ས་ཡོམ་གྱི་རྒྱུ་རྐྱེན་དང་གོད་ཆག་སྔོན་འགོག་བྱ་ཐབས།
དགེ་བཤེས་བསྟན་པ་བཀྲིས།
ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༤ སྔ་དྲོའི་ཆུ་ཚོད་ ༧ པ་ཙམ་དུ་རྫ་སྐྱེ་དགུ་མདོར་ས་ཡོམ་ཚད་རིམ་༦་༩ཅན་བརྒྱབ་པའི་གནོད་སྐྱོན་ནི། བོད་ཀྱི་ལོ་རྒྱུས་ཐོག་ཆེས་ཚབས་ཆེ་ཤོས་ཀྱི་འབྱུང་བཞི་འཁྲུག་པ་ལས་བྱུང་བའི་གོད་ཆག་ཅིག་ཡིན་ཞིང་། སྤྱིར་ད་ལྟའི་བར་འཛམ་གླིང་ཐོག་འབྱུང་བཞིའི་གོད་ཆག་སྣ་ཚོགས་ཤིག་བྱུང་ཡོད་ལ། ས་ཡོམ་གྱི་གོད་ཆག་འདི་ལྟ་བུ་དང་། འདི་ལས་ཆེས་ཚབས་ཆེ་བ་མང་པོ་ཞིག་བྱུང་ཡོད་ཀྱང་བོད་མི་ཚོ་ལ་མཚོན་ན་རང་ཐོག་ལ་བབ་པའི་ཐེངས་འདིའི་ས་ཡོམ་གོད་ཆག་འོག་མྱོང་བའི་སྐྱོ་གདུང་གི་ཚོར་ཤུགས་ནི་ཆེས་གསལ་ཤོས་ཀྱི་ཚོར་ཤུགས་ཤིག་ཡིན་པ་གོར་མ་ཆགས།
དེས་ན་ང་ཚོས་འབྱུང་བཞིའི་གནོད་པ་གང་ཡིན་རང་བྱུང་གི་གནོད་པ་ཞེས་རྩ་ནས་ལྡོག་ཐབས་མེད་པ་ཅིག་ཏུ་གཙིས་ནས་མི་སྡོད་པར་གོད་ཆག་འདིའི་བརྒྱུད་རིམ་ཁྲོད་ནས་ཉམས་མྱོང་གསར་བ་བླངས་ཏེ། གོད་ཆག་གི་རྒྱུ་རྐྱེན་ལ་ཉམས་ཞིབ་ཀྱིས་སྔོན་འགོག་བྱ་ཐབས་ཀྱི་ཤེས་བྱ་བསྡུ་ལེན་དང་། གལ་སྲིད་ས་གནས་གང་ཞིག་ལ་འདི་ལྟ་བུའི་གནོད་འཚེ་བྱུང་ཚེ་ས་གནས་ཀྱི་གནས་བབ་དང་གནོད་འཚེའི་གཞི་རྒྱ་ལ་གཞིགས་པའི་མྱུར་སྐྱོབ་ཀྱི་རིམ་པ་གང་དང་གང་ཡོད་སོགས་གནའ་དེང་གི་བྱེད་ཐབས་ཟུང་འབྲེལ་གྱིས་ལམ་སྟོན་གྲ་སྒྲིག་བྱ་གལ་ཆེ། དེའི་ཕྱིར་གུས་པས་གནའ་དེང་གི་བཤད་ཚུལ་ཁག་ཅིག་གཞི་ལ་བཞག་སྟེ་བསམ་ཚུལ་ཁ་ཤས་གསལ་འདེབས་ཀྱི་ཚུལ་དུ་བརྗོད་འདོད་བྱུང་།
དེང་གི་འཛམ་གླིང་ས་རྒྱུས་རིག་པའི་ངོས་འཛིན་བྱས་པའི་ས་ཡོམ་གྱི་རྒྱུ་རྐྱེན་ནི། དེ་ཡང་ཕྱི་ལོ་༡༩༨༨་ལོར་ཨ་རིའི་རྒྱལ་ས་ཝ་ཤོན་ཀྲོན་ནས་ས་ཡོམ་ཡོང་རྐྱེན་ལ་ཉམས་ཞིབ་བྱས་པའི་ངོས་འཛིན་ལྟར་ན། ས་འོག་ཏུ་ལོ་ངོ་མང་པོའི་རིང་གནས་པའི་རྡོ་ཕ་བོང་ཚག་དམ་པོར་ཡོད་པ་དེ་དག་གློ་བུར་དུ་ལྷོད་པ་དང་།
ཡང་ན་གས་ཆག་ཏུ་གྱུར་བ་ན་རྡོ་ཕ་བོང་དེ་དག་ས་ཡི་བར་སྟོང་ངམ་གས་ཀའི་ནང་དུ་ཤོར་བ་ལ་བརྟེན་ནས་ས་ལ་གཡོ་འགུལ་ཡོང་གི་ཡོད་པར་ངོས་འཛིན་བྱས་ཡོད།
གཞན་ཡང་ས་ཡོམ་མང་ཆེ་བ་ཞིག་ས་འོག་གི་དལ་གྱི་འགུལ་བ་དག་གིས་ས་ཡི་ཕྱི་ཤུན་ལྟ་བུ་ས་ཡི་རང་བཞིན་མཁྲེག་པོ་མེད་པའི་ས་སོབ་སོབ་ཡོད་སར་ཤེད་ཤུགས་ཐེབས་ཏེ་རྡོ་ཕ་བོང་རྣམས་གློ་བུར་དུ་ཆག་པ་ལ་བརྟེན་ནས་ས་ཡོམ་ཡོང་གི་ཡོད་པར་བཤད། དེ་ཡང་ས་དུམ་པར་ཆད་པའི་མཚམས་དེར་ས་ཡོམ་ཡོང་ཞེས་ངོས་འཛིན་བྱེད་ཀྱིན་ཡོད།
དེ་དང་ཅུང་ཟད་བཤད་ཚུལ་མི་འདྲ་བ་རྒྱ་གར་གྱི་ས་རྒྱུས་རིག་པ་བ་པའོ་ཤ་ལི་གྷན་གོ་ལི(poushali Ganguly )ལགས་ཀྱིས་བཤད་པ་ལྟར་ན། ས་ཡི་འོག་ཏུ་ཁྲོ་ལྕགས་བཞུས་མ་ལྟ་བུའི་ཆེས་དྲོད་ཚད་ཆེ་བའི་ས་རྡོ་སོགས་ཀྱི་འདམ་ཆུ་འཁོལ་མ་ཡོད་པ་དང་། འདམ་ཆུ་འཁོལ་མ་དེའི་སྟེང་དུ་ས་ཡི་དུམ་བུ་དག་གཡོ་འཁྱོམ་བྱེད་བཞིན་ཡོད་ཅིང་།
སའི་འོག་གི་འདམ་ཆུ་འཁོལ་མའི་དྲོད་རླབས་ཡར་མར་ལ་རྒྱུགས་པའི་དབང་གིས་ཕྱིའི་ས་ཤུན་ལ་གཡོ་འགུལ་ཐབས་ཀྱི་ཡོད་པ་མ་ཟད། འདམ་ཆུ་འཁོལ་མ་དེའི་དབང་གིས་ས་ཡི་དུམ་བུ་རེ་ཟུང་ས་འོག་ཏུ་བྱིང་བ་དང་རེ་ཟུང་འབུར་ཐོན་གྱིས་ཆེ་རུ་འགྲོ་བ། ཡང་དེའི་དབང་གིས་ས་གཞི་གསར་བ་དང་།
རི་འགོ་གསར་བ་སོགས་འབྱུང་གི་ཡོད་ཅིང་ས་གཞི་གསར་བ་དེ་དག་རིམ་པས་ས་གཞི་གཞན་དང་འཕྲད་དེ་ས་ཁྱོན་གཅིག་ཏུ་གྱུར་བའི་འཕྲད་མཚམས་དེར་ས་ཡོམ་ཡོང་གི་ཡོད་པར་བཤད། མདོར་ན་ས་ཡོམ་གྱི་རྒྱུ་རྐྱེན་དང་ས་ཡོམ་ཞེས་པ་ནི།
ས་འོག་གི་འདམ་ཆུ་འཁོལ་མའི་དྲོད་རླབས་རྒྱུགས་པའི་དབང་གིས་འདམ་ཆུ་འཁོལ་མའི་སྟེང་དུ་གཡེང་བའམ་ལྡིང་བའི་ས་ཡི་དུམ་བུ་དག་འཁོལ་མ་སྙོམས་པ་དང་གནས་སྟངས་མི་འདྲ་བར་གྱུར་བ་ལ་བརྟེན་ནས་ས་གཞི་ལ་འདར་ཡོམ་ཡོང་གི་ཡོད་པ་དེ་ལ་ས་ཡོམ་ཞེས་བཤད།
རྒྱ་ནག་གི་ས་རྒྱུས་རིག་པས་ས་ཡོམ་རྒྱུ་རྐྱེན་ངོས་འཛིན་བྱས་དོན།
སྐྱེ་དགུ་མདོར་ས་འགུལ་རྒྱབ་ནས་ཉིན་ཉི་ཤུ་ཙམ་གྱི་སྐབས་མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྒྲགས་གསལ་ལྟར་ན།
ས་འགུལ་ཡོང་དོན་གཅོ་བོ་ནི་ས་ཡི་གས་སྲུབས་རིམ་པ་དང་གཡོ་འགུལ་རང་བཞིན་ཅན་གྱི་གས་སྲུབས་ཀྱི་རྐྱེན་གྱིས་ཡིན་ཞེས་བཤད་པ་མ་ཟད། མཚོ་སྔོན་ནི་ས་འགུལ་ཤིན་ཏུ་ཡོང་ས་ཞིག་དང་ལྷག་པར་དཀར་མཛེས་ནས་ཡུལ་ཤུལ་ནི་དེ་བས་ས་འགུལ་མང་པོ་ཡོང་སའི་ས་རྒྱུད་རྙོགས་འཛིང་ཅན་ཞིག་ཡིན་ཞེས་བཤད།
གོང་འཁོད་་བཤད་ཚུལ་འདི་དག་གིས་ས་ཡོམ་ནི་ས་ཡི་རང་བཞིན་དང་གནས་བབ་ཞིག་གི་འོག་ནས་ཡོང་གི་ཡོད་པ་ལས་དམིགས་བསལ་གྱི་རྒྱུ་རྐྱེན་གཞན་ཞིག་དང་། ལྷག་དོན་མིའི་ཀུན་སྤྱོད་སོགས་ལ་འབྲེལ་བ་ཡོད་པ་ཞིག་བཤད་མེད།
བོད་ཀྱི་སྐར་རྩིས་རིག་པས་གསུང་བ་ལྟར་ན། རྒྱུ་སྐར་བགྲོད་ཚུལ་གྱིས་ནུས་ཤུགས་ལ་འབྲེལ་བ་ཡོད་པར་བཞེད་དེ། དེ་ཡང་ས་གང་དང་གང་གི་སྟེང་གིི་ནམ་མཁར་གནས་པའི་སྐར་ཁྱིམ་ཡུལ་དུ་བགྲོད་པའི་གཟའ་སྐར་གྱི་ཁམས་དང་དེ་དག་གི་ཕྱིར་ལྡོག་སོགས་ཀྱི་བགྲོད་ཚུལ། དགྲ་གྲོགས་འཐབ་ཚུལ་བཅས་ལ་བརྟེན་ནས་སྣོད་བཅུད་ཀྱི་འགྱུར་ལྡོག་ལུང་དུ་སྟོན་པར་གསུངས་པས་སོ།།སྤྱིར་སྣང་ཚུལ་ལ་འཛམ་གླིང་གི་ཁམས་དང་ནམ་མཁའི་གཟའ་སྐར་གྱི་བར་ཐག་ཧ་ཅང་རིང་བས་ཕན་ཚུན་ལ་ཕན་གནོད་བྱེད་ཐུབ་པའི་འབྲེལ་བ་མེད་པ་ལྟ་བུ་སྣང་མོད་ཀྱང་།
དེ་དག་ཐམས་ཅད་རླུང་གི་རྟེན་གཞི་གཅིག་ལ་བརྟེན་པ་གཅིག་མཚུངས་ཡིན་པས་གཅིག་གི་གནས་སྟངས་དང་བགྲོད་ཚུལ་སོགས་ལ་འགྱུར་བ་སོང་སྟོབས་ཀྱིས་གཞན་ལ་གནོད་སྲིད་པ་ཞིག་ཡིན་པ་ཕལ་ཆེར་རྟེན་འབྱུང་གི་རིགས་པའི་ངོས་ནས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། སྐར་རྩིས་རིག་པའི་གསུང་ཚུལ་འདི་དང་འབྲེལ་བའི་དངོས་སུ་བྱུང་བའི་ཕན་གནོད་ཀྱི་དཔེ་མཚོན་མང་པོ་བགྲང་རྒྱུ་ཡོད་པ་ལས་གཅིག་ནི་ལོ་འདིའི་ས་འགུལ་ལྟ་བུ་རེད། དེ་ཡང་བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་ནས་བཏོན་པའི་ཉིས་སྟོང་བཅུ་ཡི་ལོ་ཐོའི་ནང་གསལ་ལྟར་ན། དྲང་སྲོང་ཉི་བུ་༼སྤེན་པ༽ལོ་ཧྲིལ་ཁྱིམ་གཅིག་ཏུ།།གནས་པས་དགུང་འདིར་ལྷོ་ཡི་ཕྱོགས་དག་ཏུ།།རླུང་འཚུབ་ས་གཞི་གཡོ་བའི་ཉེན་ཁ་མངོན།།ལྷག་པར་ནག་ཟླའི་ཚེས་ཤར་ནས་བཟུང་སྟེ།།ས་ཟླའི་ཉེར་གཉིས་བར་དུ་ཕྱིར་ལྡོག་པས།།ཆར་སྤྲིན་འདུ་ཞིང་ས་གཡོའི་ཉེན་ཡང་ཆེ།།ཞེས་འཁོད།
ལར་འདི་ལྟ་བུ་བོད་ཀྱི་སྐར་ནག་དབྱངས་གསུམ་མཉམ་དུ་འབྲེལ་བའི་ལོ་ཐོ་དག་ཏུ་རྒྱུས་སྟོན་གནང་བ་ཧ་ཅང་མང་ཡང་རིག་གཞུང་འདི་ཉིད་ལ་ལག་ལེན་དང་གོམས་འདྲེས་མེད་མཁན་ལྟ་ཅི། མི་ཚེ་གང་བོར་རིག་གཞུང་འདི་ལ་ཤི་འཐམ་རོ་འཐམ་བྱེད་བཞིན་པ་ཚོས་ཀྱང་ངེས་པ་རྙེད་པའི་ཡིད་ཆེས་དང་བློ་ཐག་ཆོད་པའི་སྤོབས་པས་མ་འདངས་པའམ་། ཡང་ན་ཐུགས་སྣང་ཆུང་བའི་དབང་གིས་ལྷོད་གཡེང་ཤོར་བ་གང་ཡིན་ཁ་ཚོན་གཅོད་དཀའ་ཡང་གང་ལྟར་སྤྱི་ཚོགས་ཁྱོན་ཡོངས་ལ་གནད་དོན་འདི་ལྟ་བུ་ཟུར་བཏོན་གྱིས་ཡོངས་བསྒྲགས་གནང་ཐུབ་ཀྱི་མེད་པར་བརྟེན་རིག་གཞུང་གི་རིན་ཐང་དེ་མངོན་གྱུར་དང་ཡོངས་གྲགས་ཆགས་མ་ཐུབ་པར་རྗེས་ཤུལ་དུ་ལྷག་བཞིན་ཡོད་པས་འབྱུང་འགྱུར་འདི་དང་འདི་ལྟ་བུ་ལ་ཐུགས་སྣང་མང་ཙམ་གནང་གལ་ཆེ་བར་མཐོང་།
དེས་ན་དེང་གི་རིག་གསར་སྨྲ་བས་བཤད་ཚུལ་དང་།གནའ་བོའི་སྐར་རྩིས་རིག་པས་བཤད་ཚུལ་གཉིས་ལ་ས་གནམ་ལྟ་བུའི་ཁྱད་པར་ཆེན་པོ་ཡོད་པས། བཤད་ཚུལ་དེ་གཉིས་ཀའི་གང་ཞིག་ལ་རྒྱུ་མཚན་གོ་འཕེར་དང་།དོན་དངོས་གང་ལ་གནས་ཡོད་མེད་བཅས་ནི། ཞིབ་འཇུག་བྱ་ཡུལ་གྱི་དཔྱད་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད།
སྤྱིར་བྱེད་འབྲས་གང་ཡིན་ཡང་དེ་ལ་དངོས་རྒྱུ་དང་བརྒྱུད་རྒྱུ་སོགས་རྒྱུ་རྐྱེན་ཅི་རིགས་ཡོད་པའི་སྟེང་ནས་བལྟས་ན་བཤད་ཚུལ་དེ་གཉིས་ཀས་རྒྱུ་རྐྱེན་ཕྱོགས་རེ་ལྟ་བུ་ལ་ངོས་བཟུང་ཡོད་པའི་སྣང་ཚུལ་སྟེར་བས་ད་དུང་དངོས་ཀྱི་རྒྱུ་རྐྱེན་དང་།བརྒྱུད་པའི་རྒྱུ་རྐྱེན་གང་ཡིན་ལ་ཞིབ་དཔྱོད་བྱ་དགོས་པར་སེམས།
གོང་གསལ་བཤད་ཚུལ་དེ་གཉིས་དང་མི་འདྲ་བའི་བཤད་ཚུལ་གཞན་ཞིག་ཡོད་པ་ནི། བོད་ཀྱི་གནའ་བའི་རིག་གཞུང་དང་འབྲེལ་བའི་འདུ་ཤེས་འཛིན་སྟངས་དེ་ཡིན་ཞིང་། དེ་ནི་འགྲོ་བ་མིའི་ཀུན་སྤྱོད་དང་འབྲེལ་བ་ཡོད་པ་ཞིག་ཡིན། སྤྱིར་བོད་ཀྱི་སྤྱི་ཚོགས་ཁྲོད་ས་ཡོམ་ནི་རང་བྱུང་གི་གནོད་པ་ཞེས་འབོད་ཀྱི་ཡོད་ཀྱང་དེ་ལ་རྒྱུ་རྐྱེན་གང་ཡང་སྔོན་དུ་མ་སོང་བར་རང་འགར་བྱུང་བ་ཞིག་ལ་ནམ་ཡང་ངོས་འཛིན་བྱེད་ཀྱིན་མེད།
ས་ཡོམ་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་ཕལ་མོ་ཆེ་ས་གཞི་དེ་དང་དེའི་ས་བཅུད་ཉམས་པ་དང་འབྱུང་བཞི་འཁྲུག་པར་བྱེད་པའི་ལས་གང་ཞིག་བྱས་པ་ལས་བྱུང་བར་འདོད་ཅིང། གཙོ་བོ་འགྲོ་བ་མིའི་འདོད་རྔམས་དང་རྨོངས་པའི་ཀུན་སྤྱོད་ངན་པའི་དབང་གིས་རང་བྱུང་ཁོར་
ཡུག་ལ་གནོད་པའི་ལས་འདྲ་མིན་བྱས་པ་ལས་བྱུང་བར་འདོད། དེ་ཡང་བོད་ཀྱི་མེས་པོ་གོང་མ་ཚོས་ས་གཉེན་སློག་པ་དང་ཆུ་གཉེན་དཀྲུག་པ། ཤིང་གཉེན་བཅད་པ་སོགས་ཁོར་ཡུག་ལ་གནོད་པའི་ལས་གང་བྱས་ན་འབྱུང་བཞི་འཁྲུག་པའི་རྒྱུ་རུ་འགྱུར་ཞེས་རྒྱུན་དུ་རང་བྱུང་ཁོར་ཡུག་ལ་བདག་གཅེས་དགོས་པའི་བསླབ་བྱ་མང་པོ་ཞིག་སྒྱུ་རྩལ་གྱི་རྣམ་པ་འདྲ་མིན་སྤྱད་དེ་གསུང་མྱོང་།
བསླབ་བྱ་དེ་དག་གི་ནང་ན་ཁ་ཤས་ལྷ་ཀླུ་གཉན་གསུམ་སོགས་ ཡུལ་ལྷ་གཞི་བདག་འཁོན་པའི་རྣམ་པའི་སྟེང་ནས་བརྩམས་ཡོད། རྩོམ་ཚུལ་འདི་ཕྱོགས་གཅིག་ནས་བལྟས་ན་རྨོངས་དད་ལྟ་བུར་སྣང་ཡང་དོན་དངོས་ལས་གང་ཞིག་གི་རྐྱེན་ཀྱིས་འབྱུང་བཞི་འཁྲུག་པ་ཡིན་པ་ཐག་གཅོད་ཐུབ་པ་ཞིག་རེད།
བཟང་ངན་གྱི་བྱུང་བ་གང་ཡིན་ཡང་དེ་ལ་རྒྱུ་རྐྱེན་ཞིག་ཡོད་ངེས་ཡིན་པས་རང་བྱུང་གི་འབྱུང་བ་འཁྲུག་པ་ལའང་འཁྲུག་པའི་རྒྱུ་རྐྱེན་ཞིག་ཡོད་ངེས་ཡིན།
འབྱུང་བཞི་འཁྲུག་པའི་རྒྱུ་རྐྱེན་ངོ་མ་དེ་གང་ཟག་ཕལ་བ་དག་གི་བློ་ངོར་འཆར་དཀའ་བར་བརྟེན་ཐད་ཀར་གཟུགས་སུ་གྲུབ་པའི་ལྷ་ཀླུ་སོགས་ཀྱིས་འཁོན་པར་བཤད་པ་དེ་ངེས་དོན་ཡིན་མིན་ལ་མ་ལྟོས་པར་ཁོར་ཡུག་སྲུང་སྐྱོབས་ལ་ཕན་ནུས་དང་དོན་སྙིང་ཆེན་པོ་ལྡན་ཡོད། སྤྱིར་བོད་མིའི་སྤྱི་ཚོགས་ནང་ལྷན་སྐྱེས་ལྟ་བུའི་གོམས་གཤིས་བཟང་པོ་མང་པོ་ཅིག་ཞིག་ཡོད་པ་དག་ནི་གང་བྱུང་གིས་གཏེར་ཁ་སྔོག་འདོན་གྱིས་མཚོན་ས་རྐོ་རྡོ་སློག་མི་བྱེད་པ། ཤིང་ནགས་གཅོད་འབྲེག་མི་བྱེད་པ། མི་གཙང་བའི་རིགས་གང་བྱུང་གིས་རྩ་སྔོན་པོ་དང་། མཚོ་དང་མཚོའུ། ཆུ་བོའི་བཞུར་རྒྱུན་སོགས་སུ་མི་འདོར་པ། གང་བྱུང་གི་ཐབ་སྲེག་གཞོབ་སྲེག་མི་བྱེད་པ་སོགས་ཀྱི་འདུ་ཤེས་དེས་ཁོར་ཡུག་སྲུང་སྐྱོབ་ལ་ཉེས་མེད་རི་དྭགས་འདབ་ཆགས་དང་།ཐ་ན་འབའ་འབུ་སོགས་ལ་གནོད་འཚེ་མི་བྱེད་པ་མ་ཟད། ས་ཆུའི་བཅུད་མི་ཉམས་པ་དང་གསོ་བའི་ཕྱིར་ཆོ་ག་ལྟར་གསེར་དངུལ་ཟངས་ལྕགས་སོགས་རིན་ཆེན་སྣ་ལྔ་དང་དཀར་གསུམ་མངར་གསུམ། སྨན་སྣ་འདྲ་མིན་གྱི་ས་གཏེར་ཆུ་གཏེར་འཇོག་པ་སོགས་བྱེད་གྱིན་ཡོད་སྟབས་འབྱུང་བཞི་འཁྲུག་པའི་རང་བྱུང་གི་གནོད་འཚེ་བྱུང་བ་ཧ་ཅང་ཉུང་ཉུང་ཡིན་ལ།
སྐྱེ་དགུ་མདོའི་གོད་ཆག་འདི་ལྟ་བུ་སྔར་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་དེ་ནི་སྔར་སྲོལ་བཟང་པོའི་གྲུབ་འབྲས་ཤིག་ཏུ་ངོས་འཛིན་ཞུ་འོས་པར་སེམས།
བོད་ཀྱི་ཁོར་ཡུག་ད་ལྟ་བར་ལྟོས་འཇོག་གིས་གཙང་ཉར་གྱི་རྣམ་པར་གནས་པ་དེ་ཡང་བྱེད་སྒོ་དེ་དག་གི་གྲུབ་འབྲས་ཤིག་ཡིན་པ་དེང་གི་ས་རྒྱུས་ཚན་རིག་དང་གནམ་གཤིས་ཚན་རིག་པ་དག་གིས་ཁོར་ཡུག་ལ་གནོད་པའི་བྱ་སྤྱོད་ཕྱོགས་བསྡོམས་བརྒྱབ་པ་ལས་ར་སྤྲོད་ཐུབ་པ་ཞིག་རེད། དེ་ཡང་སྔར་ལོའི་ཀོ་པན་ཧན་གྷན་གྱི་ཚོགས་འདུའི་ངོ་བོ་དང་དམིགས་ཡུལ་དག་ལས་ཀྱང་ཤེས་རྟོགས་ཐུབ།
རྒྱ་ནག་གཞུང་གིས་མཐོ་སྒང་སྤྱི་དང་ལྷག་དོན་ད་ལམ་ས་ཡོམ་བྱུང་སའི་ཡུལ་འདི་རྨ་འབྲུ་རྫ་གསུམ་གྱི་འབྱུང་ཁུངས་ཡིན་པའི་ཆ་ནས་སྲུང་སྐྱོབས་བདག་གཅེས་དགོས་པའི་གཙོ་གནད་ཅིག་ཏུ་ངོས་འཛིན་ཡོད་པའི་ཁ་གཡང་སྒྲོག་གིན་ཡོད་མོད་ཀྱང་།
དོན་དངོས་རྒྱ་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་རྨ་འབྲུ་རྫ་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེ་རེ་བཞིན་བགྲང་གིས་མི་ལང་ལ། ཐེངས་འདིའི་གོད་ཆག་དེ་ཡང་ཡུལ་དེའི་སའི་རང་བཞིན་ཙམ་མ་ཡིན་པར་གཏེར་དངོས་སྔོག་འདོན་དང་ཆུ་གློག་འཛུགས་བསྐྲུན་སོགས་ལ་འབྲེལ་བ་མེད་ཅེས་བཤད་དཀའ།
དེས་ན་ང་ཚོས་འབྱུང་འགྱུར་ཡང་སྔར་སྲོལ་བཟང་པོ་རྒྱུན་འཛིན་དར་སྤེལ་དང་ལག་ལེན་ཟུང་འབྲེལ་གྱིས་རང་ཉིད་གནས་སྡོད་བྱེད་སའི་ཁོར་ཡུག་འདི་ལ་བདག་གཅེས་སྔར་ལྷག་གནང་དགོས་པ་ནི་ཐེངས་འདིའི་གོད་ཆག་འདིའི་བརྒྱུད་རིམ་ལས་ཤེས་རྟོགས་ཐུབ་དགོས་ངེས་རེད།
སྤྱིར་འདུས་བྱས་ཐམས་ཅད་མི་རྟག་ཅིང་མི་བརྟན་པར་འགྱུར་བའི་ཆོས་ཅན་ཡིན་པས་རྟག་བརྟན་ཐེར་ཟུག་ཏུ་བསྒྱུར་བའི་ཐབས་བྱུས་ཤིག་སུས་ཀྱང་རྙེད་རྒྱུ་མེད་མོད། འོན་ཀྱང་རྟེན་གཞི་འཇིག་རྟེན་འདིའི་ཡུན་ཚད་ཐུང་དུ་གཏོང་བ་དང་།
གང་མྱུར་འཇིག་པའི་འཕྲལ་རྐྱེན་སྣ་ཚོགས་ཆེད་དུ་མི་གཉེར་བ་དང་།འབྱུང་བཞི་མི་འཁྲུག་པར་བརྟན་བརླིང་ཡོང་ཐབས་ལ་གོང་དུ་བརྗོད་པ་བཞིན་རྒྱུན་དུ་ཁོར་ཡུག་ལ་བདག་གཅེས་དང་གཙང་ཉར་བྱ་རྒྱུ་དེ་ལས་མ་འདས་ཤིང་། མི་རྒྱུ་གཉིས་ལ་གོད་ཆག་དང་གནོད་སྐྱོན་ཚབས་ཆེན་མི་འོང་བའི་ཐད་ལ་སྔོན་འགོག་གི་ཤེས་བྱ་གང་མང་ཞིག་ཡོད་པར་ངེས་ཏེ། དེ་ཡང་བོད་མི་རིགས་ཀྱི་སྲོལ་རྒྱུན་ལྟར་ན། དགེ་འདུན་སྡེ་ཡི་འདུ་ཁང་དང་གཙུག་ལག་ཁང་། རྒྱལ་བོའི་ཕོ་བྲང་དང་མང་ཚོགས་དཀྱུས་མའི་ཁང་ཁྱིམ་སོགས་གསར་བཞེངས་སྐབས་གང་དུ་རྩིག་པའི་ས་དང་ཆུ་སོགས་ལེགས་པར་བརྟག་ཅིང་དཔྱད་དེ་དང་པོར་ས་སློང་བ་དང་། དེ་ནས་ཆོ་ག་ལྟར་ས་འདུལ་བྱེད་པ་སོགས་མཁས་པའི་གཞུང་དང་བླ་མའི་མན་ངག
མཐོང་ཐོས་གོམས་པའི་ཉམས་མྱོང་བཅས་གཞི་ལ་བཞག་སྟེ་ད་གཟོད་ཁང་བརྩེགས་ཀྱི་རིམ་པ་ལྟར་རྨང་རྡོ་རྩིག་པ་སོགས་ལས་དངོས་ལ་འཇུག་པར་བྱེད་པའི་སྲོལ་རྒྱུན་གྱི་ཤེས་བྱ་ཧ་ཅང་ཕྱུག དེའི་སྟབས་ཀྱིས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་གསོན་ཉམས་ལྡན་པའི་མཁར་ཤུལ་མང་པོ་ཞིག་ད་དུང་མཐོང་རྒྱུ་ཡོད་པས་ཀྱང་ར་སྤྲོད་བྱེད་ཐུབ།
དེས་ན་ང་ཚོས་འབྱུང་འགྱུར་ཁྱིམ་གཞི་གསར་བ་སོགས་འགྲོ་བ་མིའི་འགྲོ་འདུག་སྤྱོད་གསུམ་གྱི་གནས་གཞི་གང་ཞིག་གསར་བཞེངས་སྐབས་གནའ་དེང་གི་ས་དཔྱད་རིག་པའི་བརྟག་ཐབས་སོགས་སྣང་མེད་དུ་མི་འཇོག་པར། ཁང་པ་རྩིག་སའི་ས་ཡི་གནས་བབ་དང་ཁང་པའི་རྒྱུ་སྤུས་སོགས་ལ་སྔར་ལྷག་གཟབ་ནན་བྱ་དགོས་པ་ནི་སྐྱེ་དགུ་མདོའི་གོད་ཆག་གི་ཉམས་མྱོང་ལས་ངེས་ཤེས་བརྟན་པོ་རྙེད་ཐུབ།
དེ་ཡང་བོད་ལ་མཚོན་ན་འབྱུང་བའི་གནོད་པ་གང་མང་ལ་ཁ་ཕྱོགས་ཏེ་སྔོན་འགོག་དང་བཅོས་ཐབས་ཀྱི་རིག་གཞུང་གང་མང་མཁས་པའི་རྣམ་དཔྱོད་དང་རྒན་པའི་ཉམས་མྱོང་ཟུང་དུ་འབྲེལ་ཏེ་ཕྱོགས་བཏུས་གནང་ཡོད་ལ། ལྷག་དོན་ས་ཆུ་སོགས་ལ་དཔྱད་ཐབས་ཀྱི་རིག་པའི་གཞུང་ལུགས་མང་པོ་ཡོད་དེ། དཔེར་ན། སློབ་དཔོན་པདྨའི་གསང་སྔགས་ལམ་རིམ་ལས་བྱུང་བའི་ས་དཔྱད་ཐོར་བུ།སའི་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་རྣམ་གཞག་བྱེ་མ་བརྡལ་སྤུངས་ཞེས་བྱ་བ། ས་དཔྱད་སྡོང་པོ་དགུ་འདུས་ཀྱི་མན་ངག་ལག་ཏུ་ལེན་ཐབས། ཞེས་བྱ་བ། རི་ཆོས་མཚམས་ཀྱི་ཞལ་གདམས་ལས་ས་དཔྱད་རིན་ཆེན་ཀུན་འདུས། ཞེས་པ། དགྲ་བཅོམ་སེངྒེ་གླིང་པས་ཇོ་བོ་དཔལ་ལྡན་ཨ་ཏི་ས་ལ་ཕུལ་བའི་ས་དཔྱད་རིན་པོ་ཆེའི་ཐེམ་སྐས།ཞེས་བྱ་བ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻཌཱརྱ་དཀར་པོ་ལས་བྱུང་བའི་ས་དཔྱད།ས་དཔྱད་ཚིག་དོན་ཀུན་གསལ་འདོད་རྒུ་འབྱུང་བའི་རིན་ཆེན་བུམ་བཟང་། ཞེས་པ། མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་ས་ཆུ་ཤིང་གི་དཔྱད་པ།གཞན་ཡང་ས་དཔྱད་ཉུང་བསྡུས་ཤེལ་དཀར་མེ་ལོང་།ཞེས་པ། ནོར་འཛིན་དཔྱད་པ་ལེགས་ཉེས་འབྱེད་པའི་ལྡེ་མིག ཅེས་པ། ས་བརྟག་བསླང་སྦྱང་གསུམ་བུམ་གཏེར་དང་བཅས་པའི་ལག་ལེན་མདོར་བསྡུས་ཨུཏྤལ་ཆུན་པོ།ཞེས་བྱ་བ་སོགས་ས་ཆུ་སོགས་ལ་བརྟག་དཔྱད་བྱེད་ཚུལ་ཐོས་ན་ཡ་མཚན་པ་བསམ་ན་དོན་ལྡན་པ་མང་པོ་ཡོད་པས་ང་ཚོས་སྲོལ་རྒྱུན་གྱི་གཏེར་མཛོད་འདི་དག་སྣང་མེད་དུ་མི་འཇོག་པར་སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་དུ་ལག་ལེན་ཡོང་ཐབས་ལ་ཧུར་བརྩོན་བྱ་དགོས་ངེས་ཡིན་ཞིང་།
མི་ཀུན་གྱིས་ཆེད་སྦྱོང་བྱ་དགོས་པའི་གནས་ཤིག་མིན་ཡང་འདི་དང་འདི་འདྲའི་སྟེང་ལ་ཁྱད་མཁས་མི་སྣ་གསོ་སྐྱོང་བྱ་དགོས་པ་ནི་བཤད་མ་དགོས་པ་རེད།
དེ་ཡང་སྲོལ་རྒྱུན་གྱི་བཤད་ཚུལ་གཅིག་བུ་གཙིག་འཛིན་བྱས་ནས་མི་སྡོད་པར་དེང་གི་ས་རྒྱུས་ཆུ་རྒྱུས་གནམ་རིག་སོགས་དང་མཚུངས་བསྡུར་གྱིས་ལག་ལེན་དངོས་ཀྱི་ནང་མངོན་གྱུར་བྱུང་པ་རྣམས་སྤྱི་ཚོགས་བདེ་འཇགས་དང་།གོད་ཆག་སྔོན་འགོག་གི་ཤེས་བྱ་དང་ཐབས་བྱུས་སུ་བཟུང་སྟེ་བརྒྱུད་རིམ་ལྡན་པའི་ཐོག་ལམ་སྟོན་བྱ་རྒྱུ་དེ་གཙོ་གནད་ཡིན།
ཁང་ས་བརྟག་རྒྱུ་གཙོ་གནད་དུ་འཛིན་དགོས་པ་མ་ཟད། ས་ཡོམ་གྱི་ཤུགས་ཚད་གང་གིས་ཀྱང་གནོད་འཚེ་མི་ཐེབས་པའི་ཨར་ལས་འཛུགས་བསྐྲུན་ལ་ཆེས་གཙོ་གནད་བྱ་དགོས། ས་ཡོམ་རྒྱུན་དུ་ཡོང་སའི་རྒྱལ་ཁག་དང་། ལྷག་དོན་དེ་ལ་ཁ་གཏད་ལྕོགས་པའི་ཚན་རིག་གི་ལག་བྱང་ལྡན་པ་ཉི་ཧོང་ལྟ་བུའི་ཨར་ལས་ཤེས་བྱ་དང་ཁོང་ཚོའི་ཉམས་མྱོང་བསྡུ་ལེན་བྱ་རྒྱུ་ནི་མ་འོངས་རང་བྱུང་གི་གོད་ཆད་སྔོན་འགོག་གི་བྱེད་ཐབས་ཉག་གཅིག་ཡིན་ནོ།།
དེང་སྐབས་འཛམ་གླིང་གང་སར་ས་ཡོམ་གྱི་གནོད་པ་གཡོལ་ཐབས་དང་། མྱུར་སྐྱོབས་བྱེད་ཕྱོགས་ཀྱི་ལམ་སྟོན་མང་པོ་བརྙན་འཕྲིན་དང་། དཔེ་རིས་སོགས་བརྒྱུད་ལམ་འདྲ་མིན་སྤྱད་དེ་ངོ་སྤྲོད་བྱེད་བཞིན་ཡོད་པ་ལ་ཐུགས་སྣང་ཡིད་འཇགས་དང་། སྦྱོང་བརྡར་བྱ་གལ་ཆེ་ཞིང་།
དེ་ཡང་གནོད་འཚེ་གཡོལ་ཐབས་དང་མྱུར་སྐྱོབ་ཀྱི་ལས་རིམ་ཐད་ལ་གཅིག་གྱུར་གྱིས་ལམ་སྟོན་གནང་བ་ལྟར་ན་རྣམ་གྲངས་མང་པོ་ཡོད་པས་དེ་ཚོ་བརྒྱུད་ལམ་གཞན་ནས་ཤེས་ཐུབ་པས་གཤམ་དུ་དཔེ་མཚོན་གྱི་རང་བཞིན་ཙམ་ལས་འགོད་རྒྱུ་མིན།
༡༽རང་ཉིད་ཐར་ཐབས།
༢༽རང་ཉིད་སྐྱོབ་ཐབས།
༣༽ གཞན་ཐར་ཐབས།
༤༽གཞན་སྐྱོབ་ཐབས།
༥༽ཛ་དྲག་གི་ནད་པ་སྐྱོབ་ཐབས།
༦༽སེམས་ཁམས་ཞི་འཇགས་ཡོང་ཐབས། ༧༽རྒྱལ་ཁབ་དང་མང་ཚོགས་ཀྱི་གདུང་སེམས་མཉམ་བསྐྱེད། ༨༽ཁྱིམ་གཞི་དང་སློབ་གྲྭ་གསར་བའི་ཇུས་འགོད།
༩༽ཕྱོགས་ཡོངས་ལ་བཀོད་འདོམ་བྱེད་སྟངས།་་་་
༡༠༽སྤྱི་ཡོངས་ཀྱི་འཛུགས་བསྐྲུན་གསར་ལས་སོགས་ཚུད་ཡོད་ཅིང་། ་དོན་ཚན་འདི་དག་ནི་མང་ཚོགས་སྤྱི་ཡོངས་ཀྱིས་ཤེས་དགོས་པའི་ཆེས་གལ་ཆེའི་སློབ་ཚན་ཞིག་ཡིན་ནོ།།
ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན། ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱོད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས། བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱོད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས།
ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་ སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།
དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།
༄༄།། མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ།
ད་ལམ་ཡུལ་ཤུལ་ས་ཁུལ་དུ་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་གཅོ༹ས་བོད་ཕྱི་ནང་གཉིས་ཀྱི་རིས་མེད་རྒྱལ་སྲས་བླ་སྤྲུལ་རྣམ་པ་དང་ ཆོས་རྒྱུད་གདན་ས་ཁག་སོ་སོ་དང་ བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་རོགས་སྐྱོར་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་སྒ་ར་ཉག་དགོན་པའི་ཁྲི་པ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག་གི་དགོན་གསར་ལ་ཧ་ཅང་གི་གནོད་སྐྱོན་ཆ༹བས་ཆེན་བྱུང་ཡོད་ན་ཡང། རིན་པོ་ཆེ་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་ཤུལ་ལུས་སྤུན་ཟླ་འདས་གསོན་ཁོ་ན་ལ་དམིགས་སྟེ། རོགས་སྐྱོར་གནང་འདུག་པས་སྒོ་གསུམ་དངས་བ་ཆེན་པོ་སྒོ་ནས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་བཅས། གཤམ་གྱི་དབྱིན་ཡིག་ནང་འཁོད་གནས་ཆུ༹ལ་འདི་ནི་www.phayul.comརྒྱུད་ནས་འདོན་སྤེལ་བྱས་པ་ཡིན་ལགས།།
Earthquake Victims in Remote Areas of
Kyigudo Still Await Relief
TibetNet ( Monday, May 10, 2010 19:01 )
Dharamshala: The Tibetan nomadic and agricultural communities located in some of the remotest and worst quake-hit areas near Kyigudo in northeastern Tibet are facing enormous sufferings as they have still not received any aid, a Tibet monk of Ranyag Monastery situated in one of the isolated areas some 40 km from Kyigudo, who is living in Dharamsala, told TibetNet.
“The rescue effort initiated by the Chinese government to bring relief to the victims during the crisis were of immense help and were widely reported in various media channels. But relief has still not reached to affected people living in some of the isolated areas as no reports about them appeared in the media,” the monk said on condition of anonymity.
He said when earthquake struck Kyigudo on 14 April, the Ranyag Monastery dispatched a rescue team of 170 monks to the worst-hit areas of Rongpo and Karda. The monks succeeded in retrieving around 200 people alive from the rubble, helped thousands of injured and assisted in consigning around 96 corpses into Drichu river after conducting religious rites for the departed souls. On hearing the grave tragedy in Kyigudo, the revered head of the monastery invited medical teams from Taiwan and Japan to assist the victims. The monastery also provided essential relief materials worth 21,50,000 yuan, consisting of 300 yuan to each family, 100 tents, 6,000 kg of wheat and rice, 7,500 kg of roasted barley flour, 500 kg of butter, 1,000 noodle packets, 3,000 blankets and 2,500 clothes.
He said the Tibetans living in monastery, nomadic and farming communities located in remote areas hope to receive assistance from the Chinese government during the reconstruction of Kyigudo region.
They deeply expressed their sincere appreciation and gratitude for the prayers and solidarity offered by His Holiness the Dalai Lama and the general Tibetan populace living in exile, he added.
He further said Tibetans living both in and outside Tibet are deeply concerned over a nearly completed seven-storied Buddhist learning centre, library and staff quarter built by the Ranyag Monastery over a sprawling 1000 acres of land, which had suffered heavy damage due to the earthquake. The institute has the capacity to accommodate 5,000 students. The five-year construction, which started in 2006, cost over 10 million US dollars. The Tibetans feel disheartened for losing an important aspect of the Tibetan culture. The monks also felt greatly disappointed that the Chinese Premier Wen Jiabao did not visit the monastery during his inspection visit to Rongpo.
Photo of the Buddhist learning centre building by Ranyag Monastery before strong the earthquake stuck Kyigudo in Tibet.
Ranyag Monastery’s Buddhist learning centre suffer heavy destruction due to the earthquake. Tibetans are deeply concerned over the debilitating state of this important learning centre of Tibetan culture and tradition
Monks of Ranyag Monastery help in delivering consignments of relief materials to the worst quake-hit areas of Kyigudo
Rescue monks of Ranyag Monastery brave heavy snow to assist Tibetans affected by earthquake in remote areas of Kyigudo in northeastern Tibet
Revered head of Ranyag Monastery offering spiritual solace to members of families affected by the tragedy
A member of medical team from Taiwan gives treatment to a injured monk.
One of a big tensional cracks seen on a land surface in one of the worst quake-hit regions of Kyigudo in TIbet
This story has been read 6820 times.
Film
TibetPhotos
Monastery
Advertisement
Tibetan Buddhist JewelryOM Buddha Jewelry Pendant, Bracelet, Necklace, Rings www.best-silverjewelry.com
Nepal Tibet Bhutan TourPlan an adventure holidays with Local Operator, Join-in Treks,Tours www.nepalmakalu.com
Buddhist Mala Jade AmuletUnbeatable Service Unbeatable Price Free Sh
དགེ་བཤེས་བསྟན་པ་བཀྲ་ཤིས་ལགས། བོད་ཀྱི་མཛེས་མ་ལ་ཐུགས་རྗེ་ཆེ་ཞུ་དགོས་ས་མ་རེད་ མོ་རང་གིས་སེང་ལྕམ་འབྲུག་མོ་ལ་ ༼སེང་ཆུང་འབྲོག་མོའི་༽ ཞེས་མིང་གསར་པ་ཞིག་བཏགས་འདུག་།
དགེ་བཤེས་ལགས་ཀྱིས་ཐུགས་བརྩེ་བ་ཆེན་པོས་ལམ་སྟོན་གནང་བར་སྙིང་ནས་དགའ་ཡོད་། ཁྱེད་ཀྱིས་རྩོམ་དེ་ཚོ་གསར་ཤོག་གཞན་སོགས་སུའང་འགོད་གནང་ན་ཕན་ཐོགས་ཡོང་ས་རེད་། ཐུགས་རྗེ་ཆེ་ཞེས་ཞུ་
ས་གཡོ་བའི་འཇིགས་པ་ལས་ཐར་བ་ཤོག་།
བོད་ཀྱི་མཛེས་མ་ལགས། དག་བཅོས་གནང་པར་ཐུགས་རྗེ་ཆེ། ཁ་སྐད་ལ་དེ་འདྲ་ཞིག་སྤྱོད་སྲོལ་པས་དེ་ལྟར་བྲིས་པ་ཡིན།
སྐུ་ཞབས་བྱམས་རྒྱལ་ལགས།
རང་ཉིད་ཐར་ཐབས་དང་རང་ཉིད་སྐྱོབས་ཐབས་ཞེས་པ་གཉིས་ནི་ཛ་དྲག་གི་རང་བཞིན་ལྡན་པའི་བྱ་བའི་གོ་རིམ་ཞིག་ཡིན།
དང་པོ། རང་ཉིད་ཐར་ཐབས་ཞེས་པ། ས་ཡོམ་རྒྱབ་མ་ཐག་ཁང་ཁྱིམ་ནས་ཕྱི་ལོག་སོགས་གནས་བརྩན་ས་ཞིག་ལ་ཐར་ཐབས་བྱེད་པ་ལ་གོ་དགོས། དེ་ཡང་ཐོག་བརྩེགས་མཐོ་ས་དང་སྒོའུ་ཁུང་སོགས་ནས་མི་མཆོངས་པར་ཁང་པའི་སྒོ་ནས་འཚང་ཁ་མེད་པའི་ངང་ཕྱིར་ཐོན་ཐབས་བྱ་དགོས་ཤིང་། ཕྱིར་ཐོན་སྐབས་ཁང་བརྩེགས་མཐོ་ས་དང་རྩིག་འགྲམ་དུ་མི་སྡོད་པར་ཁོར་ཡུག་ཡངས་ས་ཞིག་ཏུ་བྲོས་དགོས། སློབ་ཁང་དང་མང་ཚོགས་མང་སར་དངངས་སྐྲག་དང་འཚུབ་ཆ་ཤུགས་ཆེན་ཡོང་སྲིད་པས་དགེ་རྒན་དང་མི་བསམ་ཡོད་ཚོས་བརྟན་བརླིང་ལྡན་པའི་བཀོད་སྒྲིག་ལྟར་བརྩན་སར་ཐོན་ཐབས་བྱ་དགོས་པར་བཤད།
གཉིས་པ།རང་ཉིད་སྐྱོབས་ཐབས་ལ་རྣམ་གྲངས་མང་པོ་ཡོད་པར་བཤད། ཕྱི་ལོག་སོགས་གནས་བརྩན་སར་ཐར་མ་ཐུབ་ཚེ་ཉལ་ཁྲི་དང་ཅོག་ཙེ།་སོགས་ཀྱི་ འོག་ཏུ་འཛུལ་པ་དང་།ཡན་ན་ཐབ་ཚང་དང་གསང་སྤྱོད་ལྟ་བུའི་གུ་དོག་སའི་ཁང་པ་སོགས་ཀྱི་
ནང་འབྲོས་ཐབས་བྱ་རྒྱུ། དེ་ལྟར་མ་བྱུང་ན་མགོ་བསྔས་སོགས་ཀྱིས་མགོ་བཀབ་སྟེ་ཤེལ་སྒོ་སོགས་ཆག་སླ་བའི་ཕྱོགས་སུ་མི་སྡོད་པར་ཁང་པའི་གྲུ་ཟུར་ནས་ཙོག་ཙོག་བྱས་ནས་སྡོད་དགོས། གལ་སྲིད་རང་ཉིད་ཁང་པའི་ནང་ནས་ཐར་མ་ཐུབ་པར་ཉིན་ཞག་མང་པོ་ལྷག་ཚེ་སྐད་འབོད་མི་བྱེད་པར་ཅ་དངོས་གང་ཞིག་སྤྱད་དེ་ཕྱིའི་མི་ལ་བརྡ་ལན་སྤྲོད་ཐབས་བྱེད་དགོས།
བཀྲོས་སྐོམ་འོག་ཉིན་ཞག་འདས་ཚེ་རང་གི་གཅིན་དང་ཆབ་ཆེན་སྤྱོད་དགོས། གལ་སྲིད་ལུས་ལ་རྨས་སྐྱོན་བཟོས་ཡོད་ཚེ་རྨ་ཁ་རིས་སོགས་ཀྱིས་དཀྲིས་ཏེ་ཁྲག་མ་ཤར་བའི་ཐབས་ཤེས་ངེས་པར་བསྟེན་དགོས་པ་མ་ཟད། རྨ་ཁར་གཅིན་པ་བསྐུས་ཏེ་གཉེན་ཁ་མི་ཡོང་བའི་ཐབས་ཡང་བསྟེན་དགོས། རྩིག་རོའི་འོག་ནས་འགུལ་འཕག་ཅུང་ཟད་བྱེད་ཐུབ་ཚེ་དལ་གྱིས་རྩིག་རོ་དག་ལུས་སྟེང་ནས་བསལ་ཐབས་དང་ལུས་སྟེང་གི་རྩིག་རོ་ཆེ་བ་རྣམས་ཤིང་དང་སོ་སྤགས་སོགས་ཀྱིས་ཡར་གདེགས་ཐབས་བྱ་རྒྱུ། གལ་སྲིད་རྩིག་རོ་སོགས་ཀྱིས་ཤུགས་ཆེར་མནན་ཡོད་ཚེ་ཐར་ཐབས་མི་འདུག་སྙམ་པའི་རེ་ཐག་མི་གཅོད་པར་སྐྱོབ་མཁན་ཞིག་སླེབས་པའི་རེ་བ་དང་ཐར་ཐུབ་པའི་སེམས་པའི་འཕེན་པ་ངེས་པར་གཏོང་དགོས།
གཞན་ཐར་ཐབས་དང་སྐྱོབས་ཐབས་ཞེས་པ་གང་ཟག་རང་གི་འགན་ཁུར་ལེན་སྟངས་ཤིག་ཡིན། གསུམ་པ། གཞན་ཐར་ཐབས་ནི། ས་ཡོམ་ཡོང་ཉེན་ཡོད་པའི་མངོན་རྟགས་གང་རུང་རང་གིས་ཤེས་ཚོར་བྱུང་ཚེ་གཞན་དག་ལ་སྔོན་བརྡ་གཏོང་རྒྱུ་དེ་ཡིན་ཞིང་། དེ་ཡང་ལོ་ཐོ་སོགས་ཀྱི་ནང་དམིགས་བསལ་ས་ཡོམ་ཡོང་བའི་ཉེན་བརྡ་དང་། ལྷག་དོན་ཟླ་ཚེས་སོགས་དུས་ཚོད་རྒྱས་བཅད་གནང་བ་དེ་འདྲ་མཐོང་བ་དང་། ཡང་ན་གསར་ལམ་སོགས་ནས་ས་ཡོམ་ཡོང་ཉེན་གྱི་གནས་ཚུལ་གོ་ཐོས་བྱུང་བ་སོགས་བྱུང་ཚེ་གཞན་ལ་ངེས་པར་བཤད་དགོས།
ས་ཡོམ་མ་འོང་སྔོན་དུ་སྒོ་ཕྱུགས་རྟ་དང་ཕག། ཁྱི་དང་བ་གླང་ལ་སོགས་སྲོག་ཆགས་རྣམས་ཀྱི་གཤིས་སྤྱོད་ལ་འགྱུར་བ་ཡོང་གི་ཡོད་པས་དེ་དག་གི་སྤྱོད་ཚུལ་ལ་གཞིགས་ནས་གཞན་ལ་སྔོན་བརྡ་གཏོང་དགོས་པ་མ་ཟད། འབྲུག་སྐད་ལྟ་བུའི་སྒྲ་གྲགས་པ། ས་ཐོག་ཏུ་ཐལ་ཞག་འཁོར་བ་སོགས་མཐོང་དུས་གཞན་ལ་ལན་བརྡ་སྤྲོད་རྒྱུ་དང་། ས་ཡོམ་ཆུང་ཚགས་བྱུང་བ་ཚོར་སྐབས་འཕྲལ་དུ་ཉེ་འཁོར་ལ་བརྡ་ཁྱབ་བཏང་སྟེ་ཁང་པའི་ནང་ནས་ཕྱིར་ཐོན་ཐབས་བྱ་རྒྱུ། གློག་སྒྲོན་གྱི་མ་ལག་དང་གེ་སུ་སོགས་འབར་རྫས་རིགས་ལ་དོ་སྣང་བྱ་དགོས་པ། ལྷག་པར་མི་ཚོགས་མང་ས་དགོན་པའི་འདུ་ཁང་དང་སློབ་ཁང་། ཚོགས་འདུ་ཆེན་པོའི་སྐབས། གློག་བརྙན་ཁང་སོགས་སུ་ཡོད་སྐབས་བློ་རིག་རྣོ་མྱུར་དང་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་མང་ཚོགས་བཀོད་སྒྲིག་གང་འོས་བྱེད་པའི་སྣེ་ཁྲིད་ལམ་སྟོན་བྱ་དགོས་ཤིང་། དེ་ཡང་གློ་སྒོ་སོགས་སྒོ་གཅིག་གི་ནང་དུ་འཚང་ཁ་མི་རྒྱག་པར་སྒོ་གང་ས་ནས་ཐོན་ཐུབ་པའི་ལམ་སྟོན་དང་། ལྷག་དོན་མང་ཚོགས་དངངས་སྐྲག་མི་ཡོང་བའི་ཐབས་ཤེས་སྤྱོད་དགོས་པ་མ་ཟད། ཕྲུ་གུ་ལོ་ན་ཆུང་བ་རྣམས་ལ་དེ་བས་དངངས་སྐྲག་མི་ཡོང་ཆེད་ཕ་མའི་བྲང་གར་ཉར་ཐབས་བྱ་དགོས་པ་སོགས་གཞན་ཐར་ཐབས་ཀྱི་ཤེས་བྱ་མང་པོ་ཡོད།
བཞི་པ། གཞན་སྐྱོབས་ཐབས་སོགས་ཕྲན་གྱི་ཟིན་བྲིས་སུ་རིམ་པས་བཀོད་ཆོག་པ་ཞུ།
དགེ་བཤེས་བསྟན་པ་བཀྲིས་ལགས་སུ་ཞེ་ཐག་པ་ནས་རྗེས་སུ་ཡི་རངས་ཞུ།
རྩོམ་ཡིག་བྲིས་པ་དང་གང་འབྲི་བྱའི་བརྗོད་དོན་རྣམས་ཧ་ཅང་ལེགས་པོ་འདུག་འོན་ཏང་ཧ་ཅང་རིང་དྲག་པས་དུས་དེབ་ག་གེ་མོ་ཞིག་གི་ཐོག་འགོད་རྒྱུའི་རྩོམ་ཡིག་ལས་དྲ་ལམ་ཐོག་འགོད་རྒྱུའི་རྩོམ་ཡིག་ཅིག་རེད་མི་འདུག་་ང་ལྟ་བུ་རང་འབྱུང་ཁམས་ཀྱི་ཁུར་ཡུག་སྐོར་དོ་སྣང་་མི་དམན་ཙམ་ཡོད་མཁན་ཞིག་ཡིན་ནའང་ཁྱེད་ཀྱི་བྲིས་པ་ཕྱེད་ཙམ་ལས་བཀླགས་ཁོམ་མ་བྱུང།རྗེས་སོར་ཁྱེད་དང་དུས་བབ་ཚང་གིས་དྲ་ལམ་ཐོག་འགོད་རྒྱུའི་རྩོམ་བྲིས་ལ་ཚོད་འཛིན་ཞིག་གནོངས་རོགས།
རྩོམ་ཡིག་འདིའི་མགོ་ཐོག་ཏུ་རྫ་སྐྱེ་དགུ་མདོ་ཞེས་བྲིས་པ་ནོར་བ་རེད།་རྫ་མ་རེད།་སྒ་རེད།་སྐྱེ་རྒུ་མདོ་རེད།་གླིང་རྗེ་གེ་སེར་རྒྱལ་པོའི་བཙུན་མོ་སེང་ཆུང་འབྲོག་མོའི་ཡབ་ཆེན་སྒ་སྐྱ་ལོ་བསྟན་པ་རྒྱལ་མཚན་འཁྲུང་ས་ཡིན་པས་སྒ་སྐྱེ་རྒུ་མདོ་ཞེས་བརྗོད་པ་རེད།
གདོད་མའི་བོད་མེས་རྣམས་ཀྱི་ས་ཡོམ་གྱི་རྐྱུ་རྐྱེན་ལ་ས་ཡི་གོ་ལ་འདིའི་འོག་ཉ་དང་རུས་སྦལ་ཆུ་སྲིང་སོགས་ཡོད་པ་ལས་དེ་དག་གི་རྔ་མ་དང་གཤོག་པ་རྐང་ལག་དང་ཉིང་ལག་རྣམས་གཡོ་འགུལ་བྱེད་པ་ན་དེ་དག་གང་དུ་ཡོད་སའི་ས་དེའང་སྟེ་དབང་གིས་གཡོ་འགུལ་དུ་འགྲོ་བས་ས་ཡོམ་ཞེས་བརྗོད་སྲོལ་ཡོད།་འོན་ཀྱང་འདི་ཉིད་དེང་རབས་ཚན་རིག་གིས་བཤད་པ་དང་ཆེས་མི་མཐུན་ནའང་མེས་པོའི་བཤད་སྲོལ་ཡང་ཕྱི་རབས་པར་ངོ་སྤྲོད་དང་བརྩི་མཐོང།་དཔྱད་གཞིའི་ས་བོན་ཙམ་འགོད་ན་འགལ་བ་གང་ཡང་མེད་པར་སེམས།
བྱམས་རྒྱལ་ལགས
དང་པོ་རང་ཉིད་ཐར་ཐབས་བྱས་་་་རང་མགོ་ཐོན་ཏེ་་གཞི་ནས་གཞན་ལ་ཕན་བྱ་སྒྲུབ་ན་ཡག་ཤོས་མ་རེད་དམ
གཞན་རང་ལྷ་མགོ་མི་ཐོན་པར་་་་་་་འདྲེ་གློ་ལ་བཏག་ཞེས་པའི་དཔེ་ལ་འགྲོ་ངེས་རེད
རྒྱ་རྡེའུའི་དགེ་འདུན་ལགས།
ཁྱེད་ནང་པ་ཞིག་གིས་གསུངས་སྟངས་!!!!!!!!ཨ་ཙི་ད་གཡུག་ཤོག་ ཡང་སྐད་ཆ་ཆེན་པོ་རེད་འགྲོ་ཡ་ཉེན་ཁ་འདུག་།
རང་ཉིད་ཐར་ཐབས་་་་་་་་གཞན་སྐྱོབ་ཐབས་་་་་་་་་་་གཞན་ཐར་ཐབས་་་་ད་དུང་རྒྱུ་བཅའ་དངོས་ལེན་ཐབས་་་་་ཤུ་རྒྱུ་ཉག་ཅིག་རེད་་་་་་་་དེ་ལས་བྲོས་རྐྱང་བྱས་ན་བཟང་་་་རང་ཉིད་ཐར་ཐབས་ཞིག་བྱུང་ན་ལྷ་རབ་རེད་་་་་་་་་་
སྙིང་རྗེའི་ཤེས་རབ་མངའ་བའི་དགེ་བཤེས་བཀྲ་ཤིས་བསྟན་པ་ལགས།
བསམ་པ་བཟང་པོས་བསླབ་བྱ་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
གོང་དུ་ཁྱེད་ཀྱིས་གསུང་བ་ལྟར་ཁྱེད་ཀྱིས་མུ་འཐུད་ནས་ས་ཡི་སྐོར་ཀྱི་ཤེས་བྱ་ལ་་ཞིབ་འཇུག་ཟབ་མོ་གནང་ཏེ་མནའ་་དེང་ཟུང་དུ་འབྲེལ་བའི་་ས་གཞིའི་ཡིག་ཆ་ཕྱོགས་བསྡུས་ཞིག་མཛད་རོགས། ཡང་ན་ཁྱེད་ཀྱིས་འབྲེལ་ཡོད་ལས་ཁང་སོགས་ལ་རེ་བསྐུལ་་ཐེངས་༣༦༠་གནང་ན་ཉན་མཁན་འདྲ་རྙེད་སྲིད་པས་དེ་ལུགས་ཐུགས་སྟོབས་བསྐྱེད་མཛོད།
དགེ་བཤེས་བསྟན་པ་བཀྲིས་ལགས་སུ་ མཚམས་འདྲི་ཞུ།
ས་འགུལ་སྐབས་རང་ཉིད་ཐར་ཐབས་ཇི་ལྟར་གནང་དགོས་སམ་གཅིག་གསུངས་རོགས་བརྒྱུད་ལམ་གཞན་ནས་ཅང་ཤེས་ཐུབ་ས་མ་རེད་བོད་ཡིག་ཐོག་དེ་འདྲ་སུས་ཀྱང་བྲིས་ཡོད་ཀྱི་རེད་བསམ་གྱི་མི་འདུག་
ཁོ་བོས་ཤེས་པར་ཁར་སྔོན་ས་ཡོམ་སྐབས་རྒད་མོ་ཞིག་ཉལ་ཁྲི་འོག་ཏུ་འཛུལ་ནས་སྲོག་ཐར་བ་རེད་ཟེར།
ས་ཡོམ་དེ་གཅིག་མཇུག་གཉིས་མཐུད་དུ་གཡོ་བའི་རང་་བཞིན་རེད་འདུག་པས་ ས་དང་པོ་གཡོ་བ་དེ་ཚོར་དུས་ ཅི་མགྱོགས་གང་མགྱོགས་ཁང་པའི་ཕྱིར་བྲོས་ཐུབ་ན་སྲོག་ཐར་སྲིད། གཞན་ཐར་ཐབས་འདྲ་ཅི་ཨ་ཡོད་།