མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་མེད་པའི་གྲ་སྒྲིག རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༨༣ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ང་ཚོས་བོད་དོན་འདི་གསལ་བོ་དག་པོ་ཞིག་ཤེས་དགོས་ན། རྒྱ་ནག་ཡང་གསལ་བོ་དག་པོ་ཞིག་ཤེས་དགོས་པར་འདུག རྒྱ་དང་བོད་གཉིས་མ་གཞི་ཁ་ཁ་ཡིན་རུང་། དཀའ་རྙོག་འདིའི་ཐད་ནས་བོད་རྒྱ་གཉིས་ཀ་རྒྱུ་མ་གཅིག་གི་ནང་དུ་ཡོད།

འདས་པའི་ལོ་ ༥༠ རིང་བོད་ཕྱི་ནང་གཉིས་ཀ་ནས་བོད་རིག་པ་དང་། བོད་རང་གི་ཆོས་རིག་གི་ཐད་ལ་ཆེད་ལས་ཉམས་ཞིབ་པ་དང་། མཁས་པ་གང་མང་ཞིག་བྱུང་ཡོད། དེ་ཚོའང་ཕྱི་རྒྱལ་གྱི་ཉམས་ཞིབ་པ་ཚོ་དང་དུས་མཉམ་དང་འདྲ་མཉམ་གྱིས་སླེབས་ཡོད། ཁོང་ཚོ་ཡོང་སྟངས་ཀྱི་སྣང་ཚུལ་དེའང་ཕྱི་གླིང་བ་དང་མཉམ་དུ་བོད་ནང་སླེབས་པ་ལྟ་བུ་ཞིག་ཡིན། རྒྱ་རིགས་ཚོའི་ནང་དུའང་བོད་རིག་པ་དང་། བོད་ཀྱི་ལོ་རྒྱུས་དང་ཆོས་རིག་ལ་ཉམས་ཞིབ་བྱེད་མཁན་ཕྱི་རྒྱལ་བ་ཚོ་ལས་སྔ་བ་བྱས་ནས་བསླེབས་ཡོད། འོན་ཀྱང་། བོད་རིགས་ཚོའི་ཁྲོད་ནས་ད་བར་དུ་རྒྱ་ནག་རིག་པ་བ་ཞིག་བྱུང་མེད་ཚོད་ཡིན། རྒྱ་མི་རིགས་ཀྱི་ལོ་རྒྱུས་དང་ལྟ་བ། འཚོ་བའི་ལམ་ལུགས་སོགས་ལ་ཆེད་དུ་སློབ་སྦྱོང་བྱེད་མཁན་བྱུང་མེད་ལ། ཐ་ན་རྒྱ་ནག་གསར་པ་སྟེ། གུང་ཁྲན་ཏང་གིས་དབུ་ཁྲིད་པའི་རྒྱ་ནག་འདིའི་སྐབས་ཐོག་གི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཚོང་ལས། རིག་གནས་དར་ཚུལ། རྒྱལ་སྤྱིའི་འབྲེལ་བ་སོགས་ལ་ཉམས་ཞིབ་བྱེད་མཁན་ཡང་མེད། འདི་ནི་ཆེ་ས་དང་ཡག་ས་ནས་བཤད་ན་བོད་ཀྱི་ཁྱིམ་མཚེས་ཡིན་པའི་གནའ་བོའི་ཨེ་ཤ་ཡའི་དཔལ་ཡོན་གྱི་མགོ་ཁུངས་གཞན་ཞིག་བོད་པ་ཚོས་སྣང་མེད་དུ་བཏང་བ་དང་། ལེགས་ཆའི་རིགས་ནང་འདྲེན་ཡང་བྱེད་མ་ཐུབ་པའི་སྐྱོན་ཡིན། ཆུང་ས་དང་སྡུག་ས་ནས་བཤད་ན། བོད་མི་རིགས་ཀྱིས་རང་གི་དགྲ་བོ་དེར་རྒྱུས་ལོན་ཙམ་ཡང་བྱེད་ཐུབ་མེད་པ་ཡིན།

དེང་སྐབས་བོད་པ་ཚོས་བོད་དོན་ལ་གདེང་ཚོད་རྙེད་གི་མེད་པ་དང་། བོད་དོན་ཤེས་ཐུབ་གི་མེད་པ་ནི་ཐད་ཀར་ང་ཚོར་རྒྱ་ནག་གི་ཐད་ཉམས་ཞིབ་བྱེད་མཁན་མེད་པ་དང་། རྒྱ་ནག་རིག་པ་བ་མེད་པའི་དབང་གིས་ཡིན། རྒྱ་ནག་མ་ཤེས་པའི་དབང་གིས་རྒྱ་ནག་ལ་གདེང་ཚོད་མ་རྙེད་པ་ཡིན། དེར་བརྟེན་བོད་དོན་ཐོག་གི་གདེང་ཚོད་བརླག་པ་རེད།

གཞོན་སྐྱེས་ཚོས་རང་རང་གི་ཐད་ནས་རིག་ཚན་འདིའི་སྟེང་དོ་སྣང་བྱེད་དགོས་པ་གལ་ཆེ་རུང་། གཙོ་བོ་ང་ཚོའི་སློབ་གླིང་ཁག་གི་ནང་དུའང་རྒྱ་ནག་རིག་པ་བའི་སྡེ་ཚན་ཞིག་འཛུགས་རྒྱུ་གལ་ཆེན་པོ་རེད། ཝར་ན་དང་ས་རཱ། བྷེང་ལོར་བོད་ཁྱིམ་མཐོ་སློབ་སོགས་ཀྱི་ནང་དུ་འཛུགས་དགོས་པར་འདོད། མ་མཐར་ཡང་གཞོན་སྐྱེས་ཚོར་རྒྱ་ནག་རིག་པའི་གཞི་རིམ་གྱི་གོ་རྟོགས་དང་། ཤེས་ཡོན་སྤྲོད་ཐུབ་དགོས་ཀྱི་འདུག

གལ་སྲིད་བོད་དོན་འདི་མི་རབས་རྗེས་མ་ཚོར་རྩིས་སྤྲོད་རྒྱུ་ཡིན་པ་བདེན་ཚེ། ཁོང་ཚོར་བོད་དོན་གྱི་གདེང་འཚོལ་ས་དང་གདོང་གཏད་ས་དེའི་རྩ་བ་དང་རྩེ་མོ་མཐའ་དག་ཟིན་པ་ཞིག་བཟོ་ཐུབ་དགོས་པར་འདོད། གྲ་སྒྲིག་ཅི་ཡང་མེད་པའི་དུས་ཚོད་རིམ་བགྲོད་ཀྱི་རྩིས་སྤྲོད་ནི་མི་རབས་སྔ་མ་དག་གིས་འགན་མ་ཁུར་བའི་ནག་ཉེས་སུ་འགྱུར་རྒྱུ་ཡིན་སྟབས། ད་ལྟ་ལས་སྣེ་རུ་ཡོད་པའི་བོད་མི་ཚོས་འདིའི་ཐད་གང་མགྱོགས་གྲ་སྒྲིག་རེ་བྱེད་དགོས་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 17

  1. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

     ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན།   ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱོད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
      
     ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས།   བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱོད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས། 

    ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་  སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།

    དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།
       
                                     
                                  

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྤྱིར་ཡིན་ན་གསང་མིང་འོག་ནས་མཆན་འདེབས་མཁན་ཚོར་ལན་འདེབས་བྱ་འདོད་མི་འདུག་ཀྱང་། བསམ་ཚུལ་འདིར་གསལ་བཤད་བྱ་རྒྱུ་དེ་གལ་ཆེན་དུ་བསམ་ནས་ལན་འདི་ཕུལ་བ་ཡིན།

    བོད་ཀྱི་མཛེས་མ་ཟེར་བ་ཞིག་གིས་བཤད་དོན། རྔ་བ་ཚེ་རྒྱམ་དང་ཟླ་བ་ཚེ་རིང་། བསྟན་འཛིན་མགོན་པོ། བཀྲ་བྷ། འབའ་བ་སྐལ་བཟང་རྒྱལ་མཚན། ཀུན་དགའ། འཕགས་པ་རྒྱལ་བོ་བཅས་སོགས་རྒྱ་ནག་ཉམས་ཞིབ་པ་ཡིན་བཞིན་དུ་ནག་འགེབ་བྱས་ཚུལ་བཤད་འདུག

    ༡། ཁོང་ཚོ་སྤྱིར་བཏང་རྒྱ་ཡིག་ཤེས་མཁན་རེད། ཤེས་ཡོན་གྱི་གནས་ཚད་ཀྱང་མཐོན་པོ་ཡོད་མཁན་གྱི་གྲས་རེད། ཡིན་ཡང་། དྲང་པོར་བཤད་ན། རྒྱ་ཡིག་ཤེས་པ་ཙམ་གྱིས་རྒྱ་ནག་ཤེས་གི་ཡོད་ན་ཐའེ་ཝན་གྱི་མི་ཚང་མ་རྒྱ་ནག་ཉམས་ཞིབ་པ་རེ་ཡིན་དགོས་པ་འདྲ། བོད་ནང་གི་རྒྱ་ཡིག་ཤེས་མཁན་ཚང་མ་ཡང་རྒྱ་ནག་ཉམས་ཞིབ་པ་རྐྱང་ཡིན་དགོས་ཀྱི་རེད། དེ་འདྲ་མ་རེད།

    ༢། གོང་གསལ་མི་སྣ་དག་ནི་བཙན་བྱོལ་བོད་གཞུང་གི་ལས་སྣེ་ཐོག་ནས་རྒྱ་ནག་དང་རྒྱ་རིགས་ཚོའི་ཕྱོགས་ལ་འབྲེལ་བ་ཡོད་པའི་གྲས་རེད། ཡིན་ཡང་། ཁོང་ཚོ་ཆེད་ལས་ཉམས་ཞིབ་པ་དེ་འདྲ་མ་རེད།

    ༣། གལ་སྲིད་ཁོང་ཚོ་རྒྱ་ནག་ཉམས་ཞིབ་པ་ཡིན་ན། ལོ་འདི་དག་གི་རིང་ལ་ཉམས་ཞིབ་ཀྱི་དཔེ་དེབ་ཚད་ལྡན་དང་སྙན་ཐོ་གྲགས་ཅན་དེ་འདྲ་རེ་སྟོན་རྒྱུ་དགོས་ཀྱང་དེ་འདྲའང་མེད།

    ༤། ད་དུང་ཚད་གཞི་ངེས་ཅན་ནས་བཤད་ན། དེང་སྐབས་ཀྱི་ཉམས་ཞིབ་པ་དག་ནི་ཆེད་ལས་ཡིན་པ་གང་ཞིག་ལ། རིག་ཚན་གཅིག་སྟེང་གི་ཆེད་ལས་ཉམས་ཞིབ་པ་ཡིན་དགོས་པ་རེད། དཔེར་ན། རྒྱ་ནག་གི་དམག་དོན་ཐོག་ལ་ལྟ་མཁན། དཔལ་འབྱོར་སྟེང་ལ་ལྟ་མཁན། རྒྱ་ནག་གི་རྒྱལ་སྤྱིའི་འབྲེལ་བའི་སྟེང་ལ་ལྟ་མཁན་བཅས་རེ་རེ་བཞིན་དགོས་པ་ལས། སྤྱི་བཤད་ཙམ་གྱིས་ཁུངས་འཁྱོལ་ཁག་པོ་ཡིན།

    ༥། བདེ་སྲུང་བོད་གནས་ཉམས་ཞིབ་ཀྱི་སྡེ་ཚན་དེའང་ཁུངས་འཁྱོལ་བ་ཞིག་བྱུང་མེད། སྔར་གྱི་ཉམས་ཞིབ་བྱེད་མཁན་ལ་ཆེ་བ་ཕྱིན་ཚར། ཤུལ་ན་ཡོད་མཁན་ནི་བོད་གཞུང་གི་ཡིག་ཆར་མཁོ་བའི་གསར་འགྱུར་བསྡུ་སྒྲིག་བྱེད་མཁན་ལྟ་བུ་རེ་ཡིན། བཀའ་ཁྲི་མཆོག་གིས་ཉམས་ཞིབ་སྡེ་ཚན་འདི་ཁུ་བསྡུ་བྱས་ཏེ། ཉམས་ཞིབ་སྡེ་ཚན་ཆེན་པོ་ཞིག་ལ་བསྒྱུར་རྒྱུའི་དགོངས་ཚུལ་བཏོན་ཡོད་ཀྱང་ད་དུང་ལེགས་འགྲུབ་བྱུང་མེད།

    ༥། ཉམས་ཞིབ་ཀྱི་སྡེ་ཚན་འདི་ནི་བཙན་བྱོལ་བོད་གཞུང་གི་སྟངས་འཛིན་འོག་ནས་འདུག་པ་ལས། སློབ་གླིང་དག་གི་སྡེ་ཚན་ཁོངས་གཏོགས་རེར་བཙུགས་ན་ལེགས་པར་འདོད། རིམ་བཞིན་སློབ་གླིང་དེ་དག་རང་གི་མཁས་དབང་དང་སློབ་དཔོན་སོགས་ཀྱི་གོ་མིང་དང་བཅས་རང་རྐྱ་འཕེར་བའི་སྒོ་ནས་འདུག་ཐུབ་ན་ལེགས་པར་འདོད།

    དེར་བརྟེན་ང་ཚོའི་གྲ་སྒྲིག་ཀྱང་འདི་ལྟ་བུ་ཞིག་ལ་ཁ་ཕྱོགས་ན་འོས་འཚམ་རེད་འདོད་པ་ཡིན།

    Reply
  3. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    དྲ་གྲོགས་མཛེས་མའི་མིང་ཅན་ལགས། རང་འགུལ་གྱིས་ཉམས་ཞིབ་པ་ཐོན་པ་དང་ཆེད་འཛུགས་ཀྱིས་ཉམས་ཞིབ་པ་ཐོན་པ་གཉིས་འདྲའམ། ངའི་བསམ་ཚུལ་ཡིན་ན། ནུས་པ་དང་ཁྱབ་ཚད་མི་འདྲ་བ་ཡོད་ཀྱི་རེད་འདོད། གང་གིས་ཟེར་ན། རང་འགུལ་གྱི་ཐོན་པ་ཧ་ཅང་ཉུང་བའི་གནས་སུ་འགྱུར་བ་དང་། མ་ཟད་ཉམས་ཞིབ་གཏིང་མཐིལ་སྔོག་ཐུབ་པ་ཞིག་ཡོང་ཐུབ་ཀྱི་མ་རེད་བསམ། ད་དུང་མཐུན་རྐྱེན་དང་དུས་ཚོད་ལ་སོགས་པའི་དབང་གིས། རང་འགུལ་གྱི་ཐོན་པ་དཀའ་བའི་གནས་སུ་གྱུར་འདུག དེ་ལས་ཀྱང་། ཆེད་འཛུགས་བྱ་ཐུབ་པ་ཡིན་ན་ཆ་རྐྱེན་དང་དུས་ཚོད། ཁོར་ཡུག་དང་འདུ་ཤེས་སོགས་ལ་དམིགས་བསམ་གྱིས་ནུས་ཤུགས་ཤིག་ཐོན་གྱི་རེད། དེའི་སྐབས་སུ། དངོས་གནས་ཁ་ཡོད་ལག་ཡོད་ཀྱིས་རྒྱ་ནག་དང་རྒྱ་གཞུང་ཉམས་ཞིབ་པ་གང་མང་སྐྱེད་སྲིང་ཐུབ་པ་མ་ཟད། ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་ཡང་། ཡག་ལམ་བདེ་ལམ་ཞིག་ལ་བགྲོད་ཐུབ་པ་ཕལ་ཆེར་རྒྱ་ནག་གི་སྲིད་བྱུས་ལ་རྒྱུས་མངའ་ཡོད་པས་སོ།

    Reply
  4. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ང་རེས་གོ་ཚོད་ལྟར་བྱས་ན་དགྱ་ནག་གི་ཕྱོགས་སུ་ཉམས་ཞིབ་བྱེད་མཁན་བཙན་བྱོལ་ནང་སྤྱི་སྒེར་མི་ཉུང་བ་ཞིག་ཡོད་པ་དུས་བབ་ཚང་གིས་ཤེས་ཡོད་ཤག་ཡིན།་མ་ཤེས་རྨོངས་པའི་དབང་གིས་ནན་བཤད་ལ་ངས་ཞུ་རྒྱུ་གང་ཡང་མེད།་ཤེས་བཞིན་ནག་བཀབ་བྱེད་པ་ཞིག་ཡིན་ན་ནི་དུས་བབ་ཚང་གིས་མ་འགྲིག་པ་རེད།་ངས་འདིར་དགྱ་ནག་གི་ཕྱོགས་སུ་ཉམས་ཞིབ་བྱེད་མཁན་དཔེར་མཚོན་རེ་གཉིས་ཞུ་ན།རྔ་མ་ཚེ་རྒྱམ།་ཐེ་ཝན་སྐུ་ཚབ་དོན་གཅོད་བ་རི་ཟླ་བ་ཚེ་རིང།སྤྱི་འཐུས་བསྟན་འཛིན་མགོན་པ།་བཀའ་ཤག་ངེས་མེད་ཁྱབ་ཁོངས་སུ་བཀྲ་ཤིས་རྒྱ་མཚོ།ད་དུང་རྒྱ་ནག་ཉམས་ཞིབ་པ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང་ཨ་རི་རྒྱ་བོད་འབྲེལ་མཐུད་པ་ཀུན་དགའ་དང་བདེ་སྲུང་ལས་བྱེད་འཕགས་པ་རྒྱའུ་སོགས་ཇི་སྙེད་ཅིག་འདུག
    ད་དུང་བོད་གཞུང་གིས་ཆེད་བཙུགས་བྱེད་པ་བོད་གཞུང་བདེ་སྲུང་གི་ཁྱབ་ཁོངས་སུ་དགྱ་ནག་ཉམས་ཞིབ་སྡེ་ཚན་དང་ལན་འདེབས་ཚོགས་ཆུང་ཞེས་པ་ཞིག་ཡོད་པ་གོ་བྱུང་།་དེ་དག་དགྱ་ནག་གི་ཕྱོགས་སུ་ཉམས་ཞིབ་པ་ཚད་ལྡན་ཞིག་ཡིན་དང་མིན།་ཡིན་ན་དུས་བབ་ཚང་གིས་རྩོམ་སྒྲིག་པའི་གཏམ་དེ་བརྗོད་བྱ་སྟོང་པ་ཞིག་ཏུ་གྱུར་བ་དང་།་མིན་ན་ཁོང་ཚོ་ལ་དགྱ་ནག་ཕྱོགས་སུ་ཉམས་ཞིབ་བྱེད་པའི་ཤེས་ཡོན་གང་དང་གང་མ་ཚང་བ་ཡིན།་བོད་གཞུང་གི་དགྱ་ནག་ཉམས་ཞིབ་སྡེ་ཚན་དེ་ཐེབས་ཆག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་མེད་བཅས་ལན་ཁ་གསལ་ཞིག་མེད་ན་རྩོམ་སྒྲིག་པའི་གཏམ་དེ་རིན་ཐང་ཅི་ཡང་མེད་པ་མཐོང་བཞིན་འདུག་མ་གཞི་ང་ཚོའི་སྤྱི་ཚོགས་ནང་གཞན་གྱི་སྐྱོན་རྐྱང་རྐྱང་ཐེར་བཏོན་བྱེད་པ་ལས་རང་གི་གནས་བབ་གང་དུ་ཡོད་མེད་ཚོར་མཁན་ཆེས་ཉུང་ཤས་ཡིན་པ་འདོད།

    Reply
  5. ནགས་ཤོད་རིག་རལ། says:
    ལོ་ 15 སྔོན།

    རྒྱ་མི་རྣམས་ལ། རང་གཞན་གཉིས་ཀ་རྒྱུས་ལོན་ན། འཐབ་མོ་གང་ཡང་རྒྱལ་བར་ངེས། ཟེར་བའི་དཔེ་ཞིག་ཡོད་པ་ལྟར་ཁོང་ཚོས་བོད་དོན་ཉམས་ཞིབ་བྱེད་མཁན་སྡེ་ཚན་སྡེ་ཚན་བྱས་ནས་གསོས་ཡོད། རང་རེ་ལ་རྒྱ་ནག་ལྟ་བུའི་དཔལ་འབྱོར་གྱི་སྟོབས་མེད་ཀྱང་། ཕ་རོལ་པོ་རྒྱུས་མངའ་ཡོད་པ་བྱེད་རྒྱུ་དེ་ནི་ཕ་རོལ་པོ་དང་གྲོས་བསྡུར་བའི་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཏེ། ཚད་ལྡན་རྒྱ་ནག་ཉམས་ཞིབ་པ་འགའ་ཞིག་གསོ་སྐྱོང་བྱ་ཨེ་ཐུབ་བལྟ་རྒྱུ་དང་། ད་ཡོད་རྒྱ་ནག་ཉམས་ཞིབ་པ་ཚོས་ཀྱང་བརྒྱ་གོ་གཅིག་ཆོད་ཀྱི་སེམས་ཤུགས་ཐོག་ནས་ནུས་ཤུགས་འདོན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པར་མོས་མཐུན་ཡོད།

    Reply
  6. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    དུས་ནམ་རྒྱུན་དུ། དུས་བབ་རྩོམ་སྒྲིག་པའི་གཏམ་གྱིས། བློ་བསྐྱེད་གསར་བ་ཞིག་དང་ཡང་བསྐྱར་འདང་རྒྱག་ཅིག རིག་པ་བསྒྲིམ་དགོས་པའི་གནད་དོན་ཞིག་དང་གྲ་སྒྲིག་བྱེད་དགོས་པའི་སྔོན་བརྡ་ཞིག ཐབས་ལམ་བཏོན་པའི་རྣམ་གཞག་ཅིག་དང་ཕན་ནུས་ཐོན་པའི་གྲུབ་འབྲས་ཡོད་པ་གཞིར་བཞག་གིས། དུས་རྒྱུན་ཐེངས་དང་པོར་ཀློག་ཀིན་ཡོད་ལ། ཐེངས་འདིའི་རྩོམ་སྒྲིག་པའི་གཏམ་གྱིས་ཀྱང་། འཐུས་ཤོར་དུ་འགྲོ་བཞིན་ཡོད་པའི་གནད་འགག་ཅིག་དང་ངོས་འཛིན་མ་ཐུབ་པའི་གནད་འགག་ཅིག་གི་སྣེ་མོར་འཇུས་ནས། མ་འོངས་པའི་རྗེས་རབས་པ་ཚོའི་འཐབ་ཕྱོགས་ལ་དགོས་པའི་ཐབས་ལམ་ཞིག་དང་མཉམ་འཇོག་དགོས་པའི་གནད་དོན་ཞིག་བསྟན་སོང་བས་ན། ང་ཚོའི་ངོས་ནས་ཀྱང་། སྡུག་ས་ངན་ས་ནས་གྲ་སྒྲིག་དང་མི་ནུས་མ་ཐུབ་པའི་ཕྱོགས་སུ། གཟབ་ནན་བྱེད་དགོས་པ་ཕྱོགས་སྣེ་མང་པོ་ཞིག་གིས་ད་སྐབས་ང་ཚོའི་མི་རིགས་འདི་བཙུར་ཡོང་བ་ཤེས་དགོས། ཤེས་པ་སྤྱི་བམ་པ་ཙམ་གྱིས་མི་འཇོག་པར་ལག་ལེན་གྱི་ཐོག་ནས་གྲུབ་འབྲས་ཡོད་པར་བྱ་དགོས། གྲུབ་འབྲས་དེ་ཡང་གནད་ལ་འཁེལ་ཞིང་དོན་ལ་གནས་པ་ཞིག་ངེས་པར་དུ་ཡིན་དགོས། གང་ལྟར། དུས་ཚོད་ཀྱིས་སྒུག་མི་སྲིད་ལ་ཛ་དྲག་གི་གནས་སྟངས་ཇེ་མང་དུ་འགྲོ་བཞིན་ཡོད་པས་ན། ཚང་མས་ཤེས་ནུས་མཉམ་འབྲེལ་དང་ཁ་ཕྱོགས་གཅིག་གྱུར་བྱ་དགོས་པ་ཤིན་ཏུ་འགངས་ཆེན་ཞིག་མཐོང་ངོ་། གསལ་བཤད། དགོས་དང་གལ་ཞེས་པའི་ཚིག་ཤུགས་དེ་སྐུལ་མ་ཡིན་པ་ལས་བླང་བྱར་ངོས་འཛིན་བྱས་ན་ནོར་བ་ཡིན།

    Reply
  7. འབའ་སྲས། says:
    ལོ་ 15 སྔོན།

    རྒྱ་ནག་གི་ལོ་རྒྱུས་བོད་པས་ངོས་ཟིན་རྒྱུ་དང་། བོད་པའི་ལོ་རྒྱུས་རྒྱ་ནག་ལ་ངོ་འཕྲོད་རྒྱུ་ཧ་ཅང་གི་གལ་འགངས་ཆེ། དེ་ཐད་བོད་རྒྱ་མཛའ་འབྲེལ་ཚོགས་པ་དག་གིས་དམིགས་གསལ་གྱིས་འགན་ཞིག་བཞེས་དགོས་པར་འདོད།

    Reply
  8. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    དངོས་གནས་ང་ཚོས་སོ་སོའི་ཁ་གཏད་གཅོག་སའི་མི་ཡིན་ན་འདྲ། རྒྱལ་ཁབ་ཡིན་ན་འདྲ། དེའི་སྐོར་གྱི་གནས་ཚུལ་རྒྱུས་ལོན་དང་ཉམས་ཞིབ་དགོས་རྒྱུ་གལ་ཆེན་པོ་ལོས་ཡིན། མ་གཞི་བཙན་བྱོལ་སྤྱི་ཚོགས་འདིར་རྒྱ་མིའི་གཅིག་གཅིག་རེད་ལབ་དུས། ཚང་མ་སྡུག་ཅག་ཡིན་པར་བརྩིས་ནས་དེ་ལ་ཉམས་ཞིབ་དང་རྒྱུས་ལོན་བྱེད་ཀྱི་མི་འདུག་ག བོད་པ་འདི་ཚོ་ལ་མིག་རྒྱང་རིང་པོ་མི་འདུག

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    མི་ནག་ཚང་གི་སེམས་གཏམ་ལ་ཡིད་རང་ཞུ། བཙན་བྱོལ་ནང་རྒྱ་ནག་ཐོག་ཉམ་ཞིབ་པ་མེད་པ་ཅི་ལ་ཡིན། དེ་སྔ་རྔ་བ་ཚེ་རྒྱམ་ལགས་རྒྱ་ནག་ཉམ་ཞིབ་ཀྱི་ཕྱག་ལས་གནང་བ་ཞིག་གོ་མྱོང་ལ་དེང་སང་ཀུན་དགའ་་་་་ལགས་ཟེར་མཁན་ཞིག་ཡོད་པ་རྒྱུད་ལམ་ཁག་ལས་ཐོས་མྱོང༌། ཉམ་ཞིབ་པའི་མཚན་གནས་བཞེས་ནས་གྲུབ་འབྲས་ཇི་བྱུང་ནི་ད་བར་གང་ཡང་ཤེས་མ་སོང༌།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མཚོ་ཚང་བཀྲ་ཤིས་ལགས། ངས་བཤད་པ་དེ་ཐལ་དྲག་མེད་འདོད་ཡོད། བསམ་བློ་ཇི་ལྟར་བཏང་ནའང་སེམས་ལ་གནས་སྟངས་དེ་ལྟ་བུ་ཞིག་འཁོར་ནས་ཡོང་གི་འདུག གལ་སྲིད་ཐལ་དྲག་འདུག་དགོངས་ན་དེའི་རྒྱུ་མཚན་རེ་བཤད་རྒྱུ་གལ་ཆེན་པོ་རེད།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཟ་ལེ་རྒྱལ་གྱི་དཀའ་ངལ་འདི་ནི་ཁོ་རང་རྒྱ་ནག་ཉམས་ཞིབ་པ་ཞིག་བྱེད་མ་ཐུབ་པའི་དཀའ་ངལ་ཙམ་མ་རེད། དཀའ་ངལ་འདི་བགྲང་སྟེ་བོད་པའི་ཤེས་ཡོན་པ་ཕལ་མོ་ཆེ་ནུབ་ཕྱོགས་སུ་ཕྱིན་པ་རེད།

    བོད་པའི་ཤེས་ཡོན་པ་ཚང་མ་གནའ་ནས་ད་བར་དུ་དབུལ་བོར་བསྡད་པ་རེད། དེ་ངེས་པར་དུ་ཡིན་དགོས་པ་ཞིག་ལ་རྩིས་པ་རེད། ཅི་ཙམ་གྱི་མཁས་པ་ཡིན་ན་དེ་ཙམ་གྱིས་དབུལ་བོ་ཡང་ཡིན་དགོས་པ་འདྲ་བོ་རེད། ཡིན་ཡང་། ད་ནི་འདི་ལྟར་བསྡད་ན་འར་བསྟེན་གི་མ་རེད། ཤེས་ཡོན་པ་དེ་ཚོ་དབུལ་ཕོངས་ཀྱི་གནས་ནས་ཐར་དགོས་པ་རེད། ཁོང་ཚོའི་ཤེས་ཡོན་དེས་མི་རིགས་འདི་གསོ་མི་ཐུབ་པའི་ཁར། རང་ཉིད་ཀྱང་གསོ་མི་ཐུབ་པ་ཤེས་པ་རེད། ཚང་མས་ཕན་ཚུན་ལ་གོ་བརྡ་འདི་གསལ་བོར་སྤྲད་དེ་ནུབ་ཕྱོགས་དང་ཤར་ཕྱོགས་གང་ཡིན་རུང་མ་མཐའ་ཡང་རང་གི་དབུལ་ཕོངས་ཀྱི་མཐའ་ (poverty line) དེ་ནས་ཐར་དགོས་པར་ཤེས་ཡོད་པ་རེད།

    འོན་ཀྱང་། ག་དུས་ཤིག་ལ་ཁོང་ཚོ་ཕྱིར་འཁོར་ཐུབ་གི་རེད། ག་དུས་བར་དུ་ལྷག་འཕྲོ་འདི་དག་གིས་སྒུག་ཐུབ་གི་རེད། ཟ་ལེ་རྒྱལ་གྱིས་ཨ་ཡེ་མ་བུ་གཉིས་ཀ་ག་དུས་ཤིག་ལ་ལམ་འཇུག་བདེ་མོ་ཞིག་བྱས། དེ་ནས་ཕྱིར་ལོག་ཡོང་སྟེ་ཉམས་ཞིབ་བྱེད་ཐུབ་གི་རེད།

    Reply
  12. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    ལུང་རིགས་ཀྱིས་བོད་འདི་རྗེས་ལུས་རེད། བོད་འདི་རྡར་མ་རེད། ཅེས་པའི་ཚིག་འདི་གཉིས་ཅུང་ཐལ་དྲག་མེད་དམ་སྙམ། རྒྱུ་མཚན་ནི་བོད་མི་ཚང་མའི་སེམས་ཁོངས་ན་ཁྲ་ལམ་མེར་ཡོད།

    Reply
  13. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    ངས་འདི་ན་ཨ་ཡེ་མ་བུ་གཉིས་ཀ་མ་སོས་ཡར་རྒྱུག་མར་རྒྱུག་བྱས་ནས་བརྡད་ཡོད། ངའི་ཨ་ཡེ་མ་བུ་གཉིས་ཀ་གསོ་ནི་ཡོད་ན་ཞིབ་འཇུག་པ་ཞིག་བྱེད་འདོད་ཡོད། ང་ལ་ཉིན་རེར་ཐ་མག་སྒམ་གང་དང་ཝུ་ཆང་ཉུང་ཙམ་རེ་མ་གཏོགས་ཟ་མའི་འགན་འཁུར་མི་དགོས།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མདོར་ན། རྒྱ་ནག་གི་ཕྱོགས་སུ་ཁ་སྐོར་དུས་བོད་འདི་ཞ་ར་རེད། བོད་འདི་འོན་པ་རེད། བོད་འདི་ལྐུག་པ་རེད། བོད་འདི་རྗེས་ལུས་རེད། བོད་འདི་རྡར་མ་རེད། བོད་འདི་དབང་བོ་སྐྱོན་ཅན་རེད། བོད་འདི་རིག་འཚོ་མི་ཟིན་མཁན་རེད། བོད་འདི་མགོན་མེད་སྐྱབས་མེད་རེད།

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གལ་སྲིད་བསྟན་འཛིན་མགོན་པོ་ལགས། རྒྱ་ནག་སྐོར་གྱི་ཤེས་ཡོན་པ་ཚད་ལྡན་ཞིག་ཡིན་ཚེ། ཁོང་གདན་ཞུ་ལོས་བྱེད། ཡིན་ཡང་། ང་ཚོས་སློབ་དཔོན་དེ་དག་ཐོག་མར་ཐའེ་ཝན་དང་། ཉི་ཧོང་། ཧོང་ཀོང་སོགས་ནས་སྐྱེད་བསྲིང་བྱ་དགོས་པར་འདོད། ཐའེ་ཝན་ལ་སློབ་སྦྱོང་དུ་གཏོང་མགོ་བཙུགས་ནས་ཕལ་ཆེར་ལོ་ ༡༠ གྲངས་ཤིག་འགོར་ཡོད། དེའི་རིང་ལ་སློབ་ཕྲུག་གཏོང་སྟངས་ནོར་མེད་པ་ཡིན་ན་ད་སྐབས་ང་ཚོར་ཡང་རེ་བ་བྱེད་ས་འགའ་རེ་ཡོད་སྲིད།

    Reply
  16. འཇམ་མགོན། says:
    ལོ་ 15 སྔོན།

    གྲོགས་མི་ནག་ལགས། ངོ་མ་རེད་ང་ཚོའི་མི་རབས་འདི་ནས་བཟུང་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་སྦྱང་དགོས་འདུག་ལ། རྒྱ་ནག་དང་འགྲོགས་འདྲེས་སྟངས་ཟབ་དང་འབྲེལ་བ་ཉེ་རུ་གཏོང་དགོས་པ་འདུག འདི་ལྟར་བྱས་ན་ང་ཚོ་ལ་རྒྱ་ནག་ལས་དགོས་པ་དང་མཁོ་བ་གང་ཞིག་ཡོད་པ་རྒྱུས་མངའ་ཡོད་ཐུབ་ལ། རྒྱ་ནག་གི་ངན་གཤིས་དང་ཆབ་སྲིད་ཀྱིས་སྦས་བའི་ལོག་འགྲེལ་དག་ཀྱང་ཐེ་འདོན་བྱེད་ཐུབ་ལ། རྒྱ་ནག་རིག་པའི་ཚོད་འཛིན་ཚད་རྩིས་དག་ཀྱང་གང་ལ་གང་ཐུབ་ཞིག་ཤེས་ངེས་ཡིན། ད་ལྟ་ང་ཚོ་ལ་ལྟ་བ་ཞིག་ཡོད་པ་ནི་རྒྱ་ནག་གི་ལོ་རྒྱུས་སྦྱང་མི་རུང་བའི་འདུ་ཤེས་དང་། ཤེས་ན་མི་མཁོ་བའི་འདུ་ཤེས། དེ་སྦྱང་མཁན་ནི་རྒྱ་ནག་པ་ཞིག་ཡིན་པའི་འདུ་ཤེས། རྒྱ་ནག་ལ་ལྟ་བ་དག་ནི་དམར་པོའི་རང་ལུགས་ལ་འཛིན་པའི་འདུ་ཤེས་བཅས་ཀྱི་བཀག་རྒྱ་ཞིག་ཡོད་པ་འདི་གཏོར་ནས། བཙན་བྱོལ་བའི་ནང་རྒྱ་ནག་རིག་པའི་སློབ་མ་གསོ་སྐྱོང་བྱ་དགོས་པ་འདུག

    Reply
  17. གནམ་ལྕགས། says:
    ལོ་ 15 སྔོན།

    གལ་སྲིད་སློབ་གྲྭའམ་ཚོགས་པ་གང་རུང་ནས་དགྱ་ནག་ཞིབ་འཇུག་གི་སྡེ་ཚན་ཞིག་འཛུགས་ཚེ། བསྟན་འཛིན་མགོན་པོ་ནི་དེར་མེད་དུ་མི་རུང་བའི་ཞིབ་འཇུག་སློབ་དཔོན་དེ་ཡིན་པར་སྣང་། དེང་གི་དུས་ན་རང་རེའི་གྲོས་ཚོགས་ནང་ཁོང་ལས་ལྷག་པའི་དགྱ་ནག་གི་ཕྱོགས་གསལ་མཁན་ཞིག་མེད་པར་ཐག་གཅོད་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese