མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྗོངས་དང་ཞིན་ཅང་ལ་ལྟ་སྟངས་གསར་བ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་རྒྱ་ནག་གིས་བོད་དང་ཞིན་ཅང་གཉིས་ལ་ལྟ་སྟངས་མ་འདྲ་བ་ཞིག་གིས་སྟེང་ནས་ལྟ་དགོས་ཟེར་ལ། ས་ཁུལ་འདི་གཉིས་ནི་ཁ་བྲལ་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་བཟོ་མཁན་ཆེས་མང་ས་གཉིས་ཡིན་སྟབས། ནམ་རྒྱུན་རྡུང་རྡེག་ཚ་ནན་དང་ཆབ་སྲིད་སློབ་གསོའི་ལས་དོན་ཧུར་ཐག་གིས་བསྒྲུབ་པའི་ལྟ་སྟངས་བཟུང་ཡོད་ཀྱང་། ད་ལྟ་དེ་ལྟ་བུའི་ལྟ་སྟངས་དེར་བཤད་སྟངས་མ་འདྲ་ཞིག་གིས་འགྲེལ་རྒྱག་གིན་ཡོད།

རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཅ་ཆིན་ལེན་གྱིས་རྒྱ་ནག་རྦད་དེ་གཅིག་གྱུར་ཡོང་ཆེད་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་བྱ་བར་ཞུགས་ཏེ། ཞིན་ཅང་དང་བོད་ལྗོངས་སུ་མ་དངུལ་བཏང་ནས་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཛུགས་སྐྲུན་གྱི་རྨང་གཞི་བཏིང་ནས། གྲངས་ཉུང་མི་རིགས་ས་ཁུལ་གྱི་བཅོས་བསྒྱུར་སྒོ་དབྱེ་བསྟུད་མར་འཕེལ་རྒྱས་ཡོང་བའི་ཕྱོགས་ལ་ཐབས་དང་ཤེས་རབ་གང་ཡོད་བཏོན་པའི་ཁར། ཞིན་ཅང་དང་བོད་ལྗོངས་གཉིས་མཆོང་སྐྱོད་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བྱེད་མཁན་ཞིག་ཏུ་འགྱུར་དགོས་ཞེས་ཟེར།

དེ་རིང་སྔ་དྲོར་ཤིན་ཧཱ་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན།   ཟླ་ ༥ ཚེས་ ༧ ཉིན། རྒྱ་ནག་གི་ཆབ་སྲིད་ཚན་པའི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཅ་ཆིང་ལིན་གྱིས་པེ་ཅིང་དུ་འཚོགས་པའི་རྒྱལ་ཕྱིར་བཅའ་སྡོད་བྱས་པའི་འཛམ་གླིང་གི་ཀྲུང་གོ་བའི་ཚོགས་པའི་མཛའ་བརྩེ་མཉམ་འབྲེལ་ཚོགས་འདུ་སྐབས་ལྔ་བའི་འཐུས་ཚབ་པ་རྣམས་ལ་མཇལ་འཕྲད་བྱས་འདུག

ཚེས་ ༧ ཉིན་གྱི་ཕྱི་དྲོར། ཅ་ཆིང་ལིན་གྱིས་རྒྱལ་ཕྱིར་བཅའ་སྡོད་བྱས་པའི་འཛམ་གླིང་གི་ཀྲུང་གོ་བའི་ཚོགས་པའི་མཛའ་བརྩེ་མཉམ་འབྲེལ་ཚོགས་འདུ་སྐབས་ལྔ་བའི་འཐུས་ཚབ་པ་རྣམས་ལ་མཇལ་འཕྲད་སྐབས།   མཚོ་སྔོན་ཡུལ་ཤུལ་དུ་བྱུང་བའི་ས་ཡོམ་གྱི་གནོད་འགོག་རྒུད་སྐྱོབ་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱ་ཆེ་བའི་རྒྱལ་ཕྱིའི་ཀྲུང་གོ་བ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་དང་། མི་རིགས་མཐུན་སྒྲིལ་དང་མངའ་ཁོངས་བདག་དབང་ཆ་ཚང་ལ་སྲུང་སྐྱོང་བྱས་ཏེ། ཀྲུང་གོ་ཉིད་རྦད་དེ་གཅིག་གྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དུ་དར་བའི་རླབས་ཆེན་བྱ་བཞག་མངོན་འགྱུར་བྱེད་པ་ནི། རྒྱལ་ཕྱིའི་ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྱི་ཐུན་མོང་གི་བསམ་འདུན་ཉག་ཅིག་ཡིན་ཞིང་། དེ་ལྟ་བུའི་བསམ་འདུན་མངོན་འགྱུར་བྱེད་དགོས་ན། རྒྱལ་ཕྱིའི་ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྱིས་མཉམ་གཅིག་ཏུ་ཧུར་བརྩོན་བྱེད་དགོས། ཞེས་དང་།  ཡང་ཁོང་གིས་རྒྱ་ཆེའི་རྒྱལ་ཕྱིའི་ཀྲུང་གོ་བ་རྣམས་ལ་རེ་བ་གསུམ་བཏོན་འདུག

གཅིག ཞིན་ཅང་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་བྱ་བར་ཞུགས་ཏེ། ཞིན་ཅང་དང་བོད་ལྗོངས་སུ་མ་དངུལ་བཏང་ནས་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཛུགས་སྐྲུན་གྱི་རྨང་གཞི་བཏིང་ནས། གྲངས་ཉུང་མི་རིགས་ས་ཁུལ་གྱི་བཅོས་བསྒྱུར་སྒོ་དབྱེ་དང་སྟུད་མར་འཕེལ་རྒྱས་ཡོང་བའི་ཕྱོགས་ལ་ཐབས་དང་ཤེས་རབ་གང་ཡོད་བཏོན་པའི་ཁར། ཞིན་ཅང་དང་བོད་ལྗོངས་གཉིས་མཆོང་སྐྱོད་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བྱེད་མཁན་ཞིག་ཏུ་འགྱུར་དགོས།

གཉིས། རྒྱལ་ཕྱིར་སྡོད་པའི་ཡུ་གུར་རིགས་དང་། བོད་རིགས་སོགས་མི་རིགས་གྲངས་ཉུང་གི་སྤུན་ཟླ་རྣམས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱག་པ་སྟེ། རྡོག་རྩ་གཅིག་སྒྲིལ་གྱིས་རྒྱལ་ཕྱིར་སྡོད་པའི་རང་རྒྱལ་གྱི་མི་རིགས་གྲངས་ཉུང་གི་མི་རྣམས་ཀྱི་སེམས་པ་མེས་རྒྱལ་ལ་ཕྱོགས་པར་བརྩོན་ལེན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་བརྟན་བརླིང་ཡོང་བར་རྒྱབ་སྐྱོར་མཁན་ཞིག་ཏུ་འགྱུར་བར་ཧུར་ཐག་བྱེད་དགོས།

གསུམ། ཞིན་ཅང་དང་བོད་ལྗོངས་ཀྱི་བཅོས་བསྒྱུར་སྒོ་འབྱེད་རིང་གི་གྲུབ་འབྲས་དྲིལ་སྒྲོག་ཆེན་པོ་བྱེད་པ་དང་། ཀྲུང་གོའི་མི་རིགས་དང་། ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་དང་། འཆམ་མཐུན་འཕེལ་རྒྱས། ཞི་བདེ་འཕེལ་རྒྱས་ཀྱི་འདུ་ཤེས་དྲིལ་སྒྲོག་བཅས་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་བར་འབྲེལ་འདྲིས་པའི་སྤྲོ་སེམས་ཅན་ཞིག་བྱེད་པར་ཧུར་བརྩོན་བྱེད་དགོས། བཅས་བརྗོད་འདུག

འཛམ་གླིང་གི་རྒྱལ་ཕྱིའི་ཀྲུང་གོ་བའི་ཚོགས་པའི་མཛའ་བརྩེ་མཉམ་འབྲེལ་ཚོགས་འདུ་སྐབས་ལྔ་བ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཕྱིའི་ཀྲུང་གོ་བའི་ལས་དོན་གཞུང་སྒྲུབ་ཁང་དང་། ཀྲུང་གོའི་རྒྱལ་ཕྱིའི་འབྲེལ་འདྲིས་མཐུན་ཚོགས་བཅས་ཀྱིས་མཉམ་དུ་བསྒྲུབས་པ་དང་། འཛམ་གླིང་གི་ས་གནས་ཁག་གི་ཀྲུང་གོ་བའི་ཚོགས་པའི་འགན་ཁུར་བ་དང་། ཞང་ཀང་དང་ཨའོ་མོན། ཐེ་ཝན་བཅས་ཀྱི་རྒྱལ་ཕྱིའི་ཀྲུང་གོ་བའི་ཚོགས་པའི་འགན་ཁུར་བ་སོགས་ཁྱོན་སྡོམ་མི་ ༦༠༠ ཐེངས་འདིའི་མཛའ་བརྩེ་མཉམ་འབྲེལ་ཚོགས་འདུར་ཞུགས་ཡོད་འདུག

གང་ལྟར་ཡང་། དེང་སྐབས་རྒྱ་ནག་གི་དཔོན་རིགས་མཐོ་དམར་བར་མ་སུས་གཏམ་བཤད་བྱས་ཀྱང་ཁ་ནས་བོད་དང་ཞིན་ཅང་གཉིས་འབོར་གི་མེད་ལ། བོད་ནི་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་རྗེས་ནས་བཟུང་བོད་རྒྱ་ནག་གི་དཔོན་རིགས་ཚོའི་ཁ་སྣེ་ལྕེ་སྣེར་ཤུགས་ཆེར་སླེབས་པ་དང་། ཞིང་ཅང་ལོ་སྔོན་མ་བཟུང་སླེབས་ཡོད། མངའ་ཁུལ་འདི་གཉིས་ཀྱི་གང་ཡིན་ཡང་རྒྱ་ནག་གིས་ལས་སླ་བོར་གློད་འདོད་མེད་ལ། མུ་མཐུད་དེ་རང་གི་རྒྱལ་ཁབ་ཀྱི་མངའ་འབངས་ལས་ལོགས་སུ་མི་འབུད་པའི་འབད་བརྩོན་བྱེད་ཀྱིན་ཡོད། དེར་བརྟེན་རྒྱལ་ཁབ་ཀྱི་ཁ་བྲལ་སུས་བྱེད་ན་དེ་ལ་རྡུང་རྡེག་ཚ་ནན་གཏོང་དགོས་ལ། སུ་ཉམ་ཆུང་ལ་བསྡད་ན་དེར་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་དགོས་ཟེར། ད་ལྟ་རྒྱ་ནག་གཞུང་རང་གིས་འཛུགས་སྐྲུན་དང་འཕེལ་རྒྱས་བྱས་པའི་སྟེང་རྒྱལ་ཕྱིའི་ཀྲུང་གོ་བའི་བུ་ཕྲུག་རྣམས་ཀྱིས་ཀྱང་མངའ་ཁུལ་འདི་གཉིས་ལ་རོགས་རམ་བྱེད་དགོས་ཞེས་བརྗོད་ཀྱིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

ཆུ་ཚོད་ ༡ སྔོན་ལ།
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༢༠ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༢༠ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦

མཆན། 14

  1. སྟག་ཕྲུག says:
    ལོ་ 16 སྔོན།

    གང་ལྟར་ཡང་མི་རིགས་འདི་གཉིས་རྨོངས་གཉིད་ལས་སད་ཟིན་པ་རེད། ལྷག་པར་དུ་དུས་རབས་ཀྱི་བདག་པོ་རུ་གྱུར་པའི་མི་རབས་གསར་པ་དག་ཡོངས་སུ་སད་ཟིན་པས། དུས་རབས་གོང་མའི་བྱེད་ཐབས་དེས་ཏན་ནས་འཇོམས་མི་ནུས་པར་གྱུར། ད་ཆ་བྱེད་ཐབས་གསར་པ་ཞིག་ལག་བསྟར་བྱ་བར་འགོ་བརྩམས་མོད། ཤིན་ཏུ་དཀའ་བའི་གནས་ཡིན་ཏེ། ལོ་རྒྱུད་དང་ས་བབ། སྐད་ཡིག་དང་མི་རིགས། གང་གི་ཆ་ནས་ཀྱང་སོ་སོ་རང་ཉིད་ལ་རང་ཉིད་ངོས་འཛིན་པའི་རྟོག་པ་ཡོངས་སུ་སད་ཟིན་པའི་ཕྱིར་རོ།།

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    རྒྱྱ་ནང་ཞིན་བོད་གཉིས་ཀྱི་རྙོག་དྲ་མེད་པ་བཟོ་དགོས་ན་མི་རིགས་དེ་གཉིས་ཀྱི་སེམས་ལ་ཞི་བདེ་བསྐྲུན་ཐབས་བྱ་དགོས་པ་ལས་དམག་གིས་དྲག་རྡུང་བྱེད་ཞོར་དུ་དཔལ་འབྱོར་གྱི་ཡར་རྒྱས་ཇི་ཙམ་གཏང་རུང་ཞི་བདེ་དང་མིག་དཔེ་ལྟ་ས་ཞིག་ཡོང་རེ་ནི་ཉིན་མོའི་རྨི་ལམ་རང་རེད།

    Reply
  3. བྲ་རྡོར says:
    ལོ་ 16 སྔོན།

    ཆབ་སྲིད་ཀྱི་དགོས་དབང་མེད་དུ་མི་རོང་བ་ཞིག་ལ་ངོས་འཛིན་བྱས་ན་ཆོག
    རྒྱ་ནག་གི་རྩ་བའི་ཆབ་སྲིད་བེད་སྤྱོད་བྱེད་ཕྱོགས་རེད།དུས་ནམ་ཡིན་ཡང་བོད་མི་རིགས་འདི་དཔལ་འབྱོར་ཀྱི་དབང་དུ་སོང་ན་ཉེན་ཁ་ཞིག་ཆགས་སྲིད།ཡིན་ནའང་རྒྱ་ནག་གི་བཤད་ཕྱོགས་དང་སྟབས་བསྟུན་དགོས་རེད།གང་ཡིན་ཞེ་ན་མི་རིགས་ཡོང་རྫོགས་ཀྱི་མིག་ལམ་ནས་མཐོང་བདེ་བ་དང་རྒྱབ་སྐྱོར་བྱེད་འོས་པ་ཞིག་བྱེད་རྒྱུ་གལ་ཆེ་པོ་རེད་བསམ།རྒྱལ་སྤྱིའི་སྤྱི་ཚོགས་ནང་འོས་འཚམས་ཞིག་བྱེད་དགོས།

    Reply
  4. མིག་དམར་ཚེ་རིང་། says:
    ལོ་ 16 སྔོན།

    རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཅ་ཆིན་ལེན་གྱིས་ཁ་གསལ་པོ་མ་བཤད་པ་མ་ཏོག་བོད་ཡར་རྒྱས་དང་རྫུགས་སྐྲུན་བྱ་རྒྱུར་ཁ་ཡར་ཏེ་རྒྱ་མི་བོད་དུ་གནས་སྤོས་བྱ་རྒྱུའི་ཐབས་འཇུས་ཤིག་རེད།

    Reply
  5. karma dorje says:
    ལོ་ 16 སྔོན།

    ལྟ་སྟངས་ གསར་པ་ལ་ ལས་འགུལ་ གསར་པ་ སྤེལ་ཐབས་ བྱེད་དགོས།

    Reply
  6. དཀྱིལ་གནས།། says:
    ལོ་ 16 སྔོན།

    འདི་ཡག་པོ་འདུག གཞི་ཆགས་འདི་ཚོ་དངུལ་ལ་དགའ་ཞེན་ཆེ་བའི་གསར་འགྱུར་འདི་བཞིན་གོ་ན་འགྲོ་ཀྱང་རེད་ཨ་རོགས།

    Reply
  7. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    དེང་སང་གི་རྒྱ་ནག་ལྟབུའི་རྒྱལ་ཁབ་གཅིག་ཏུ་ཉེ་ལམ་ཅ་ཆིན་ལེན་གྱིས་བསྒྲགས་པའི་སྐད་ཆ་དེ་ཚོ་ཧ་ཅང་གི་གུ་ཡངས་པོ་རེད། བོད་པས་གོ་སྐབས་མང་པོ་ཞིག་འདི་འདྲའི་ཤོར་བ་རེད། སྤར་སྐེ་ཆེ་དྲག་ན་ཡང་སྐྱོན་ཡོད་རེད་དཱ། དེ་རིང་གི་སྐད་ཆའི་ནང་བལྟས་ན་ཧ་ལམ། སྤུན་ཟླ་རྣམས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱག་པ་སྟེ། ཞེས་པ་སོགས་ལས་བོད་ནང་དུ་མགྱོགས་པོ་འགྲོ་འདོད་ཡོད་མཁན་ཚོར་ལག་ཁྱེར་སྤྲོད་རྒྱུའི་རེ་བ་འདུག་སྙམ། རྒྱ་ནག་གི་དབང་འཛིན་པའི་སྐད་ལ་ཆ་འཇོག་བྱེད་རྒྱུ་ཡོད་མ་རེད། ཟེར་ནས་གཡུག་རྐྱང་བྱེད་ན་ཉེན་ཁ་རེད་བསམ་གྱི་འདུག ཡང་གཡུག་གི་ཡིན་ན་སུས་གཡུག་ན་འགྲིག་གི་རེད་ལ། སུས་བདག་པོ་རྒྱབ་ནའང་འགྲིག་གི་རེད།

    Reply
  8. སྟོབས ། says:
    ལོ་ 16 སྔོན།

    རྒྱ་ནག་ལ་ཆབ་སྲིད་ཀྱིས་དབང་ཤུགས་ཆེན་པོ་གཉིས་འཛམ་གླིང་སྟེང་ལ་བེད་སྤྱོད་ཡོད ། དཔལ་འབྱོར་དང་དམག་དོན་གཉིས།

    Reply
  9. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    བོད་དང་ཤིན་ཅང་གཉིས་ལ་འཛུགས་བསྐྲུན་བྱེད་དགོས་པ་དང། དྲིལ་བསྒྲགས་ཤུགས་ཆེན་པོ་བྱེད་དགོས་ཞེས་སྐད་ངན་ཤོར་དགོས་པ་དེ་རྒྱ་གཞུང་རང་གིས་བཟོས་པ་ཞིག་ཡིན་པ་ཤེས་ན་ཡག་པོ་རེད། དཔལ་འབྱོར་འགྲོ་སོང་དེ་ཙམ་གཏོང་མི་དགོས་པར་དོན་ངོ་མའི་བདེ་སྐྱིད་དེ་བསྐྲུན་ཐབས་བྱས་ཚེ་བོད་དང་ཤིན་ཅང་ལ་དོགས་ཟོན་དང་དངངས་སྐྲག་བྱེད་དགོས་དོན་ཅི། ཨ། ཅཱ་ཆིང་ལིང་ལྟས་ངན་མགོ

    Reply
  10. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    རྒྱ་ནག་གི་ཕྱོགས་གཅིག་ནས་ཁ་བྲལ་ཐབས་མེད་པའི་གཅེན་གཅུང་ལྟ་བུ་ཞིག་དང་། ཕྱོགས་གཞན་ཞིག་ནས་རྡུང་འདེགས་ཚ་ནན་གྱི་སྐད་ཆ་ཞིག་ཤོད་བཞིན་པ་རྟག་ཏུ་ཐོས་དེ་ནི་ཞི་དྲགས་སྤེལ་མའི་ཐབས་ཤེས་ཞིག་ཡིན་པ་དངོས་གསལ་དོད་པོ་རེད།
    འོན་ཀྱང་ང་ཚོའི་ལམ་ཕྱོགས་ནི་བདེན་པ་དང་འཚེ་མེད་ཞི་བ་ཁོ་ན་ཡིན་པས་དེ་གཉིས་ནི་ཚ་གྲངས་ལྟབུ་འགལ་བ་ཁོ་ན་ཏེ་གཞི་གཅིག་ཏུ་མཉམ་གནས་མི་སྲིད་པ་ཞིག་ཡིན་ཀྱང་ཚ་གྲངས་མཉམ་བསྲེལ་གྱི་དྲོ་མིན་གྲངས་མིན་གྱི་དུས་དེ་ག་ཚོད་བར་དུ་རེ་རྒུག་བྱ་དགོས་སམ། དེ་འདྲའི་དུས་ཞིག་ཤར་ཐུབ་མིན་སུ་ཡི་མངོན་དཔོག་ཐུབ་བམ། ང་ཚོས་གྲ་སྒྲིགས་དང་བློས་གཏོང་ལ་ཚད་གཞི་ངེས་ཅན་ཡོད་པའི་གོ་བརྡ་ཞིག་རྒྱ་དམར་སྤྲོད་དགོས་པའི་དུས་སྐབས་དེ་མངོན་དུ་གྱུར་བཞིན་ཡོད་པའི་འཚོར་ཤུགས་ཤིག་རྟག་ཏུ་དྲན།

    Reply
  11. བསྟན་འཇམ says:
    ལོ་ 16 སྔོན།

    ཕྲན་གྱིས་འདིའི་ཐད་ལ་ལྟ་ཚུལ་ཞིག་བརྗོད་ན་འདོད ། རྒྱ་ཁབ་ཆེ་ཆུང་སུ་ཡིན་ན་སྐད་ཆ་བཟང་ཕྱོགས་དང་ངན་ཕྱོགས་གང་གིས་ཐད་ནས་བཤད་ན་ཆབ་སྲིད་ལ་མ་འདྲིས་པ་ཞིག་ཡོད་མི་སྲིད ། རྒྱུ་མཚན་ནི་རྒྱལ་ཁབ་གྲུབ་སྟེངས་དེ་ཆབ་སྲིད་ཀྱི་ངོས་ནས་གྲུབ་ཡོད་པས་རྒྱ་ནག་གི་ཆ་སྐད་འདིའང་ཆབ་སྲིད་ཀྱིས་དཀྱིལ་ནས་བློ་དོགས་ཤིག་དང་ཐེ་ཚོམ་གྱིས་བཤད་ཀྱིན་ཡོད། ཞིན་ཅང་དང་བོད་ལ་བཟུང་བའི་སྲིད་བྱུས་ཉི་མ་རེ་རེ་བཞིན་འཕྱོ་འགྱུར་འགྲོ་བཞིན་ཡོད། དེའང་བསམ་བློའི་ཆབ་སྲིད། དཔལ་འབྱོར་ཆབ་སྲིད་ཀྱིས་ཞིན་བོད་གཉིས་རྩ་བའི་སེམས་གཏིང་ནས་འགུགས་པའི་ཐབས་ཤེས་བྱེད་པའི་སྲིད་བྱུས་རེད ། ཐབས་ཤེས་སམ་སྲིད་བྱུས་འདིས་རྒྱ་ནག་གིས་རེ་འདུན་བཅང་བཞིན་པའི་ཁ་ཐོག་ཏུའང་འགྲོ་བཞིན་ཡོད། ཡིན་ནའང་། རྩ་བའི་མི་རིགས་དང་མིའི་རིན་ཐང་ཐད་ནས་བཤད་ན་དཔལ་འཔྱོར་དང་མི་རིགས་གཉིས་བརྗེ་མི་སྲིད་པ་རེད ། མི་རིགས་དང་མིའི་ཐོབ་ཐང་གི་གཞིར་རྩེའི་ཁེ་དབང་གླེང་མཁན་དེ་ཚོ་ཞིང་འབྲོག་ཁུལ་གྱི་དཔུལ་ཕོངས་རྐྱང་རྐྱང་མིན་པར་ཤེས་ཡོན་དང་དཔལ་འཔྱོར་གྱིས་ཕྱུག་པའི་མི་སྣ་གལ་ཆེན་གྱི་རིགས་རེད། དག་གིས་མི་རིགས་ཀྱི་ལས་དབང་བསྔོགས་འདོན་བྱེད་སྟེངས་དེས་མི་དང་མིའི་སེམས་རྩ་ནས་འགུལ་སྐྱོམ་ཐེབས་ཀྱི་ཡོད ། དེ་བས་ནས་རྒྱ་ནག་གི་སྐད་ཆ་འདི་ཕྱོགས་མང་པོའི་ཐད་ནས་བསམ་བློས་འཐེན་རེས་བྱེད་དགོས། མཐའ་གཅིག་ཏུ་དགག་རྒྱག་བྱས་ན་གོ་སྐབས་ཟེར་བ་དེ་སྐབས་དང་དུས་ལ་ཁེལ་ཡོད་སྟབས་གོ་སྐབས་ཤོར་མི་སྲིད་པ་མིན ། ཞིན་བོད་གཉིས་ཀྱི་མི་རིགས་ཀི་ལྟ་བ་འདིས་ད་ལྟའི་རྒྱ་ནག་དམར་ཕྱོགས་རྐུབ་སྟེགས་བརྟན་རླིང་ཡོང་ཐུབ་ཀི་མེད། ་རྐྱེན་གྱིས་དྲག་རྡུང་གི་འཚབས་ལ་དཔལ་འཔྱོར་གྱི་གུ་ཡངས་སུ་གཏོངས་ཐབས་བྱེད་བཞིན་པ་འདི་རྒྱ་ནག་གི་ཆབ་སྲིད་ཀྱི་གཞིར་རྩ་རེད །

    Reply
  12. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    རྒྱ་དམར་གྱི་དཔོན་རིགས་འདི་དག་གིས་སྐད་ཆ་བཤད་གཏང་ལ་ལྟས་ན།
    དཔལ་འབྱོར་ཡ་རྒྱས་ལ་ཁ་རྟགས་ནས་ཆབ་སྲིད་ཀྱི་ལས་འགུལ་གང་ཞིག་སྒྲུབ་རྩིས་ཡོད་ན། ཡིན་ཡང་ང་ཚོའི་ཕྱོགས་ནས་གོ་སྐབས་འདི་དམ་འཛིན་བྱེད་ནས་རང་ཕྱོགས་ཀྱི་ནུས་པ་ཇེ་མཐོ་རུ་གཏང་རྒྱུ་གལ་ཆེ་བ་མ་ཚད་རྒྱ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་གཏང་ཀྱི་ཡོད་མེད་མིག་གི་ཡག་པོ་མཐོང་ཐུབ་པར་བྱེད་གལ་ཆེ།

    Reply
  13. དུག་ཚེར། says:
    ལོ་ 16 སྔོན།

    དེང་སོང་ནི་བཀའ་ཁྲི་འདི་རྒྱ་སྤྱིའི་གནས་ཚུལ་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་གྱིན་འདུག ཡིན་ན་ཡང་ད་དུས་ཚོད་ཡོལ་ཟིན་པར་རྟེན་ནུས་པ་ཐོན་ཁག་པོ་རེད།

    Reply
  14. སྐྱ་ཀ་ཁ། says:
    ལོ་ 16 སྔོན།

    རྒྱ་ནག་གི་ཁ་ལ་ལྟ་ཉན་རྒྱུ་ཅང་མེད། གཙོ་བོ་གན་ཚང་གི་ལག་ཅིག་ཅིག་བཙོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese