མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ཚོས་བོད་རྒྱ་འབྲེལ་མོལ་ལ་ཤུགས་སྣོན་རྒྱག་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

ད་བར་གྱི་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་ལ་གྲུབ་འབྲུས་བྱུང་མེད་པར་མ་ལྟོར་པར། བཙན་བྱོལ་བོད་མི་ཚོས་མུ་མཐུད་ནས་རྒྱ་ནག་མཉམ་དུ་སྐད་ཆ་བཤད་རྒྱུར་ཤུགས་སྣོན་བྱ་དགོས་པ་རེད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད་པ་རེད།             

ཕྱི་ཚེས་ ༧ ཉིན་ཨེ་པེ་ AP གསར་ཁང་གི་གསར་འགོད་པས་བཞུགས་སྒར་དུ་༧གོང་ས་མཆོག་ལ་བོད་དོན་སྐོར་གྱི་བཀའ་འདྲི་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་ངོས་ནས་འདས་པའི་ལོ་བཅུ་ཕྲག་འགའི་རིང་། རྒྱ་གཞུང་དང་ལྷན་དུ་བོད་དོན་ཐད་བཀའ་བསྡུར་རིམ་པར་བྱས་པར་གྲུབ་འབྲས་གང་ཡང་བྱུང་མེད། དེ་ལྟ་ནའང་བཙན་བྱོལ་གཞུང་ངོས་ནས་མུ་མཐུད་དུ་གྲོས་མོལ་རྒྱུན་འཁྱོངས་བྱ་རྒྱུར་ཤུགས་སྣོན་རྒྱག་སྐོར་དང་། ད་བར་དུ་བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་གང་ཡང་བྱུང་མེད་ཀྱང་།  དེ་ནི་མ་འོངས་པར་བོད་རྒྱ་འབྲེལ་མོལ་ཐད་ཡར་རྒྱས་མི་ཡོང་བའི་གོ་དོན་མིན་ཞེས་གསུངས་ཡོད། རྒྱ་ནག་ཏུ་བོད་ཀྱི་གནད་དོན་ཐད་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཤེས་ཡོན་པ་མང་དུ་འགྲོ་བཞིན་པ་དེས་རྒྱ་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་རྣམ་པ་ཞིག་མཚོན་ཐུབ་ཀྱི་ཡོད་ཅིང་། དེ་བཞིན་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་ནང་དུའང་བོད་ཀྱི་ཐོག་ལ་གུ་ཡངས་ཀྱི་སྲིད་བྱུས་འཛིན་དགོས་པའི་ལྟ་ཚུལ་འདོན་མཁན་ཕྲན་བུ་མང་དུ་འགྲོ་བཞིན་འདུག་ཅེས་དང་། ཡང་རྒྱ་ནག་གི་མགོ་ཁྲིད་ཁག་ཅིག་གིས་རྒྱ་ནག་གིས་བོད་དུ་འཛིན་པའི་སྲིད་བྱུས་དེ་ཕྱི་གསལ་ནང་གསལ་དགོས་པ་དང་། ཞི་བདེ་ཆེ་ཙམ་དགོས་པའི་ངོས་འཛིན་བྱེད་མཁན་ཡོད་ཚུལ་ངོས་ཀྱིས་གོ་ཐོས་བྱུང་། དེ་ངོ་མ་ཡིན་མིན་མི་ཤེས་ཀྱང་ང་ཚོས་ངང་སྒུག་བྱས་ན་ཤེས་ཐུབ་ཀྱི་རེད། ང་ཚོས་ད་ལྟའི་བར་མི་ལོ ༥༡ ལ་སྒུག་པ་རེད་། ད་དུང་མི་ལོ་ ༡༠ འམ་ ༢༠ ༼བཞད་མོ་དང་བཅས༽ལ་སྒུག་དགོས་ཀྱང་ངང་སྒུག་བྱ་དགོས་པ་རེད་ཅེས་བཀའ་ལན་གནང་ཡོད་འདུག

མཆན། 10

  1. ཁ་བའི་མེ་ཏོག says:
    ལོ་ 13 སྔོན།

    གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་གཉིས་ཀྱིས་ཐེངས་འདིར་སྐྱེ་རྒུ་འདོའི་གོད་ཆགས་ཕོག་ཡུལ་ལ་རོགས་སྐྱོར་ཀྱི་ལས་འགུལ་སྤེལ་པ་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད། ཡིན་ཡང་གཞུང་དང་ཚོགས་པ་གང་ཡིན་ཀྱང་ཁྲིམས་དང་སྒྲིགས་གཞི་ཞིག་ཡོད་པས་གསལ་བསྒྲགས་རྒྱག་འདོད་ཡོད་མཁན་ཚང་མའི་རེ་འདོད་ལྟར་སྒྲུབ་ན་བོད་ཀྱི་དུས་བབས་ཀྱི་ལས་བྱེད་ཚོར་སུའུ་གླ་ཆ་སྤྲོད་ཀྱི་རེད་དམ།

    Reply
  2. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    དུས་བབས་ཚང་གི་རྒྱུ་མཚན་འདི་ངེ་པར་དུ་གསལ་བཤད་ཞིག་གནང་ན་ཡག་པོ་འདུག
    གྲོགས་པོ་ཟིལ་ཁྲོམ་ལ་ཐུགས་ཁག་མི་འདུག།

    Reply
  3. མགར་རྟོགས་སད says:
    ལོ་ 13 སྔོན།

    རྫོགས་ཆེན་དགོན་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ། དུས་བབས་ཚང་གི་རྒྱུ་མཚན་འདི་གསལ་བཤད་ཞིག་གནང་ན་ཡག་པོ་འདུག མ་གཞི་ཕྱོགས་རིས་འཐེན་འཁྱེར་ནི་འུ་ཚང་ལ་མི་མཁོ་བའི་དུག་ཞིག་ཡིན་པ་ཀུན་གྱི་མཁྱེན་གསལ་རེད།

    Reply
  4. མགར་རྟོགས་སད says:
    ལོ་ 13 སྔོན།

    ཡི་དྭགས་ཀྱི་སྒོ་འགྲམ་ན་ཟས་སློང་ན་རེག་བྱ་དགུང་གི་འཇའ་ཐོབ་བྱ་མཚ྄ོནང་གི་ཟླ་གཟུགས་

    Reply
  5. ཟིལ་ཁྲོམ། says:
    ལོ་ 13 སྔོན།

    གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་ཡོངས་ནས་4.14 སྐྱེ་རྒུ་མདོའི་གནོད་ཚེ་ཕོག་སར་རམས་འདེགས་གནང་བ། 
 
 
    ཉེ་སྔོན་རང་གཞུང་བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་བཞིན་ཀོ་ལེ་གྷལ་གཞིས་ཆགས་ནས་ཀྱང་དགོན་པ་བདུན་དང་གཞིས་གྲོང་ཉེར་གཉིས་པོས་སྐྱེ་དགུ་མདོའི་ས་ཡོམ་གོད་ཆགས་དེར་བདུན་ཚིག་གསུམ་པ་མྱ་ངན་གུས་འདུད་དང་སྨོན་ལམ་འཚོགས་ཡོད། རྫོགས་ཆེན་དགོན་ནས་ཉི་མ་དེ་དང་བསྟུན་རྒན་གསོ་ཁང་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་མ་ཎི་གསོགས་སྒྲུབ་མཐར་བསྔོ་སྨོན་ཟབ་རྒྱས་གནང་ཡོད་པ་དང་།  རྫོགས་ཆེན་དགོན་གཞུང་ནས་ཀྱང་ཀར་གླིང་ཞི་ཁྲོ་ཞལ་ཕྱེ་བྱས་ནས་བདུན་ཚིག་གསུམ་པ་ལེགས་གྲུབ་བྱས་ཡོད།  སྤྱིར་སྤྱི་ཟླ ༤ ་༡༦ ནས་བཟུང་གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་ངོས་ནས་དབྱིན་ཇིའི་རྒྱལ་ས་ཨང་ལན་ནས་ཐུགས་གསོའི་འཚམ་འདྲི་ཅིག་ཕུལ་བ་ལྟར་དེ་རྗེས་ཧིན་སྒོར་འབུམ་གཅིག་གི་ཞལ་འདེབས་དང་ད་དུང་རྗེས་ནས་ས་གནས་དེར་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་བྱེད་རྒྱུའི་དགོངས་གཞི་ཤུགས་དྲག་ཡོད་རེད། དེ་བཞིན་རྫོགས་ཆེན་དགོན་རང་ནས་ནམ་རྒྱུན་བཟང་སྤྱོད་དང་བདེ་སྨོན་སོགས་སྨོན་ལམ་གསུང་བཞིན་པ་དང་ཁྱད་པར་བདུན་ཚིག་དག་ལ་དུས་ཚོད་ཟུར་གཅོད་བྱེད་ནས་ཀར་གླིང་ཞི་ཁྲོ་སོགས་གསུང་གྱིན་ཡོད། དེ་བཞིན་རྫོགས་ཆེན་པའི་ཆོས་རྒྱུད་བལ་ཡུལ་གྱི་རྫོགས་ཆེན་ཤྲི་སེང་ཧ་ལུང རྟོགས་ཆོས་ཀྱི་དགའ་ཚལ་དང་བལ་ཡུལ་རྫོགས་ཆེན་དགོན་སོགས་བལ་ཡུལ་ནང་ཁུལ་ན་བཞུགས་པའི་དགོན་ལག་ཚང་མས་ཀྱང་ཉིན་རེ་རེ་བཞིན་སྨོན་ལམ་འཚོགས་ཀྱིན་ཡོད།  ཁྱད་པར་བོད་ནང་ན་བཞུགས་པའི་རྫོགས་ཆེན་མ་དགོན་གྱིས་ཀྱིས་ཀྱང་ཚེས་བཅུ་དྲུག་ཉིན་རྫོགས་ཆེན་རིན་པོ་ཆེ་སོགས་མཁན་སྤྲུལ་བཅུ་བཞི་དང་གྲྭ་བ་ཉིས་བརྒྱ་གྱ་གསུམ་དང་མི་སྐྱ་སུམ་ཅུ། སྨན་པ་དྲུག་དང་སྨན་གཡོག་སོགས་རོགས་བསྐྱོར་དངོས་རྫས་དང་བཅས་ས་འགུལ་གྱིས་གོད་ཆགས་བྱུང་སར་འབྱོར་ནས་ཉིན་བདུན་གྱི་རིང་། འདས་གྲོང་དུ་སོང་བ་རྣམས་ལ་འཕོ་བ་དང་བསྔོ་སྨོན། ཐེང་དང་པོའི་ཉིན་བེམ་པོ་ཆིག་སྟོང་ལྔ་བརྒྱ་ལྷག་ཞུགས་འབུལ་དང་། ཉིན་བཞིན་བེམ་པོ་བརྒྱ་ཕྲག་ཁ་ཤས་ཞུགས་འབུལ་སོགས་བྱས། རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་གི་སྨན་པ་དྲུག་དང་སྨན་གཡོག་རྣམས་ཀྱིས་ཉིན་ལྟར་རྨས་མ་ལྔ་བརྒྱ་ཙམ་ལ་སྨན་བཅོས་བྱས། དེ་བཞིན་གནོད་ཐེབས་གསོན་པོ་མི་དམངས་རྣམས་ལ་ཙམ་པ། མར། ཆུ་སོགས་ཟས་རིགས་དང་། རས་གུར། ཉལ་ཐུལ། ཉལ་གདན་སོགས་ཀྱིས་རོགས་རམ་དོན་སྨིན་བྱས་པ་དང་། རྒྱ་སྒོར་ཁྲི་བཞི་བརྒྱ་ལྷག་གི་བཅའ་དངོས་ས་འོག་ལས་བཏོན་ཏེ་དོ་བདག་སོ་སོའི་ལག་ལ་འཕྲོད་པར་བྱས།   རྫོགས་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་གུར་དགའ། དེ་བཞིན་འབྲེལ་ཡོད་སློབ་མ་རྣམས་ཀྱིས་ཞབས་འདེབས་སུ་ཕུལ་བ་རྣམས་བསྡོམ་པས་རྒྱ་སྒོར་ཁྲི་སུམ་བརྒྱ་ལྷག་དང་།  རྫོགས་ཆེན་སྤྲུལ་སྐུ་བསྟན་འཕེལ་རིན་པོ་ཆེ་ནས་རྒྱ་སྒོར་ཁྲི་དྲུག་ཅུ་ལྷག་གི་དངོས་རྫས་བསྣམ་ནས་ཐེངས་འདིར་སྐུ་དངོས་ཆེད་ཕེབས་གནང་བ་དང་།  དེ་བཞིན་སྤྲུལ་སྐུ་བསྟན་འཛིན་འབྱོར་ལྡན་ནས་རྒྱ་སྒོར་ཁྲི་ལྔ་བཅུ་ང་གཅིག  སྤྲུལ་སྐུ་རིག་འཛིན་མཐར་ཕྱིན་ནས་རྒྱ་སྒོར་ཁྲི་ཉེར་བཞི།  མཁན་པོ་ཉི་རྒྱལ་གྱིས་རྒྱ་སྒོར་ཁྲི་ཉེར་གཅིག  སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་ཀྱིས་རྒྱ་སྒོར་ཁྲི་བཅུ་དྲུག  སྤྲུལ་སྐུ་སྙན་གྲགས་ནས་རྒྱ་སྒོར་ཁྲི་བཅུ་བཞི།  སྤྲུལ་སྐུ་མགོན་པོ་ནས་རྒྱ་སྒོར་ཁྲི་བཅུ་གསུམ།  སྤྲུལ་སྐུ་འཆི་མེད་རྡོ་རྗེ་ནས་རྒྱ་སྒོར་ཁྲི་ལྔ།    སྤྲུལ་སྐུ་མཐུ་སྟོབས་ནས་རྒྱ་སྒོར་ཁྲི་གསུམ། སྨན་སྤྲུལ་དགེ་གྲགས་ནས་ཧོང་ཀོང་སྒོར་མོ་ཁྲི་དགུ་དང་སྟོང་བརྒྱད་བདུན་བརྒྱ་དང་། གཞན་ཁོང་གིས་ཧོང་ཀོང་ནས་མི་གྲངས་སྟོང་ལ་ཉེ་བས་ཐར་མདོ་ཞལ་འདོན་དང་སྨོན་ལམ་འཚོགས་འདུག།  གཞན་ཡང་རྫོགས་ཆེན་པའི་ཆོས་རྒྱུད་ཤར་མི་ཉག་རྒྱལ་འཕགས་དགོན་པས་ཀྱང་བསྟན་བདག་མཆོག་སྤྲུལ་བསོད་ནམས་རབ་བརྟན་དང་གྲྭ་བཙུན་འགའ་ཆེད་ཕེབས་གནང་ནས་རྒྱ་སྒོར་ཁྲི་བཅུ་མི་མང་ལ་ལག་འགྱེད་བྱེད་འདུག  མི་སྐྱ་པད་བཟང་ནས་རྒྱ་སྒོར་ཁྲི་བཅུ་གཉིས། གཞན་རྫོགས་ཆེན་མཁན་པོ་ཆོས་དགས་ཀྱང་འཛམ་གླིང་གི་ཆོས་ཚོགས་བདུན་བཅུ་ལ་ཉེ་བས་གནས་ཚུལ་འདི་ཐོས་མ་ཐག་བསྔོ་བ་དང་སྨོན་ལམ་འཚོགས་འདུག   ད་དུང་ཡང་ས་གནས་དེར་མཁན་ཆེན་ཁྲི་ཟུར་ཨོ་རྒྱན་རིག་འཛིན་དང་མཆོག་གླིང་རོགས་སྐྱོར་ཚོགས་པ་དག་གཟིགས་སྐོར་ལ་ཕེབས་ཀྱི་འདུག་
    གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་གཉིས་ནས་ཁྱོན་བསྡོམས་ཞལ་འདེབས་རྒྱ་ནག་སྒོར་མོ  ༥༤༠ ལྷག་གིས་རོགས་སྐྱོར་གནང་ཡོད་པ་རེད་འདུག
    གྲུབ་དབང་རྫོགས་ཆེན་དགོན་གྱི་འབྲེལ་མཐུད་པས།
    སྤྱི་ལོ་ ༢༠༡༠་ ལོའི་ ཟླ་བ་ ༠༥་ པའི་ཚེས་༠༥ ཉིན། 

    Reply
  6. ཟིལ་ཁྲོམ། says:
    ལོ་ 13 སྔོན།

    གྲོགས་པོ་ཆུ་ཤུར་མིག་དམར། ང་ཚོས་ཨུ་ཚུགས་མ་རྒྱབ་ན་རང་ཚུགས་ཀྱིས་བདེན་དོན་གླེང་མཁན་ཉུང་ཉུང་རེད། ངས་འདི་ལྟར་ཨུ་ཚུགས་བྱེད་དོན་ནི། དུས་བབས་ཚང་རེ་བ་ཅུང་ཆེ་དྲག་པས་ཡིན། ང་ལ་དུས་ཚོད་ཡོད་དུས་ངས་ཉིན་ཀྱི་དྲ་རྒྱ་འདི་ཐེངས་ཁ་ཤས་ཀློག་གི་ཡོད།
    གཞན་ཁྱེད་ཀྱིས་མཁྱེན་གསལ་ལྟར་དུས་བབས་ཚང་གིས་ཧིན་སྒོར་འབུམ་ཕྲག་གཅིག་གཉིས་ཀྱི་རོགས་སྐྱོར་གནང་མཁན་ཡང་འདིར་འགོད་ཐུབ་ན། འབུམ་སྟོང་ཕྲག་ལས་བརྒལ་མཁན་འདིར་འགོད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ཧ་གོ་མ་སོང་། ཕྱོགས་རིས་མིན་པའི་རེ་བ་སྙིང་ཁུང་ནས་ཡོད།

    Reply
  7. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    ༸གོང་ས་མཆོག་གི་གསུང་ལ་ག་དུས་ཡང་འགྱུར་བ་མེད་པས། ད་ནི་བོད་མི་རང་གི་ངོས་ནས་འཐུས་ཤོར་ཕྱིན་ན་གང་ཤེས་ཏེ། དངོས་གནས་བྱེད་ན། བོད་མི་མི་རེའི་ངོས་ནས་ནུས་ཤུགས་ཤིག་སྐྱོན་དགོས་པའི་དུས་སུ་སླེབས་ཡོད།

    Reply
  8. karma dorje says:
    ལོ་ 13 སྔོན།

    ཐེ་ཚོམ་མེད་པར་བོད་མི་ཚོས་བོད་རྒྱ་འབྲེལ་མོལ་ལ་ཤུགས་སྣོན་ངེས་པར་རྒྱག་དགོས་པ་རེད།

    Reply
  9. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    གྲོགས་བོ་ཟིལ་ཁྲོམ་ངོ་མ་ཨུ་ཚུགས་ཚ་བོ་ཟེ་ཡོད་གི་ཀ་
    ཧྲ་ག་ཧྲ་ག།

    Reply
  10. ཟིལ་ཁྲོམ། says:
    ལོ་ 13 སྔོན།

    དུས་བབས་ཚང་ལགས། གུས་ཀྱིས་ཁྱེད་ཚང་ལ་གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་གཉིས་ཀྱིས་ཐེངས་འདིར་སྐྱེ་རྒུ་འདོའི་གོད་ཆགས་ཕོག་ཡུལ་ལ་རོགས་སྐྱོར་བྱས་ཚུལ་གྱི་ཡི་དེ་ཐེངས་གཉིས་བཏང་ཡང་། འདིར་མི་བཀོད་པའི་རྒྱུ་མཚན་གསལ་བཤད་ཞིག་བྱེད་རོགས། གུས་བཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist