།

    Reply
  19. མགོ་རུལ། says:
    ལོ་ 15 སྔོན།

    སུ་ཁྲོན་ཞིང་ཆེན་ཙི་ཀོང་གྲོང་ཁྱེར་བཟོ་ལས་ལག་རྩལ་སློབ་གྲྭའི་ནང་རྒྱ་བོད་ སློབ་མའི་བར་ར་འགལ་ཟླ་བྱུང་ནས་ཉུང་མཐའ་བོད་རིགས་སློབ་གཅིག་འདས་གྲོངས་ཕྱིན་ ཡོད་པའི་གནས་ཚུལ་ཐོན་འདུག
    ཟླ་བ་འདིའི་ཚེས་༡༢ཉིན་སུ་ཁྲོན་ཙི་ཀོང་གྲོང་ཁྱེར་གྱི་ཡང་བའི་བཟོ་བཀོད་སློབ་ གྲྭའི་ནང་རྒྱ་བོད་སློབ་མའི་བར་འགལ་ཟླ་ཤོར་ནས་མི་གྲངས་སུམ་ཅུ་ལྷག་ལ་རྨས་ སྐྱོན་ཕོག་དང་། འགལ་ཟླ་བྱུང་རྐྱེན་ནི་སློབ་གྲྭའི་ཚོང་ཁང་ནང་རྒྱ་རིགས་སློབ་མ་ཞིག་གིས་སེམས་ ཆུང་མ་བྱས་པར་བོད་རིགས་སློབ་མ་ཞིག་དང་གདོང་ཐུག་རྒྱབ་ནས་ཁ་རྩོད་ཤོར་བ་རྗེས་ སུ།ཉིན་དེའི་དགོང་མོར་དུས་ཚོད་དགུ་བ་ནས་རྒྱ་བོད་སློབ་མའི་བར་གྱི་དྲག་པོའི་ འགལ་ཟླ་གྱུར་ཏེ་ཕན་ཚུན་བར་སོ་ཕོག་སོགས་ཀྱིས་རྒྱག་རེས་བྱས་ནས་ཞོགས་པའི་དུས་ ཚོད་གཉིས་བའི་བར་ལྷག་པ་དང་། དེ་ནས་ཉེན་རྟོག་པ་བརྒྱ་གྲངས་ལྷག་ཡོང་ནས་བཀག་འགོག་དང་གནས་ཚུལ་དེ་ཕྱི་ལ་ བསྒྲགས་མི་ཆོག་པ་བཟོས་བ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ ཚན་གྱིས་གནས་ཚུལ་སྤེལ་ཡོད་། དེ་བཞིན་ཟླ་བ་འདིའི་ཚེས་༢༥ཉིན་ཙི་ཀོང་གྲོང་ཁྱེར་གྱི་བཟོ་ལས་ལག་རྩལ་སློབ་ གྲྭ་གཞན་ཞིག་ཏུ་ཡང་རྒྱ་བོད་སློབ་མའི་བར་འགལ་ཟླ་བྱུང་ནས་འཁོན་འཛིང་བྱས་ཏེ་ ཉུང་མཐའ་བོད་རིགས་སློབ་མ་གཉིས་འདས་གྲོངས་དང་གསུམ་ལ་རྨས་སྐྱོན་བྱུང་བའི་གནས་ ཚུལ་ཐོན་ཡོད་པ་མ་ཟད་། ཙི་ ཀོང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་བོད་སློབ་མའི་འཁོན་འཛིང་ཁྲོད་བོད་ རིགས་སློབ་མ་བཞི་ཤི་རྨས་བྱུང་བ་བདེན་དཔང་བྱས་འདུག ཡང་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་བརྗོད་ན།བོད་རིགས་སློབ་མ་དེ་དག་ན་ནིང་ ལོར་སུ་ཁྲོན་དཀར་མཛེས་ཁུལ་ནས་ཡོང་བ་དང་། ལོ་གཉིས་དང་ཕྱེད་ཀའི་རིང་སློབ་གྲྭ་འདིར་གློག་རྡུལ་འཕྲུལ་ཆས་དང་གྲངས་རྩིས་། བཟོ་ལས་ལག་རྩལ།ཁོར་ཡུག་སོགས་ཀྱི་ཆེད་ལས་སྐོར་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་། སློབ་གྲྭ་དེའི་སློབ་མ་ཞིག་གིས་བརྗོད་ན་རྒྱ་རིགས་སློབ་མ་ཚོས་སློབ་གྲྭའི་ ཕྱོགས་ནས་བོད་རིགས་སློབ་མ་ཚོར་ཉིན་རེར་རྒྱ་སྒོར་བཅུའི་ཁ་གསབ་སྤྲོད་པ་དེ་ འདྲ་མཉམ་མིན་པར་བསམ་ནས་མི་རིགས་བར་གྱི་འགལ་ཟླ་བྱུང་བ་དང་། ད་ཐེངས་བོད་རིགས་སློབ་མ་གཅིག་བསད་པ་དེས་འཁོན་སེམས་དེ་བས་ཇེ་ཆེར་གྱུར་ཡོད་ ཟེར་། གནས་ཚུལ་གཞན་ཞིག་ཏུ་སློབ་གྲྭ་དེར་སློབ་མ་ཆིག་སྟོང་ལྷག་ཡོད་པའི་ཁྲོད་སློབ་མ་ བརྒྱ་ལྷག་ན་ནིང་ལོར་དཀར་མཛེས་ཁུལ་ནས་ཡོང་བ་དང་།ནམ་རྒྱུན་ཏུ་རྒྱ་བོད་སློབ་ མའི་བར་འགལ་ཟླ་ཆུང་ངུ་རེ་ཡོང་གི་ཡོད་པ་དང་།བོད་རིགས་སློབ་མ་ཚོ་ཁོང་ཁྲོ་ལངས་ སླ་བ་ཡོད་ཚུལ་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་འགྲེལ་བརྗོད་བྱས་འདུག
    ལྕགས་མོ་འཚོའི་དྲ་བ་ལས་དྲངས།

    Reply
  20. karma dorje says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མིས། ཡུལ་གྱར་བོད་མི་ཚོར་ཕུལ་བའི་སེམས་གཏམ། ཡིན་ནམ། ཡང་ན།
    ཡུལ་གྱར་བོད་མིས། བཙན་བྱོལ་བོད་མི་ཚོར་ཕུལ་བའི་སེམས་གཏམ་ཡིན། ཡག་པོ་ཅིག་ཧ་གོ་མ་སོང་།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་ཡིག་བྲིས་སར་དབྱིན་ཡིག་བྲིས་ན་དགེ་བསེ་རུ་ལགས་དང་ཆུ་ཐིགས་ལགས་ཕེབས་སོང་ན་བཀའ་བརྒྱ་གནང་ཡོང།་གཞན་་་་you are right.

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨེ་ཤ་འཇམ་སྐྱིད་ལགས་ཁྱེད་ཀྱིས་ང་ལ་གླེན་པ་ཟེར་བཞིན་དུ་གླེན་པ་དངོས་གནས་གོ་་་ཁྱེད་ཡིན་ས་རེད་ད། ངའི་ཟིན་བྲིས་ནང་དུ་ཟིན་བྲིས་ཁྱབ་ཕྱོགས་བྱུང་ཡོད་གཅིག་ལ་མཆན་བཅུ་བཞི་དང་གཅིག་ལ་མཆན་བུ་དགུ་འདུག་་་་་་དེ་ཚོ་ཁྱེད་ཀྱི་མིག་གི་མ་མཐོང་བ་་་་ང་ལ་ཧམ་པ་དང་གླེན་བཤད་བྱས་ནས་ཨ་་་དྲིན་ཆེན་པོ་ཁྱེད་་་་་་མི་ཆེན་དང་མི་ཆུང་མ་བརྩི་ཚང་མི་འདྲ་འདྲ་བསམ་དང་དགའ་ལེ་རེད་གོ
    ཧཧཧཧཧཧཧཧཧཧཧོ

    Reply
  23. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁྱེད་ཤི་སོང་ངམ། འོ་ན་ལག་པ་ཆག་སོང་ངམ། ་་་་ལན་བྲིས་ཡོང་ཡ་མེད་པར་འདི་འདྲ་ག་རེ་རེད་ཨ།

    Reply
  24. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རོགས་ཤ་འཇམ་ལགས་ཁྱེད་ཀྱིས་མ་མཐོང་ན་མེད་དགོས་ལེ་མ་རེད་གོ
    ངའི་ཟིན་བྲིས་ནང་གི་མཆན་བཀོད་དགོས་སམ། ག་ཚོད་ཡོད་མེད་ཨ་་་་་མིག་ཡག་པོ་ཡོད་དམ། ཀམ་པུང་དྲར་ཡག་པོ་ཤེས་ཀྱིན་ཡོད་དམ།

    Reply
  25. ཤ་འཇམ་སྐྱིད། says:
    ལོ་ 15 སྔོན།

    ཇོར་གླེན་ལགས།
    ཁྱོད་ཀྱི་ཟིན་བྲིས་ཚོའི་འོག་ན་མཆན་གཅིག་ཀྱང་མཐོང་རྒྱུ་མེད་པ་དེའང་ཁྱོད་ཀྱིས་བྲིས་བའི་ཡིག་ནོར་དང་དོན་ནོར་དེ་དག་གི་ནང་ནས་མི་ཚང་མས་ཁྱོད་ཀྱིས་བཤད་འདོད་པའི་སྐད་ཆ་དེ་མ་བརྙེད་པ་རེད། ཁྱི་ཞིག་ཟུག་པའི་དབང་དུ་བཏང་ནའང་དེས་མགྲོན་པོ་ཞིག་ཡོང་གིན་པའི་བརྡ་འམ་དེ་རུ་གནས་ཚུལ་ཞིག་ཡོད་པ་སྟོན་གྱིན་པ་རེད། དེ་བས་ཁྱོད་ཀྱི་ཟིན་བྲིས་དེ་དག་ལ་ཁྱི་ཞིག་གི་ཟུག་སྐད་ཀྱི་ནུས་བ་ཙམ་ཡང་མ་ཐོན་པ་རེད། སྐད་ཆ་དྲང་མོར་བཤད་པ་ཡིན། ཁར་ཉན་ན་སུམ་རྟགས་དག་གསུམ་གཙོས་རང་གི་ཤེས་ཚད་མཐོར་འདེགས་ལ་ཅུང་ཙམ་འབད་རོགས། ཆབ་སྲིད་ཀྱི་སྐད་ཆ་བཤད་པའི་ཚད་ལ་བསླེབས་མི་འདུག། དྲིན་ཆེན་པོ།

    Reply
  26. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨེ་ཤ་འཇམ་སྐྱིད་་ལགས་ངས་ཁྱེད་ལ་བཤད་པ་ཡིན་ཁྱེད་རང་གཟིགས་སྟོན་ནུས་པ་འདུག་གམ།
    དག་ཆ་ནོར་བ་དང་ཆད་ལྷག་ཤོར་བདེན་་་་དེ་མིན་ཐུགས་རྗེ་གཟིགས

    Reply
  27. ཤ་འཇམ་སྐྱིད། says:
    ལོ་ 15 སྔོན།

    ཇོར་གླེན་ལགས། ངས་བོད་ཡིག་སྦྱངས་མྱོང་ནའང་ཡིག་ནོར་སྦྱངས་མ་མྱོང་།
    ཁྱོད་ཀྱི་ཡིག་ནོར་དང་དོན་ནོར་དེ་དག་ངས་ཀློག་ཀྱང་ཤེས་ཀྱི་མི་འདུག དངོས་ནས་སྐད་ཆ་འགའ་བཤད་འདོད་ཡོད་ན་ཡིག་ནོར་དང་དོན་མེད་པ་ཞིག་ཕྲིས་དང་ལན་རྒྱག་གི་ཡིན།
    དེ་མིན་སྐྱག་པའི་ནང་ལ་སྤོས་ན་རང་གི་ལྷམ་བཙོག་པ་བཟོས་བ་ལས་ཅི་ཡང་མེད་པ་དེ་ངས་ཤེས་ཀྱི་ཡོད།

    Reply
  28. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁྱེད་ཀྱི་རང་ཉིད་ངོ་སྤྲོད་དང་རང་གཟིགས་ཕྱི་ལ་སྟོན་དང་སྐད་ཆ་བཤད་ཆོག
    དེེར་མིན་དྲ་འབུ་ཞིག་གི་སྐྱེ་བ་བླངས་ནས་བཤད་པ་ཡིན་ན་ཉན་འདོད་མེད།

    Reply
  29. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨེ་ཤ་འཇམ་ལགས་དངོས་གནས་ཁྱེད་ལ་རྩ་མ་ཚང་བའི་སྐད་ཆ་མང་པོ་བཤད་ཀྱིནའདུག འདི་ཅི་རེད་ཨ།

    རྟ་དཀར་པོས་རི་རྩ་ཟ་ཉིན་མོར།
    ཕག་ནག་པོ་མཆིན་པ་ན་དོན་ཅི།

    ཨ་་་་ཁྱེད་ཀྱིས་བསླབ་བྱ་རྒྱག་སྟངས་དང་སྐད་ཆ་བཤད་ལུགས་མི་ཆེན་དང་མི་ཆུང་ཞེས་ཚིག་བེད་སྤྱོད་བྱེད་ལུགས་ལ་གཟིགས་དང། ངོ་མ་ང་ཅོ་རི་རྩ་ཚང་ནའང་འདྲ་རྩ་མ་ཚང་ནའང་ངའི་བཤད་སྐད་ཆ་ལ་རྟོག་གེ་རིག་པའི་དགག་སྒྲུབ་བྱེད་མེད་ན་ཁྱེད་རང་ཁ་བཙམ་ནས་སྡོད་རོགས།

    Reply
  30. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    For me both རྒྱ་ནག་གཞུང་དང་། བོད་གཞུང་སྐྱོན་གྱི་ཕུང་པོ་ཞིག་མཐོང་བཞིན་ཡོད། Everybody is སྤྱི་དོན་ཁ་ལ་ཁྱེར་ཏེ་སྒེར་དོན་སྒྲུབ་ I think this is human’s nature: Selfish.That’s why we need འཚང་འབྱིན་དང་སྐྱོན་བརྗོད།བསམ་ཚུལ་དང་རེ་སྐུལ་.Those are necessary for a community and you can not shut up somebody’s mouth. everybody has different opinion and that’s their right that’s people’s nature.

    Anyway,I would like say that we do not need to trust anybody or a group.What we need is first develop yourself then do something what you want or do you think it is right.

    Reply
  31. ཤ་འཇམ་སྐྱིད། says:
    ལོ་ 15 སྔོན།

    རང་བཙན་གཙང་མ་འབོད་པའི་དྲ་གྲོགས་ལགས།
    ཁྱོད་ཀྱིས་རྒན་ལྷ་མོར་ཚིག་འགའ་བྲིས་འདི་མཐོང་སོང་། ཡིན་ནའང་རང་གི་མིང་ཙམ་ཡང་ཕྱི་ལ་མངོན་རྒྱུར་སྐྲག་ནས་མིང་རྫུན་ཞིག་གི་འོག་ལ་ཡུབ་སྟེ་སྐད་ཆ་རྫིག་པོ་བཤད་པ་དེར་རིན་ཐང་ཅི་ཡང་མེད་པས་བཤད་རྒྱུ་ཡོད་ན་གདོང་ལ་བུད་དང་ང་ཡང་མིང་དངོས་མའི་ཐོག་ནས་གདོང་ལ་འབུད་ཀི་ཡིན། དེ་མིན་ཨ་མདོའི་ཁ་དཔེ་བཞིན་ལྐོག་ནས་སྤྱང་ཀི་གཡག་རྐྱ་ཞེས་སྡིགས་ནས་ཕན་གི་མ་རེད།

    Reply
  32. ཤ་འཇམ་སྐྱིད། says:
    ལོ་ 15 སྔོན།

    ཇོ་རི་གླེན་པ་ལགས།
    མྱི་ཆེན་ལ་ཁ། བྱ་ཆེན་ལ་མདའ་ཟེར་བ་འདི་རེད།
    རང་གིས་ཅི་ཡང་མི་ཤེས་བ་དེའང་མི་ཤེས་བའི་གླེན་པ་ཁྱོད་ལྟ་བུས་ཆབ་སྲིད་ཀྱི་སྐད་ཆ་མ་བཤད་རོགས། ད་དུང་སུམ་རྟགས་དག་གསུམ་དང་ཚིག་གི་སྡེབ་སྦྱོར་ལ་སློབ་སྦྱོང་རེ་བྱས་ན་ཡག་ས་རེད། མ་གཞི་ནས་རང་ཉིད་ལ་གླེན་རྟགས་ཤིག་ཡོད་པ་དེ་ངོས་ཟིན་ཐུབ་པ་དང་གཞི་ནས་ཡིག་འཕྲེང་འགའ་བསྒྲིག་རྒྱུར་འབད་རོགས། དེ་མིན་ཁྱོད་ཀྱིས་དྲ་ཐོགས་འདིར་བྲིས་བའི་ཡིག་ནོར་དང་དོན་ནོར་དེ་དག་གི་ནང་ན་གླེན་རྟགས་ཤིག་མ་གཏོགས་ཅི་ཡང་ལེན་རྒྱུ་མི་འདུག དྲ་ཐོག་ལ་བཞག་པའི་པར་དེ་གཅིག་པུས་ཀྱང་རང་ཉིད་ལ་རྩ་མི་ཚང་བ་གསལ་བོར་བསྟན་འདུག སྤྱིར་གླེན་པ་ཞིག་ལ་མྱི་སྐད་བཤད་པ་དེ་རང་གི་དུས་ཚོད་འཕྲོ་བརླག་ཡིན་པ་ཤེས་ནའང་བོད་རིགས་ཤིག་ཡིན་པ་དེའི་ཞེན་ཁོག་ཡིན། གལ་ཏེ་ཁྱོད་རང་རྒྱ་རྒན་ཞིག་ཡིན་ཚེ་ངས་ཁྱོད་ལ་ཚིག་འདི་ཙམ་འབྲི་བ་ལའང་སེར་སྣ་ཡོང་ས་རེད།

    Reply
  33. སྟོབས ། says:
    ལོ་ 15 སྔོན།

    རྒན་ལྷ་མོ་སྐྱབས་ལགས་ཀྱི་གསུང་བ་གནས་ལུགས་ཏག་ཏག་ཕྱི་ལ་མངོན་འདུག
    དེང་སང་འུ་ཅག་ལ་མང་གཙོ་ཟེར་ནས་སྒྲིག་འཛུགས་ཅི་ཡང་མེདཔའི་་ཐོག་ནས་མགོ་ཁྲིད་དག་ལ་ཁ་རྡུང་དང་ངན་མཚང་བྱེད་རྒྱུ་ཚང་མས་ཆེད་ལས་ལྟ་བུར་གྱུར་འདུག འུ་ཅག་དྲིན་ཀྱིས་བསྐྱངས་ཤིང་བརྩེ་བས་གསོས་པས་༧གོང་ས་མཆོག་ལའང་མང་གཙོ་ཟེར་བའི་ཚིག་འདི་བེད་སྤྱད་བྱས་ནས་སྐད་ཆ་འདྲ་མིན་ཞིག་དྲ་ངོས་ནས་ཕྱིའི་མི་རིགས་གཞན་དག་ལ་ལྟ་མོར་བཤམས་ཡོད་པ་མཐོང་ན་ངོ་མ་ཡིད་སྐྱོ་བ་ཞིག་རེད །

    Reply
  34. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    ཡུལ་གྱར་ཟེར་བ། ད་ག་སེ་འཁྱམས་ནས་ཡུལ་གཞན་ཞིག་ལ་སླེབས་པ་ལྟ་བུར་གོ་གི་འདུག རྒྱ་མིས་ཀྱང་ལིའུ་ལང་ཝང་ཞེས། འཁྱམ་ཉུལ་བྱས་ནས་གཞན་ཡུལ་ལ་སླེབས་པར་བཤད་ཀྱི་ཡོད། བཙན་བྱོལ་ཟེར་ན། བཙན་པོ་དབང་ཡོད་འོག་ནས་བྱོལ་དགོས་བྱུང་བ་ཟེར་བ་རེད། སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་ཚིག་གནད་འདི་ཚོ་ལ་གཟབ་དགོས་ས་རེད།

    Reply
  35. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    ཡིག་ནོར་དང་ཆད་ལྷག་བྱུང་འདུག་པས། བཅོས་ནས་ཡང་བསྐྱར་བཀོད་པ་ཡིན།

    སྤྱི་འཐུས་ཀྱིས་ང་ཚོ་མང་ཚོགས་ལ་བསླབ་བྱ་གནང་བ་ཐུགས་རྗེ་ཆེ། ད་སྤྱི་མི་ཁྱེད་ལ་བསམ་འཆར་ཁ་ཤས་ཞུ་གི་ཡིན།

    ༡༽ སྐྱོང་དགོས་པ་ས་རཱ་མཐོ་སློབ་ཀྱི་བོད་ཕྲུག་ཤ་དར་ཁྲག་དར་དེ་ཚོ་སྐྱོང་མཚམས་བཞག་སྟེ། ཕྱི་རྒྱལ་མགོ་སེར་དེ་ཚོར་ཀ་ཁ་སློབ་ཏུ་ཕེབས་པ་འདི་ཡག་པོ་མ་རེད། བཟང་སྤྱོད་མ་རེད། དེ་ལ་དགོངས་པ་བཞེས་རོགས།

    ༢༽ ལོ་གཅིག་ལ་དུས་གཉིས་ལས་མེད་པའི་སྤྱི་འཐུས་གྲོས་ཚོགས་སུ་མ་བཅར་བ་དེ་ཡག་པོ་མ་རེད། ལྷག་པར་ཉེ་དུས་༸གོང་ས་མཆོག་གིས་གྲོས་ཚོགས་ལ་གསུང་འཕྲིན་གཟི་བརྗིད་ཅན་དེ་གནང་དུས། ཚོགས་དུས་ཧྲིལ་པོར་སྐུ་ཉིད་ཚོགས་བཅར་མ་གནང་བར། ཕྱི་རྒྱལ་ལ་མགོ་སེར་བསྐྱངས་ནས་བཞུགས་སོང་། སྒོར་མོ་བསགས་ནས་བཞུགས་སོང་། དེ་ཡག་པོ་མ་རེད། གཞན་ལ་བསླབ་བྱ་གནང་མཁན་གྱི་གནང་སྟངས་མ་རེད།

    ༣༽ དེང་སྐབས་བོད་ནང་གི་རྩོམ་པ་པོ་ཐེའུ་རང་དང་ཞོགས་དུང་སོགས་འཛིན་བཟུང་བཙོན་འཇུག་སོགས་ཛ་དྲག་ཆེ་སྒང་རེད། ཁྱེད་རང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་རེད། དེ་རིང་ལ་ཐུག་གི་བར་དུ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དེའི་ཐད་འཆར་གཞི་ཡོད་ཅེས་རྫིག་རྫིག་འདྲ་བཤད་བསྡད་པ་མ་གཏོགས། དོན་དུ་གང་ཡང་བྱས་མ་སོང་། དེ་ཡག་པོ་མ་རེད། ལས་དོན་འཐུས་ཤོར་རེད། དོན་ངོ་མའི་འཐུས་ཤོར་རེད།

    ༤༽ བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་དྲྭ་རྒྱ་ཡག་ག་ཞིག་ཀྱང་མི་འདུག འོན་ཀྱང་ཁྱེད་རང་སྒེར་ལ་དྲྭ་རྒྱ་ཞིག་འདུག ཕན་ཐོགས་ག་ཚོད་ཡོད་མེད་མི་ཤེས། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོས་སྔོན་ལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲྭ་རྒྱ་འཐུས་སྒོ་ཚང་བ་ཞིག་བཟོས་ན་ཡག་ག་མི་འདུག་གམ།

    ༥༽ རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྩོམ་པ་པོ་མ་ཡིན་པ་མང་པོ་ཞིག་མཐུན་ཚོགས་ནང་དུ་བཅུག ཧིན་སྒོར་འབུམ་ཚོ་བླངས་ཏེ་ཕྱི་རྒྱལ་ལ་ཚོགས་བཅར་ཞུ་མཁན་གྱི་བོད་ཀྱི་རྩོམ་པ་པོའི་མིང་ཐོག་ནས་ཕྱི་རྒྱལ་ལ་སྔོན་ཆད་མང་པོ་བཏང་བ་རེད། ད་ལྟའང་གཏོང་བཞིན་པ་རེད། མདོར་ན། རྩོམ་པ་པོའི་མཐུན་ཚོགས་ཟེར་བ་དེ། བོད་ཀྱི་རྩོམ་པ་པོའི་མིང་འཁྱེར་ནས་ཁྲིམས་འགལ་གྱིས་ཕྱི་རྒྱལ་ལ་མི་གཏོང་མཁན་གྱི་ནག་ཚོགས་འདྲ་བོ་ཆགས་ཡོད། དེ་ཁྱེད་རང་ལ་འགན་ཡོད་རེད། བང་ཆེན་ཚགས་པར་སྒང་ལ་ཁྱེད་རང་ངོ་མས་དངུལ་བླངས་ཏེ་ཕྱི་རྒྱལ་ལ་བཏང་བ་ཁས་བླངས་པ་རེད། འདི་ཚོ་གཙང་མ་བཟོས་ན་ཡག་གི་རེད།

    ༦༽ བླ་བྲང་སྐལ་བཟང་ཚོགས་གཙོ་ཡིན་དུས་གཞན་དག་མི་ཤེས། སྤྱི་ཚོགས་མེ་ལོང་ཟེར་དུས་ཚང་མས་དགའ་ས་ཞིག་རེད། ཁྱེད་རང་གིས་ཚོགས་གཙོ་བྱས་ནས་བཟུང་། སྤྱི་ཚོགས་མེ་ལོང་ཡོད་མེད་ཁྱད་མེད་པ་ཞིག་ཆགས་སོང་། དེ་ཉམས་པ་སླར་གསོ་ཞིག་གནང་དགོས་ལས་འགན་རེད།

    ཁྱེད་རང་དགེ་རྒན་ཞིག་ཡིན་པའི་ཆ་ནས་དང་། སྤྱི་འཐུས་ཤིག་ཡིན་པའི་ཆ་ནས། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཞིག་ཡིན་པའི་ཆ་ནས་བྱེད་དགོས་པ་དེ་ཚོ་རེད། དེ་ཚོ་ཚང་མ་ཡག་པོ་ཞིག་མ་བྱས་པར་གཞན་ལ་བསླབ་བྱ་གནང་ན་རན་པོ་འདུག་གམ། དགོངས་པ་ཡག་པོ་བཞེས། གཞན་ལ་བསླབ་བྱ་རྒྱག་བདེ་པོ་རེད། ཡིན་ནའང་སོ་སོས་ག་རེ་བྱེད་ཀྱི་ཡོད།

    Reply
  36. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལྷ་མོ་སྐྱབས་མཆོག
    ཡུལ་གྱར་བོད་མི་དང་ཡུལ་གྱར་སྲིད་གཞུང་ཟེར་བ།
    ཏྭ་ལའི་རུ་ཚོགས་དང་ངོ་ལོག་པ་ཟེར་བ།

    ཚིག་འདི་ཚོ་དགྲ་བོ་རྒྱ་དམར་གཞུང་གིས་ང་ཚོའི་ཐོག་ཏུ་བེད་སྤྱོད་བྱས་པའི་ཚིག་རེད་མ་གཏོགས་བོད་མི་མང་སྤྱི་འཐུས་ཞིག་གིས་ངོས་ཚིག་འདི་ཚོར་བེད་སྤྱོད་བྱས་ནས་ཁྱེད་ངོ་མི་ཚའོ། སློབ་སྤྱི་ཡིན་ན་ཅིག་ཅིག་མོག་མོག་ཟེར་བ་ཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  37. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    སྤྱི་འཐུས་ཀྱིས་ང་ཚོ་མང་ཚོགས་ལ་བསླབ་བྱ་གནང་བ་ཐུགས་རྗེ་ཆེ། ད་སྤྱི་མི་ཁྱེད་ལ་བསམ་འཆར་ཁ་ཤས་ཞུ་གི་ཡིན།

    ༡༽ སྐྱོང་དགོས་པ་ས་རཱ་མཐོ་སློབ་ཀྱི་བོད་ཕྲུག་ཤ་དར་ཁྲག་དར་དེ་ཚོ་སྐྱོང་མཚམས་བཞག་སྟེ། ཕྱི་རྒྱལ་མགོ་སེར་དེ་ཚོར་ཀ་ཁ་སློབ་ཏུ་ཕེབས་པ་འདི་ཡག་པོ་མ་རེད། བཟང་སྤྱོད་མ་རེད། དེ་ལ་དགོངས་པ་བཞེས་རོགས།

    ༢༽ ལོ་གཅིག་ལ་དུས་གཉིས་ལས་མེད་པའི་སྤྱི་འཐུས་གྲོས་ཚོགས་སུ་མ་བཅར་བ་དེ་ཡག་པོ་མ་རེད། ལྷག་པར་ཉེ་དུས་༸གོང་ས་མཆོག་གིས་གྲོས་ཚོགས་ལ་གསུང་འཕྲིན་གཟི་བརྗིད་ཅན་དེ་གནང་དུས། ཚོགས་དུས་ཧྲིལ་པོར་སྐུ་ཉིད་ཚོགས་བཅར་མ་གནང་བར། ཕྱི་རྒྱལ་ལ་མགོ་སེར་བསྐྱངས་ནས་བཞུགས་སོང་། དེ་ཡག་པོ་མ་རེད། གཞན་ལ་བསླབ་བྱ་གནང་མཁན་གྱི་གནང་སྟངས་མ་རེད།

    ༣༽ དེང་སྐབས་བོད་ནང་གི་རྩོམ་པ་པོ་ཐེའུ་རང་དང་ཞོགས་དུང་སོགས་འཛིན་བཟུང་བཙོན་འཇུག་སོགས་ཛ་དྲག་ཆེ་སྒང་རེད། ཁྱེད་རང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་རེད། དེ་རིང་ལ་ཐུག་གི་བར་དུ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དེའི་ཐད་འཆར་གཞི་ཡོད་ཅེས་རྫིག་རྫིག་འདྲ་བཤད་བསྡད་པ་མ་གཏོགས། དོན་དུ་གང་ཡང་བྱས་མ་སོང་། དེ་ཡག་པོ་མ་རེད། ལས་དོན་འཐུས་ཤོར་རེད། དོན་ངོ་མའི་འཐུས་ཤོར་རེད།

    ༤༽ བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་དྲྭ་རྒྱ་ཡག་ག་ཞིག་ཀྱང་མི་འདུག འོན་ཀྱང་ཁྱེད་རང་སྒེར་ལ་དྲྭ་རྒྱ་ཞིག་འདུག ཕན་ཐོགས་ག་ཚོད་ཡོད་མེད་མི་ཤེས། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོས་སྔོན་ལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲྭ་རྒྱ་འཐུས་སྒོ་ཚང་བ་ཞིག་བཟོས་ན་ཡག་ག་མི་འདུག

    ༥༽ རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྩོམ་པ་པོ་མ་ཡིན་པ་མང་པོ་ཞིག་མཐུན་ཚོགས་ནང་དུ་བཅུག ཧིན་སྒོར་འབུམ་ཚོ་བླངས་ཏེ་ཕྱི་རྒྱལ་ལ་ཚོགས་བཅར་ཞུ་མཁན་གྱི་བོད་ཀྱི་རྩོམ་པ་པོའི་མིང་ཐོག་ནས་ཕྱི་རྒྱལ་ལ་སྔོན་ཆད་མང་པོ་བཏང་བ་རེད། ད་ལྟའང་གཏོང་བཞིན་པ་རེད། མདོར་ན། རྩོམ་པ་པོའི་མཐུན་ཚོགས་ཟེར་བ་དེ། བོད་ཀྱི་རྩོམ་པ་པོའི་མིང་འཁྱེར་ནནས་འགལ་གྱིས་ཕྱི་རྒྱལ་ལ་གཏོང་མཁན་གྱི་ནག་ཚོགས་འདྲ་བོ་ཆགས་ཡོད། དེ་ཁྱེད་རང་ལ་འགན་ཡོད་རེད། བང་ཆེན་ཚགས་པར་སྒང་ལ་ཁྱེད་རང་ངོ་མས་དངུལ་བླངས་ཏེ་ཕྱི་ལ་བཏང་བ་ཁས་བླངས་པ་རེད། འདི་ཚོ་གཙང་མ་བཟོས་ན་ཡག་གི་རེད།

    ཁྱེད་རང་དགེ་རྒན་ཞིག་ཡིན་པའི་ཆ་ནས་དང་། སྤྱི་འཐུས་ཤིག་ཡིན་པའི་ཆ་ནས། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཞིག་ཡིན་པའི་ཆ་ནས་བྱེད་དགོས་པ་དེ་ཚོ་རེད། དེ་ཚོ་ཚང་མ་ཡག་པོ་ཞིག་མ་བྱས་པར་གཞན་ལ་བསླབ་བྱ་གནང་ན་རན་པོ་འདུག་གམ། དགོངས་པ་ཡག་པོ་བཞེས། གཞན་ལ་བསླབ་བྱ་རྒྱག་བདེ་པོ་རེད། ཡིན་ནའང་སོ་སོས་ག་རེ་བྱེད་ཀྱི་ཡོད།

    Reply
  38. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་ལ་ཆ་འཇོག་ན།
    འོ་མ་ཡོད་ཀྱང་འཆུ་ར་བཟོ་མ་ཤེས།
    ས་ཆ་ཡོད་ཀྱང་ཞིང་ལས་འདེབས་མ་ཤེས།
    གཏེར་ཁ་ཡོད་ཀྱང་བཟོ་གྲྭ་འཛུགས་མ་ཤེས།
    གསེར་དངུལ་ཡོད་ཀྱང་དངུལ་ཁང་འཛུགས་མ་ཤེས། འདིའི་སྐོར་ལ་ཁ་ཡོད་ན་གྲགས་རིན་རེད།ཐུགས་རྗེ་གཟིགས།
    ཞེས་བཟོ་གྲྭ་གི་གྲྭ་ཆད་འདུག་པའི་བཅོས་པ་ཡིན་་་་དགོངས་དག་ཞུ།

    Reply
  39. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དེང་རབས་གསར་པའི་སྐུ་དྲག་ཚོར་ཕུལ་བའི་རེ་འདུན་དྲུག་ཚིག་མ།
    བཙན་བྱོལ་བོད་ཀྱི་སྐུ་དྲག་གསར་པ་ཚོ། ཁྱོད་ཚོས་ངོ་མ་བོད་སྤྱི་པའི་དོན་དུ་བསམ་ན། ཁྱོད་ཚོས་དངོས་གནས་བོད་མི་རིགས་ཀྱི་བདེ་སྡུག་དང་གཞི་ལུས་རྒྱ་ཆེ་མི་དམངས་ཀྱི་ལུས་སྲོག་ལ་ཤ་ཚ་ཞིག་ཡོད་ན། ང་ཉམ་ཆུང་ཅོ་རིའི་ངོས་ནས་ཀྱང་ཁྱེད་རྣམ་པར་བསམ་ཚུལ་ཞིག་ཞུ་འདོད།
    ༡༽བོད་ནང་དུ་རྒྱ་ནག་དམར་པོའི་སྲིད་གཞུང་གི་འོག་ཏུ་བོད་མིའི་རང་དབང་དང་ཁེ་དབང་གླེང་སྐབས་སུ་བསད་དང་གསོད་བཞིན་པ་དང་བཙོན་བཅུག་འོག་ཏུ་མནར་བཅད་བྱས་དང་བྱེད་བཞིན་ཡོད་པ་རྣམས་དང་མཉམ་དུ་དཔང་པ་མཉམ་གཤིབ་ཀྱི་ཐོག་ཏུ་ཁ་གཏད་ཀྱི་དགྲ་བོ་ལ་ཞི་རྒོལ་བྱེད་དགོས་པ་ལས་སྒེར་དོན་སྙིང་ནད་ཀྱི་ཆེད་དུ་ས་ཡིག་རྒྱག་ནས་སྤྱི་འཐུས་གྲོས་ཚོགས་ཀྱི་འཚོགས་འདུས་མཇུག་སྡོམ་མི་ཐུབ་པ་བྱས་པ་ཡག་པོ་མ་རེད་ཞུ།

    ༢༽བོད་ཁ་བ་ཅན་གྱི་མི་རིགས་ཀྱི་ཆེད་དུ་ཁ་ཞེ་གཉིས་ཀྱི་ནུབ་ཕྱོགས་པའི་བོད་མི་རྣམས་ཀྱིས་བྱས་སྟངས་ལྟར་བོད་ནང་དུ་སློབ་གྲྭ་རྒྱག་པ་དང་སྨད་ཁང་རྒྱག་པ་དཔལ་འབྱོར་གྱི་ཚོང་ལས་མ་རྩ་འཛུགས་པ་རྒྱ་ནག་དམར་གཞུང་གི་ས་ཐོག་ཏུ་བོད་མི་རིགས་ཀྱི་ཆེད་དུ་ཞི་རྒོལ་བྱས་ཐུབ་པ་འདི་ཚོ་དངོས་ཡོད་ལག་ལེན་སྟར་ཡོད་མེད་དེང་རབས་གསར་པའི་སྐུ་དྲག་ལོང་བ་ཚོར་མིག་དཔེ་རེད། དེང་རབས་གསར་པའི་སྐུ་དྲག་ཁྱོད་རང་ཚོས་ཀྱང་ཁ་ལ་སྤྱི་དོན་བཤད་པ་དང་ལག་པའི་སྒེར་དོན་ཁོ་ན་སྒྲུབ་ནས་བསྡད་པ་ཡིན་ན་ཅི་ཡང་ཕན་ཐོག་མེད།
    ༣༽བོད་མི་ཉམ་ཐག་ཚོའི་ཚེ་སྲོག་དང་བདེ་སྡུག་ལ་བསམ་གཞི་སྤུ་ཙམ་མེད་པར་སེམས་ཐག་རིང་ས་ཞིག་ནས་གཏམ་བཤད་རྫིག་པོ་རེ་དང་༧གོང་ས་མཆོག་ལ་ཁ་གཏོང་གི་འདུག་ཞེས་བོད་མི་རྒྱལ་ཞེན་པ་ཚོའི་སྟེང་དུ་ཁ་རྡུང་རེ་གཏོང་ཁུལ་དང་སྒེར་དོན་རང་ཉིད་རྒྱལ་པོ་དང་སྐུ་དྲག་གི་ལྟ་བ་བཟུང་ནས་མང་ཚོགས་ཁ་བཀག་ཐབས་བྱེད་པ་འདིས་ཅི་ཡང་ཕན་པ་མེད།

    ༤༽བོད་མི་རིགས་ཀྱི་འཐབ་རྩོད་མ་དགོས་པའི་ཐོག་ཏུ་༧གོང་ས་མཆོག་གིས་བོད་མི་དམངས་ལ་གཙོ་མང་རང་དབང་ཞིག་གནང་བ་འདིར་ཡང་དེང་རབས་གསར་པའི་སྐུ་དྲག་ཚོས་བཙན་བྱོལ་བོད་མི་དམངས་འདིར་མང་གཙོ་ལག་ཏུ་བཞག་པ་ཡིན་ན་ལོ་མ་སོན་པའི་ཕྲུག་གུའི་ལག་ཏུ་གྲི་བཞག་པ་བཞིན་རེད་ཟེར་ནས་ཡེ་ཤེས་དབྱིངས་དཔྱོད་དང་བརྒྱ་ཁ་གཅིག་བཅད་ཀྱི་ཐོག་ཏུ་ཚད་ལྡན་མང་གཙོ་ལ་ལོངས་སྤྱོད་དབང་མེད་པ་བཟོ་བཞིན་ཡོད་པར་ཡག་པོ་མ་རེད་ཞུ་རྒྱུ་ཡིན།

    ༥༽གལ་ཆེ་ཤོས་གཞན་ཞིག་ནི། དེང་རབས་གསར་པའི་སྐུ་དྲག་ཚོས་༧གོང་ས་མཆོག་གི་བཀའ་སློབ་ལག་ལེན་དང་བཙན་བྱོལ་བོད་མི་ཉམ་ཐག་ཚོའི་ལྟ་གོས་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་བྱེད་དགོས་པ་ལས་བོད་ནས་ཕེབས་པའི་ཆབ་སྲིད་བཙོན་པ་དང་གསར་འབྱོར་བ་ཚོས་རྡ་ས་གསང་ལམ་ནང་དུ་བག་ལེབ་ཙོང་ནས་འཚོ་བ་སྐྱེལ་མི་དགོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་སེར་ཚོའི་འཚོ་བའི་ཆ་རྐྱེན་བཞིན་ཡོང་བ་ལ་འབད་བརྩོན་བྱེད་དགོས།

    ༦༽རེད་ཁ་ཉིན་ནི་རྒྱལ་སྤྱིའི་ལས་ཀ་ཉིན་མོ་རེད། ཚད་ལྡན་རྒྱལ་ཁབ་ཁག་གི་ནང་དུ་ལས་ཀ་བྱས་ནས་འཚོ་བ་སྐྱེལ་དགོས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ལས་ཀ་བྱེད་ནས་འཚོ་བ་སྐྱེལ་དགོས་པའི་ཁྱབ་པ་མེད། དཔེར་ན་བཙན་བྱོལ་གཞུང་གི་མཛད་གཙོ་རྣམ་པ་ཚོ་ལ་ཡང་ལས་དོན་སློབ་སྦྱོང་ཚད་ལྡན་ཡོད་པ་ཉུང་ཉུང་རེད། དངོས་གནས་བོད་མི་རིགས་ཀྱི་ཆེད་དུ་བསམ་བློ་ཡོད་མཁན་གྱི་སློབ་སྤྱི་ཞིག་དང་ལས་བྱེད་པ་ཡིན་ན། ཚད་ལྡན་རྒྱལ་ཁབ་ཁག་གི་དེང་རབས་གསར་པའི་དོན་སློབ་སྦྱོང་རང་གི་དྲིན་ཅན་ཨ་མའི་སྐད་ཡིག་ནང་དུ་བསྒྱུར་ཐུབ་པ་བྱེད་དགོས།
    བོད་ལ་ཆ་འཇོག་ན།
    འོ་མ་ཡོད་ཀྱང་འཆུ་ར་བཟོ་མ་ཤེས།
    ས་ཆ་ཡོད་ཀྱང་ཞིང་ལས་འདེབས་མ་ཤེས།
    གཏེར་ཁ་ཡོད་ཀྱང་བཟོ་འཛུགས་མ་ཤེས།
    གསེར་དངུལ་ཡོད་ཀྱང་དངུལ་ཁང་འཛུགས་མ་ཤེས། འདིའི་སྐོར་ལ་ཁ་ཡོད་ན་གྲགས་རིན་རེད།ཐུགས་རྗེ་གཟིགས།

    Reply
  40. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ད་ལོ་ནས་རྩོམ་པ་པོ་རྒན་རབས་པ་འགའ་རེ་དྲ་ཐོག་ཏུ་ཕེབས་ནས་རྩོམ་བྲིས་པ་འདི་ཧ་ཅང་ཡག་གི འོན་ཀྱང་བསམ་འཆར་ཟེར་ན་ཡོད་ཚད་མཐུན་དགོས་དོན་མི་འདུག་ལ། མཐུན་ཡང་སྲིད་ཀྱི་མ་རེད། གང་ལྟར་ཡང་རྒན་ལྷ་མོ་སྐྱབས་ཀྱི་དེ་རིང་རྩོམ་འདི་ཚོ་ཞིབ་ཀློག་བྱས་ན་གོ་རྒྱུ་དང་སེམས་ལ་འཛིན་རྒྱུ་ཡོད་ཁུ། མི་འདྲ་གི རྒན་རབས་པ་ཟེར་ན་ངོ་མ་ཁྱད་ཆོས་ཅུང་ཙམ་ཡོད་ཁུ།
    དོན་ཚན་གསུམ་པའི་ནང་གི་སྐད་ཆ་འདི་སྡོམ་ཚིག་སྙིང་རྗེ་ཞིག་རེད། གཤམ་ནས་སྡོམ་ཚིག་དེ་བསྐྱར་བཀོད་ཅིག་བྱེད་ན་འདོད་བྱུང་། མཐོང་གོ་ཐོས་རེས་ཕྱོགས་ལྷུང་གི་སྐད་ཆ་རྫིག་པོ་དང་མཐོ་རྒྱག་དམའ་རྒྱག་འདྲ་བྱས་ནས་ཅི་ཡང་མི་ཕན་པས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང། སློབ་གྲྭ་ཁག དགོན་སྡེ་ཁག མ་མཐར་ཡང་གངས་ཅན་སྐྱིད་གཤོངས་ཀྱི་ལས་ཁུངས་ཆེ་ཆུང་ཚང་མར་དངོས་སུ་རྒྱུས་ལོན་རེ་བྱས་ནས་ད་གཟོད་ཡུལ་དུས་གནས་བབ་དང་མཐུན་པའི་སྐད་ཆ་ཚད་ལྡན་རེ་བཤད་ན་ལྗིད་ཆེ།

    Reply
  41. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    གཞན་ལ་གདམས་པ་མ་གནང་གོང་། རང་གི་འཆར་གཞི་སྨྲས་ན་ལེགས། དེས་ནི་ཁྱོད་ཀྱི་སྐད་ཆ་དག དང་དུ་ལེན་ལ་ཕན་པར་ངེས། སེམས་ཅན་ཁ་འདི་སངས་རྒྱས་ཀྱིས། མི་ཆོད་པ་ནི་ཤེས་བཞིན་དུ། ད་དུང་བརྩོན་པས་འགོག་པ་ལ། བདག་ནི་ཅིས་ཀྱང་མཚར་བར་གྱུར། སེམས་ཅན་བསམ་པ་མི་འདྲ་བས། ཐེག་པའི་གྲངས་ཀྱང་དེ་བཞིན་གསུངས། ཁྱོད་ཉིད་བདེན་པར་སྙམ་པ་དེས། གཞན་རྣམས་རྫུན་པར་འགྲུབ་པ་མིན།

    Reply
  42. ལུང་རྟོགས། says:
    ལོ་ 15 སྔོན།

    རྒན་ལྷ་མོ་སྐྱབས་ལགས་ནས་ལམ་སྟོན་གནད་ལ་ཁེལ་བ་ཞིག་མནང་འདུགས། ཐུགས་རྗེ་ཆེ། ང་ཚོའི་སྤྱི་ཚོགས་ནང་གི་མདུང་རྩེ་ནང་ལ་བསྐོར་མཁན་དེ་ཚོས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པ་ཞིག་ག་དུས་ཡིན་རུང་མཐོང་རྒྱུ་མེད། མི་དེ་ཚོའི་མིག་སྔར་རྒྱ་ནག་གཞུང་སྐྱོན་མེད་ཡང་དག་ཞིག་དང་། བོད་གཞུང་སྐྱོན་གྱི་ཕུང་པོ་ཞིག་མཐོང་བཞིན་ཡོད། ད་དུང་གནས་ལུག་བཤད་པ་ཡིན་ཟེར་ན་སུའི་རྣ་བར་འགྲོ་གི་རེད། གལ་ཏེད་ཁྱོད་གནས་ལུག་ལ་རྒྱབ་བཅོལ་མཁན་ཞིག་ཡིན་ན། རྒྱ་གཞུང་གིས་བོད་ནང་ལ་དམྱལ་བ་མི་ཡུལ་འཕོས་པ་ལྟ་བུའི་དྲག་ནོན་ལ་སྐྱོན་བརྗོད་རེ་གྱིས་དང་།

    Reply
  43. ཨ་ཆགས་ཚེ་རྡོར།་ says:
    ལོ་ 15 སྔོན།

    རྒན་ལྷ་མོ་སྐྱབས་ལགས་བཀའ་སློབ་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ།་་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་རང་དབང་དང་དམངས་གཙོ་ཁ་ལ་ཁྱེར་ཏེ་རང་ཉིན་ཡིན་མདོག་བཤད་མཁན་ཚོ་མཐར་གཏུག་རང་དོན་རྩོད་པ་ལས་གཞན་ཅང་བཤད་ཀྱི་མེད།
    ཁོང་ཚོའི་གྲས་སྐྱེས་པ་ནས་སྒེར་གཉེར་ར་བ་ལས་འདའ་མྱོང་མེད་ལ་ད་དུང་མ་ཤི་བར་སྤྱི་དོན་ཁ་ལ་ཁྱེར་ཏེ་སྒེར་དོན་སྒྲུབ་ངེས་པས།་་་་དུས་ཐོག་བཀའ་སློབ་གནང་སྐྱོང་ཡོང་བ་ཞུ།་

    Reply
  44. ཕུན་ཚོགས ། says:
    ལོ་ 15 སྔོན།

    དེ་མ་གཏོགས་གནས་ལུགས་བཤད་ཚད་དང་བསམ་ཚུལ་བརྗོད་ཚད་ལ་ཁ་གཏོང་གི་འདུག་པའི་བསམ་ཚུལ་འཛིན་པ་ནི་སྐུ་དྲག་རིང་ལུགས་ཀྱི་ནད་རོ་ཁོ་ན་ལས་ཁོ་བོས་ཡག་རྟགས་སུ་ནམ་ཡང་མཐོང་མི་ཐུབ་པས་རྒན་ལགས་ཀྱིས་གསལ་བཤད་ཡང་དག་ཅིག་གནང་རོགས།

    Reply
  45. ཕུན་ཚོགས ། says:
    ལོ་ 15 སྔོན།

    མི་སུ་ཞིག་གིས་སུ་ཞིག་ལ་འཚང་འབྱིན་དང་སྐྱོན་བརྗོད།བསམ་ཚུལ་དང་རེ་སྐུལ་བྱས་ཡོད་ཀྱང་ཐོག་དང་པོར་སྐད་ཆ་ཤོད་མཁན་གྱི་གང་ཟག་ལ་མི་ལྟ་བར་སྐད་ཆ་བཤད་ས་དང་སྐྱོན་བརྗོད་བྱེད་སའི་སྒེར་དང་གཞུང་གང་རུང་ལ་དེ་དོན་གནས་མིན་གྱི་གནས་ལུགས་ཞིབ་ཏུ་བཙལ་རྗེས་ཁ་གཏོང་གི་འདུག་ཅེས་བཤད་ཀྱང་ཅི་ལ་སྐྱོན།

    Reply
  46. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཁ་གཏོང་མཁན་ཟེར་དུས་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།འཚང་འབྱིན་དང་རྣག་ཐོག་འབུག་གཙགས་བྱེད་མཁན་ཚོ་ལ་ཟེར་གྱི་ཡོད་དམ།ཡང་ན་བསམ་ཚུལ་དང་ལྟ་བ་མི་མཐུན་པ་འདོན་མཁན་དག་ལ་ཤོད་གྱིན་ཡོད།

    ང་ཚོའི་སྤྱི་ཚོགས་འདི་གུ་དོག་ཅིང་དཀྱེལ་མི་ཡངས་པའི་ན་ཚ་ཞིག་གིས་ལྟ་བ་དང་བསམ་ཚུལ་མི་མཐུན་པ་ཏོག་ཙམ་ཡོང་དུས་དང་།བློ་ངོལ་ཏོག་ཙམ་མ་བདེ་བ་ཡོང་དུས་རྙོག་དྲ་བཟོ་གི་འདུག་ཟེར་བ་འདྲ་བོ་དང་།ཁ་གཏོང་གི་འདུག་ཟེར་བ་ལྟ་བུའི་ཚིག་ངན་རི་ལས་ཆེ་བ་མང་པོ་ཞིག་འཚོལ་རྒྱུར་དགའ་བ་དང་།ནང་དགོས་སུ་བོད་ཀྱི་མཁས་པ་ཡིན་མདོག་དང་གནས་ལུགས་ཡོད་མདོག་གིས་རྫིག་རྫིག་བྱེད་ཀྱིན་པའི་བོད་ཕྱི་ནང་གི་ཅོལ་ཆུང་བ་སྐོར་ཞིག་ལ་དེ་འདྲའི་གོམས་སྲོལ་ཞིག་སྐྱག་ལང་ཤོར་འགྲོ་ཡི་འདུག་པས།ང་ཚོས་ཅིས་སྐད་ཆ་དང་སྐད་ཆའི་གོ་དོན་ལ་བསམ་གཞིག་གནད་སྨིན་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་མ་ཡིན་ནམ།

    Reply
  47. ལྷ་མ་ཡིན། says:
    ལོ་ 15 སྔོན།

    ཡུལ་གྱར་བོད་པའི་ཁྲོད་ཀྱི་ཀུན་ལ་ཁ་གཏོང་མཁན་དེ་ཚོ། བོད་དོན་ལ་ལྷག་བསམ་ཡོད་པ་ཞིག་ཏུ་རྩ་བ་ནས་མཐོང་གི་མི་འདུག ཁོ་ཚོ་གཏོར་བཤིག་གི་ཆེད་དུ་ཡོང་བ་འདྲ།

    Reply
  48. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ང་ཚོས་སྤྱི་ཚོགས་ནང་རླབས་གནང་མཁན་གྱི་འཕོང་པ་མེད། རླབས་བྱ་སེམས་ནང་ཉར་མི་འམ་སྙན་མཁན་ནི་ཧ་ཅང་དཀོན་པས། གཞན་ལ་རླབས་རྒྱབ་རྒྱུ་ལས་རང་ཉིད་ཀྱི་རང་ཉིད་ངོ་ཤེས་པ་བྱས་ནས་རླབས་བྱ་དང་པོ་སོ་སོ་རང་ཉིད་སྒོ་འཛུགས་བྱ་དགོས་བྱ་དགོས་པའི་ཚོད་དུ་སྣང༌། དེ་ནི་རྒན་ཆབ་བྲག་ལ་ཞུ་བ་མིན་སྤྱི་ཚོགས་ཧྲིལ་པོ་འམ་ང་རང་ནས་གཙོས་མི་རེ་ངོ་རེའི་དགོངས་པ་ཞེས་དགོས་ལ། རིག་གནས་པར་རློམས་གང་བསམ་འབྲི་གནང་མཁན་རྣམས་ནས་དེ་བས་ཟབ་དགོས་སྙམས་སོ༎ ༎

    Reply
  49. གནམ་ལྕགས། says:
    ལོ་ 15 སྔོན།

    རྒན་རབས་པ་མཆོག་གིས་ལམ་སྟོན་གྱི་རྩོམ་ཡིག་ཅིག་བྲིས་པ་ཐུགས་རྗེ་ཆེ། ལྷག་བསམ་རྣམ་དག་གི་ལམ་སྟོན་ལ་ཤར་སེ་འཇུག་ངེས་ཡིན།

    དྲ་བདག་ལུང་རིགས་ཀྱིས་གསུང་བ་བཞིན། ང་ཚོའི་རྒན་རབས་པ་དག་རྒྱུན་དུ་ཡོང་ནས་འདི་ལྟར་བཀའ་སློབ་ལམ་སྟོན་རེ་ཡོད་ན་ཅི་འདྲའི་སྐྱིད་པ་ལ།

    Reply
  50. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། ད་ལོ་སེམས་གཏམ་མང་ཙམ་བཤད་སོང་། ཕན་ཐོགས་ཞེ་དྲག་བྱུང་སོང་། གཞིས་ཀྱི་རྩོམ་པ་པོ་ཚོ་རེ་རེ་བཞིན་གཉའ་ནས་འཇུས་ཏེ་འཁྲིད་ཀྱིན་འདུག བྱེས་ཀྱི་རྩོམ་པ་པོ་རྒན་རབས་པ་ཚོས་ཀྱང་རང་སྙོབ་ཅི་སྙོབ་ཀྱིས་སེམས་གཏམ་རེ་བཤད། གོ་སྐོན་རེ་གནང་རྒྱུ་གལ་ཆེན་པོ་རེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese