མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་གྱར་བོད་མི་ཚོར་ཕུལ་བའི་སེམས་གཏམ། ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

    ཡུལ་གྱར་བོད་མི་ཚོ། ཁྱོད་ཚོས་ངོ་མ་བོད་དོན་བསམ་ན། ཁྱོད་ཚོས་ངོ་མ་གཞིས་ལུས་བོད་དམངས་ལ་རོགས་ཕན་ཞིག་བགྱིད་སྙམ་ན། ངས་ཀྱང་སྤྱི་མི་ཞིག་གི་ངོས་ནས་སེམས་གཏམ་ཚིག་འགའ་ཞུ།

    ༡༽ བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་སྤྱི་དང་བྱེ་བྲག་གི་དོན་རྐྱེན་ཆེ་ཆུང་ཚང་མ་ཉ་ཉུངས་མཉམ་བསྲེས་མི་བྱེད་པར། ཆབ་སྲིད་དང། དཔལ་འབྱོར། རིག་གནས། ཆོས་ལུགས། འཕྲོད་བསྟེན། ཁོར་ཡུག་སོགས་ཀྱི་གནད་དོན་གང་ཡིན་དབྱེ་འབྱེད་དང། བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་སྣ་གཅིག་རེ་བསྒྲུབས་དང་སྒྲུབ་བཞིན་པ་ཚང་མར་སྤྱི་སྒེར་ཚོགས་པ་ཁག་ནས་དོ་སྣང་དང་རོགས་ཕན་ཅི་ནུས་རེ་ནམ་རྒྱུན་ནས་སྒྲུབ་རྒྱུ་ཤིན་ཏུ་གལ་ཆེ།

    ༢༽ ཐག་རིང་ཐག་རིང་ཞིག་ནས་རྒྱང་ལྟ་དང་དཔའ་གཏམ་རེ་བྱས་ནས་མི་འདུག་པར་ཆ་རྐྱེན་ཚང་བ་ཚོས་ངེས་པར་དུ་བོད་ཀྱི་ས་ཁུལ་ཚང་མར་སྐོར་སྐྱོད་ཅིག་གནང་ནས། དངོས་ཡོད་ཀྱི་གནས་ཚུལ་ཚང་མར་རྒྱུས་ལོན་རེ་བྱས་ཏེ། དེ་ནས་བསམ་བློ་ཞིག་བཏང་ནས་རང་རང་གི་ལས་ཀ་ཐུབ་ཚོད་རེ་གནང་ན་ཅི་མ་རུང།
      
    ༣༽ ཟུར་མཐོང་གོ་ཐོས་རེས་ཕྱོགས་ལྷུང་གི་སྐད་ཆ་རྫིག་པོ་དང་མཐོ་རྒྱག་དམའ་རྒྱག་འདྲ་བྱས་ནས་ཅི་ཡང་མི་ཕན་པས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང། སློབ་གྲྭ་ཁག དགོན་སྡེ་ཁག མ་མཐར་ཡང་གངས་ཅན་སྐྱིད་གཤོངས་ཀྱི་ལས་ཁུངས་ཆེ་ཆུང་ཚང་མར་དངོས་སུ་རྒྱུས་ལོན་རེ་བྱས་ནས་ད་གཟོད་ཡུལ་དུས་གནས་བབ་དང་མཐུན་པའི་སྐད་ཆ་ཚད་ལྡན་རེ་བཤད་ན་ལྗིད་ཆེ།

    ༤༽ དམངས་གཙོ་ཁ་ལ་ཁྱེར་ནས་གཞུང་གི་མཛད་གཙོ་སོགས་ལ་ཁ་བཏང་ནས་སྡོད་པ་ལས། ལོ་རྗེས་མའི་འོས་འཕེན་གྱི་ཉིན་མོ་དེར། མི་རེ་རེས་ངེས་པར་དུ་བཀའ་བློན་ཁྲི་བ་དང་སྤྱི་འཐུས་རྣམ་པ་སུ་ཞིག་ལ་འོས་འཕེན་ཆོག་ཆོག་གི་གྲ་སྒྲིག་ཨང་གསར་གནང་རོགས། གལ་ཏེ་དེ་ཉིན་ཁྱོད་ཀྱིས་འོས་ཤོག་ཙམ་ཡང་བླུགས་མ་ཐུབ་ན། དེ་ནས་བཟུང་ཁྱོད་ཀྱིས་ཁ་གཏོང་བའི་ཁ་དབང་ཡང་མཚམས་བཞག་ན་འོས།

    ༥༽ གལ་ཆེ་ཤོས་གཞན་ཞིག་ནི། ང་ཚོ་ཚང་མས་བསྐྱར་དུ་༧གོང་ས་མཆོག་གི་འདས་དང་ད་ལྟའི་བཀའ་སློབ་དང་གསུང་འཕྲིན། བཅར་འདྲི་རིགས་ལ་སློབ་སྦྱོང་རེ་བྱས་ནས་རང་ཉིད་ལ་ཞུ་དག་ཅིག་གཏོང་རན། དེའི་མཚུངས་ང་ཚོ་ཚང་མས་བརྒྱུད་ལམ་སྣ་ཚོགས་ནས་བོད་ནང་ལ་༸གོང་ས་མཆོག་གི་བཀའ་སློབ་ཁག་དང་མཛད་འཕྲིན་ཅི་རིགས་བརྡ་རེ་འཕྲོད་ཐབས་གནང་ན། ང་ཚོ་མི་རེ་རེ་ནས་ཁོང་གི་དགོངས་དོན་དང་མཐུན་པའི་ལས་ཀ་སྣ་རེ་ཡང་བསྒྲུབ་རྒྱུ་ཡོད་པ་དང་ཇི་ལྟར་སྒྲུབ་ཐུབ་ཚུལ་ཡང་རྟོགས་ཐུབ་བོ།

    ༦༽ དེ་རིང་ནི་རྒྱལ་སྤྱིའི་ལས་ཀའི་དུས་ཆེན་ཉིན་མོ་རེད། མི་ལ་མཚོན་ན་ལས་ཀ་ལས་ནས་འཚོ་བ་སྐྱེལ་དགོས། ལས་ཀ་ལ་རྣམ་གྲངས་དང་ངོ་བོ་མི་འདྲ་བ་ཧ་ཅང་མང་ཡང། ཚང་མ་བདེ་བ་འཚོལ་བའི་ཆེད་དུ་ཡིན་ངེས། དེ་བས་ང་ཚོ་ཡུལ་གྱར་བ་ཚོར་མཚོན་ན་ས་མཐའི་བདེ་བ་འཚོལ་མཁན་གཅིག་པ་ཡིན་ལ། བོད་མི་དམངས་ཀྱི་འབྱུང་འགྱུར་བདེ་བ་བསུ་བའི་འོས་འགན་རེ་ཡང་ཚང་མར་ཡོད་པས། ས་ཐག་ཅི་ཙམ་རིང་ཡང་སེམས་ཐག་ཉེ་མོས་མཐུན་སྒྲིལ་དམ་གཙང་དང་སྐྱིད་སྡུག་མཉམ་མྱོང་སྒོས་ཚང་མའི་འཚོ་བ་དོན་ལྡན་རེ་ཡོང་བའི་སྨོན་འདུན་ཡང་ཞུའོ།

བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ནས་ཕུལ།
༢༠༡༠།༥།༡

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 53

  1. ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    གཅིག་ལས་གཅིག་ལ་ལབ་ཡ་མང་པོ་འདུག ངས་ཀྱང་དེ་རིང་མི་ཞིག་དང་ལབ་གླེང་བྱས་ཏེ་ཅིག་གོ་སོང་དེ་ལབ་རྒྱུ་ཡིན། ལྷ་མོ་སྐྱབས་ཡོད་སའི་སློབ་གྲྭ་དེ་མིང་རྫིག་པོ་ཡོད་པ་མ་གཏོགས། ཁོང་གིས་སློབ་འཁྲིད་གནང་རྒྱུ་དེ་ཀ་ཁ་སློབ་དགོས་པ་རེད་ཟེར། ངོ་མ་དེ་འདྲ་ཞིག་ཡིན་ན་ས་ར་སློབ་གྲྭ་གཡུགས་ཏེ་ཧྥ་རན་སིར་འགྲོ་དགོས་པ་ག་རེ་ཡིན་ནམ། སྒོར་མོ་རྐྱང་བསམ་པ་ཡིན་ནམ། ཧ་གོ་མི་འདུག ཡང་ཁོང་གི་འཛིན་གྲྭའི་སློབ་མ་བུད་མེད་ཚོ་ཧྥ་རན་སིར་ཡོད་བོད་པའི་ཕོ་གསར་ཚོར་འབྲེལ་གཏུགས་དང་། ཕོ་གསར་ཚོ་ཁོང་གི་སློབ་ཕྲུག་ཚོར་འབྲེལ་བྱས་ཏེ་བོད་སྐད་སློབ་རེ་དགའ་རོགས་སྒྲིག་ཟེར་བ་སོགས་ཀྱི་ལབ་ཀྱི་འདུག་ཟེར། དེ་ཡག་པོ་ཁྱོན་ནས་མ་རེད། བོད་ལ་ཤ་ཞེན་དང་སྤྱི་འཐུས་ཞིག་ཕྱག་མ་རེད་བསམ་སོང་། གལ་ཏེ་འདི་དག་བདེན་ཡག་པོ་ཁྱོན་ནས་མི་འདུག

    Reply
  2. བྱམས་རྒྱལ། says:
    ལོ་ 16 སྔོན།

    བཀུར་འོས་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབ་ལགས་ཕྷ་རན་སིར་བཞུགས་ནས་བོད་སྤྱི་པའི་ལས་དོན་མང་པོ་ཞིག་བསྒྲུབ་ཡ་གོ་སྐབས་འདུག་བསམ་པ་དྲན་གྱི་འདུག་། མཐོ་སློབ་ཁང་དུ་བོད་པའི་རིག་གཞུང་སློབ་ཁྲིད་གནང་ཡ་དེ་སྤྱི་དོན་ཡིན་ཡིན་པ་རེད་ འོན་ཀྱང་ད་དུང་བོད་ཀྱི་ ལས་དབང་དང ཛ་དྲག་གི་གནས་སྟངས་ འཐབ་རྩོད་ བོད་མི་རྣམས་ཀྱི་སེམས་ཀྱི་སྡུག་བསྔལ་ངོ་མ་དེ་ཁོང་གི་སློབ་མ་དང་སྤྱི་འཐུས་ཡིན་པའི་ཆ་ནས་ས་གནས་ཀྱི་བོད་པ་ཚོ་ལའང་འགྲེལ་བཤད་གནང་ཡ་དེ་གལ་ཆེན་རེད་བསམ་གྱི་འདུག་། ས་གནས་་བོད་རིགས་ཀྱི་ཚོགས་འདུ་སོགས་ཀྱི་སྐབས་མི་མང་ལ་ཤེས་ཡོན་ལ་དོ་སྣང་དགོས་སྐོར་ཙམ་གསུངས་པ་ལས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དང་ ཆབ་སྲིད་དང་ བོད་པའི་ཛ་དྲག་གི་་འཐབ་རྩོད་སོགས་ཀྱི་སྐོར་ལམ་སྟོན་དང་བཀའ་སློབ་གནང་གི་མི་འདུག་པས་བློ་ཕམ་ཅུང་ཡོད་།
    འདི་གར་བོད་རིགས་ཚང་མ་ན་གཞོན་རྐྱང་ཡིན་པས་བཀའ་སློབ་དང་ཆབ་སྲིད་ཀྱི་ལམ་སྟོན་གནང་ཡ་དེ་ཤིན་ཏུ་གལ་ཆེན་མཐོང་གི་འདུག་།

    རྒན་ལགས་ཁྱེད་ལ་ལས་འགན་ཤིན་ཏུ་ཆེན་པོ་ཡོད་པ་དེ་མ་རྗེད་རོགས་གནང་།
    སྤྱི་དོན་ལ་བསམ་ནས་ བསམ་ཚུལ་འདོན་ཁུལ་བྱས་པས་ ནོར་འཁྲུལ་ གཟིགས་ན་ དགོངས་ཡང་གནང་རོགས།

    Reply
  3. ལྷ་མོ། says:
    ལོ་ 16 སྔོན།

    ༡ དུས་བབ་དྲ་ཚིགས་སུ་དྲ་འབུ་སྐོར་ཅིག་གིས་རང་ཉིད་ཀྱི་ཕྱོགས་སུ་ལངས་ནས་སྐད་ཆ་མ་བཤད་ན་ལམ་སེང་། དག་ཆ་མི་འདུག འབྲི་རྩལ་མི་འདུག ཤེས་ཀྱི་མི་འདུག་ཟེར་ནས་བརྗོད་དོན་གྱི་གནད་འགག་སྒྲིབ་ཐབས་བྱེད་ཀྱི་འདུག རྒྱ་གྲགས་བོད་གྲགས་ཟེར་བའི་གཏམ་དཔེ་བཞིན་གནས་ཚུལ་མང་པོ་ཞིག་ཚང་མར་གོ་ཐོས་ཡོང་གི་ཡོད་པ་རེད། མི་ཚང་མ་ཉལ་ནས་བསྡད་ཡོད་མ་རེད།
    ༢ ལྷ་མོ་སྐྱབས་ལགས། ཁྱོད་རང་སྤྱི་མི་ཡིན་མདོག་གིས་སྤམ་པོ་བྱས་ན་བསྡད་ན་མཛེས་པོ་འདུག གཞན་བསླབ་བྱ་ཡིན་ཟེར་བ་འདི་ལ་མཚོན་ན་ཁ་བྱང་ཁོ་རང་སྤྱི་མི་ཞིག་གི་སྐད་ཆ་མ་རེད་ལ། ལྷག་པར་ཆབ་སྲིད་ཞབས་སྟེགས་ཐོག་བཞུགས་མཁན་ཞིག་གིས་གསུངས་འོས་པ་དེ་འདྲ་རྩ་བ་ནས་མ་རེད།
    ༣ རྩོམ་ཡིག་ཕུལ་བྱུང་ཡིན་མིན་ཇི་ལྟར་ཡང་བོད་ཡིག་གི་རྩོམ་འབྲི་ཡུན་རིང་བྱས་པས་རྩོམ་པ་པོ་རྒན་གྲས་ཤིག་གི་མིང་ཡོད་པ་དང་། རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོའི་མིང་ཁུར་ཡོད་པ་དང་། སྤྱི་འཐུས་ཀྱི་ཞབས་སྟེགས་ཡོད་པ། དེ་བཞིན་རྡ་སའི་ཡོངས་གླིང་རང་བདག་ཟླ་བ་ཚེ་རིང་དང་། བུ་ཡོན་ཏན་སོགས་དང་མཉམ་འབྲེལ་གྱིས་དབུ་མའི་ལམ་གྱི་ལས་འགུལ་ཁང་ཟེར་བའི་གྲགས་མེད་ཚོར་མེད་ཀྱི་ཕྱོགས་མཐུན་དེའི་འགན་ལྷན་གྱི་མིང་བཅས་ཡོད་སྟབས་རྡ་རམ་ས་ལ་རང་དུ་བསྡད་ན་ཡག་པོ་ཡོད་རེད། ཡིན་ནའང་ཟ་རྒྱུ་མིག་གིས་རིག་ན། འཆི་རྒྱུ་ཡིད་ལ་མི་དྲན་པའི་དཔེ་ལྟར་ནུབ་ཕྱོགས་སུ་ཕྱིན་ཏེ། ཁ་ཕྱིར་སྐོར་ནས་ཡུལ་གྱར་བོད་མི་ཚོ་ཟེར་དུས་གོང་གི་ལས་ཀ་དེ་ཚོ་བྱེད་ཀྱི་ཡིན་ཟེར་མཁན་གྱི་མི་དེ་ཨེ་ཡིན་ནམ་བསམ་གྱི་འདུག
    ༤ དེང་སང་བསམ་ཚུལ་འགའ་སྤེལ་བཞིན་པ་འདི་ལ་བལྟས་ན་སྤྱི་འཐུས་ཀྱི་འོས་འཕེན་ལ་ཉེ་བ་དེ་བརྗེད་མེད་པ་འདྲ་ཨང་།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese