༼པུར་རྒྱལ་ཞེས་པའི་ “པུར” ནི་ལེགས་སྦྱར་གྱི་ཚིག་ཡིན་པར་འདོད༽
པུར་རྒྱལ་ནི། ༡༽ བོད་རྒྱ་ཚིག་མཛོད་ཆེན་མོར། སྔར་བོད་ཡུལ་གྱི་མིང་ཞེས་གསལ། ༢༽ དག་གསར་ལས། བོད་རིགས་ས་ཆའམ་བོད་རིགས་ལ་གནའ་དུས་སུ་པུར་རྒྱལ་ཞེས་བྱ་ཞེས་འབྱུང་། ༣༽ དུང་དཀར་ཚིག་མཛོད་ལས། འདི་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་། བོད་ཀྱི་བཙན་པོ་གྲི་གུམ་གྱི་སྲས་བྱ་ཁྲིས་བློན་པོ་ལོ་ངམ་བཏུལ་ནས་བོད་ཀྱི་སྲིད་དབང་བཟུང་རྗེས་མཚན་ལ་པུ་དེ་གུང་རྒྱལ་དུ་ཐོགས་པ་དང་། ཁོང་གི་མངའ་འོག་ཏུ་ཡོད་པའི་ས་ཆ་རྣམས་ལ་སྤུར་རྒྱལ་བོད་ཅེས་འབོད་པ་ཡིན་ནམ་བརྟག ཅེས་གསུངས།
ཁོ་བོས་བལྟས་ན་གོང་གི་ཚིག་མཛོད་གྲགས་ཅན་དེ་དག་གང་གིས་ཀྱང་“”པུར””གྱི་གོ་དོན་དཔྱིས་ཕྱིན་པའམ་གནད་ལ་ཁེལ་བ་ཞིག་གསུངས་ཐུབ་མི་འདུག “”པུར””ནི་ལེགས་སྦྱར་གྱི་पूर्व“པཱུརྦ”འམ་“པཱུར་ཝ”ཞེས་པའི་ཚིག་བསྡུས་པ་ཡིན་ལ། དེ་ནི་རྙིང་པ། སྔོན། གནའ། མེས་སོགས་ལ་འཇུག་པས། དེས་ན་“པུར་རྒྱལ”ནི་མེས་རྒྱལ་ཞེས་པ་སྟེ། འདི་ལ་གོ་རྒྱུ་གཉིས་ཡོད། ཕ་མེས་ཀྱི་རྒྱལ་ཁབ་ཅེས་པ་དང་། ཕ་མེས་ཀྱི་རྒྱལ་པོ་ཞེས་པའི་གོ་དོན་གཉིས་ཡོད་པར་འདོད་དོ། །
དཔེར་ན་ལེགས་སྦྱར་ལ་“པཱུརཝ་པུརུཥཿ”पूर्वपुरुषः ancestor ཞེས་པ་སྔོན་གྱི་སྐྱེས་བུའམ་མེས་པོའི་དོན་ཡིན་པ་བཞིན་ནོ། །
ངེད་ནས་ཚིག་འདི་ལ་ལོ་མང་རིང་བསམ་གཞིག་བྱས་ཀྱང་བློ་ལ་འབབ་པོ་ཞིག་ད་རེས་ཀྱི་འདི་མ་གཏོགས་རྩ་བ་ནས་མ་བྱུང་། གལ་ཏེ་འདི་ལ་ངེས་པ་སྟེར་ངེས་ཀྱི་བློ་སྐྱེད་དང་གནོད་བྱེད་ཡོད་ན་དགའ་བསུ་ཡོད། ཉེ་ཆར་གྱི་བར་ཁོ་བོས་ཀྱང་“པུར་རྒྱལ”ཞེས་པའི་“པུར”བོད་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནོར་འདུག
དེས་ན།
“པུར་རྒྱལ”ནི་མེས་རྒྱལ་ཏེ། ❶ ཕ་མེས་ཀྱི་རྒྱལ་ཁབ། ❷ ཡང་ན། ཕ་མེས་ཀྱི་རྒྱལ་པོའི་དོན་ནོ། །
གསལ་བཤད། ཁོ་བོས་ནི་སྔར་ལན་གྲངས་དུ་མར་ཞུས་པ་ལྟར་ད་རེས་ཀྱང་ཞུ་གི་ཡིན། ངས་ནི་ལེགས་སྦྱར་ཤེས་ཀྱི་མེད་དོ། །གོང་དུ་བཤད་པ་དེ་ནི་“༼དེ་ཕོ་མེད་སར་བོང་བུས་ནམ་ཚོད༽”ཀྱི་དཔེ་ལྟར་ཡིན་ནོ། །
དེ་ ནི་མ་ངེས་ཏེ། ཨ་མདོའི་སྐད་དུ་ཚོ་བ་དང་གྲོང་ཚོ་ལ་སྡེ་བ་ཟེར་ཞིང་། སྡེ་བ་དེའི་སྲིད་གཉེར་ལ་སྡེ་དཔོན་ཟེར། ལྷ་ས་བ་ཚོས་ཀྱང་སྡེ་སྲིད་ཅེས་པའི་ཐ་སྙད་དེ་དེ་ལྟར་བོད་པའི་འབོད་སྲོལ་གཞིར་ བཞག་གིས་བཏགས་པར་སེམས་སོ།།
གོང་ དུ་བརྗོད་ཟིན། པུར་རྒྱལ་ནི་པུར༷་རམ་རོ་མེད་ལྷ་ཡུལ་ལ་ཟངས་ཐལ་དུ་བགྲོད་ཐུབ་པའི་རྒྱལ༷་པོ་ གནམ་གྱི་ཁྲི་བདུན་གྱི་སྤྱི་མིང་ཞིག་ཡིན་ནོ།།
སྡེ་ བ་ཕྱེད་དང་བརྒྱད་དུ་གནས། །ཞེས་པ་ལྟ་བུ། དུམ་བུའམ་ཚན་པ་བྱས་ནས་ཡོད་པའི་སྲོག་ཆགས་དང་དངོས་པོ་གཞན་དག་ལ་སྡེ་བ་ཞེས་ འབོད་སྲོལ་ཡོད། སྡེ་བ་དེའི་མགོ་དཔོན་ལ་སྡེ་བ་ཟེར་ལ། ཡང་སྤྱི་ཚོགས་ཤིག་གི་མགོ་གཙོར་སྤྱི་བ་ཞེས་ཀྱང་འབོད་སྲོལ་འདུག འདི་ཙམ་ཡང་མི་ཤེས་སམ། དེབ་དཀར་ལ་ཡང་ཞེ་དྲགས་ཁུངས་གཏུག་རྒྱུ་མི་འདུག་སྟེ། དེར་རྒྱའི་ལོ་རྒྱུས་མང་པོ་དྲངས་ནས་བོད་མིའི་མགོ་ཁུངས་རྨ་ཆུའི་འགྲམ་རྒྱུད་ ཀྱི་འཇང་རིགས་སམ་ཐ་ན་རྒྱ་རིགས་ལ་ཡང་གཏུགས་གྲབས་བྱས་ཡོད་དོ།།
གཡུལ་ ལས་རྒྱལ་བ་ལ་གཡུལ་རྒྱལ་ཟེར་ཆོག་ན་པུར་ལས་རྒྱལ་བ་ལ་པུར་རྒྱལ་ཟེར་ལོས་ཀྱང་ ཆོག་གོ། དཔེར་ན་མྱ་ངན་ལས་འདས་པ་ལ་མྱང་འདས་ཟེར་བ་བཞིན་ནོ།།
རྒྱ་གར་གྱི་སྐད་དུ་པྰུར་ཝ་ཞེས་རྙིང་། གནའ། སྔོན། མེས་སོགས་ལ་འཇུག་པ་ལས་མེས་པོའི་རྒྱལ་ཁབ་ཅེས་པ་གྲུབ་བོ་ཟེར་ན་གནའ་བོའི་རྒྱ་གར་གྱི་ཤེས་རིག་ལ་ཞེན་ཆེ་བ་འགའ་འདི་ནི་བདེན་གཏམ་ཡིན་སྲིད་སྙམ།
པུ་དེ་གུང་རྒྱལ་ཞེས་མཚན་བཏགས་ནས་དེའི་མངའ་འོག་ཏུ་འཁོད་པ་ལ་པུར་རྒྱལ་ཞེས་གྲུབ་ཅེས་བཤད་ན་གནའ་བོའི་བོད་རྙིང་ལུགས་ཞེན་ཆེ་བ་འགའ་འདི་ནི་བདེན་པ་རེད་དྲན་སྲིད།
པིའུར་ཞེས་ pure ཞེས་དབྱིན་སྐད་དུ་གཙང་། དངྭང་། ལྷད་མེད། དག་པ་ཞེས་ཟེར་བས་བོད་གཙང་མའི་རྒྱལ་ཁབ་ཅེས་གྲུབ་པ་ཡིན་ཟེར་ན་དེང་རབས་དབྱིན་སྐད་ལ་གདུང་ཞེན་ཆེ་བ་འགས་འདི་ནི་དེ་འདྲ་ཞིག་ཡིན་སྲིད་དོ་སྙམ།
གང་ལྟར་ན་ཡང་པུར་ཟེར་བ་དེ་ཡུལ་མངའ་རིས་ཁུལ་གྱི་ས་ཆར་པུ་དང་པུ་ཧྲེང་ཟེར་བ་ལས་རིམ་བཞིན་ས་ཆ་བྱེ་བྲག་གཅིག་གི་མིང་རྒྱ་ཆེ་བའི་བོད་ཡུལ་ཁྱོན་ལ་སྤྱི་ལ་ཐོགས་པར་གྱུར་ཏེ་པུར་རྒྱལ་བོད་ཀྱི་རྒྱལ་པོ་ཞེས་དེ་ལྟར་བྱུང་བ་ནི་ཚན་རིག་མཐུན་པར་རིག་པ་དང་རྒྱུ་མཚན་གྱིས་བརྡར་ཤ་དཔྱོད་ནུས་པ་ཞིག་ཡིན།
དཔེར་ན། བྷ་ར་དྰ་ཞེས་གནའ་དུས་རྒྱ་གར་གྱི་ཡུལ་བྱེ་བྲག་གཅིག་གི་མིང་ཡིན་ལ་རིན་བཞིན་མཧྭ་བྷ་ར་དྰ་ཞེས་ཡུལ་སྤྱི་ཐོགས་པ་ཡིན་ལ་དུས་དེབཝང་སང་ཡང་རྒྱ་གར་གྱི་རྒྱལ་གླུ་གཏོང་དུས་ཡང་བྷ་ར་དྰ་་་ཞེས་རྒྱ་གར་རྒྱལ་ཡོངས་སུ་གོ་བ་ཞིག་ཡིན་ཀྱང་དེ་ནི་གནའ་བོའི་དུས་སུ་ཡུལ་གྲུ་བྱེ་བྲག་པ་གཅིག་གི་ཡིན་པ་ལས་གྲུབ་བོ།
“པུར”ལེགས་སྦྱར་ཡིན་པ་མི་བདེན་ནོ་སྙམ་ན། སྡེ་པ་གཞུང་ཞེས་པ་དང་། སྡེ་པ་གཙང་པ་ཟེར་བ་སོགས་ཀྱི་”སྡེ་པ”དེ་ལེགས་སྦྱར་ཟུར་ཆག་པ་ཡིན་ནམ་མིན། མིན་ན། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་༡༥ལས། སྡེ་པ་བྱ་བ་ཡང་ཕྱིས་ཀྱི་ཐ་སྙད་ཡིན་ལ། དེ་ཡང་རྒྱ་གར་བ་རྣམས་རྒྱལ་པོ་ལ་དེ་ཝ་སྟེ་ལྷ་ཞེས་འབོད་པ་དེ་ཟུར་ཆག་ནས། ཁ་ཆེ་བ་རྣམས་ཀྱི་སྐད་ལ་བདེ་ཝང་དུ་འབོད་པའི་ཐ་སྙད་དེ་ག་ཐོག་མར་མངའ་རིས་ཆོས་རྒྱལ་ལ་ཆོ་ལོར་སྦྱར་ཞིང་། ཕྱིས་རིན་སྤུངས་སྣེའུ་གདོང་གཙང་པ་སོགས་ལ་ཡང་སྦྱར་རོ། །ཞེས་གསལ་བར་གསུངས་འདུག་པས་
སོ། །གལ་ཏེ་སྡེ་པ་ལེགས་སྦྱྲར་ཡིན་སྲིད་ན། པུར་ལེགས་སྦྱར་ཡིན་མི་སྲིད་པའི་སྒྲུབ་བྱེད་ཅི་ཡང་མེད་དོ། །
ཆུ་ཐིགས་སྔོན་མོ་ལགས།
མི་རིགས་ལ་ཤ་ཞེན་མི་འདུག་མ་གསུང་རོགས། ངས་རང་གི་མི་རིགས་ཀྱི་ཆེད་དུ་དཀའ་ལས་བརྒྱབ་པའི་བརྒྱ་ཆ་བཅུ་ཡང་ཁྱེད་ལ་ཡོད་མདོག་མི་འདུག
ཆུ་ཐིགས་སྔོན་མོ་ལགས།
བརྟག་དཔྱད་ཡེ་ནས་མ་བྱས་པར་གཞི་མེད་སྐུར་འདེབས་དེ་འདྲ་གནང་ན་ཡག་པོ་འདུག་གམ། སྔོན་ལ་༼ས་ཡོམ་གྱིས་མི་༦༡༧བསད་ཅིང༽ཞེས་པའི་ཐད་དུ་སོང་ལ། མཆན་བུ་རྣམས་ལེགས་པར་བཀླགས་ལ་དེ་ནས་སྐྱོན་བརྗོད་གནང་ན་ཡག་པོ་ཡོད་རེད། བརྟག་དཔྱད་མེད་པར་དེ་འདྲ་གནང་བ་བླུན་པོའི་ལུགས་རེད། ཚུལ་ཁྲིམས་མཐར་ཕྱིན་ཟེར་བའི་མི་ངན་ཅོལ་ཆུང་དེས་ཀྱང་དཀྲོག་གཏམ་གྱི་མཆན་ཧྲུལ་དེ་འདྲ་ཞིག་བཏབ་པ་མཐོང་བྱུང་ཡང་། ཁོ་ལ་སུ་ཞིག་གིས་ཡིད་ཆེས་བྱེད། དཀྲོག་ཤིང་་རྒྱུ་དེ་ཁོ་པའི་ཉམས་ལེན་གྱི་མཐིལ་རེད། དེ་མ་གཏོགས་མགོ་སྟོང་ཁོ་ལ་ཅི་ཞིག་སྟོན་རྒྱུ་ཡོད།
ཁོ་བོའི་ཟིན་བྲིས་ནང་མཆན་བུ་འདེབས་ས་མི་འདུག་ན། དེའི་ལན་པ་ཐམས་ཅད་ཚུལ་ཁྲིམས་མཐར་ཕྱིན་ཟེར་བའི་མི་ངན་མི་ཐམས་ཅད་ཀྱིས་དམོད་པ་བོར་ས་་དེ་ལ་ཡོད། ཁོ་དང་ལུང་རིགས་རྒྱལ་ལ་སྨོས་ཤིག
གཞན་གྱི་ཟིན་བྲིས་སུ་མཆན་བུ་མ་བཏབ་པ་ནི་དུས་ཚོད་ཀྱི་ལྡེང་གི་མི་འདུག ལར་ནས་རྩོམ་ཡིག་མང་ཆེ་བའི་བརྗོད་བྱ་དང་ངའི་དོ་དབྱིངས་བྱེད་སའི་བརྗོད་བྱ་ལ་འབྲེལ་བ་མི་འདུག
མིང་གི་རྣམས་གྲངས་སུ་སྤོ་ བོའི་ཡུལ་གྱི་བྱ་མོ་བཙུན་དང་། སྤོ་ཡུལ་མོ་བཙུན་གུང་རྒྱལ་ལམ་ཡུམ་ཁྲི་རྒྱལ་བ་དང་། ཡབ་དྲི་མུ་ཏྲི་བཙན་གྱི་སྲས་སུ་གཉའ་ཁྲིའམ་ཁྲི་ཉག་ཁྲི་འཁྲུངས་ཤིང་། ཡབ་དེ་ཡང་རྒྱལ་ཕྲན་ཅིག་གི་མངའ་བདག་ཡིན་ངེས་སོ།
སྒོམ་སྡེ་ལགས།
མཧྰ་བྷྰ་རཏ་འོད་སྡེར་ལྟ་ ཡ་ཚབ། །
བོད་ཀྱི་རྒྱལ་རབས་ཡིག་ རྙིང་ཀློག་རོགས་གནང་། །
ཡང་ན་ཨརྗུན་སྐོར་ལ་འབྲི་ རོགས་གནང་། །
བྱུང་ན་གཉའ་ཁྲིའི་སྐོར་ལ་ མ་གླེང་ཅིག །
ད་ཡིན་ན་སྒོམ་སྡེ་མ་གཏོགས་ལྷ་རམས་པའི་མིང་འདི་བོད་མི་ཀློག་པ་པོ་ཡོངས་ཀྱི་ངོས་ནས་དེང་ཕྱིན་བཀོལ་མི་ཆོག་པ་བཟོ་བའི་རེ་བ་ཤིན་ཏུ་ཆེ།
ཆུ་ཐིགས་སྔོན་མོ་ལགས། སྒོམ་སྡེ་པས་ བོད་མི་མང་གི་དོན་དུ་གདུང་སེམས་མཉམ་སྐྱེད་དང་ ཤ་ཚ་སྙིང་རྗེའི་ཚིག་སྐམ་རེ་བཤད་ཡོད་འགྲོ་ གལ་ཏེ་གཅིག་ཀྱང་ཤོད་ཀྱི་མེད་ན ་སྒོམ་སྡེ་འདི་ལྷག་བསམ་ཅན་ཞིག་ཡིན་མིན་ཐེ་ཚོམ་གྱི་གཞི་རེད་། སྒོམ་སྡེས་སྤེལ་བའི་བསམ་ཚུལ་ལ་ཧ་ལས་མདོག་གིས་ལྟ་བཞིན་ཡོད་ཀྱང་ གློ་བུར་དུ་ཁྱེད་ཀྱི་མཆན་དེ་མཐོང་དུས་ངའི་སེམས་པ་གྲང་ལྷང་ངེར་བྱུང་།།
པུར་དང་སྤུར་གཉིས་གོ་དོན་གཅིག་པའི་དུས་ཡོད་པ་འདི་སེམས་ལ་ཟུངས།
རོ་སྒམ་ལ་པུར་སྒམ་ཟེར་བ་འདིས་ཁྱེད་ཅག་གཉིད་ལས་སངས་པའི་རེ་བ་ཡོད།
པུར་ཞེས་པའི་ཚིག་འདི་ནི་འཕུར་ཞེས་པའི་ཚིག་འདི་ལས་བྱུང་བ་རེད། རྒྱུ་མཚན་ནི་གནམ་གྱི་ཁྲི་བདུན་སོགས་གཤེགས་དུས་སུ་གནམ་ལ་འཕུར་བར་གྲགས་པས། དང་པོར་རྒྱལ་པོ་ཚོར་འཕུར་རྒྱལ་ཞེས་འབོད་པ་དང་། རིམ་གྱིས་རྒྱལ་པོ་ཕྱི་མ་དག་གནམ་ལ་འཕུར་མ་ཐུབ་པར་སྐུ་གྲོངས་དུས་སུ་སྐུ་ཕུང་ངམ་སྐུ་པུར་དུར་དུ་འཇུག་སྲོལ་དར་བས་པུར་རྒྱལ་ཞེས་བོས་པ་རེད། འདི་མི་བདེན་ཟེར་ནི་ཡོད་ན་རྡུང་གི་ཡིན། གཉོག་གི་ཡིན།
ད་དེ་འདྲའི་དཀའ་ལས་བརྒྱབ་ནས་རྒྱ་གར་ལ་ཁོང་གཏུགས་དགོས་དོན་ཡོད་པ་མ་རེད། དོན་ལ༼བོད་ཀྱི་བཙན་པོ་གྲི་གུམ་གྱི་སྲས་བྱ་ཁྲིས་བློན་པོ་ལོ་ངམ་བཏུལ་ནས་བོད་ཀྱི་སྲིད་དབང་བཟུང་རྗེས་མཚན་ལ་པུ་དེ་གུང་རྒྱལ་དུ་ཐོགས་པ་དང་། ཁོང་གི་མངའ་འོག་ཏུ་ཡོད་པའི་ས་ཆ་རྣམས་ལ་སྤུར་རྒྱལ་བོད་ཅེས་འབོད༽ཅེས་པའི་གོ་དོན་དངོས་ནི་བཙན་པོ་འདིའི་སྐུ་རིང་ནས་བཙན་པོ་སྐུ་གོང་མར་དུར་རྒྱག་པའམ་བང་སོ་རྒྱག་པའི་དབུ་ཚུགས་ཡོད་ལ། སྐུ་ཕུང་ལ་པུར་རམ་སྤུར་ཞེས་འབོད་པས། སྤུར་རྒྱལ་ཞེས་ལོ་རྒྱུས་ཀྱི་བྱུང་བ་དེ་མཚོན་དོན་དུ་བཀོད་པ་ཞིག་ཏུ་འདོད།
སྤྱིའི་ཆ་ནས་ངས་སྒོམ་སྡེ་པ་དྲ་ཚིགས་འདི་ནས་དྲ་བ་ཡག་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ནའང་ཟླ་ཤས་གོང་ནས་རྦད་དེ་ཞན་པ་ལོག་སོང་། རྒྱུ་མཚན་ཅིའི་ཕྱིར་ཞེ་ན་ སྒོམ་སྡེ་པ་ནི་རང་ཉིད་ཁོ་ན་གཙིགས་འཛིན་གྱི་བློ་ཅན་ཞིག་ལས་གཞན་ཕན་གྱི་བསམ་བློ་བ་ཞིག་གཏད་ནས་མིན། དེང་སྐབས་ཁོ་རང་གི་ཟིན་བྲིས་སུ་གཞན་སུས་ཀྱང་བསམ་ཚུལ་འདོན་ས་མེད་པར་བཟོས་ཡོད། ད་དུང་ཁོ་རང་གཞན་གྱི་ཟིན་བྲིས་ནང་སོང་ནས་བསམ་ཚུལ་གཅིག་ཀྱང་བཏོན་མྱོང་མེད། རང་ཉིད་ཀྱི་ལྟ་བ་ཞིག་བཟུང་ནས་དེའི་ལུགས་ཀྱི་བསམ་ཚུལ་རེ་བྲིས་ནས་གཞན་ལ་དེའི་སྐོར་ལ་བསམ་ཚུལ་བཤད་ས་མེད་པར་བཟོས་པ་ནི་སྙན་གྲགས་བཀུར་བསྟི་ཡོང་རྒྱུའི་ཐབས་ལ་འབད་པ་ཁོ་ན་ཞིག་རེད། ད་དུང་ང་ཚོ་བོད་མིའི་ཐོག་ཏུ་ཐེག་དཀའ་ངའི་སྡུག་བསྔལ་སྔ་གཞུག་ཅི་ཙམ་བྱུང་ཡང་མ་མཐོང་མདོག་མདོག་ལས་སེམས་གསོ་ཙམ་ཡང་བྱས་མྱོང་མེད། ད་རེབ་ཀྱི་ས་ཡོམ་ཁྲོད་བོད་མི་སྟོང་ཕྲག་དུ་མའི་ཚེ་སྲོག་ཤོར་དུས་སྨྱུག་ཐོག་པ་ཚོས་རང་རང་ས་ནས་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་བྱེད་སྐབས་སྒོམ་སྡེ་པས་ཚིག་གཅིག་ཀྱང་བཤད་མེད་པ་འདིས་ཁོང་ལ་བོད་མི་རིགས་ཀྱི་ཐོག་ཤ་ཞེན་ཅི་ཙམ་ཡོད་མེད་གསལ་བོར་བསྟན་ཡོད་པ་རེད། རང་ཉིད་ལ་འཁོར་དང་ལོངས་སྤྱོད་ཀྱིས་དཀའ་མེད་དུས་རང་ཉིད་ཀྱི་མི་རིགས་དང་སྤུན་ཟླ་ཚོ་མ་མཐོང་ན་དེའི་མིང་ལ་ངས་ཅི་ཞིག་འདོགས་དགོས་པ་བཤད་ཤེས་ཀྱི་མི་འདུག
རེད། ཨམ་སྐད་དུ་ཁེ་ཟོས་སོང་ཟེར་ན་གྱོང་རེག་སོང་ཞེས་པའི་དོན་རེད། ཡིན་ནའང་ངས་ཁེ་ཟོས་སོང་དང་ཁོས་ཁེ་ཟོས་སོང་ཞེས་བདག་གཞན་གཉིས་ཆ་ལ་སྦྱར་བ་འདིའི་ཐད་ནས་གསལ་བོ་ཞིག་ཞུ་ཐུབ་ཀྱི་མི་འདུག
ཁེ་ཟས་སོང་ཅེས་པ་ནི། ཁེ་འབབ་དེ་གཞན་གྱིས་ཟས་སོང་། གྱོང་སོ་སོར་རག་སོང་ཞེས་པའི་དོན་ཡིན་རྒྱུ་རེད། རིམ་གྱིས་༼ཁེ་ཟས་པ་༽ ནི་གྱོང་རག་པའི་གོ་དོན་དུ་གྱུར་ཏེ། ད་ཐེངས་ངས་ཁེ་ཟས་སོང་ཅེས་བཤད་སྐབས་ད་ཐེངས་ང་ལ་གྱོང་རག་སོང་ཞེས་པའི་དོན་ཡིན་པ་འདྲ།
དགོད་བྲོ་བ་ཞིག་ལ་བོད་ཀྱི་སྤྱི་སྐད་ནང་དུ་ཁེ་ཟོས་པ་ནི་རང་ལ་ཡོང་འབབ་ཅིག་ཐོབ་པར་གོ་ན་ཡང་ཨམ་སྐད་དམ་རྒྱ་སྐད་དུ་ཁས་ཟོས་པ་དེ་གྱོང་རག་པར་གོ་བ་ནི་ཅི་ཡ།
མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་སྡེ་ཁག་ནས། ༼སྐུ་རྒྱལ་བོད་༽ཅེས་བཤད་སྲོལ་ཞིག་འདུག ་་་་་སྐུ་རྒྱལ་བོད་ཀྱི་བཤད་སྲོལ་ལ་་་་་་་ཟེར་བ་ལྟ་བུ་དྲངས་ནས་གཏམ་དཔེ་ཕྲེང་བར་སྒྲིག་ནས་བཤད་གི་རེད། འདིའི་སྐབས་ཀྱི་སྐུ་རྒྱལ་ཡང་དོན་ལ་པུར་རྒྱལ་བོད་ཅེས་པ་ཡིན་པ་འདྲ།
མདོ་སྨད་པའི་སྐད་དུ་གྱོང་རག་པ་ལ་ཁས་ཟོས་སོང་ཟེར་བ་དང་། རྒྱ་སྐད་དུ་ཡང་གྱོང་རག་པ་ལ་ཁས་ཁྲི་ཟེར་ན་ཡང་། དོན་ངོ་མར་ཁས་ཟེར་བ་དེ་རྒྱ་སྐད་ནས་ཨམ་སྐད་ནང་བསླེབས་པའམ་ཡང་ན་ཨམ་སྐད་ནས་རྒྱ་སྐད་དུ་གྱུར་པ་སུས་ཤེས་ནུས།
པུར་འདི་རྒྱ་ཡིག་ཏུ་ཡོད་པ་ཙམ་གྱིས་རྒྱ་གར་ནས་ཆད་པའི་ངེས་པ་ཡོད་པ་མ་རེད། འོ་ན་པུར་ཞེས་པ་འདི་བོད་སྐད་ནས་ཕར་རྒྱ་གར་གྱི་སྐད་རིགས་ཁྲོད་དུ་མནའ་མར་སོང་བ་རེད་ཅེ་ན་ལན་ཅི་གདབ།
རྒན་སྒོམ་སྡེ་བ་ལགས། པུར་ཞེས་པ་འདི་ལ་སྤུར་ཞེས་འབྲི་མཁན་འདུག་ལ། ཡང་ཏུང་ཧོང་ཡིག་རྙིང་ལས་སྤུ་རྒྱལ་ཞེས་བྲིས་འདུག གང་ལྟར་དག་ཆའི་ཐད་ནས་མི་འདྲ་བ་དེར་ཧང་སངས་དགོས་དོན་མེད། འོན་ཀྱང་ང་ཚོས་ཤེས་དགོས་པ་དེ་ཐ་སྙད་དེའི་འབྱུང་ཁུངས་ཡིན་མོད། འོན་ཀྱང་དཔལ་དོན་འགྲུབ་རྒྱལ་སོགས་ཀྱིས་འདིའི་སྐོར་ལ་ཆེད་དུ་བྲིས་པ་ཡོད་ཀྱང་། སེམས་ལ་ངེས་པ་ཅང་འབྱུང་མི་ཐུབ་པ་དང་། ད་རེར་རྒན་ལགས་ཀྱིས་དེའི་སྐོར་ནས་འགྲེལ་སྟངས་གསར་བའམ་ལེགས་སྦྱར་གྱི་གོ་བའི་སྟེང་ནས་འགྲེལ་བ་འདི་ཅུང་བློ་ལ་འབབ་བདེ་བོ་ཞིག་བྱུང་སོང་ན་ཐུགས་རྗེ་བླ་མེད་ཞུ། དེ་ཙམ་ཞུ།